དཏ་མིསྶིང་ཧེརེབ་། །འདུལ་བ་གཞི། བམ་པོ་ང་ལྔ་པ། ཐུན་མོང་མ་ཡིན་པ་གང་ཞེ་ན། དགེ་སློང་དག་ སྔོན་བྱུང་བ་ཝཱ་ར་ཎཱ་སིའི་གྲོང་ཁྱེར་དུ། རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ་ འབྱོར་པ་དང་ཞེས་བྱ་བ་ནས་རྒྱས་པར་བྱ་སྟེ། དེའི་ཚེ་སྨད་ཚོང་མ་བཟང་མོ་ཞེས་བྱ་བ་དང། སྐྱེས་ བུ་གཡོན་ཅན་པདྨའི་རྩ་ལག་ཅེས་བྱ་བ་ཞིག་གནས་སོ། །དེས་དེ་དགའ་མགུར་སྤྱད་པའི་ཕྱིར་གོས་ [2A]༄༅། །དང། རྒྱན་རྣམས་བསྐུར་བ་དང། དེས་གོས་དང་རྒྱན་རྣམས་བགོས་ནས་སོང་བ་ལས། སྐྱེས་པ་གཞན་ ཞིག་ཀྱང་དོང་ཚེ་ལྔ་བརྒྱ་ཐོགས་ཏེ་འོངས་ནས། བཟང་མོ། དགའ་མགུར་སྤྱོད་ཀྱི། ཚུར་ཤོག་ཅེས་སྨྲས་སོ། །དེས་བསམས་པ་ གལ་ཏེ་སོང་ན་ནི། དོང་ཚེ་ལྔ་བརྒྱ་ཡང་མི་ཐོབ་ལ། ཁྱིམ་དུ་འོངས་པ་བོར་ཏེ་གཞན་དུ་འགྲོ་བ་འདི་ནི། གསོལ་ཀ་མི་ཡང་བར་ ཡང་འགྱུར་རོ། །སྙམ་ནས། དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ་སོང་ལ་པདྨའི་རྩ་ལག་ལ་ཇོ་བོ་རེ་ཞིག་བདག་གིས་སྟ་གོན་མ་ བགྱིས་ཀྱི། སླད་ཀྱིས་མཆིའོ་ཞེས་ཟེར་རོ། །ཞེས་སྨྲོས་ཤིག། དེ་དེའི་གན་དུ་སོང་ནས་སྨྲས་སོ། །སྐྱེས་པ་དེ་ཡང་བྱ་བ་མང་པོ་ཞིག་ [2B] སྲོད་ཉིད་ལ་ཕྱིར་སོང་ངོ། །དེས་བསམ་པ། ཐུན་མོང་དུ་ཡོད་པས་བདག་གིས་དེའི་སེམས་ཀྱང་སྲུང་ནུས་སོ། །སྙམ་ནས། དེས་ཡང་ བུ་མོ་དེ་ལ་སྨྲས་པ། སོང་ལ། པདྨའི་རྩ་ལག་ལ། ཇོ་མོ་སྟ་གོན་བགྱིས་ལགས་ན། སྐྱེད་མོས་ཚལ་གང་དུ་མཆི་ཞིག་ཅེས་མཆིའོ། །ཞེས་སྨྲོས་ཤིག་དེའི་དྲུང་དུ་སོང་ ནས་སྨྲས་པ་དང། དེས་སྨྲས་པ། ཁྱོད་ཀྱི་ཇོ་མོ། སྐད་ཅིག་གིས་ནི། སྟ་གོན་བྱས། སྐད་ཅིག་གིས་ནི། སྟ་གོན་མ་བྱས། བུ་མོ་དེ་ཡང་དེ་དང་རིགས་མི་འཕྲོད་པས། དེས་ སྨྲས་པ། རྗེའི་སྲས། དེས་སྟ་གོན་བགྱིས་ཏེ། འོན་ཀྱང་ཁྱོད་ཀྱི་གོས་དང། རྒྱན་རྣམས་ཀྱིས་སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱད་དོ། །དེ་འདོད་ཆགས་ཀྱིས་ ཀུན་ནས་དཀྲིས་པ་གང་ཡིན་པ་དེ་དང་བྲལ། གནོད་སེམས་ཀྱིས་ཀུན་ནས་དཀྲིས་པ་ནི། སྐྱེས་པར་གྱུར་ཏེ། དེ་མི་བཟོད་པ་སྐྱེས་ནས་སྨྲས་པ་བུ་མོ། བཟང་མོའི་དྲུང་དུ་ སོང་ལ། པདྨའི་རྩ་ལག་ན་རེ། སྐྱེད་མོས་ཚལ་ག་གེ་མོ་ཞིག་ཏུ་ཤོག་ཅིག་ཅེས་ཟེར་རོ་ཞེས་སྨྲོས་ཤིག་དེས་སོང་ནས་བཟང་མོ་ལ་སྨྲས་པ་དང། དེ་ནས་དེ་སྐྱེད་ [3A]༄༅། །མོས་ཚལ་དེར་སོང་བ་དང། སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་གིས་སྨྲས་པ། ཁྱོད་ཁོ་བོའི་གོས་དང་རྒྱན་གྱིས་གཞན་དང་ལྷན་ཅིག་དགའ་ མགུར་ཡོངས་སུ་སྤྱད་པ་ཇི་ག་རིགས་སམ། དེས་སྨྲས་པ། རྗེའི་སྲས་འདི་ནི། བདག་གིས་ནོངས་ལགས་ཏེ། འོན་ཀྱང་བུད་མེད་ནི། རྟག་ཏུ་སྐྱོན་ཅན་ལགས་ཀྱི། བཟོད་ པར་མཛོད་ཅིག་དེ་ནས་དེས་མི་བཟོད་པ་སྐྱེས་ནས། རལ་གྲི་ཤུབས་ནས་ཕྱུང་སྟེ་སྲོག་དང་བྲལ་ལོ། །དེ་ནས་བུ་མོ་དེས། ཇོ་མོ་བསད་དོ་།ཇོ་མོ་བསད་དོ་ཞེས་ཀུ་ཅོའི་ སྒྲ་ཆེན་པོ་བཏོན་པ་དེ། སྐྱེ་བོའི་ཚོགས་ཆེན་པོས་ཐོས་ནས་བརྒྱུགས་སོ། །དེ་ཙམ་ན་སྐྱེད་མོས་ཚལ་དེ་ན། རང་སངས་རྒྱས་ལེགས་སྨོན་ཞེས་བྱ་བ་བསམ་གཏན་བྱེད་དོ། ། དེ་ནས་སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་དེས་སྐྲག་ནས། རལ་གྲི་ཁྲག་ཅན་རང་སངས་རྒྱས་ལེགས་སྨོན་གྱི་དྲུང་དུ་པོར་ནས། སྐྱེ་བོའི་ཚོགས་ཆེན་པོ་དེ་ཉིད་ཀྱི་ནང་དུ་ ཞུགས་སོ། །སྐྱེ་བོའི་ཚོགས་ཆེན་པོས་རལ་གྲི་ཁྲག་ཅན་མཐོང་ནས་རབ་ཏུ་བྱུང་བ་འདིས་བཟང་མོ་སྲོག་དང་བྲལ་ལོ། །ཞེས་དེ་ནས་རང་སངས་རྒྱས་དེ་ཀུན་ནས་བསྐོར་ [3B] མི་བཟོད་པ་བསྐྱེད་དེ་སྨྲས་པ། ཀྱེ། རབ་ཏུ་བྱུང་བ་དྲང་སྲོང་གི་རྒྱལ་མཚན་བསྲེལ་ནས་འདི་འདྲ་བའི་ལས་བྱེད་དམ་དེས་སྨྲས་པ། ཅི་ཞིག་བྱས། དེ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་བཟང་ མོ་དང་ལྷན་ཅིག་དགའ་མགུར་སྤྱད་ནས། དེ་སྲོག་དང་ཕྲལ་ལོ། །དེས་སྨྲས་པ། རྣ་བས་མི་བཟོད་དོ། །ང་ནི། ལས་འདི་མི་བྱེད་དོ། །དེས་རྣ་བས་མི་བཟོད་པའི་ཚིག་སྨྲས་ཀྱང་སྐྱེ་བོའི་ཚོགས་ ཆེན་པོ་དེས་ལག་པ་ཕྱིན་ཀ་ལོག་ཏུ་དམ་དུ་བཅིངས་ནས་རྒྱལ་པོ་ལ་ཕུལ་ཏེ། ལྷ། རབ་ཏུ་བྱུང་བ་འདིས་བཟང་མོ་དང་ལྷན་ཅིག་དགའ་མགུར་སྤྱད་ནས། དེ་སྲོག་དང་བྲལ་ལགས་སོ། །རྒྱལ་ པོ་དག་མི་རྟོག་པ་ཡིན་པས། དེས་སྨྲས་པ། གལ་ཏེ་དེ་ལྟ་ན། རབ་ཏུ་བྱུང་བ་འདི་ངས་སྤངས་ཀྱི། དེངས་ལ་སོད་ཅིག། དེ་ནས་དེའི་མགུལ་ནས་མེ་ཏོག་ཀཱ་ར་བའི་རའི་ཕྲེང་བ་བཏགས་ནས། གཤེད་ མ་གོས་སྔོན་པོ་གྱོན་པ། མཚོན་ཐོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས། ལམ་པོ་ཆེ་དང། ཚོང་དུས་དང། བཞི་མདོ་དང། སུམ་མདོ་རྣམས་སུ་བསྒྲགས་ཏེ། གྲོང་ཁྱེར་ནས་སྐྱེད་མོས་ ཚལ་ལོགས་སུ་ཁྲིད་དོ། །དེ་ནས་སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་གི་བློ་སྐྱེས་པས། རབ་ཏུ་བྱུང་བ་དཀའ་ཐུབ་ཅན། སྐྱོན་མེད་པ། ཉེས་པ་མི་བྱེད་པ་འདི་ལ་ཡང་དག་པ་མ་ཡིན་པས་སྐུར་པ་ བཏབ་པས། ད་འདི་གསད་པ་ལ་ཐུག་ན། བདག་གིས་ཡལ་བར་དོར་བ་ནི་བདག་གི་ཆ་མ་ཡིན་ནོ། །སྙམ་དུ་བསམ་ནས། སླར་ལོག་སྟེ། རྒྱལ་པོའི་དྲུང་དུ་སོང་ནས། རྐང་པ་གཉིས་ལ་གཏུགས་ [4A]༄༅། །ཏེ་སྨྲས་པ། ལྷ། རབ་ཏུ་བྱུང་བ་འདིས་ནི། ལས་འདི་མ་བགྱིས་ཏེ། སྡིག་པའི་ལས་འདི་ནི། བདག་གིས་བགྱིས་ཀྱི། རབ་ཏུ་བྱུང་བ་འདི་གཏང་བར་གསོལ། དགེ་སློང་ དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྐྱེས་པ་གཡོན་ཅན་པདྨའི་རྩ་ལག་གང་ཡིན་པ་དེ། ང་ཉིད་ཡིན་ཏེ། ངས་རང་སངས་རྒྱས་ལ་ཡང་དག་པ་མ་ཡིན་པས་སྐུར་པ་བཏབ་པ་གང་ཡིན་པ་ དེའི་ལས་ཀྱི་རྣམ་པར་སྨིན་པས་ལོ་མང་པོ་དང་ཞེས་བྱ་བ་ནས་སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ལས་ཀྱི་ལྷག་མ་དེ་ཁོ་ནས། ད་ལྟར་ང་མངོན་ པར་རྫོགས་པར་བྱང་ཆུབ་པ་ན་ཡང་བྲམ་ཟེའི་བུ་མོ་རྩྭ་མིས་ཡང་དག་པ་མ་ཡིན་པས་སྐུར་བ་བཏབ་སྟེ། འདི་ནི། ཐུན་མོང་མ་ཡིན་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་འཕྲིན་ལས་ཅི་ ཞིག་མཛད་ན། འཕྲིན་ལས་དེའི་རྣམ་པར་སྨིན་པས། ཡུལ་དགྲ་མཐར་དགེ་སློང་གཉིས་ཀྱིས་ལྔ་བརྒྱར་མ་ཚང་བའི་དགེ་སློང་རྣམས་དང་ཐབས་ཅིག་ནས་རུལ་གསོལ་ལ། ཚེ་དང་ལྡན་པ་ཤཱ་ རིའི་བུ་དང། མོའུ་འགལ་གྱི་བུ་གཉིས་ནི། ལྷའི་ཞལ་ཟས་ལ་ལོངས་སྤྱད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་ཚེ་རབས་ གཞན་རྣམས་སུ་ལས་རྣམས་བྱས་ཤིང་བསགས་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་བྱ་བའི་བར་གོང་མ་བཞིན་དུའོ་།དགེ་སློང་དག་སྔོན་བྱུང་བ་སྐྱེ་རྒུ་རྣམས་ཀྱིས་ཚེ་ལོ་ [4B] འཇིག་རྟེན་དུ་སྟོན་པ་རྣམ་པར་གཟིགས་ཞེས་བྱ་བ་ཞིག་བྱུང་ནས་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེས་འཁོར་དྲུག་ཁྲི་དང་ལྗོངས་ རྒྱུ་ཞིང་གཤེགས་པ་ན། རྒྱལ་པོའི་ཕོ་བྲང་བཤེས་ལྡན་དུ་བྱོན་ཏོ། །བཤེས་ལྡན་དེའི་བྲམ་ཟེ་ཞིག་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ། བྲམ་ཟེ་རྣམས་ཀྱི་གསང་ཚིག་ཀློག་ཏུ་འཇུག་གོ་དེས་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་འཁོར་ལྔ་བརྒྱ་དག་མཐོང་ནས། དེས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། ཤེས་ལྡན་དག་།དགེ་སྦྱོང་མགོ་རེག་འདི་དག་ལྷའི་ཞལ་ཟས་ལ་ལོངས་སྤྱོད་པའི་འོས་ མ་ཡིན་གྱི། ནས་རུལ་བ་ཟ་བའི་འོས་ཡིན་ནོ། །དེ་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་བ་བྱས་ཏེ། མཁན་པོ། དེ་མད་དེ། དགེ་སྦྱོང་མགོ་རེག་འདི་དག་ནི། ལྷའི་ཞལ་ཟས་ལ་ལོངས་སྤྱོད་པའི་འོས་མ་ལགས་ ཀྱི། ནས་རུལ་པ་འཚལ་བའི་འོས་ལགས་སོ། །དེ་ནས་ཡང་བྲམ་ཟེའི་ཁྱེའུ་དཀར་པོ་ཅན་གཉིས་ཤིག་གིས་སྨྲས་པ། མཁན་པོས་ནི་མ་ལེགས་པ་ཞིག་གསུངས་ཏེ། བདག་ཉིད་ཆེན་པོ་འདི་དག་ནི། ལྷའི་ ཞལ་ཟས་ལ་ལོངས་སྤྱོད་པའི་འོས་ལགས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་བྲམ་ཟེ་ལྔ་བརྒྱ་ཅན་གག་ཡིན་པ་དེ་ནི། ང་ཉིད་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམ་པར་གཟིགས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ངག་གི་ལས་རྩུབ་མོས་ཕྱུང་བ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས། ང་ལོ་མང་པོ་དང། ལོ་བརྒྱ་ཕྲག་མང་པོ་དང། ལོ་ [5A]༄༅། །སྟོང་ཕྲག་མང་པོ་དང། ལོ་བརྒྱ་སྟོང་ཕྲག་མང་པོར་ནས་རུལ་པ་ཟོས་སོ། །ལས་ཀྱི་ལྷག་མ་དེ་ཁོ་ནས་ད་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་ན་ཡང་མཐར་དགེ་སློང་ གཉིས་ཀྱིས་ལྔ་བརྒྱར་མ་ཚང་བའི་དགེ་སློང་རྣམས་དང་ཐབས་ཅིག་ནས་རུལ་པ་ལ་ལོངས་སྤྱད་དོ། །བྲམ་ཟེའི་ཁྱེའུ་གཉིས་པོ་གང་ཡིན་པ་དེ་ནི། དགེ་སློང་ཤཱ་རིའི་བུ་དང། མོའུ་འགལ་གྱི་བུ་འདི་ དག་ཉིད་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་འཕྲིན་ལས་ཅི་ཞིག་མཛད་ན། འཕྲིན་ལས་དེའི་རྣམ་པར་སྨིན་པས་ལོ་དྲུག་ཏུ་དཀའ་བ་སྤྱད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་རྣམས་བྱས་ཤིང་བསགས་པ་དག་ནི་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ ཉིད། །ཅེས་བྱ་བའི་བར་གོང་མ་བཞིན་ནོ། །དགེ་སློང་དག་སྔོན་བྱུང་བ། ལྗོངས་ཀྱི་གྲོང་རྡལ་བེའི་བཧི་ཌིངྒི་ཞེས་བྱ་བ་འབྱོར་པ་དང། རྒྱས་པ་དང། བདེ་བ་དང། ལོ་ལེགས་པ། སྐྱེ་བོ་དང། མི་ མང་པོས་རབ་ཏུ་གང་བ་ཞིག་ཡོད་དེ། དགེ་སློང་དག་ལྗོངས་ཀྱི་གྲོང་རྡལ་བེའི་བཧི་ཌིངྒི་ན། རྫ་མཁན་དགའ་སྐྱོང་ཞེས་བྱ་བ་སྣགས་རྒྱས་ལ་མངོན་པར་དད་པ། ཆོས་དང་དགེ་འདུན་ལ་མངོན་པར་ དད་པ། སངས་རྒྱས་ལ་སྐྱབས་སུ་སོང་བ། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ། སངས་རྒྱས་ལ་གཅིག་ཏུ་བྱེད་པ། ཆོས་དང་དགེ་འདུན་ལ་གཅིག་ཏུ་བྱེད་པ། སངས་རྒྱས་ལ་ཡིད་གཉིས་དང་ཐེ་ [5B] ཆོས་དང་དགེ་འདུན་ལ་ཡིད་གཉིས་དང་ཐེ་ཚོམ་མེད་པ། སྡུག་བསྔལ་དང། ཀུན་འབྱུང་དང། འགོག་པ་དང། ལམ་ལ་ཡིད་གཉིས་དང་ཐེ་ཚོམ་མེད་པ། བདེན་པ་མཐོང་བ། འབྲས་བུ་ཐོབ་པ་ ལོ་མ་དང་གཏུན་སྤངས་པ་ཞིག་བྱུང་སྟེ། དེ་གང་ན་ཆུས་བརྐོས་པའམ། བྱི་བྲུན་མ་གཏོགས་པ་རང་གི་ལག་གིས་ས་ལ་མི་རྐོ་ཞིང་རྐོར་མི་འཇུག་གོ་དེ་ནས་རང་གིས་ས་བླངས་ནས། སྲོག་ཆགས་མེད་པའི་ཆུས་སྦྲུས་ ཏེ་སྣོད་རྣམས་བྱས་ནས། མཐའ་གཅིག་ཏུ་བཞག་སྟེ། འདི་སྐད་ཅེས་འཕགས་པའམ། བཞིན་བཟང་དག་འདིར་ཏིལ་ལམ། འབྲས་སམ། སྲན་མུད་ག་ཚལ་ཚོ་དག་མཐའ་གཅིག་ཏུ་ཞོག་ལ། ཁྱེད་ཅག་ལས་ གང་ཞིག་སྣོད་གང་དགོས་པ་དེ་དེས་ལོངས་ལ། དེངས་ཤིག་ཅེས་སྨྲས་ནས། དེ་ནས་ཕ་མ་ལོང་བ་གཉིས་གསོ་ཞིང་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསོད་སྙོམས་འབུལ་ལོ། །བྲམ་ཟེའི་ ཁྱེའུ་བླ་མའི་གྲོགས་པོ་དང། སྙིང་དུ་སྡུག་པ་དང། ནེའུ་ཟླ་ཡང་ཡིན་ནོ། །དགེ་སློང་དག་ལྗོངས་ཀྱི་གྲོང་རྡལ་བེའི་བཧི་ཌིངྒ་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཞེས་བྱ་བ། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་ བ་ཞིག་བྱུང་སྟེ། བེའི་བཧི་ཌིངྒས་རྒྱས་པ། འདུ་ཐང་དང་བཅས། རྩྭ་ཤིང་དང། འབབ་ཆུར་བཅས་པ། རྒྱལ་པོ་ཀྲི་ཀྲིས་བྲམ་ཟེའི་སྦྱིན་པར་བྱིན་པ་ལ་ཡོངས་སུ་སྤྱོད་དོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དཧའི་ སློབ་མ་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ། ཕ་དང་མའི་རིགས་དང་ལྡན་པ། མོ་ཕྱོགས་ནས་དག་པ། མེས་པོའི་ཕྱོགས་དང། ཕྱི་མོའི་ཕྱོགས་ཟུང་བདུན་བརྒྱུད་ཀྱི་བར་བཟུང་སྟེ། རིགས་ལ་གཏམ་གྱིས་མ་ཕོག་པ་ [6A]༄༅། །ཀློག་ཏུ་འཇུག་པ། གསང་ཚིག་འཛིན་པ་རིག་བྱེད་གསུམ་པོ་སྒྲ་ངེས་པར་སྦྱོར་བ་དང། ཤེས་གསལ་དང་བཅས་པའི་ཡི་གེ་རབ་ཏུ་འབྱེད་པ་དང་བཅས་པ་དང། ལྔ་པ་དེ་ལྟ་ བུ་བྱུང་བ་ཅན་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་ཅིང་ལུང་སྟོན་པར་བྱེད་པ། གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ་ཞིག་ཡོད་དེ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དཧའི་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ ཙམ་ལ། བྲམ་ཟེ་རྣམས་ཀྱི་གསང་ཚིག་ཀློག་ཏུ་འཇུག་གོ། རྫ་མཁན་དགའ་སྐྱོང་གི་གྲོགས་པོ་དང། སྙིང་དུ་སྡུག་པ་དང། ནེའུ་ཟླ་ཡང་ཡིན་ནོ། །དེ་ནས་རྫ་མཁན་དགའ་སྐྱོང་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ་ ཕྱོགས་གཅིག་ཏུ་འདུག་པ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། རྫ་མཁན་དགའ་སྐྱོང་ལ། ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་ པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད་ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན་ ཡང་དག་པར་འཛིན་དུ་འཇུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ། །དེ་ནས་རྫ་མཁན་དགའ་སྐྱོང། ཡང་དག་པར་རྫོགས་པའི་ [6B]རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། སྟན་ལས་ལངས་ཏེ་སོང་ངོ། །དེའི་ཚེ་བྲམ་ཟེའི་ཁྱེའུ་བླ་མ་རྟ་ རྒོད་མ་དང་ལྡན་པའི་ཤིང་རྟ་ཐམས་ཅད་ནས་དཀར་བའི་ནང་དུ་ཞུགས་ཏེ། གསེར་གྱི་རིལ་བ་དང། དབྱུག་པ་ཐོགས་ནས། བྲམ་ཟེའི་ཁྱེའུ་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང། བྲམ་ཟེའི་ཁྱེའུ་ ཚོགས་ཀྱིས་མདུན་དུ་བདར་ནས། བེའི་བཧི་ཌིངྒ་ཕྱི་རོལ་ཏུ་བྲམ་ཟེ་རྣམས་ཀློག་ཏུ་འཇུག་པར་འདོད་ནས། བེའི་བཧི་ཌིངྒ་གནས་ནས་བྱུང་བ་དང། བྲམ་ཟེའི་ཁྱེའུ་བླ་མས། རྫ་མཁན་དགའ་སྐྱོང་ཐག་རིང་ པོ་ཁོ་ན་ནས་མཐོང་ངོ། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང་ཁྱོད་ད་གཟོད་ག་ལས་འོངས། དེས་པ་བླ་མ། ཁོ་བོ་ནི། འོ་ནི་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ བསྙེན་བཀུར་བྱེད་དུ་འགྲོའི། དེས་པ་བླ་མ་ཚུར་ཤོག་བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་དུ་འདོང་ངོ། །དེས་པ་དགའ་སྐྱོང། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་ལ་བསྙེན་བཀུར་བྱེད་པ་ཐོངས་ཤིག་དགེ་སྦྱོང་མགོ་རེག་དེ་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི། མཆོག་ཏུ་དཀའ་བ་ཡིན་ནོ་།དེས་པ་བླ་མ། དགེ་སྦྱོང་མགོ་རེག་དེ་ལ་བྱང་ཆུབ་ག་ལ་ཡོད་།བྱང་ ཆུབ་ནི། མཆོག་ཏུ་དཀའ་བ་ཡིན་ནོ་ཞེས་དེ་སྐད་མ་སྨྲ་ཞིག། འོན་ཀྱང་བཅོམ་ལྡན་འདས་དེ་ཉིད་སངས་རྒྱས་ཡིན་ཏེ། འདིས་ཆོས་ཐམས་ཅད་སངས་རྒྱས་སོ། །དེས་པ་བླ་མ་ཚུར། བདག་ཅག་ཡང་ [7A]༄༅། །དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་དུ་འདོང། བྲམ་ཟེའི་ཁྱེའུ་བླ་མས་ལན་གཉིས་ལན་གསུམ་དུ་ཡང་རྫ་མཁན་དགའ་སྐྱོང་ལ་འདི་སྐད་ ཅེས་སྨྲས་སོ། །དེས་པ་དགའ་སྐྱོང་ཐོངས་ཤིག་སངས་རྒྱས་འོད་སྲུང་ཞེས་བྱ་བ་ནས་བྱང་ཆུབ་མཆོག་ཏུ་དཀའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །རྫ་མཁན་དགའ་སྐྱོང་གིས་ཀྱང་ལན་གཉིས་ ལན་གསུམ་དུ་བྲམ་ཟེའི་ཁྱེའུ་བླ་མ་ལ་འདི་སྐད་ཅེས་སྨྲས་སོ་།དེས་པ་བླ་མ། ཁྱོད་དེ་སྐད་མ་སྨྲ་བར་ཞེས་བྱ་བ་ནས་བསྙེན་བཀུར་བྱེད་དུ་ཞེས་བྱ་བའི་བར་དུའོ། །དེ་ནས་རྫ་མཁན་དགའ་སྐྱོང་ གིས་བྲམ་ཟེའི་ཁྱེའུ་བླ་མའི་ཤིང་རྟ་ལ་འཛེགས་ནས། བྲམ་ཟེའི་ཁྱེའུ་བླ་མའི་ཅོ་ཏོ་ནས་བཟུང་སྟེ་འདི་སྐད་ཅེས་སྨྲས་སོ། །དེས་པ་བླ་མ་ཚུར། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་ བཀུར་བྱེད་དུ་འདོང། དེ་ནས་བྲམ་ཟེའི་ཁྱེའུ་བླ་མ་འདི་སྙམ་དུ་སེམས་ཏེ། ཨེ་མའོ། །སངས་རྒྱས་ནི། མཆོག་མ་ཡིན་པ་མ་ཡིན་ཞིང་ཆོས་བསྟན་པ་ཡང་མཆོག་མ་ཡིན་པ་མ་ཡིན་པས། དེ་ལྟར་ རྫ་མཁན་དགའ་སྐྱོང་ཡུན་རིང་པོ་ནས་གཏུམ་པོ་མ་ཡིན། གཟུ་ལུམས་ཅན་མ་ཡིན། བརླང་པོ་མ་ཡིན། བསྲི་བ་མེད་པ་མ་ཡིན་པ་དེས། བདག་གི་སྐྲ་རྣམས་ནས་བཟུང་བར་གྱུར་ཏོ། །སྙམ་དུ་རིག་ནས་ རྫ་མཁན་དགའ་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང། དེ་ཙམ་བྱ་བ་ལ་ཐུག་གམ། དེས་པ་བླ་མ། དེ་ཙམ་བྱ་བ་ལ་ཐུག་ཆེས་སོ། །དེས་པ་དགའ་སྐྱོང། དེ་ལྟ་ན་ཐོངས་ཤིག་དང་ཡང་ [7B]དུ་འདོང་ངོ། །དེ་ནས་རྫ་མཁན་དགའ་སྐྱོང་དང། བྲམ་ཟེའི་ཁྱེའུ་བླ་མ་ཤིང་རྟ་གཅིག་གི་ནང་དུ་ཞུགས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གང་ན་བ་དེར་དོང་སྟེ། དེ་གཉིས་ཀྱིས་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ། རྐང་པ་ཁོ་ནས་ཀུན་དགའ་ར་བའི་ནང་དུ་ཞུགས་ཏེ། ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གང་ན་བ་དེར་ཕྱིན་པ་དང། དེ་ནས་རྫ་མཁན་དགའ་སྐྱོང་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། བྲམ་ ཟེའི་ཁྱེའུ་བླ་མ་ནི། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ་ དེ་ནས་རྫ་མཁན་དགའ་སྐྱོང་གིས་ཐལ་མོ་སྦྱར་བ་བཏུད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བྲམ་ཟེའི་ཁྱེའུ་བླ་མ་འདི། སངས་རྒྱས་ལ་ མངོན་པར་མ་དད་ཅིང། ཆོས་དང་དགེ་འདུན་ལ་མངོན་པར་མ་དད་ལགས་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་བྲམ་ཟེའི་ཁྱེའུ་བླ་མ་འདི་སངས་རྒྱས་ལ་མངོན་པར་དད་ཅིང། ཆོས་དང་དགེ་ འདུན་ལ་མངོན་པར་དད་པར་འགྱུར་བ་དེ་ལྟ་བུའི་ཆོས་ལེགས་པར་བཤད་དུ་གསོལ། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། བྲམ་ཟེའི་ཁྱེའུ་བླ་མ་ལ་ཆོས་དང་ལྡན་པའི་ [8A]༄༅། །གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་ དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་ མི་གསུང་ངོ། །དེ་ནས་བྲམ་ཟེའི་ཁྱེའུ་བླ་མས། རྫ་མཁན་དགའ་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང། ཁྱོད་ཆོས་འདུལ་བ་འདི་ལྟ་བུ་ཐོས་ནས། ཅིའི་ཕྱིར་དད་པ་ཡང་དག་པ་ཁོ་ ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་མི་འབྱུང། དེས་པ་བླ་མ། ཁོ་བོ་འདི་ལྟར་ཕ་མ་ལོང་བ་གཉིས་གསོ་བ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་དུས་དུས་སུ་བསོད་སྙོམས་ འབུལ་བ་ཁྱོད་ཀྱིས་མི་ཤེས་སམ། དེས་པ་བླ་མ། ཁྱོད་རབ་ཏུ་ཕྱུང་ཞིག་ཁོ་བོ་ནི། རེ་ཞིག་རབ་ཏུ་མི་འབྱུང་ངོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ། རྫ་མཁན་དགའ་ སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བྲམ་ཟེའི་ཁྱེའུ་བླ་མ་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་ པ་ལྟ་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ་རབ་ཏུ་འབྱུང་བ་དང། བསྙེན་པར་རྫོགས་པར་མཛད་དུ་གསོལ། བྲམ་ཟེའི་ཁྱེའུ་བླ་མས་ལེགས་པར་གསུངས་པའི་ཆོས་ [8B] བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པར་གྱུར་ཏོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་རབ་ཏུ་ཕྱུང་ཞིང། བསྙེན་ པར་རྫོགས་པར་མཛད་ནས། བེའི་བཧི་ཌིངྒར་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས། ཝཱ་ར་ཎཱ་སི་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ་རིམ་གྱིས་རྒྱུ་ཞིང་གཤེགས་པ་དང། ཝཱ་ར་ནཱ་སེར་བྱོན་ཏོ་།རྒྱལ་ པོ་ཀྲི་ཀྲིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡུལ་ཀ་ཤི་ཀ་ནས་ལྗོང་རྒྱུ་ཞིང་གཤེགས་པ་དང། ཝཱ་ར་ཎཱ་སིར་གཤེགས་ཏེ། ཝཱ་ར་ཎཱ་སིའི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་བཞུགས་སོ། ། ཞེས་ཐོས་སོ། །ཐོས་ནས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་པ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། རྒྱལ་པོ་ཀྲི་ཀྲི་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད་ ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ་རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན་ ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ། །དེ་ནས་རྒྱལ་པོ་ཀྲི་ཀྲི་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ [9A]༄༅། །ལ་བཙུགས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་སང་བདག་གིས་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲི་ཀྲི་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་རྒྱལ་པོ་ཀྲི་ཀྲིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཅང་མི་གསུང་བས་གནང་བར་རིག་ནས། ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་སྟན་ལས་ལངས་ཏེ་སོང་ངོ། །དེ་ནས་རྒྱལ་པོ་ཀྲི་ཀྲིས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་ བཅའ་བ་རྣམས་སྟ་གོན་བྱས་ནས། ནང་པར་སྔ་བར་ལངས་ཏེ་གདན་བཤམས། ནོར་བུའི་ཆུ་སྣོད་བཞག་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་དུས་ཚོད་གསོལ་པ། བཙུན་ པ། གདུགས་ཚོད་བཤམས་ལགས་ཤིང་མཆིས་ན། བཅོམ་ལྡན་འདས། ང་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང། སྔ་དྲོ་ན་བཟའ་ཤམ་ ཐབས་མནབས། ལྷུང་བཟེད་དང། ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། རྒྱལ་པོ་ཀྲི་ཀྲིའི་བཀད་ས་གང་ན་བ་དེར་ [9B] དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཀྲི་ཀྲིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་ཟིན་ པར་རིག་ནས། གཙང་ཞིང་བསོད་པའི་བཟའ་བ་དང། བཅའ་བ་རྣམས་ཀྱིས་རང་གི་ལག་ནས་སྟོབ་ཅིང་ཚིམ་པར་བྱེད་དེ། གཙང་ཞིང་བསོད་པའི་བཟའ་བ་དང། བཅའ་བ་རྣམས་ཀྱིས་རང་གི་ལག་ནས་ བསྟབས་ཤིང་ཚིམ་པར་བྱས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་གསོལ་བ་བཏབ་པ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་གིས་དགུང་ཟླ་གསུམ་དུ་ན་བཟའ་ཆོས་གོས་དང་ བསོད་སྙོམས་དང། གཟིམས་ཆ་དང། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་དབུལ་ཞིང་བདག་གིས་བཅོམ་ལྡན་འདས་ཀྱི་སླད་དུ་གཙུག་ལག་ཁང་ལྔ་བརྒྱ་ཙམ་བརྩིག་ཅིང། ཁྲི་དང། ཁྲིའུ་ དང། སྟན་ནང་ཚངས་ཅན་དང། སྔས་ནང་ཚངས་ཅན་དང། གོར་བུ་ལྔ་བརྒྱ་ཙམ་དབུལ་ཞིང། འབྲས་སྦུབས་སུ་སྨིན་པ་དེ་ལྟ་བུ་འདིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་ བགྱིད་ལགས་ན། གནང་བར་མཛད་དུ་གསོལ། རྒྱལ་པོ་ཆེན་པོ། ཇི་ཙམ་སེམས་མངོན་པར་དད་པར་བྱས་པ་དེ་ཙམ་གྱིས་བྱས་ཟིན་གྱི། ཆོག་གོ་།ལན་གཉིས་གསུམ་དུ་ཡང། ཡང་དག་ [10A]༄༅། །པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་རྒྱལ་པོ་ཀྲི་ཀྲིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་ཞེས་ བྱ་བ་ནས་བདག་ལ་གནང་བར་མཛད་དུ་གསོལ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ལན་གཉིས་ལན་གསུམ་དུ་ཡང། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ རྒྱལ་པོ་ཀྲི་ཀྲི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ། ཇི་ཙམ་སེམས་མངོན་པར་དད་པར་བྱས་པ་དེ་ཙམ་གྱིས་བྱས་ཟིན་གྱི། ཆོག་གོ། དེ་ནས་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་ལ་རྒྱལ་པོ་ཀྲི་ཀྲིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིད་པ་དཔེར་ན། ད་ལྟར་གྱི་བདག་ འདྲ་བ་གཞན་འགའ་ལྟ་མཆིས་ལགས་སམ། རྒྱལ་པོ་ཆེན་པོ། ཁྱོད་ཉིད་ཀྱི་ཡུལ་ན། པའི་བཧི་ཌིངྒ་ཞེས་བྱ་བའི་གྲོང་ཡོད་དེ། དེ་ན་རྫ་མཁན་དགའ་སྐྱོང་ཞེས་བྱ་བ། སངས་ རྒྱས་ལ་མངོན་པར་དད་པ་ཞེས་བྱ་བ་ནས་གནས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེས་ཕ་མ་ལོང་བ་གཉིས་གསོ་ཞིང། དུས་དུས་སུ་ང་ལ་ཡང་བསོད་སྙོམས་ཀྱིས་སྟོབ་པར་ བྱེད་དོ། །རྒྱལ་པོ་ཆེན་པོ། དུས་གཅིག་ཅིག་ན། ང་བེའི་བཧི་ཌིངྒའི་ལྗོངས་ཀྱི་གྲོང་རྡལ་ན་ཉེ་བར་བརྟེན་ཅིང་བཞུགས་ནས་སྔ་དྲོ་ཤམ་ཐབས་མནབས་ཏེ། ལྷུང་བཟེད་དང་ཆོས་ [10B] བེའི་བཧི་ཌིངྒ་ལྗོངས་ཀྱི་གྲོང་རྡལ་དུ་བསོད་སྙོམས་ལ་ཞུགས་ཏེ། ངས་བེའི་བཧི་ཌིངྒར་བསོད་སྙོམས་སྤྱོད་ཅིང། རྫ་མཁན་དགའ་སྐྱོང་གི་ཁྱིམ་གང་ན་བ་དེར་གཤེགས་པ་དང། དེའི་ ཚེ་རྫ་མཁན་དགའ་སྐྱོང་དགོས་པ་ཞིག་ལ་ཕྱི་ལོགས་སུ་སོང་ནས་ངས་རྫ་མཁན་དགའ་སྐྱོང་གི་སྒོ་འཕར་ལ་རིམ་གྱིས་དལ་བུ་དལ་བུས་བརྡུངས་པ་ལས། རྫ་མཁན་དགའ་སྐྱོང་གི་ཕ་དང་མས་སྒོ་འཕར་ ལ་བརྡུངས་པའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འཕགས་པ་འདི་སུ་ཞིག། བཞིན་བཟང་འདི་སུ་ཞིག་རྫ་མཁན་དགའ་སྐྱོང་གི་སྒོ་འཕར་ལ་རྡུང། དེ་གཉིས་ལ་ངས་ འདི་སྐད་ཅེས་སྨྲས་ཏེ། ང་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡིན་ཏེ། བསོད་སྙོམས་བཞེད་དོ། །དེ་གཉིས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ནང་དུ་སྤྱོན་ཅིག་ བཞིན་བཟང་ནང་དུ་སྤྱོན་ཅིག་ཁྱོད་ལ་རིམ་གྲོ་བགྱིད་པ་ནི། སླད་རོལ་དུ་མཆིས་ཀྱི། ཕྲུ་བ་ན་ཟན་དྲོན་དང། རྫེའུ་ན་སྲན་ཚོད་མཆིས་ཀྱི། ཉིད་ཀྱིས་བཞེས་ཏེ་ལོངས་སྤྱད་དུ་གསོལ། རྒྱལ་ པོ་ཆེན་པོ། ངས་བྱང་གི་སྒྲ་མི་སྙན་གྱི་དུས་བྱིན་གྱིས་བརླབས་ནས། ཕྲུ་བ་ན་ཟན་དྲོན་དང། རྫེའུ་ན་སྲན་ཚོད་ཡོད་པ། ང་ཉིད་ཀྱིས་བླངས་ནས་ལོངས་སྤྱད་དོ། །དེ་ནས་ཕྱི་ཞིག་ན་རྫ་མཁན་ དགའ་སྐྱོང་འོངས་ནས། ཕྲུ་བ་ན་ཟན་དྲོན་དང། རྫེའུ་ན་སྲན་ཚོད་ཡོད་པ་ཟོས་པར་མཐོང་ནས། ཕ་དང་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ། ཕྲུ་བའི་ཟན་དྲོན་དང། རྫེའུ་སྲན་ཚོད་ [11A]༄༅། །སུ་ཞིག་གིས་འཚལ་ལགས། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །དགའ་སྐྱོང་ཁྱོད་འདི་ནས་ཕྱིར་བྱུང་བ་ན། བདག་ཅག་གིས་སྒོ་འཕར་ལ་བརྡུངས་ པའི་སྒྲ་ཞིག་ཐོས་སོ། །ཐོས་ནས་ཀྱང་འདི་སྐད་ཅེས་སྨྲས་སོ་།འཕགས་པ་འདི་སུ་ཞིག། བཞིན་བཟང་འདི་སུ་ཞིག། སྒོ་འཕར་ལ་རྡུང། དེས་འདི་སྐད་ཅེས་གསུངས་སོ། །ང་ནི་ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡིན་ཏེ། བསོད་སྙོམས་བཞེད་དོ། །དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །འཕགས་པ་ནང་དུ་སྤྱོན་ཅིག། བཞིན་བཟང་ནང་དུ་སྤྱོན་ ཅིག། ཁྱོད་ལ་རིམ་གྲོ་བགྱིད་པ་ནི། སླད་རོལ་དུ་མཆིས་ཀྱི། ཕྲུ་བ་ན་ཟན་དྲོན་དང། རྫེའུ་ན་སྲན་ཚོད་མཆིས་ཀྱི། ཉིད་ཀྱིས་བཞེས་ལ་ལོངས་སྤྱད་དུ་གསོལ། དེས་དེ་དག་ལོངས་ སྤྱད་པར་གྱུར་ཏོ། །དེ་ནས་རྫ་མཁན་དགའ་སྐྱོང་འདི་སྙམ་དུ་སེམས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བདག་གི་ཁྱིམ་དུ་ཤིན་ཏུ་བག་ཕབ་ཅིང་འདྲིས་པར་གྱུར་ པ་ནི། བདག་གིས་རྙེད་པ་ལེགས་པར་རྙེད་དོ། །སྙམ་ནས། དགའ་བ་དང། རབ་ཏུ་དགའ་བས་སྐྱིལ་མོ་ཀྲུང་བཅས་ཏེ་ཞག་བདུན་འདས་པར་བྱས་སོ། །ཟླ་བ་ཕྱེད་ཀྱི་བར་དུ་ཡང་དེའི་ ལྷན་ཅིག་ལྡན་པའི་དགའ་བ་ལས་ཀྱིས་མི་འདོར་ཞིང། དེ་རྟག་ཏུ་ལུས་ལ་བར་ཆད་མེད་པར་འདུག་གོ། འདི་ལྟར། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང། ལྷ་རྣམས་ཀྱི་ལྷའི་ [11B]ཟན་དྲོན་དང། རྫེའུ་སྲན་ཚོད་ཀྱང་དེ་བཞིན་དུ་འདུག་གོ་རྒྱལ་པོ་ཆེན་པོ། དུས་གཅིག་ན། ང་བེའུ་བཧི་ཌིངྒ་ལྗོངས་ཀྱི་གྲོང་རྡལ་དུ་ཉེ་བར་བརྟེན་ ཏེ། དབྱར་གནས་པར་དམ་བཞེས་པ་དང། ངའི་གཙུག་ལག་ཁང་དུ་ཆར་འབེབས་པའི་ལྷས་ཐོག་མར་ཆར་ཕབ་པར་གྱུར་ཏོ། །དེའི་ཚེ་རྫ་མཁན་དགའ་སྐྱོང་གི་ལས་བྱེད་པའི་ཁང་པ་རྩྭ་གསར་ པས་གཡོགས་སོ། །ངས་ཞམ་འབྲིང་བྱེད་པ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཅག་དེངས་ལ། རྫ་མཁན་དགའ་སྐྱོང་གི་ལས་བྱེད་པའི་ཁང་པའི་གཡོགས་མས། ངའི་གཙུག་ ལག་ཁང་གཡོགས་ཤིག། བཙུན་པ། བཀའ་བཞིན་འཚལ་ཞེས་དགེ་སློང་དེ་རྣམས་ཀྱིས་ང་ལས་ཉན་ནས། རྫ་མཁན་དགའ་སྐྱོང་གི་ལས་བྱེད་པའི་ཁང་པའི་གཡོགས་མ་འཆུ་བར་བྱེད་པ་ ན། དེའི་ཚེ་རྫ་མཁན་དགའ་སྐྱོང་དགོས་པ་འགའ་ཞིག་ལ་ཕྱི་རོལ་དུ་སོང་ངོ། །རྫ་མཁན་དགའ་སྐྱོང་གི་ཕ་དང་མ་གཉིས་ཀྱིས་ལས་བྱེད་པའི་ཁང་པའི་གཡོགས་མ་འཆུ་བའི་སྒྲ་ཐོས་སོ། ། ཐོས་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འཕགས་པ་འདི་སུ་ཞིག་བཞིན་བཟང་འདི་སུ་ཞིག། ལས་བྱེད་པའི་ཁང་པའི་གཡོགས་མ་འཆུ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཁོ་ བོ་ཅག་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞམ་འབྲིང་བའི་དགེ་སློང་དག་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་དུ་ཆར་འབེབས་ [12A]༄༅། །པའི་ལྷས་ཐོག་མར་ཆར་ཕབ་པས་ཁོ་བོ་ཅག་གིས་འདི་བཤུས་ཏེ་དེ་གཡོགས་སོ། །དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ་།ཁྱེད་ལ་རིམ་གྲོ་བགྱིད་པ་ནི། སླད་ རོལ་དུ་མཆིས་ཀྱི། འཕགས་པ་དག་སྣོམས་ཤིག། བཞིན་བཟང་དག་སྣོམས་ཤིག། དེ་ནས་དགེ་སློང་དེ་རྣམས་ཀྱིས་ལས་བྱེད་པའི་ཁང་པ་བཤུས་ནས་ངའི་གཙུག་ལག་ཁང་གཡོགས་ སོ། །དེ་ནས་ཕྱི་ཞིག་ནི་རྫ་མཁན་དགའ་སྐྱོང་འོངས་ནས། རྫ་མཁན་དགའ་སྐྱོང་གིས། ལས་བྱེད་པའི་ཁང་པའི་གཡོགས་མ་བཤུས་པ་མཐོང་ངོ། །མཐོང་ནས་ཀྱང་ཕ་དང་མ་ལ་འདི་སྐད་ཅེས་ སྨྲས་སོ། །ཡབ་ཡུམ། ལས་བྱེད་པའི་ཁང་པ་འདི། སུ་ཞིག་གིས་བཤུས། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འདི་ནས་ཁྱོད་ཕྱི་ལོགས་སུ་སོང་བ་ན། བདག་ཅག་གིས་ལས་བྱེད་པའི་གཡོགས་ མ་འཆུ་བའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་འདི་སྐད་ཅེས་སྨྲས་སོ་།འཕགས་པ་འདི་སུ་ཞིག། བཞིན་བཟང་འདི་སུ་ཞིག། ལས་བྱེད་པའི་ཁང་པ་འཆུ། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། ། ཁོ་བོ་ཅག་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞམ་འབྲིང་བ་དགེ་སློང་དག་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་དུ་ཆར་འབེབས་པའི་ ལྷས་ཐོག་མར་ཆར་ཕབ་པས། ཁོ་བོ་ཅག་གིས་འདི་བཤུས་ལ་དེ་གཡོག་གོ། དེ་རྣམས་ལ་བདག་ཅག་གིས་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་ལ་རིམ་གྲོ་བགྱིད་པ་ནི། སླད་རོལ་དུ་མཆིས་ [12B] འཕགས་པ་དག་སྣོམས་ཤིག། བཞིན་བཟང་དག་སྣོམས་ཤིག་དེ་རྣམས་ཀྱིས་ལས་བྱེད་པའི་ཁང་པ་དེ་བཤུས་སོ། །དེ་ནས་རྫ་མཁན་དགའ་སྐྱོང་འདི་སྙམ་དུ་སེམས་ཏེ། ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གིས་བདག་གི་ཁྱིམ་དུ་ཤིན་ཏུ་བག་ཕབ་ཅིང་འདྲིས་པར་གྱུར་པ་ནི། བདག་གི་རྙེད་པ་ལེགས་པར་རྙེད་དོ་ཞེས་བྱ་བ་ནས་ཞག་བདུན་དུ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ།། འདི་ལྟར། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་ལྷ་རྣམས་ཀྱི་ལྷའི་མཐུས། རྫ་མཁན་དགའ་སྐྱོང་གི་ཕ་མའི་དབྱར་གྱི་གནས་དེར། ལས་བྱེད་པའི་ཁང་པར་ཆར་པ་ཐིགས་པ་ གཅིག་ཀྱང་མ་བབ་བོ། །རྒྱལ་པོ་ཆེན་པོ་ཁྱོད་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཟླ་བ་གསུམ་དུ་ན་བཟའ་ཆོས་གོས་དང། བསོད་སྙོམས་དང། གཟིམས་ཆ་དང། སྙུན་ དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་འབུལ་ན། མ་གནང་ངོ་།ཞེས་ཁྱོད་ཀྱི་སེམས་གཞན་དུ་འགྱུར་གྱི། དགའ་སྐྱོང་ནི། ལས་བྱེད་པའི་ཁང་པའི་གཡོགས་མ་བཤུས་ཀྱང་སེམས་གཞན་ དུ་མ་གྱུར་ཏོ། །བཙུན་པ། རྫ་མཁན་དགའ་སྐྱོང་གིས་ནི། ཐོབ་པ་ལེགས་པར་ཐོབ་པ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་དེའི་སྡུམ་པར་ཤིན་ཏུ་བག་ཕབ་ཅིང་འདྲིས་པར་གྱུར་ལགས་ སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲི་ཀྲིའི་སྦྱིན་པ་དེ་ལ་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་བར་མཛད་དེ། སྦྱིན་སྲེག་མཆོད་སྦྱིན་རྣམས་ཀྱི་ [13A]༄༅། །མཆོག་སྡེབ་སྦྱོར་མཆོག་ནི་ཉི་མའི་ལྷ། །མི་ཡི་མཆོག་ནི་རྒྱལ་པོ་སྟེ། །རྒྱ་མཚོ་ཆུ་བོ་རྣམས་ཀྱི་མཆོག། ཟླ་བ་རྒྱུ་སྐར་རྣམས་ཀྱི་གཙོ། །ཉི་མ་སྣང་བྱེད་རྣམས་ ཀྱི་གཙོ། །སྟེང་དང་འོག་དང་ཐད་ཀར་ཡང། །འགྲོ་བའི་འགྲོ་བ་ཇི་སྙེད་པ། །ལྷ་དང་བཅས་པའི་འཇིག་རྟེན་ན། །སྨྲ་བའི་མཆོག་ནི་རྫོགས་སངས་རྒྱས། །དེ་ནས་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གིས། རྒྱལ་པོ་ཀྲི་ཀྲི་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་ དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གཤེགས་ནས་རིང་པོ་མ་ལོན་པར་རྒྱལ་པོ་ཀྲི་ཀྲིས་མི་ཞིག་ལ་སྨྲས་པ། ཀྭའི་ནང་རྗེ། ཁྱོད་སོང་ལ་ སྦུབས་སུ་སྨིན་པའི་འབྲས་ཀྱིས་ཤིང་རྟ་ལྔ་བརྒྱ་ཙམ་ཁོངས་ལ། རྫ་མཁན་དགའ་སྐྱོང་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་འདི་སྐད་ཅེས། དེས་པ་དགའ་སྐྱོང། རྒྱལ་པོ་ཀྲི་ཀྲིས་ཁྱོད་ལ་ སྦུབས་སུ་སྨིན་པའི་འབྲས་ཀྱིས་བཀང་བའི་ཤིང་རྟ་ལྔ་བརྒྱ་ཙམ་པོ་འདི་དག་བསྐུར་གྱི། འདིས་ཁྱོད་ཀྱི་ཕ་མ་ལོང་བ་གཉིས་གསོ་བ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ དུས་དུས་སུ་བསོད་སྙོམས་འབུལ་བ་དང། བདག་ཉིད་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱོས་ཤིག། ལྷ། བཀའ་བཞིན་འཚལ་ཞེས་མི་དེས་རྒྱལ་པོ་ཀྲི་ཀྲི་ལས་ཉན་ནས། སྦུབས་སུ་སྨིན་པའི་ [13B] རྫ་མཁན་དགའ་སྐྱོང་གང་ན་བ་དེར་སོང་ནས་ཕྱིན་པ་དང། རྫ་མཁན་དགའ་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་དགའ་སྐྱོང། རྒྱལ་པོ་ཀྲི་ཀྲིས་ཁྱོད་ལ་ སྦུབས་སུ་སྨིན་པའི་འབྲས་ཀྱིས་བཀང་བའི་ཤིང་རྟ་ལྔ་བརྒྱ་ཙམ་པོ་འདི་དག་བསྐུར་གྱི། འདིས་ཁྱོད་ཀྱི་ཕ་མ་ལོང་བ་གཉིས་གསོ་བ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསོད་སྙོམས་ དབུལ་བ་དང། བདག་ཉིད་ཀྱང་ལེགས་པར་བདེ་བས་ཚིམ་པར་བྱོས་ཤིག་ཅེས་གསུང་ངོ། །ཀྱེ་ནང་རྗེ། རྒྱལ་པོ་ཀྲི་ཀྲི་ནི། དགོས་པ་མང་ཞིང་བྱ་བ་མང་བ་ཡིན་ལ། བདག་ནི། དགོས་པ་ཉུང་ཞིང་བྱ་བ་ཉུང་བ་ ཡིན་ནོ། །ཞེས་སྨྲས་ནས་མ་བླངས་སོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་བྲམ་ཟེའི་ཁྱེའུ་བླ་མ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ཏེ། ངས་གང་ཟག་ལ་སྐུར་གྱི། བྱང་ཆུབ་ལ་མ་ཡིན་ པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་བྱང་ཆུབ་ཀྱི་སྙིང་པོར་དཀའ་བ་ལོ་དྲུག་སྤྱད་དོ། །གལ་ཏེ་ངས་བྱང་ཆུབ་ལ་སྐུར་པར་གྱུར་ན། ངས་སླར་ཡང་བསྐལ་པ་གྲངས་མེད་པ་གསུམ་དུ་བྱང་ཆུབ་ ཀྱི་ཆེད་དུ་བདག་ཉིད་ཤིན་ཏུ་དུབ་པར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་འཕྲིན་ལས་ཅི་ཞིག་མཛད་ན། འཕྲིན་ལས་དེའི་རྣམ་པར་སྨིན་པས་མངོན་པར་རྫོགས་པར་བྱང་ཆུབ་ན་ཡང་ བཅོམ་ལྡན་འདས་ལ་འཁྲུ་བའི་སྙུན་གྱིས་ཐེབས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་རྣམས་ [14A]༄༅། །བྱས་ཤིང་བསགས་པ་ཞེས་བྱ་བ་ནས་འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་ནོ། །དགེ་སློང་དག་སྔོན་བྱུང་བ། རི་བོར་ཞིག་ན་སྨན་བ་ཞིག་ཡོད་པ་ ལས། དེ་ན་ཁྱིམ་བདག་ཅིག་གི་བུ་ནད་ཀྱིས་ཐེབས་ནས་དེས་སྨན་པ་དེ་བཀུག་སྟེ་དྲིས་ནས། དེས་དེ་ལ་སྨན་བྱིན་པས་སོས་པར་གྱུར་ན། ཁྱིམ་བདག་དེས་དེ་ལ་རྔན་པ་མ་བྱིན་ནོ། །ཁྱིམ་བདག་གི་བུ་དེ་ ལན་གསུམ་གྱི་བར་དུ་ནད་ཀྱིས་ཐེབས་ཏེ། སྨན་པ་དེས་ལན་གསུམ་གྱི་བར་དུ་སོས་པར་བྱས་ཀྱང། དེས་དེ་ལ་རྔན་པ་མ་བྱིན་ནས། དེ་ནས་སྨན་པ་དེ་ཀུན་ནས་དཀྲིས་པ་དྲག་པོས་མ་བཟོད་པར་གྱུར་ ནས་བསམ་པ། ཁྱིམ་བདག་གི་བུ་འདི་བདག་གིས་ལན་གསུམ་གྱི་བར་དུ་དཔྱད་བྱས་ཀྱང། འདིས་ཅུང་ཟད་ཀྱང་ལན་དུ་ཕན་མ་བཏགས་ཀྱི་ད་ནི། བརྒྱ་ལ་ནད་ཀྱིས་ཐེབས་པར་གྱུར་པ་དང། དེ་ལ་ སྨན་མ་ཡིན་པ་གང་ཞིག་གིས། དེའི་ནང་གྲོལ་རྣམས་དུམ་བུ་དུམ་བུར་འཛག་པར་འགྱུར་བ་དེ་ལྟ་བུ་སྦྱིན་ནོ། །སྙམ་པ་ལས། ཇི་ཙམ་ན་ཁྱིམ་བདག་དེའི་བུ་མ་སྟེས་ཏེ་སླར་ན་བར་གྱུར་པ་ ལས། སྨན་པ་དེས་མི་བཟོད་པ་སྐྱེས་པས། དེ་ལ་སྨན་མ་ཡིན་པ་བྱིན་ནས། དེས་ནང་གྲོལ་རྣམས་དུམ་བུ་དུམ་བུར་ཟག་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྨན་ པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ཏེ། ངས་ངན་སེམས་ཀྱིས་ཁྱིམ་བདག་གི་བུ་ལ་སྨན་མ་ཡིན་པ་བྱིན་པས། དེས་ནང་གྲོལ་རྣམས་དུམ་བུ་དུམ་བུར་ཟགས་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་ [14B]སུ་བཙོས་སོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ལས་དེའི་ལྷག་མ་དེ་ཁོ་ནས་ད་ལྟར་མངོན་པར་རྫོགས་པར་བྱང་ཆུབ་ན་ཡང་འཁྲུ་ བའི་སྙུན་གྱིས་ཐེབས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་འཕྲིན་ལས་ཅི་ཞིག་མཛད་ན། འཕྲིན་ལས་དེའི་རྣམ་པར་སྨིན་པས། ཤཱཀྱ་རྣམས་བཀུམ་པ་ན། བཅོམ་ལྡན་འདས་ཀྱི་དབུ་སྙུན་རབ་ཏུ་ དྲག་པོས་ཐེབས་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགེ་སློང་དག། དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་ཚེ་རབས་གཞན་རྣམས་སུ་འདི་དག་བྱས་ཤིང་བསགས་པ་ཞེས་བྱ་བ་ ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག། སྔོན་བྱུང་བ་ཆུ་བོ་གཉེན་ལྡན་གྱི་འགྲམ་ན་ཉ་པ་ལྔ་བརྒྱ་བརྟེན་ཅིང་གནས་ཏེ། དེ་རྣམས་ཀྱིས་ཉ་ཤིན་ཏུ་ ཆེ་བ་གཉིས་ཤིག་ཇི་ལྟར་གཉེན་ལྡན་གྱི་ནང་དུ་ཞུགས་ཏེ་ཉལ་བ་ཟིན་པ་དང། དེ་དག། འདི་སྙམ་དུ་སེམས་ཏེ། གལ་ཏེ་འདི་གཉིས་བསད་ན། ཤ་ལོམ་པར་མི་འགྱུར་ཞིང་རུལ་བར་འགྱུར་རོ། །སྙམ་ ནས་དེ་རྣམས་ཀྱིས་དེ་གཉིས་ཕུར་པ་ལ་བཏགས་ནས་བཞག་གོ། གང་གི་ཚེ་ལན་འགའ་ཞིག་གི་ཉོ་བ་འོངས་པ་དེའི་ཚེ་བཅད་ཅིང་བཅད་ཅིང་སྦྱིན་པར་བྱེད་དོ། །དེ་གཉིས་ཀྱི་ལུས་ལ་གཅོད་པ་ན། སྡུག་ བསྔལ་གྱི་ཚོར་བས་ཉེན་པས་རང་གི་རིས་མཐུན་པའི་སྐད་འབྱིན་པས་འབོ་སྒྲ་འདོན་པར་བྱེད་དོ། །དེ་ན་ཉ་པའི་ཁྱེའུ་གཅིག་ཅིག་དེ་གཉིས་ཀྱི་ཤ་གཅོད་པ་ན། ཡང་དང་ཡང་དུ་འབོ་སྒྲ་འདོན་པ་ལ་ [15A]༄༅། །དགའ་བར་གྱུར་ཏོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཉ་བའི་ཁྱེའུ་གང་ཡིན་པ་དེ་ནི། ང་ཡིན་ཏེ་ངས་ཉ་གསོད་པར་བྱད་པ་ལ་དགའ་བ་སྐྱེད་པ་གང་ཡིན་ པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ང་ལོ་མང་པོ་ཞེས་བྱ་བ་ནས་ཀླད་པ་ན་བར་གྱུར་ཏོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ་།ལས་ཀྱི་ལྷག་མ་དེ་ཁོ་ནས་ད་ལྟར་མངོན་པར་རྫོགས་པར་བྱང་ཆུབ་ན་ ཡང་ཤཱཀྱ་རྣམས་བསད་པ་ན། ཀླད་ནད་རབ་ཏུ་དྲག་པོས་ཐེབས་པར་གྱུར་ཏོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་འཕྲིན་ལས་ཅི་ཞིག་མཛད་ན། འཕྲིན་ལས་དེའི་རྣམ་པར་སྨིན་པས་མངོན་པར་ རྫོགས་པར་བྱང་ཆུབ་ན་ཡང། བཅོམ་ལྡན་འདས་ཀྱི་སྐུ་རྒྱབ་བསེར་མའི་སྙུན་གྱིས་ཐེབས་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་བཞིན་གཤེགས་པ་ཉིད་ ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་འདི་དག་བྱས་ཤིང་བསགས་པས་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག། སྔོན་བྱུང་བ་ གྱད་གཅིག་གིས་ཡུལ་ལྗོངས་ཀྱི་གྱད་ཐམས་ཅད་བརྡབས་ནས་རྒྱལ་པོའི་ཕོ་བྲང་དུ་ཕྱིན་པ་དང། རྒྱལ་པོའི་ཕོ་བྲང་དེ་ན་རྒྱལ་པོའི་གྱད་སྟོབས་དང་ཕ་རོལ་གནོན་པ། ཐུབ་རླག་པ་ཞིག་ཡོད་དེ། དེ་དེ་ དང་ལྷན་ཅིག་རྒྱལ་མཚན་གྱི་ཕྱིར་སྟོབས་འགྱེད་པ་ལ་ཞུགས་སོ་།གྱད་དེ་དག་གི་ཀུན་ཏུ་སྤྱོད་པ་ནི། ལག་པ་ནས་བཟུང་བ་ནས་གྱད་ཀྱིས་གྱད་ཤེས་པ་ཡིན་པས། དེ་ནས་རྒྱལ་པོའི་གྱད་དེས། ཡུལ་ [15B] བདག་པས་སྟོབས་ཆེའོ། །ཞེས་བྱ་བར་ཤེས་ནས་དེས་སྨྲས་པ། ནེའུ་ཟླ། བདག་གི་འདི་ནི། རིགས་བརྒྱུད་ཀྱིས་འོངས་པ་ཡིན་གྱི། ཁྱོད་བདག་ཉིད་འགྱེལ་བར་བྱོས་ཤིག་དང། བདག་ལ་ ནི། གྲགས་པར་ཟད་ལ། རུ་མཚོན་ནི། ཁྱོད་ཀྱི་ཡིན་པར་འགྱུར་རོ་།དེས་ཁས་བླངས་པ་དང་དེས་དེ་མནན་ཏོ། །དེས་རུ་མཚོན་བླང་བར་བརྩམས་པ་དང། དེས་སྨྲས་པ། ནེའུ་ཟླ། སྒྱུའམ་མཐུས་རྒྱལ་བ་ དོན་དུ་གཉེར་བ་ཡིན་པ་ལས། ཁྱོད་ངས་སྒྱུས་བསླུས་ན། ཅིའི་ཕྱིར་རུ་མཚོན་སྦྱིན། བདག་ཉིད་ཆེན་པོ་དེ་ང་རྒྱལ་བཅོམ་པ་ཞིག་པས་ལན་གསུམ་གྱི་བར་དུ་གྱད་དེ་དང་ལྷན་ཅིག་འགྱེད་པར་ཞུགས་ པ་ན། ཡང་དེ་ལ་བསླུ་བར་བརྩམས་པ་ན། ནེའུ་ཟླ། ཁྱོད་ལ་རུ་མཚོན་གྱིས་ཅི་ཞིག་བྱ། བདག་སྲིང་མོ་ཕྱུགས་ཆུང་མ་ཁྱིམ་ཐབ་ལ་མ་སོང་བ་ཞིག་ཡོད་པ་དེ། ཁྱོད་ལ་སྦྱིན་གྱི། བདག་ཉིད་འགྱེལ་ བར་བྱོས་ཤིག། བསླུས་པ་དེ་དེའི་ཆུང་མས་ཐོས་ནས། དེས་སྨྲས་པ་རྗེའི་སྲས། སྔ་མའི་གླེང་གཞི་དག་དགོངས་སམ། དེ་ནས་དེ་ཆུང་མས་ང་རྒྱལ་བསྐྱེད་ནས་ཀུན་ནས་དཀྲིས་པ་དྲག་པོས་དེ་བཏེག་ སྟེ་བརྡབས་པས། དེ་སྒལ་ཚིགས་ཆག་ནས་ཤིའོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཡུལ་ལྗོངས་ཀྱི་གྱད་གང་ཡིན་པ་དེ་ནི། ང་ཉིད་ཡིན་ཏེ། ངས་ངན་སེམས་བསྐྱེད་ནས་ཀུན་ ནས་དཀྲིས་པ་དྲག་པོས་རྒྱལ་པོའི་གྱད་སྒལ་ཚིགས་བཅག་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས། ང་ལོ་མང་པོ་དང། ལོ་བརྒྱ་ཕྲག་མང་པོ་དང། ལོ་སྟོང་ཕྲག་མང་པོ་དང། ལོ་བརྒྱ་སྟོང་ [16A]༄༅། །ཕྲག་མང་པོ་རྣམས་སུ་སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ། །ལས་ཀྱི་ལྷག་མ་དེ་ཁོ་ནས་ད་ལྟར་མངོན་པར་རྫོགས་པར་བྱང་ཆུབ་ན་ཡང་ངའི་སྒལ་ཚིགས་རླུང་ ནད་ཀྱིས་ཐེབས་པར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན། ལས་གཅིག་ཏུ་གནག་པ་རྣམས་དང་ཞེས་བྱ་བ་ནས་བརྩམ་པར་བྱ་སྟེ་དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་ བྱ་བའི་བར་གོང་མ་བཞིན་ནོ།། །།འདུལ་བ་གཞི། བམ་པོ་ང་དྲུག་པ། ཐམས་ཅད་ཟིལ་གནོན་ཐམས་ཅད་གཟིགས། །ཐུབ་པ་འཇིག་རྟེན་ཀུན་ལ་སྨན། །སྲེད་པ་ ཐམས་ཅད་ཟད་པ་བརྙེས། །སྦྱོར་བ་ཀུན་གྱི་མཐར་ཕྱིན་མཛད་།ཐམས་ཅད་མཁྱེན་ཅིང་ཐམས་ཅད་རིག། ཐུབ་ཆེན་ཐམས་ཅད་མངོན་པར་མཁྱེན། །འཁོན་དང་འཇིགས་པ་ཀུན་ལས་འདས། །ཆོས་ ཀུན་གྱི་ནི་ཕ་རོལ་གཤེགས། །བསམ་པ་ཀུན་ལ་མཁས་པ་པོ། །སྲེད་པ་ཐམས་ཅད་རབ་ཏུ་བཅོམ། །སེམས་ཅན་ཀུན་ལ་ཕན་དགོངས་པ། །མདུད་པ་ཐམས་ཅད་རབ་ཏུ་གྲོལ། །བག་ལ་ཉལ་ཀུན་ བཅད་ནས་ནི། །འཆིང་བ་ཐམས་ཅད་ཡང་དག་བཅད། །སེམས་ཅན་ཀུན་གྱི་མཆོག་རབ་སྟེ། །ཐུབ་པ་ཆོས་རྣམས་སྟོན་པར་མཛད། །སེམས་དཔའ་ཆེན་པོ་ཤེས་རབ་ཆེ། །བརྩོན་འགྲུས་ཆེན་པོ་གྲགས་ བ་ཆེ། །ཆོས་ཆེན་འོད་ནི་ཆེན་པོ་པ། །ཆོས་ཆེན་དོན་གྱི་ཕ་རོལ་གཤེགས། །ཀླུ་ཆེན་སེང་གེ་ཆེན་པོ་པ། །དགེ་སློང་ཆེན་པོ་དྲང་སྲོང་ཆེ། །ཤེས་རབ་ཆེན་པོའི་རལ་གྲི་མཚོན། །ཉོན་མོངས་ཆེན་པོ་རབ་ [16B] །སྟོབས་དང་བརྩོན་འགྲུས་རབ་ཏུ་ཆེ། །བརྟན་པ་ཆེན་པོ་ཕ་རོལ་གནོན། །བྱང་ཆུབ་ཆེན་པོ་བརྙེས་པ་གང། །དགྲ་ཆེན་རྣམས་ལས་རྣམ་པར་རྒྱལ། །ནད་ཆེན་པོ་ཡི་དཔྱད་མཛད་པས། །བཅོམ་ ལྡན་སྨན་པ་ཆེན་པོ་ལགས། །འདོད་ཆགས་ཆེན་པོ་ཟིལ་གནོན་ལ། །སྨན་ཆེན་པོ་ནི་སྩོལ་བ་པོ། །འཁོར་བ་ཆེན་པོའི་བཙོན་ར་ན། །འཆིང་བ་ཆེན་པོས་བཅིངས་རྣམས་ལ། །ཐུགས་རྗེ་ཆེན་པོ་དང་ལྡན་པས།། འཆིང་བ་ཀུན་ལས་གྲོལ་བར་མཛད། །སྐྱེས་བུ་ཆེན་པོ་ལྷ་ཆེན་པོ་།ཚོགས་རྣམས་ཀྱི་ནི་ཚོགས་ཆེན་ལྡན། །སྦྱིན་པའི་མཆོག་ནི་སྦྱིན་ཆེན་པོ། །ཞི་བ་ཆེན་པོ་གོ་འཕང་རེག་སེམས་ཅན་མཆོག་སྟེ་དྲང་སྲོང་ མཆོག་དེ་བཞིན་རྣམ་པར་འདྲེན་མཆོག་བརྙེས། །ཉན་ཐོས་མཆོག་ནི་ཕུན་སུམ་ཚོགས། །ཆོས་ཀྱི་མཆོག་ནི་རབ་སྟོན་པ། །ཤིན་ཏུ་མཉམ་པར་བཞག་པའི་མཆོག་ཡོན་གནས་རྣམས་ཀྱི་མཆོག་ ཏུ་འོས། །རྣམ་པར་གྲོལ་བ་རྣམས་ཀྱི་མཆོག་མཚན་ནི་མཆོག་རབ་ཀུན་དང་ལྡན། །བཅོམ་ལྡན་སྲིད་ལས་རབ་ཏུ་གྲོལ། །སྲིད་པའི་དགའ་བ་ལས་འཕགས་པ། །སྲིད་པའི་འདོད་ཆགས་ཀུན་ནས་ བཅད། །སྲིད་པའི་སྲེད་པ་རབ་ཏུ་བཅོམ། །ཆོས་ཆེན་པོ་ནི་བསྒོམས་པས་ན། །འཇིགས་དང་འཇིགས་སུ་རུང་བ་སྤངས། །ཀླུ་ཡི་རྒྱལ་པོ་རྣམས་ཀྱི་གནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །ཐམས་ཅད་ བྱ་བ་བྱས་པ་ཡི། །ཉན་ཐོས་རྣམས་ཀྱིས་མདུན་བྱས་ཏེ། །ལྔ་བརྒྱ་རྣམས་དང་ཐབས་ཅིག་ཏུ། །རྫུ་འཕྲུལ་གྱིས་ནི་མཁའ་ལ་གཤེགས། །ཆུ་བོ་དེ་ཡི་འགྲམ་དག་ཏུ། །སྨྲ་བའི་མཆོག་ནི་བཞུགས་ནས་ [17A]༄༅། །ནི། །རྗེས་སུ་བརྩེ་བ་ཐུགས་རྗེ་ཅན། །ལུས་ཅན་ཀུན་ལ་ཕན་མཛད་པས། །མཚོ་ལ་གཟིགས་ནས་དགེ་སློང་ལ། །འདི་སྐད་ཅེས་ནི་བཀའ་སྩལ་ཏོ། །ངས་ནི་སྡིག་པ་གང་བྱས་ དང། །ང་ཡི་ཚིག་འདི་མཉན་པར་གྱིས། །ངས་ནི་སྔོན་གྱི་ཚེ་རབས་སུ། །གཡོན་ཅན་པདྨའི་རྩ་ལག་གྱུར། །རང་སངས་རྒྱས་ནི་ལེགས་སྨོན་ཏེ། །སྐྱོན་མེད་ལ་ནི་སྐུར་བ་བཏབ། ། སྐྱེ་བོའི་ཚོགས་ཆེན་ལྷགས་ནས་སུ། །ཐུབ་པ་ཆོས་ཀྱི་ཡོན་ཏན་དགའ། །བཅིང་བ་དམ་པོས་དེ་བཅིངས་ནས། །གྲོང་ཁྱེར་ནས་ནི་ཕྱུང་བ་དང། །དགེ་སྦྱོང་བཅིང་བས་དམ་བཅིངས་ནས། ། སྡུག་བསྔལ་གྱུར་ཏེ་ང་ཡིས་མཐོང། །དེ་ལ་སྙིང་རྗེ་བསྐྱེད་ནས་ཀྱང། །ང་ཉིད་ཀྱིས་ནི་ཐར་པར་བྱས། །ལས་ཀྱི་རྣམ་པར་སྨིན་པ་དེས། །དམྱལ་བ་རྣམས་སུ་ཡུན་རིང་འཕངས། །སླར་ཡང་ མིར་ནི་འོངས་པ་ན། །ངས་ནི་སྐུར་བ་ཐོབ་པར་གྱུར། །དེ་ནས་ལས་ཀྱི་ལྷག་མས་ཀྱང། །ང་ཡི་ཡང་སྲིད་ཐ་མ་ལ། །མུ་སྟེགས་རྣམས་ཀྱིས་མཛེས་མའི་ཕྱིར། །ཡང་དག་མ་ཡིན་སྐུར་བ་བཏབ། ། ང་སྔོན་བྲམ་ཟེར་གྱུར་པ་ན། །གསང་ཚིག་འཛིན་ཅིང་མང་ཐོས་པ། །བྲམ་ཟེ་ལྔ་བརྒྱ་རྣམས་ལ་ནི། །ཚལ་ན་གསང་ཚིག་བརྗོད་པའི་ཚེ། །མངོན་ཤེས་ལྔ་ལྡན་རྫུ་འཕྲུལ་ཆེ། །བྱིན་ཆེན་དྲང་ སྲོང་དེར་འོངས་པ། །བཀུར་སྟི་བྱེད་པ་ངས་མཐོང་ནས། །སྐྱོན་མེད་ལ་ནི་སྐུར་བ་བཏབ། །དྲང་སྲོང་འདི་ནི་འདོད་སྤྱོད་ཅེས། །ངས་ནི་བྲམ་ཟེའི་ཁྱེའུ་ལ་སྨྲས། །བྲམ་ཟེའི་ཁྱེའུ་རྣམས་ང་ཡི་ཚིག་ [17B] །དེ་ནས་བྲམ་ཟེའི་ཁྱེའུ་རྣམས་ཀྱིས། །ཁྱིམ་དང་ཁྱིམ་དུ་སློང་བ་ན། །དྲང་སྲོང་འདི་ནི་འདོད་སྤྱོད་ཅེས། །སྐྱེ་བོ་མང་པོ་དག་ལ་སྨྲས། །ལས་ཀྱི་རྣམ་པར་སྨིན་པ་དེས། ། དགེ་སློང་ལྔ་བརྒྱ་དག་དང་ཡང། །མཛེས་མ་ཁོ་ནའི་རྒྱུ་ལས་ནི། །སྐུར་པ་དག་ནི་ཐོབ་པར་གྱུར། །སངས་རྒྱས་ཐམས་ཅད་ཟིལ་གནོན་གྱི། །ཉན་ཐོས་གྱུར་བ་གནས་འཇོག་བུ། །དེ་ཚེ་དགེ་སྦྱོང་དེ་ལ་ནི། ། ངས་ནི་མི་བདེན་སྐུར་པ་བཏབ། །སྡིག་པའི་ལས་དེ་བྱས་པས་ན། །མི་བཟད་ངན་འགྲོར་སོང་ནས་ནི། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་།སྡུག་བསྔལ་ཚོར་བ་ཉམས་སུ་མྱོང། །དེ་ནས་ལས་ཀྱི་ ལྷག་མས་ནི། །ང་ལ་བྲམ་ཟེ་རྩྭ་མིས་འདིར། །སྐྱེ་བོའི་ཚོགས་ནི་འདུས་པ་ན། །ཡང་དག་མ་ཡིན་སྐུར་པ་བཏབ། །ནོར་གྱི་ཕྱིར་ནི་སྐྱོན་མེད་པར། །ངས་ནི་གཡས་ཁྱིམ་ནུ་བོ་ནི། །རི་ཡི་གསེབ་ཏུ་བཅུག་ནས་ སུ། །ངས་ནི་རྡོ་བ་དག་གིས་བསྣུན། །ལས་ཀྱི་རྣམ་པར་སྨིན་པ་དེས་།དམྱལ་བ་དག་ཏུ་ཡུན་རིང་འཕངས། །རབ་ཏུ་ཚ་དང་ཐིག་ནག་གི་།སྡུག་བསྔལ་ཚོར་བ་མྱོང་བར་གྱུར། །དེ་ནས་ལས་ཀྱི་ལྷག་ མས་ནི། །ལྷ་སྦྱིན་གྱིས་ནི་རྡོ་འཕངས་ཏེ། །ང་ཡི་ཞབས་ཀྱི་མཐེ་བོ་ནི། །རྡོ་བའི་དུམ་བུས་རྨ་ཡང་ཕྱུང། །རྒྱ་མཚོ་ཡི་ནི་གྲུ་བོ་ཆེས། །རྒྱ་མཚོ་ལ་ནི་འགྲོ་བ་ན། །གྲུ་ན་འདུག་པའི་ཚོང་པ་ནི་།མདུང་ ཐུང་རྣོན་པོས་བསད་པར་གྱུར། །ལས་ཀྱི་རྣམ་པར་སྨིན་པ་དེས་།དམྱལ་བ་རྣམས་སུ་ཡུན་རིང་འཕངས། །དེ་ཡི་ལས་ཀྱི་ལྷག་མས་ངའི། །ཞབས་ལ་ཚལ་པ་ཟུག་པར་གྱུར། །སྔོན་ནི་ཉ་པའི་གྲོང་ [18A]༄༅། །ཁྱེར་གྱི། །ཉ་པའི་བུར་ནི་གྱུར་པ་ན། །ཉ་རྣམས་གསོད་པར་བྱེད་པ་དང། །ཡིད་དགའ་བ་ནི་སྐྱེས་པར་གྱུར། །ལས་ཀྱི་རྣམ་པར་སྨིན་པ་དེས། །ང་ནི་དམྱལ་བར་ཡུན་རིང་ འཕངས། །རབ་ཏུ་ཚ་དང་ཐིག་ནག་དང། །སྡུག་བསྔལ་མང་པོ་མྱོང་བར་གྱུར། །དེ་ནས་ལས་ཀྱི་ལྷག་མས་ནི། །གང་གི་ཚེ་ན་འཕགས་སྐྱེས་བོ། །ཤཱཀྱ་རྣམས་ནི་གསོད་པ་ན། །ཀླད་པ་ མི་བཟད་ནད་ཀྱིས་ཐེབས། །རྣམ་པར་གཟིགས་ཀྱི་གསུང་རབ་ཀྱི། །ཉན་ཐོས་ཡོངས་སུ་སྨད་བྱས་ཏེ། ཁྱེད་ནི་ནས་དག་ཟ་བར་འོས། །ཁྱེད་ལ་འབྲས་ནི་མི་རིགས་ཞེས། །ངག་གི་ཉེས་པར་ སྤྱད་པ་དང། །ལས་ཀྱི་རྣམ་པར་སྨིན་པ་དེས། །དམྱལ་བའི་ཐིག་ནག་རྣམས་སུ་ནི། །སྡུག་བསྔལ་མང་པོ་ཉམས་སུ་མྱོང། །དེ་ནས་ལས་ཀྱི་ལྷག་མས་ནི། །དགྲ་མཐར་དབྱར་ནི་གནས་བཅས་ ཏེ། །བྲམ་ཟེ་ཡིས་ནི་སྤྱན་དྲངས་ཚེ། །ཟླ་བ་གསུམ་དུ་ནས་དག་ཟོས། །ང་ནི་སྨན་པར་གྱུར་པ་ན། །ཚོང་དཔོན་བུ་ཕོ་འཁྲུར་འཇུག་ཚེ། །ནད་ཀྱིས་སྡུག་བསྔལ་གྱུར་པ་ལ། །སྨན་མ་ཡིན་པ་ངས་ བྱིན་ནོ། །ལས་ཀྱི་རྣམ་པར་སྨིན་པ་དེས། །སྡུག་བསྔལ་མང་པོ་ཉམས་སུ་མྱོང། །དེ་ནས་ལས་ཀྱི་ལྷག་མས་ནི། །དེ་འདྲའི་འཁྲུ་བའི་ནད་ཀྱིས་ཐེབས། །སྔོན་གྱི་ཚེ་རབས་གཞན་རྣམས་སུ། ། ང་ནི་མཐུ་ཅན་གྱད་གྱུར་ཚེ། །སྟོབས་དག་འགྱེད་པར་བྱེད་པ་ན་།ངས་ནི་གྱད་ཀྱི་བུ་ཞིག་བསད། །ལས་ཀྱི་རྣམ་པར་སྨིན་པ་དེས་།སྡུག་བསྔལ་མང་པོ་ཉམས་སུ་མྱོང། །དེ་ནས་ལས་ཀྱི་ [18B] །འདི་ན་ང་ཡི་རྒྱབ་བསྙུང་ངོ། །སྔོན་ནི་ངན་སྤོང་བུར་གྱུར་པ། །དགའ་སྐྱོང་ལ་ནི་སྨྲས་པ་ནི། །མགོ་རེག་ངས་མཐོང་ཅི་ཞིག་བྱ། །འདི་ལ་བྱང་ཆུབ་ཡོད་མ་ཡིན། །ངག་གི་ཉེས་པར་སྤྱོད་པ་དང། ། ལས་ཀྱི་རྣམ་པར་སྨིན་པ་དེས། །འདིར་ཡང་མིར་ནི་འོངས་པ་ན་།ཁྱིམ་མེད་པར་ནི་རབ་བྱུང་ནས། །བྱང་ཆུབ་མཆོག་ནི་འདོད་པའི་ཕྱིར། །ལྟེང་རྒྱས་འགྲམ་དུ་ལོ་དྲུག་ཏུ། །མཆོག་ཏུ་དཀའ་བ་སྤྱད་པ་ ངས། །སྡུག་བསྔལ་མང་པོ་ཉམས་སུ་མྱོང། །སེམས་ཅན་ཀུན་གྱི་རབ་མཆོག་གིས། །ཆོས་ཀྱི་དམ་པ་ཐུགས་ཆུད་ནས། །སྡིག་པའི་ལས་ནི་གང་མཛད་པ། །ཚོགས་ཀྱི་མཆོག་ལ་བཀའ་སྩལ་ཏོ། ། ཐམས་ཅད་ཟིལ་གནོན་སྟོབས་བརྙེས་ཀྱིས། །དགེ་སློང་དགེ་འདུན་གུང་བཞུགས་ནས། མ་དྲོས་པ་ཡི་མཚོ་ཆེན་དུ། །ཉིད་ཀྱི་འཕྲིན་ལས་ལུང་བསྟན་ཏོ། །དེ་བཞིན་གཤེགས་པའི་ལེའུ།། །། སྡོམ་ནི། །གནས་འཇོག་སྦྲང་རྩི་ཅན་དང་ནི། །རྒྱུ་ཅན་ཀོའུ་ཌི་ནྱ་ཉེ་བར་འཁོར། །འོད་བྱེད་དང་ནི་ནམ་གྲུ་སྟེ། །ཕྱི་མ་བདེ་བར་གཤེགས་པ་ཡིན། །མ་དྲོས་པའི་ཚིགས་སུ་བཅད་པའོ། །དེ་ནས་ བཅོམ་ལྡན་འདས་དགྲ་བཅོམ་པ་ལྔ་བརྒྱ་དང་ཐབས་ཅིག་ཏུ་མཚོ་ཆེན་པོ་མ་དྲོས་པར་འཕྲིན་ལས་ཀྱི་རྒྱུ་བ་ལུང་བསྟན་ནས། མ་དྲོས་པ་ནས་མི་སྣང་བར་མཛད་དེ། མཉན་ཡོད་ཀྱི་རི་དྭགས་འཛིན་གྱི་ མའི་སྔོན་གྱི་ཀུན་དགའ་ར་བའི་ཁང་བཟང་ན་བཞུགས་སོ། །རི་དྭགས་འཛིན་གྱི་མ་ས་གས། བཅོམ་ལྡན་འདས་མཚོ་ཆེན་པོ་མ་དྲོས་པ་ནས་མི་སྣང་བར་མཛད་དེ། མཉན་ཡོད་དུ་གཤེགས་ནས་ [19A]༄༅། །མཉན་ཡོད་ཀྱི་བདག་གི་ཁང་བཟང་ཁོ་ན་ན་བཞུགས་སོ་།ཞེས་ཐོས་སོ། །ཐོས་ནས་ཀྱང་མཉན་ཡོད་ནས་བྱུང་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཞེས་བྱ་ བ་ནས་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་རི་དྭགས་འཛིན་གྱི་མ་ས་ག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་ སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚོ་ཆེན་པོ་མ་དྲོས་པར་རང་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་པའི་དགྲ་བཅོམ་པ་ལྔ་བརྒྱ་ གང་དག་ལགས་པ་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན། བཅོམ་ལྡན་འདས་ཀྱིས་གནང་བར་མཛད་དུ་གསོལ། །རི་དྭགས་འཛིན་གྱི་མ་ས་གས་གནང་ བར་རིག་ནས་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། སྟན་ཆེས་དམའ་བ་ཞིག་བླངས་ནས་ ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས། རི་དྭགས་འཛིན་གྱི་མ་ས་ག་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་ པར་འཛིན་དུ་གཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་ནས་གཙུག་ལག་ཁང་དུ་བྱོན་པ་དང། དགེ་སློང་གི་དགེ་ [19B] །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རི་དྭགས་འཛིན་གྱི་མ་ས་ག་ལ་མ་རྫོགས་པར་ ཡོད་དེ། དེས་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་གདུགས་ཚོད་གསོལ་ན། འོན་ཀྱང་དགེ་འདུན་གྱི་ཆེད་དུ་ཡོན་མ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀོ་ས་ལར་ལྗོངས་རྒྱུ་ཞིང་གཤེགས་པ་ན་ གྲོང་ཁྱེར་ཐིགས་པ་ཅན་དུ་བྱོན་ནས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཤིཾ་ཤ་པའི་ཚལ་ན་བཞུགས་སོ་།གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས། བཅོམ་ ལྡན་འདས་ཀོ་ས་ལ་ནས་ཞེས་བྱ་བ་ནས་ཤིཾ་ཤ་པའི་ཚལ་ན་བཞུགས་སོ། །ཞེས་ཐོས་སོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ་།ཐོས་ནས་ཀྱང་ཚོགས་ནས་ཚོགས་དང། ཁྱུ་ནས་ཁྱུར་འཕྲད་ཅིང་འདུས་ ཏེ། གྲོང་ཁྱེར་ཐིགས་པ་ཅན་ནས་བྱུང་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཞེས་བྱ་བ་ནས་ཡང་དག་པར་རབ་ཏུ་ དགའ་བར་མཛད་ནས་ཅང་མི་གསུང་ངོ། ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་ཅག་གི་སྡུམ་པར་གདུགས་ [20A]༄༅། །ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས། གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ལ་ཅང་མི་གསུང་བས་གནང་ ངོ། །དེ་ནས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་ བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ། །དེ་ནས་ཡི་དྭགས་རུས་གོང་སྦྲེལ་བ་བསྒྲེང་པ་ལྟ་བུ། རང་གི་སྐྲས་གཡོགས་པ། ལྟོ་རི་ཙམ། ཁ་ཁབ་ཀྱི་མིག་ཙམ། འབར་རབ་ཏུ་འབར། ཀུན་ ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པ་ལྔ་བརྒྱ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་པ་དང། བཅོམ་ལྡན་འདས་ལ་ཀུན་ནས་ཡོངས་སུ་བསྐོར་ཏེ་འདུག་ནས་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས། གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་འདི་དག་ནི། བདག་ཅག་གི་ཉེ་དུར་གྱུར་པ་ལགས་ན། ཀྱེ་མ། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་ བཟུང་སྟེ། བདག་ཅག་ཁོ་ནའི་མིང་ནས་ཡོན་བསྔོ་བ་མཛད་དུ་གསོལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་དམ་ཞིག་བཅའ་སྟེ། གལ་ཏེ་ཁྱེད་ཅག་ཆ་བྱད་འདི་ཉིད་ཀྱིས་ཡོན་བསྔོ་བ་ བྱེད་པའི་ཚེ་འོང་ན་ནི། ཁྱེད་ཅག་གི་མིང་ནས་ཡོན་བསྔོ་བ་བྱའོ། །དེ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་གཡར་ཚ་ལགས་ན་ཇི་ལྟར་མཆི་ལགས། དེ་ནས་བཅོམ་ལྡན་འདས་ [20B] དེའི་ཚེ་ཚིགས་སུ་བཅད་པས་བཀའ་སྩལ་པ། ངོ་ཚ་མེད་ལ་ངོ་ཚ་བྱེད། །ངོ་ཚ་བ་ལ་ངོ་མི་ཚ། །འཇིགས་པ་མེད་ལ་འཇིགས་པར་ལྟ། །འཇིགས་པ་ལ་ནི་མི་འཇིགས་ལྟ། །ལོག་པའི་ལྟ་བ་ བླངས་པས་ན། །སེམས་ཅན་རྣམས་ནི་ངན་འགྲོར་འགྲོ། །ངོ་ཚ་བ་ངོ་ཚ་དང། །ངོ་ཚ་མེད་ལ་ངོ་མི་ཚེ། །མི་འཇིགས་པ་ལ་མི་འཇིགས་ལྟ། །འཇིགས་པ་ལ་ནི་འཇིགས་ལྟ་བའི། །ཡང་དག་ལྟ་ བ་བླངས་པ་ཡིས། །སེམས་ཅན་རྣམས་ནི་བདེ་འགྲོར་འགྲོ། །དེ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས། གལ་ཏེ་དེ་ལྟར་ན་མཆི་ལགས་སོ། །དེ་ནས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་ ཁྱིམ་བདག་རྣམས་ཀྱིས། དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས་ཞེས་བྱ་བ་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡི་དྭགས་ལྔ་བརྒྱ་པོ་དེ་དག་འོངས་པ་དང། དེ་ནས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་ཡི་ དྭགས་རྣམས་མཐོང་ནས་འབྲོས་པར་བརྩམས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། དེ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཡི་དྭགས་འོ་ ནི་དག་མཆི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚུར་ཤོག་འདི་དག་ནི། ཁྱེད་ཅག་གི་ཉེ་དུ་ཡིན་ནོ། །གལ་ཏེ་ཁྱེད་ཅག་གིས་གནང་ན། ངས་འདི་རྣམས་ཀྱི་མིང་གིས་ཡོན་ [21A]༄༅། །བསྔོའོ། །དེ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས། རུང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡན་ལག་ལྔ་དང་ལྡན་པའི་གསུང་དབྱངས་ཀྱིས། དེ་རྣམས་ཀྱི་མིང་ནས་ཡོན་ བསྔོ་བ་མཛད་དེ། སྦྱིན་པ་འདི་ཡིས་བསོད་ནམས་གང། །དེ་ནི་ཡི་དྭགས་རྗེས་འགྲོ་ཞིང། །འདི་དག་ཡི་དྭགས་འཇིག་རྟེན་ནི། །མི་བཟད་པ་ནས་མྱུར་ལྡང་ཤོག་དེ་ཡིས་གོས་དང་སྐོམ་དང་ཟས།། གནས་མལ་རྣམ་པ་སྣ་ཚོགས་པ། །དུས་ཀུན་དུ་ནི་མི་ཟད་པར། །དེ་རྣམས་ལ་ནི་གྲུབ་པར་ཤོག། དེ་ནས་བཅོམ་ལྡན་འདས་ཀྱིས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་ གཤེགས་སོ། །དེ་ནས་གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་རྟོག་ཁང་དུ་ལྷགས་ཤིང་ཚོགས་ནས། འདི་ལྟ་བུའི་སྐབས་ཀྱི་གཏམ་དག་གླེང་བར་བྱེད་དེ། ཀྱེ། དགེ་ སྦྱོང་གོའུ་ཏ་མ་ནི། འདོད་ཞེན་ཆེ་ཞིང། དེའི་ཉན་ཐོས་རྣམས་ཀྱང་འདོད་ཞེན་ཆེ་བ་ཡིན་ནོ། །ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་དགེ་སྦྱོང་གོའུ་ཏ་མ་ནི། འདོད་ཞེན་ཆུང་ཞིང། དེའི་ ཉན་ཐོས་རྣམས་ཀྱང་འདོད་ཞེན་ཆུང་སྟེ། མུ་སྟེགས་ཅན་རྣམས་ནི་དེ་ལྟ་མ་ཡིན་ནོ། །དེའི་ཚེ་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེ་ཞེས་བྱ་བ། འཁོར་དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ [21B] གྲོང་ཁྱེར་ཐིགས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་གོའུ་ཏ་མ་འདོད་ཞེན་ཆེའམ། འདོད་ཞེན་ཆུང་བ་དང། དེའི་ཉན་ ཐོས་རྣམས་འདོད་ཞེན་ཆེའམ། འདོད་ཞེན་ཆུང་བ་ངས་ཁྱེད་ཅག་ཡིད་ཆེས་པར་བྱའོ། །དེ་ནས་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །ཤེས་ལྡན་གོའུ་ཏ་མ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་གི་བཅའ་བ་བུ་རམ་ཞིག་འབུལ་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། བཅོམ་ལྡན་ འདས་ཀྱིས། བྲམ་ཟེ་སྨྲ་འདོད་ཀྱི་སེང་གེ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ སྤྱན་སྔ་ནས་སོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེ་ཀླན་ཀ་ཚོལ་བས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་ འདུན་རྣམས་བཅའ་བ་བུ་རམ་ལ་སྤྱན་དྲངས་ཀྱི། ཁྱེད་ཅག་ལས་གང་གིས་ཇི་ཙམ་གཡོགས་པ་དེས་དེ་ཙམ་ཞིག་བླང་བར་བྱའོ། །བྲམ་ཟེ་སྨྲ་འདོད་ཀྱི་སེང་གེ་ལ་བུ་རམ་འཚོང་བའི་ཁང་པ་ལྔ་བརྒྱ་ ཡོད་པ་ནས། དེས་བུ་རམ་གྱི་ཁང་པ་རེ་རེ་ནས་བུ་རམ་གྱི་སྣོད་བླངས་ཏེ། བུ་རམ་གྱི་སྣོད་ལྔ་བརྒྱ་ཁྱེར་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ལ་འདི་ [22A]༄༅། །སྐད་ཅེས་གསོལ་ཏོ། །ཤེས་ལྡན་གོའུ་ཏ་མ། བུ་རམ་བསྔོགས་ན། ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་ཏེ་ལོངས་སྤྱད་དུ་གསོལ། དེ་ནས་བཅོམ་ ལྡན་འདས་ཕྱག་དང་ལྷུང་བཟེད་བཅབས་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེས་བུ་རམ་གྱི་སྣོད་གཅིག་བླངས་ ཏེ་བྲིམ་པར་བརྩམས་པ་དང། བཅོམ་ལྡན་འདས་ཀྱིས་ཇི་ལྟར་དགེ་སློང་གི་དགེ་འདུན་གྱི་བར་དུ་བྲིམས་ཀྱང་ལྷག་པས་ཐམས་ཅད་དེ་ཁོ་ན་བཞིན་དུ་འདུག་པ་དེ་ལྟར་བྱིན་གྱིས་བརླབས་སོ།། དེ་ནས་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེ་མངོན་པར་དད་པར་གྱུར་ཏོ་།དེ་ནས་དེ་དད་པ་སྐྱེས་ནས་ཕྱོགས་མཐའ་དག་ཏུ་སྒྲ་བསྒྲགས་པ་ཤེས་ལྡན་གོའུ་ཏ་མ་ནི། འདོད་ཞེན་ཆུང་ཞིང། དེའི་ ཉན་ཐོས་རྣམས་ཀྱང་འདོད་ཞེན་ཆུང་བ་ཡིན་ནོ། །དེ་ནས་དེས་མུ་སྟེགས་ཅན་རྣམས་བུ་རམ་ལ་ལོངས་སྤྱོད་དུ་གཞུག་པའི་ཕྱིར་མགྲོན་དུ་བོས་པ་དང། དེ་རྣམས་ཀྱིས་བུ་རམ་བག་མེད་པར་ བླངས་ནས། ཁ་ཅིག་གིས་ནི་ལོངས་སྤྱད་དོ། །ཁ་ཅིག་གིས་ནི། སྣོད་བཀང་ནས་བོར་ཞིང་ཁྱེར་ཏེ་སོང་ངོ། །དེ་ནས་བྲམ་ཟེ་སྨྲ་འདོད་ཀྱི་སེང་གེས་སྨྲས་པ། སྐྱེས་བུ་བླུན་པོ་ཁྱེད་ཅག་ཁོ་ ན་འདོད་ཞེན་ཆེ་བ་ཡིན་ལ། དགེ་སྦྱོང་གོའུ་ཏ་མ་ནི། འདོད་ཞེན་ཆུང་ཞིང། དེའི་ཉན་ཐོས་རྣམས་ཀྱང་འདོད་ཞེན་ཆུང་བ་ཡིན་ནོ། །ཞེས་སྨྲས་ནས། བཅོམ་ལྡན་འདས་ལ་ལྷག་པར་ [22B] བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཙུན་པ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བདག་ཅེས་བྱ་བ་ནས་ཚངས་པར་སྤྱད་པར་བགྱིའོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ དགེ་སློང་ཚུར་ཤོག་ཅེས་བྱ་བ་ནས་དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་གསུངས་པས་ཞེས་བྱ་བ་ནས། སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་བར་གྱུར། །ཅེས་བྱ་བའི་ པར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་བ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དུས་སམ་དུས་མ་ཡིན་པའམ། ན་བ་འམ། མི་ན་བས་ བུ་རམ་ལ་ལོངས་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་ནི། མི་བྱའོ་།ཚེ་དང་ལྡན་པ་སྨྲ་འདོད་ཀྱི་སེང་གེ་རོ་མྱགས་པའི་དྲི་མི་ཞིམ་པས། སེམས་རྩེ་གཅིག་པ་ཉིད་མ་ཐོབ་ནས། བཅོམ་ལྡན་ འདས་ཀྱིས་དགོངས་པ། དགེ་སློང་སྨྲ་འདོད་ཀྱི་སེང་གེ་ནི། སྲིད་པ་ཐ་མ་པ་ཡིན་ན། ཅིའི་ཕྱིར་བདེན་པ་མ་མཐོང་སྙམ་དུ་དགོངས་ན། ལུས་རུལ་བའི་དྲི་མི་ཞིམ་པ་ལས་གྱུར་བར་གཟིགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ། དགེ་སློང་སྨྲ་འདོད་ཀྱི་སེང་གེའི་གཙུག་ལག་ཁང་དྲི་དང། མེ་ཏོག་གི་ཕྲེང་བ་དང། བདུག་ [23A]༄༅། །པ་དང། ཕྱེ་མ་རྣམས་ཀྱིས་གཏོར་ལ། གནས་མལ་ལ་ཡང་བདུག་པས་བདུག་ཅིང། མེ་ཏོག་དྲི་ཞིམ་པོས་བརྒྱན་པའི་མེ་ཏོག་གི་གདུགས་བྲེས་ཤིག་བཙུན་པ་ བཀའ་བཞིན་འཚལ་ཞེས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །ཇི་ཙམ་ན། དེ་བསོད་སྙོམས་ལ་སོང་བ་དེའི་བར་དུ། དེའི་གཙུག་ལག་ཁང་དུ་སོང་ནས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་བཞིན་ཐམས་ཅད་བྱས་སོ། །དེ་ནས་ཚེ་དང་ལྡན་པ་སྨྲ་འདོད་ཀྱི་སེང་གེ་བསོད་སྙོམས་ལ་བརྒྱུས་ནས། གཙུག་ལག་ཁང་དུ་འོངས་པ་དང་ལྷའི་འབྱོར་ པ་མཐོང་ནས། དེ་ནས་དགའ་བའི་ཡིད་ཀྱིས་བསོད་སྙོམས་ལ་ལོངས་སྤྱད་དེ། ཟས་ཀྱི་བྱ་བ་བྱས་ནས། གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་གཉིས་བཀྲུས་ཏེ་གཙུག་ལག་ཁང་དུ་ཞུགས་ནས་ སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ནས་དྲན་པ་མངོན་དུ་ཕྱོགས་པར་བཞག་སྟེ་འདུག་པ་དང། དྲི་ཞིམ་པོ་མནམ་ནས་དེའི་སེམས་མཉམ་པར་གཞག་པར་སྐྱེས་སོ། །དེ་ནས་དེས་ཉོན་ མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནས་མངོན་དུ་སྨྲ་བར་གྱུར་ཏོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་དགེ་སློང་དང་ངའི་ཉན་ཐོས་སྡུག་པས་རྣམ་པར་གྲོལ་བ་རྣམས་ཀྱི་མཆོག་ནི། འདི་ལྟ་སྟེ། དགེ་སློང་སྨྲ་འདོད་ཀྱི་སེང་གེ་འདི་ཡིན་ནོ། །དགེ་སློང་ [23B] སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དགེ་སློང་གཞན་རྣམས་ནི། མི་སྡུག་པས་རྣམ་པར་གྲོལ་ན། ཚེ་དང་ལྡན་པ་སྨྲ་འདོད་ཀྱི་སེང་ གེ་སྡུག་པས་རྣམ་པར་གྲོལ་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། འདི་ནི། ཚེ་རབས་ལྔ་བརྒྱ་བསྟུད་མར་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ནས་ཤི་འཕོས་ཤིང་དེ་ཉིད་དུ་ སྐྱེས་ཏེ། ད་ལྟར་གྱི་སྲིད་པ་ཐ་མ་མི་རྣམས་སུ་སྐྱེས་པ་ན། ལུས་རུལ་བའི་དྲི་མནམ་པས་སེམས་རྩེ་གཅིག་པ་མ་གྲུབ་པའོ། །དྲི་ཞིམ་པོའི་དྲི་མནམ་ནས་སེམས་མཉམ་པ་ཐོབ་ནས་སྡུག་པས་རྣམ་པར་ གྲོལ་བ་ཐོབ་པར་གྱུར་ཏོ། །གལ་ཏེ་འདི་ལ་ཐབས་འདི་མ་བྱས་པར་གྱུར་ན། དྲོ་བར་གྱུར་བ་ཡང་འདིས་བསྐྱེད་པར་མི་འགྱུར་རོ། །དེ་ལྟ་བས་ན། རྗེས་སུ་གནང་སྟེ། གཞན་གང་ཞིག་སྡུག་པ་འདི་ ལྟ་བུས་རྣམ་པར་གྲོལ་བར་འགྱུར་བ་དེས་རིམ་པ་དེ་ལྟ་བུ་བྱ་སྟེ་འདི་ལ་འགྱོད་པར་ནི་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ་ཡངས་པ་ཅན་དུ་བྱོན་ནས་ ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན། ཁང་པ་བརྩེགས་པའི་གནས་ན་བཞུགས་སོ། །ཡངས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས། བཅོམ་ལྡན་འདས་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ ཞིང་གཤེགས་ཏེ་ཡངས་པ་ཅན་དུ་བྱོན་ནས། ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན། ཁང་པ་བརྩེགས་པའི་གནས་ན་བཞུགས་སོ་།ཞེས་ཐོས་སོ། །ཐོས་ནས་ཀྱང་གཅིག་ཏུ་འདུས་ནས་སྨྲས་པ་ [24A]༄༅། །ཤེས་ལྡན་དག་བཅོམ་ལྡན་འདས་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ་ཡངས་པ་ཅན་དུ་བྱོན་ནས། ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་ བརྩེགས་པའི་གནས་ན་བཞུགས་སོ། །ཞེས་གྲག་གི་གལ་ཏེ་བདག་ཅག་རེ་རེ་ནས་བཅོམ་ལྡན་འདས་སྤྱན་དྲངས་ཏེ་གདུགས་ཚོད་གསོལ་ན་ནི། བཅོམ་ལྡན་འདས་སླར་གཤེགས་དང་ གཞན་གྱི་སྐབས་མི་རྙེད་པར་འགྱུར་བས། དེ་ལ་ཁྲིམས་ཤིག་བཅའ་སྟེ། ཅི་ནས་ཀྱང་ཚོགས་ཤིང་འདུས་པ་ཁོ་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་གྱི། མི་གཅིག་པུས་ནི་མ་ཡིན་ནོ།། ཞེས་དེ་རྣམས་ཀྱིས་ཁྲིམས་སུ་བཅའ་བ་དག་བྱས་ནས་བཞག་གོ་དེའི་ཚེ་ཡངས་པ་ཅན་ན་བསོད་ནམས་ཆེན་པོ་དང་ལྡན་པ་བཞི་གནས་ཏེ་ནོར་ཅན་དང། ནོར་ཅན་གྱི་ཆུང་མ་དང། ནོར་ཅན་ ཅན་གྱི་བུ་དང། ནོར་ཅན་གྱི་མནའ་མའོ། །དེ་དག་གི་ཁྱིམ་དུ་ནི་ལྷ་དང་མི་རྣམས་ཀྱི་གཡང་བབས་པར་གྱུར་ཏོ། །དེ་རྣམས་ཀྱིས་ཁྲིམས་སུ་བཅས་པ་དེ་མ་ཐོས་པར་ཁྱིམ་བདག་ནོར་ཅན་གྱིས་ བཅོམ་ལྡན་འདས་གང་ཡུལ་སྤོང་བྱེད་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ་ཡངས་པ་ཅན་དུ་བྱོན་ནས། ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ།། ཞེས་ཐོས་སོ། །ཐོས་ནས་ཀྱང་ཡངས་པ་ཅན་ནས་བྱུང་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཞེས་བྱ་བ་ནས་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ། །ཞེས་བྱ་ [24B] །དེ་ནས་ཁྱིམ་བདག་ནོར་ཅན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། བཅོམ་ ལྡན་འདས་ཀྱིས་ཅང་མི་གསུང་པས་ཁྱིམ་བདག་ནོར་ཅན་ལ་གནང་ངོ་།དེ་ནས་ཁྱིམ་བདག་ནོར་ཅན་གྱིས། བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་ གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ། །དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ཡངས་པ་ཅན་ནས་བྱུང་ནས། བཅོམ་ལྡན་འདས་གང་ན་ བ་དེར་སོང་སྟེ་ཞེས་བྱ་བ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་རྣམས་དང་ཐབས་ཅིག་ཏུ་སང་བདག་ཅག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ་ཞེས་བྱ་ བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གནས་འཇོག་གི་བུ་དག། ང་སྔར་ཁྱིམ་བདག་ནོར་ཅན་གྱིས་སྤྱན་དྲངས་ཟིན་ཏོ། །དེ་རྣམས་ཀྱིས་སྨྲས་པ། ཤེས་ ལྡན་དག། ཁྱིམ་བདག་ནོར་ཅན་གྱིས་ནི། ཚོགས་ཀྱི་ཁྲིམས་བཅས་པ་ལས་འདས་པར་བྱས་སོ། །ཁ་ཅིག་གིས་སྨྲས་པ། ཅི་སྟེ་དེ་འདས་པར་བྱེད། གདོན་མི་ཟ་བར་དེས་ཁྲིམས་བཅས་པ་མ་ཐོས་ [25A]༄༅། །སོ༑ ༑འོན་ཀྱང་བདག་ཅག་པས་དེ་ནི་སྐྱེས་བུ་དམ་པ་ཡིན་པས། གདུགས་ཚོད་གསོལ་དུ་ཆུག་བདག་ཅག་གིས་ནི། གནངས་གདུགས་ཚོད་གསོལ་ལོ། །དེ་ནས་ཚེ་ དང་ལྡན་པ་ཀུན་དགའ་བོ་ནང་བར་སྔར་ལངས་ཏེ། ལྷུང་བཟེད་དང་ཆོས་གོས་ཐོགས་ནས། ཁྱིམ་བདག་ནོར་ཅན་གྱི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཤར་སྒོ་ནས་ཞུགས་པ་དང། ཇི་ཙམ་ ན༑ གདན་མ་བཤམས་ཤིང་ཞལ་ཟས་རྣམས་སྟ་གོན་མ་བྱས་པ་མཐོང་ནས། དེ་ནས་ཁྱིམ་བདག་ནོར་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་ གི་དགེ་འདུན་རྣམས་སྤྱན་དྲངས་ནས་སྙིང་ལས་ཆུང་ངུས་གནས་སམ། དེས་སྨྲས་པ། འཕགས་པ་ཀུན་དགའ་བོ། ཅི་སྟེ་དེ་སྐད་གསུང་ཁྱིམ་བདག། གདན་མ་བཤམས་ཤིང་ཞལ་ཟས་ རྣམས་སྟ་གོན་མ་བྱས་པ་མཐོང་ངོ། །འཕགས་པ་ཁྱོད་ཆབ་སྒོ་གང་ནས་ཞུགས། ཁྱིམ་བདག། ཤར་ནས་སོ། །འཕགས་པ་ལྷོ་ནས་ཞུགས་ཤིག་དེ་ཞུགས་པ་ལས། ཇི་ཙམ་ན་ལྷའི་གདན་ བཤམས་ཤིང། ལྷའི་ཞལ་ཟས་རྣམས་སྟ་གོན་བྱས་པ་ཡང་མཐོང་ངོ། །མཐོང་ནས་ཀྱང་ཤིན་ཏུ་ངོ་མཚར་སྐྱེས་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་ནོར་ཅན་གྱི་སྤྱན་འདྲེན་གྱིས། བཅོམ་ལྡན་ འདས་ལ་དུས་ཚོད་གསོལ་བ། བཙུན་པ། གདུགས་ཚོད་བཤམས་ཤིང་མཆིས་ན། བཅོམ་ལྡན་འདས། ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ [25B] ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉམ་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། ཞེས་བྱ་བའི་བར་གོང་ མ་བཞིན་དུའོ། །དེ་ནས་ནོར་ཅན་གྱི་ཆུང་མ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་དགེ་སློང་གི་དགེ་འདུན་རྣམས་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་ནོར་ ཅན་གྱི་ཆུང་མ་ལ་གནང་ངོ། །གནང་ནས་ཀྱང་ཁྱིམ་བདག་ནོར་ཅན་ལ་ཆོས་བཤད་པ་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ་།ནོར་ཅན་གྱི་ཆུང་མས་ཀྱང་ཞལ་ཟས་རྣམས་སྟ་གོན་བྱས་སོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ནང་པར་སྔར་ལངས་ཏེ་ལྷུང་བཟེད་དང་ཆོས་གོས་ཐོགས་ནས། ཁྱིམ་བདག་ནོར་ཅན་གྱི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ལྷོ་སྒོ་ནས་ཞུགས་ནས། གདན་མ་ བཤམས་ཤིང་ཞལ་ཟས་རྣམས་ཀྱང་སྟ་གོན་མ་བྱས་པར་མཐོང་ངོ་།མཐོང་ནས་ཀྱང་ནོར་ཅན་གྱི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ་།ཁྱིམ་བདག་གི་ཆུང་མ། སངས་རྒྱས་ལ་སོགས་པ་དགེ་སློང་ གི་དགེ་འདུན་སྤྱན་དྲངས་ནས་ཅི། སྙིང་ལས་ཆུང་ངུས་གནས་སམ་དེས་སྨྲས་པ། འཕགས་པ། ཅི་སྟེ་དེ་སྐད་གསུང། གདན་མ་བཤམས་ཤིང་ཞལ་ཟས་རྣམས་ཀྱང་སྟ་གོན་མ་བྱས་པར་མཐོང་ [26A]༄༅། །ངོ༑ ༑འཕགས་པ། ཁྱེད་ཆབ་སྒོ་གང་ནས་ཞུགས། ལྷོ་ནས་སོ། །འཕགས་པ་ཤར་ནས་ཞུགས་ཤིག་ཇི་ཙམ་ན། གདན་བཟང་པོ་བཤམས་ཤིང། ཞལ་ཟས་བསོད་པ་སྟ་ གོན་བྱས་པ་ཡང་མཐོང་ངོ། །མཐོང་ནས་ཀྱང་ཤིན་ཏུ་ངོ་མཚར་སྐྱེས་པར་གྱུར་ཏོ། །དེ་ནས་ནོར་ཅན་གྱི་ཆུང་མའི་སྤྱན་འདྲེན་གྱིས། བཅོམ་ལྡན་འདས་ལ་དུས་ཚོད་གསོལ་པ། བཙུན་པ། གདུགས་ ཚོད་བཤམས་ལགས་ཤིང་མཆིས་ན། བཅོམ་ལྡན་འདས། ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་བྱ་བ་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས། སྟན་ཆེས་དམའ་བ་ ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ནོར་ཅན་གྱི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་ བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་ནོར་ཅན་གྱི་བུ་ལ་གནང་ངོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་ནོར་ཅན་གྱི་ཆུང་མ་ལ་ཆོས་བཤད་པ་མཛད་ནས་གཤེགས་སོ་།ནོར་ཅན་གྱི་བུས་ཀྱང་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་ [26B] ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། ནོར་ཅན་གྱི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ལྷོ་སྒོ་ནས་ཞུགས་ནས། གདན་མ་བཤམས་ཤིང། ཞལ་ཟས་སྟ་གོན་མ་ བྱས་པ་ཡང་མཐོང་ངོ། །མཐོང་ནས་ཀྱང་ནོར་ཅན་གྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་གི་བུ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲངས་ནས་ཅི། སྙིང་ལས་ཆུང་ ངུས་གནས་སམ། དེས་སྨྲས་པ། འཕགས་པ། ཅི་སྟེ་དེ་སྐད་གསུང་གདན་མ་བཤམས་ཤིང་ཞལ་ཟས་སྟ་གོན་མ་བྱས་པ་མཐོང་ངོ་།འཕགས་པ། ཁྱེད་ཆབ་སྒོ་གང་ནས་ཞུགས། ལྷོ་ནས་སོ། ། འཕགས་པ་ནུབ་ནས་ཞུགས་ཤིག་ཇི་ཙམ་ན། གདན་བཟང་པོ་བཤམས་ཤིང། ཞལ་ཟས་བསོད་པ་སྟ་གོན་བྱས་པ་ཡང་མཐོང་ངོ། །མཐོང་ནས་ཀྱང་ཤིན་ཏུ་ངོ་མཚར་སྐྱེས་པར་གྱུར་ཏོ། །དེ་ ནས་ནོར་ཅན་གྱི་བུའི་སྤྱན་འདྲེན་གྱིས། བཅོམ་ལྡན་འདས་ལ་དུས་ཚོད་གསོལ་པ། བཙུན་པ། གདུགས་ཚོད་བཤམས་ལགས་ཤིང་མཆིས་ན། བཅོམ་ལྡན་འདས། ད་དེའི་དུས་ལ་བབ་པར་མཁྱེན་ པར་མཛད་དུ་གསོལ་ཞེས་བྱ་བ་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུར་བར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་བྱ་བའི་ བར་གོང་མ་བཞིན་དུའོ། །དེ་ནས་ནོར་ཅན་གྱི་མནའ་མ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། [27A]༄༅། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ ཀྱིས་ཅང་མི་གསུང་བས་ནོར་ཅན་གྱི་མནའ་མ་ལ་གནང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནོར་ཅན་གྱི་བུ་ལ་ཆོས་བཤད་པ་མཛད་ནས་གཤེགས་སོ། །དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་ བདག་རྣམས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་པ་དང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ པ་དང། བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཞེས་བྱ་བ་ནས་ཅང་མི་གསུང་ངོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། ། དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ། སང་བདག་ཅག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་ དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་གི་བུ་དག་།ང་སྔར་ནོར་ཅན་གྱི་མནའ་མས་སྤྱན་དྲངས་ཟིན་ཏོ། །དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་ [27B] ཤེས་ལྡན་དག་ནོར་ཅན་གཅིག་པུ་ལ་ནོར་ཡོད་ཀྱི། བདག་ཅག་ལ་མེད་དམ། ཅི་ན་དེས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཉི་མ་རེ་རེ་གདུགས་ཚོད་གསོལ་ ཞིང། བདག་ཅག་ཁོ་ནས་སྐབས་མ་ཐོབ་པར་གྱུར། དེ་ལ་ཇི་ལྟར་བསྒྲུབ་པར་བྱ། གཞན་དག་གིས་སྨྲས་པ། གང་གི་ཚེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཟིན་ ནས་གཤེགས་པར་གྱུར་པ་དེའི་ཚེ། དེའི་ཁྱིམ་རྡོ་བ་རེ་རེ་ནས་བཀོགས་ཏེ་བཤིག་གོ་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ནང་པར་སྔར་ལངས་ཏེ། ལྷུང་བཟེད་དང་ཆོས་གོས་ཐོགས་ནས། ཁྱིམ་ བདག་ནོར་ཅན་གྱི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ནུབ་སྒོ་ནས་ཞུགས་ནས། གདན་མ་བཤམས་ཤིང་ཞལ་ཟས་ཀྱང་སྟ་གོན་མ་བྱས་པར་མཐོང་ངོ། །མཐོང་ནས་ཀྱང་ནོར་ཅན་གྱི་མནའ་ མ་ལ་འདི་སྐད་ཅེས་སྨྲས་སོ། །ནོར་ཅན་གྱི་མནའ་མ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲངས་ནས་ཅི། སྙིང་ལས་ཆུང་དུས་གནས་སམ། དེས་སྨྲས་པ། འཕགས་པ། ཅི་ སྟེ་དེ་སྐད་གསུང། གདན་མ་བཤམས་ཤིང་ཞལ་ཟས་རྣམས་ཀྱང་སྟ་གོན་མ་བྱས་པར་མཐོང་ངོ། །འཕགས་པ་ཆབ་སྒོ་གང་ནས་ཞུགས་ནུབ་ནས་སོ། །འཕགས་པ་བྱང་ནས་ཞུགས་ཤིག་དེ་ ནས་བྱང་ནས་ཞུགས་ན། ཇི་ཙམ་ན། ལྷའི་གདན་བཤམས་ཤིང་ལྷའི་ཞལ་ཟས་སྟ་གོན་བྱས་པ་མཐོང་ངོ། །མཐོང་ནས་ཀྱང་ཤིན་ཏུ་ངོ་མཚར་སྐྱེས་པར་གྱུར་ཏེ། དེ་ནས་ནོར་ཅན་གྱི་མནའ་མའི་ [28A]༄༅། །སྤྱན་འདྲེན་གྱིས་བཅོམ་ལྡན་འདས་ལ་དུས་ཚོད་གསོལ་པ་བཙུན་པ། གདུགས་ཚོད་བཤམས་ཤིང་མཆིས་ན། བཅོམ་ལྡན་འདས། ད་དེའི་དུས་ལ་བབ་པར་ མཁྱེན་པར་མཛད་དུ་གསོལ་ཞེས་བྱ་བ་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ཡངས་པ་ཅན་གྱི་བྲམ་ ཟེ་དང། ཁྱིམ་བདག་ཐམས་ཅད་འདུས་ནས་ཁྱིམ་བདག་ནོར་ཅན་གྱི་སྒོ་ན་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ནོར་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ ཡངས་པ་ཅན་གྱི་ཚོགས་རྔམ་ནས་སྒོ་ན་འདུག་སྟེ། དེ་དག་གིས་ཁྱོད་ལ་གནོད་པ་བྱས་པར་འགྱུར་དུ་འོང་གི་སོང་ལ་བཟོད་པ་མཛོད་ཅིག་དེ་ཕྱིར་བྱུང་ནས་བཟོད་པ་གསོལ་བར་བརྩམས་ པ་དང། དེ་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་ཅི། ཁྱོད་གཅིག་པུ་ལ་ནོར་ཡོད་དམ། གང་གི་ཕྱིར་ཁྱོད་ཀྱིས་ཉིན་རེ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་གདུགས་ཚོད་གསོལ་ ཏེ༑ ཁོ་བོ་ཅག་གིས་སྐབས་མི་རྙེད་པར་བྱེད། དེས་སྨྲས་པ། ཤེས་ལྡན་དག་བདག་གིས་ཚོགས་ཀྱི་ཁྲིམས་སུ་བཅས་པ་མ་ཐོས་ཀྱི། དེ་བས་ན། ཚོགས་ཀྱིས་བཟོད་པར་བྱ་བའི་རིགས་སོ། །གཞན་ དག་གིས་སྨྲས་པ། ཤེས་ལྡན་དག་སྐྱེས་བུ་འདི་ནི། དམ་པ་ཡིན་པས་འདི་ལ་བཟོད་པར་བྱའོ། །ཞེས་དེ་རྣམས་བཟོད་པར་གྱུར་པ་དང། དེས་སྨྲས་པ། གལ་ཏེ་དེ་ལྟ་ན་ནང་དུ་ཞུགས་ཤིག་ [28B] གདན་བཟང་པོ་བཤམས་ཤིང་ཞལ་ཟས་བསོད་པ་རྣམས་སྟ་གོན་བྱས་པ་ཡང་མཐོང་ངོ། །མཐོང་ནས་ཀྱང་ཤིན་ཏུ་ངོ་མཚར་སྐྱེས་པར་གྱུར་ནས། སྨྲས་པ། ཁྱིམ་བདག་ ཁྱེད་འབའ་ཞིག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་གདུགས་ཚོད་གསོལ་བར་འོས་ཀྱི། ཁོ་བོ་ཅག་ནི། མ་ཡིན་ནོ། །དེས་དེ་རྣམས་ལ་རིན་པོ་ཆེ་དག་བྱིན་པ་དང། དེ་རྣམས་ཀྱིས་མ་བླངས་ སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིན་པོ་ཆེ་འདི་དག་ནི། རྙེད་པར་དཀའ་བ་ཡིན་གྱི། ལོངས་ཤིག་དེ་རྣམས་ཀྱིས་བླངས་པ་ལས། གང་གིས་ཅི་འདྲ་བ་བླངས་པ་དེའི་ཁ་དོག་དེ་འདྲ་ བ་ཁོ་ནར་སྣང་བར་གྱུར་ཏོ། །དེ་ནས་ནོར་ཅན་གྱི་མནའ་མས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། གཙང་ཞིང་བསོད་པའི་བཟའ་བ་དང། བཅའ་བ་དག་གིས་ ཞེས་བྱ་བ་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ནོར་ཅན་དང། ནོར་ཅན་གྱི་ཆུང་མ་དང། ནོར་ཅན་གྱི་བུ་དང། ནོར་ཅན་གྱི་མནའ་མ་རྣམས་ཀྱི་བསམ་པ་དང། བག་ལ་ཉལ་དང། ཁམས་དང་རང་བཞིན་མཁྱེན་ནས། གང་ ཐོས་ན་ནོར་ཅན་དང། ནོར་ཅན་གྱི་ཆུང་མ་དང། ནོར་ཅན་གྱི་བུ་དང། ནོར་ཅན་གྱི་མནའ་མ་རྣམས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་ [29A]༄༅། །འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་བྱེད་པའི་ཆོས་བཤད་པ་མཛད་དེ་དེ་རྣམས་ཀྱིས་བདེན་པ་མཐོང་ནས་ལན་ གསུམ་དུ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ་ཞེས་བྱ་བ་ནས་བདག་ཅག་ནི། མངོན་པར་འཕགས་སོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བདག་ཅག་བཅོམ་ལྡན་འདས་དང། ཆོས་དང་ དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། ཇི་སྲིད་འཚོ་བའི་བར་དུ་སྲོག་དང་ཡང་བསྔོས་ཏེ་སྐྱབས་སུ་མཆི་ བར་མངོན་པར་དད་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ནོར་ཅན་དང། ནོར་ཅན་གྱི་ཆུང་མ་དང། ནོར་ཅན་གྱི་བུ་དང། ནོར་ཅན་གྱི་མནའ་མ་རྣམས་ལ་ཆོས་དང་ལྡན་པའི་གཏམ་ གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་ཏུ་འཇུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ།། །། འདུལ་བ་གཞི། བམ་པོ་ང་བདུན་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ནོར་ཅན་དང། ནོར་ ཅན་གྱི་མཆིས་བྲང་དང། ནོར་ཅན་གྱི་བུ་དང། ནོར་ཅན་གྱི་མནའ་མ་རྣམས་ཀྱིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་ [29B] ལྷ་དང་མི་རྣམས་ཀྱི་དཔལ་ཉམས་སུ་མྱོང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།འདི་རྣམས་ཁོ་ནས་ལས་རྣམས་བྱས་ཤིང་བསགས་པ་ ཚོགས་རྙེད་པ་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད་།ཅེས་བྱ་བའི་བར་གོང་མ་བཞིན་ནོ། །དགེ་སློང་དག་སྔོན་བྱུང་བ། ཝཱ་ར་ཎཱ་སི་ན་མེ་ཏོག་ཕྲེང་རྒྱུན་མཁན་ཞིག་ཡོད་པ་དེས་རིགས་མཉམ་ པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ ཁྱེའུ་ཞིག་བཙས་སོ། །དེས་དེར་ཡང་རིགས་མཉམ་པ་ལས་ཆུང་མ་བླངས་སོ། །དེ་དུས་ཕྱི་ཞིག་ན་བཀྲེན་ཞིང་ཤིན་ཏུ་བཀྲེན་པར་གྱུར་ནས། དེ་དང། བུ་དང། ཆུང་མ་དང། མནའ་མས་བརྩོན་པ་ ཆེན་པོས་འབད་པས་དར་ཡུག་གཅིག་ཅིག་གྲུབ་ནས། དེ་ནས་མེ་ཏོག་ཕྲེང་རྒྱུད་མཁན་ཡང་དེ་བགོས་ནས་རྒྱལ་པོ་ལ་མེ་ཏོག་ཕྲེང་འབུལ། མེ་ཏོག་ཕྲེང་རྒྱུད་མཁན་གྱི་ཆུང་མ་ཡང་དེ་ཉིད་བགོས་ནས་ བཙུན་མོ་ལ་འབུལ། མེ་ཏོག་ཕྲེང་རྒྱུད་མཁན་གྱི་བུ་ཡང་དེ་ཉིད་བགོས་ནས་གཞོན་ནུ་རྣམས་ལ་འབུལ། མེ་ཏོག་ཕྲེང་རྒྱུད་མཁན་གྱི་མནའ་མ་ཡང་དེ་ཉིད་བགོས་ནས་རྒྱལ་པོའི་མནའ་མ་ རྣམས་ལ་མེ་ཏོག་ཕྲེང་འབུལ་བར་བྱེད་དོ། །སངས་རྒྱས་རྣམས་འབྱུང་བ་མེད་པ་ན། འཇིག་རྟེན་དུ་རང་སངས་རྒྱས་དམན་པ་དང་ངན་པ་ལ་སྙིང་བརྩེ་བ། གནས་མལ་བས་མཐའ་ལ་བརྟེན་པ་ [30A]༄༅། །འཇིག་རྟེན་གྱི་ཡོན་གནས་གཅིག་བུ་དག་འབྱུང་བར་འགྱུར་བས་ཇི་ཙམ་ན། རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་འགྲོ་བ་ན་ཉི་མ་ནུབ་ཀའི་དུས་སུ་ཝཱ་ར་ཎཱ་ སིར་ཕྱིན་ནས་མེ་ཏོག་ཕྲེང་རྒྱུད་མཁན་དེའི་ཁྱིམ་གྲོང་ཁྱེར་གྱི་སྒོ་ན་འདུག་པ་དེའི་ལྡུམ་རར་ནུབ་མོ་གནས་བཏབ་སྟེ་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེ་ནས་མེ་ཏོག་ཕྲེང་རྒྱུད་མཁན་ དེས། མེའི་ཕུང་པོ་འབར་བ་ལར་བུར་མཐོང་ནས་དེ་དད་པ་སྐྱེས་ཏེ་ཆུང་མ་ལ་སྨྲས་པ་དང་དེ་ཡང་དད་པར་གྱུར་ཏོ། །དེས་བུ་ལ་སྨྲས་པ་དང་དེ་ཡག་དད་པར་གྱུར་ཏོ། །དེས་མནའ་མ་ལ་སྨྲས་པ་ དང་དེ་ཡང་དད་པར་གྱུར་ཏོ། །དེ་ནས་དེ་རྣམས་ཀྱིས་གྲོས་བྱ་བར་བརྩམས་པ་དང། བདག་ཅག་སང་ཟན་མ་ཟོས་ཀྱང་བླ། འདུས་ལ་རབ་ཏུ་བྱུང་བ། ཞི་བ། ཞི་བའི་བདག་ཉིད་ཅན་འདིར་ བཤོས་གསོལ་ལོ། །དེ་ནས་ནམ་ལངས་ནས། དེ་རྣམས་ཀྱིས་དེ་ལ་བསོད་སྙོམས་ཕུལ་ལོ། །མེ་ཏོག་ཕྲེང་རྒྱུད་མཁན་གྱིས་སྨྲས་པ། བཟང་མོ། ཁོ་བོའི་རས་ཀྱི་བགོ་སྐལ་གང་ཡིན་པ་དེ་ ནི། རབ་ཏུ་བྱུང་བ་འདི་ལ་དབུལ་ལོ། །དེས་སྨྲས་པ། རྗེའི་སྲས་བདག་གི་ཡང་དབུལ་ལོ། །བུས་སྨྲས་པ། བདག་གི་ཡང་དབུལ་ལོ། །མནའ་མས་སྨྲས་པ། བདག་གི་ཡང་དབུལ་ལོ། །དེས་ དེ་རྣམས་འདུས་ནས་དེ་ལ་རས་བསྐོན་ཏོ། །བདག་ཉིད་ཆེན་པོ་དེ་དག་ནི། ལུས་ཀྱིས་ཆོས་སྟོན་གྱི། ཚིག་གིས་མ་ཡིན་པས། དེ་ནས་བདག་ཉིད་ཆེན་པོ་དེ་དེ་རྣམས་ལ་སྙིང་བརྩེ་བའི་ཕྱིར་ནམ་ [30B] འབར་བ་དང། གསལ་བ་དང། ཆར་འབེབས་པ་དང། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་རྣམས་ནི། རྫུ་འཕྲུལ་ལ་མྱུར་དུ་སེམས་ གཏོད་པ་ཡིན་པས། ཤིང་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་གཉིས་ལ་གཏུགས་ཏེ་སྨོན་ལམ་གདབ་པར་བརྩམས་པ། བདག་ཅག་གིས་ཡོང་ནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་ རྩ་བ་འདིས། བདག་ཅག་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་ཞིང། བདག་ཅག་གི་ཁྱིམ་དུ་ལྷ་དང། མིའི་གཡང་འབབ་པར་གྱུར་ཅིག་འདི་ལ་བུའི་ཆོས་རྣམས་ཀྱང་ཐོབ་ནས་ འདི་བས་ཁྱད་པར་འཕགས་པའི་སྟོན་པ་མཉེས་པར་བྱེད་ཀྱི། མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་རང་སངས་རྒྱས་ཀྱིས་དེ་རྣམས་ལ་སྙིང་བརྩེ་བས་རྫུ་འཕྲུལ་བྱས་ནས་རྒྱལ་ པོའི་ཁབ་ཀྱི་སྟེང་ན་ཕར་ཆས་ཏེ་སོང་བ་དང། དེའི་གྲིབ་མས་རྒྱལ་པོའི་སྟེང་དུ་བབ་པ་དང། དེ་གདོང་བསྟོད་དེ་བལྟ་བར་བརྩམས་པ་དང། བདག་ཉིད་ཆེན་པོ་དེ་མཐོང་ནས་དེས་བསམ་པ་བདག་ཉིད་ ཆེན་པོ་འདིས། ཡང་སུ་ཞིག་གི་བཀྲེན་པའི་རྩ་བ་ཕྱུང་བར་གྱུར་སྙམ་མོ། །མེ་ཏོག་ཕྲེང་རྒྱུད་མཁན་དེ་རྒྱལ་པོ་ལ་མེ་ཏོག་འབུལ་བའི་དུས་གང་ཡིན་པ་དེ་ལས་ཐེག་གེ་ཙམ་ཞིག་ཡོལ་ལོ། །རྒྱལ་པོ་ཡང་ མེ་ཏོག་ལ་སྡོད་ཅིང་འདུག་གོ་དེ་ནས་མེ་ཏོག་ཕྲེང་རྒྱུད་མཁན་དེ་རྒྱལ་པོའི་ཞོ་ཤས་འཚོ་བ་རྣམས་ཀྱིས་བཀུག་པ་དང། རྒྱལ་པོས་དེ་ལ་སྨྲས་པ། ཅིའི་ཕྱིར་ཁྱོད་ཀྱིས་མེ་ཏོག་དེ་རིང་དུས་ལས་ཡོལ་ [31A]༄༅། །དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང། དེ་ནས་རྒྱལ་པོས་ཇི་སྙེད་གྱོན་པ་བྱིན་ནོ། །དེ་བཞིན་དུ་མེ་ཏོག་ཕྲེང་རྒྱུད་མཁན་གྱི་ཆུང་མ་ལ་ནི། བཙུན་མོ་རྣམས་ཀྱིས་ཇི་ སྙེད་གྱོན་པ་བྱིན་ནོ། །མེ་ཏོག་ཕྲེང་རྒྱུད་མཁན་གྱི་བུ་ལ་ནི་གཞོན་ནུ་རྣམས་ཀྱིས་སོ། །མེ་ཏོག་ཕྲེང་རྒྱུད་མཁན་གྱི་མནའ་མ་ལ་ནི། རྒྱལ་པོའི་མནའ་མ་རྣམས་ཀྱིས་ཏེ། དེ་མཐོང་བའི་ཆོས་དེ་ ཉིད་ལ་ནོར་གྱི་མེ་ཏོག་མངོན་པར་གྲུབ་པར་གྱུར་ཏེ། དབུལ་བ་མེད་པར་གྱུར་ཏོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་མེ་ཏོག་ཕྲེང་རྒྱུད་མཁན་གང་ཡིན་པ་དེ་ནི། ནོར་ཅན་འདི་ ཉིད་ཡིན་ནོ། །མེ་ཏོག་ཕྲེང་རྒྱུད་མཁན་གྱི་ཆུང་མ་གང་ཡིན་པ་དེ་ནི། ནོར་ཅན་གྱི་ཆུང་མ་ཡིན་ནོ། །མེ་ཏོག་ཕྲེང་རྒྱུད་མཁན་གྱི་བུ་གང་ཡིན་པ་དེ་ནི། ནོར་ཅན་གྱི་བུ་ཡིན་ནོ། །མེ་ཏོག་ཕྲེང་རྒྱུད་ མཁན་གྱི་མནའ་མ་གང་ཡིན་པ་དེ་ནི། ནོར་ཅན་གྱི་མནའ་མ་ཡིན་ཏེ་འདི་དག་གིས་རང་སངས་རྒྱས་ལ་བྱ་བ་བྱས་ཤིང། སྨོན་ལམ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས་ཁྱིམ་དུ་ལྷ་དང་མིའི་གཡང་བབས་པར་གྱུར་ཏོ། །ངའི་སྤྱན་སྔ་ནས་ཀྱང་བདེན་པ་མཐོང་བར་བྱས་ཏེ། ང་རང་སངས་རྒྱས་བྱེ་བ་བརྒྱ་ སྟོང་བས་ཁྱད་པར་དུ་འཕགས་པའི་སྟོན་པ། འདི་དག་གིས་མཉེས་པར་བྱས་ཀྱི། མི་མཉེས་པར་ནི་མ་ཡིན་ནོ། །དགེ་སློང་དག། དེ་ལྟ་བས་ན། ལས་གཅིག་ཏུ་གནག་པ་རྣམས་ཀྱི་ཞེས་བྱ་བ་ནས་ [31B] དགེ་སློང་དག། ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །ཞེས་པའི་བར་གོང་མ་བཞིན་དུའོ། །དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ལྷག་པར་ཡང་མངོན་པར་དད་ པར་གྱུར་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ ཐབས་ཅིག་ལ་བདག་ཅག་གིས་དགུང་ཟླ་གསུམ་དུ་ན་བཟའ་ཆོས་གོས་དང། བསོད་སྙོམས་དང། གཟིམས་ཆ་དང། སྙུན་དཔྱད་ཀྱི་རྐྱེན་སྨན་དང་ཡོ་བྱད་རྣམས་འབུལ་ཞིང་མཆིས་ན། གནང་བར་མཛད་དུ་ གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་ཡངས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ལ་གནང་ངོ། །དེ་ནས་ཡངས་པ་ཅན་གྱི་ཁྱིམ་བདག་དང། བྲམ་ཟེ་རྣམས་བཅོམ་ལྡན་འདས་ཅང་མི་ གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་སྟན་ལས་ལངས་ཏེ་དོང་ངོ། །དེ་ནས་ཡངས་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས། དེ་ཉིད་ཀྱི་ནུབ་མོ་ ནས་གཙང་ཞིང་བསོད་པའི་བཟའ་བ་དང། བཅའ་བ་དག་སྟ་གོན་བྱས་ཏེ་ཞེས་བྱ་བ་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ ཀྱི་སྤྱན་སྔར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན་ [32A]༄༅། །ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ཉིད་དུ་ཉི་མ་གཉིས་སམ་ གསུམ་གྱི་བར་དུ་འདས་སོ། །ཡངས་པ་ཅན་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱི་འཁོར་རྒྱ་ཆེན་པོ་མུ་གེ་དང་བཅས་པའི་དུས་བྱུང་བས། དེ་རྣམས་ཀྱི་ཉེ་དུ་དག་ཟས་ཀྱི་ཕྱིར་ཉི་མ་རེ་རེ་ཞིང་འོང་བས་དེ་དག་ གིས་གཙེས་པར་གྱུར་ནས། དགེ་སློང་རྣམས་ལ་སྨྲས་པ། འཕགས་པ་དག། མུ་གེ་དང་བཅས་པའི་དུས་བྱུང་བས། བདག་ཅག་གི་ཉེ་དུ་དག་སྐྲུར་མཆིས་ཏེ། དེ་རྣམས་ལ་བདག་ཅག་གདུགས་གཅིག་ བཞིན་སྩོལ་བས། ཁྱེད་ཅག་དང་དེ་རྣམས་ལ་ཁྱབ་པར་རྔོ་མི་ཐོགས་ན། ཀྱེ་འཕགས་པ་དག། བདག་ཅག་གིས་ཡོ་བྱད་རྣམས་དབུལ་གྱི་ཞལ་ཏ་ཁོ་ན་མཛོད་ཅིག། དགེ་སློང་རྣམས་ཀྱིས་སྨྲས་ པ༑ བཅོམ་ལྡན་འདས་ལ་ཞུས་ཏེ་བྱའོ། །ཞེས་དགེ་སློང་རྣམས་ཀྱིས་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། རྗེས་སུ་གནང་སྟེ་ དགེ་སློང་རྣམས་ཀྱིས་ཞལ་ཏ་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཟས་ཀྱི་ཞལ་ཏ་བྱའོ་ཞེས་གསུངས་པས། དེ་རྣམས་ཀྱིས་ཞལ་ཏ་བྱ་བར་བརྩམས་ཏེ། ཇི་ཙམ་ན། སྟེང་གཡོགས་མེད་ པར་ཐུག་པ་འཚེད་པའི་ཞལ་ཏ་བྱས་པ་ལས། ལྷས་ཆར་ཕབ་པས་དེས་མ་རུང་བར་གྱུར་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་གཡོགས་ [32B] །སྒོ་ཁང་དང། ཁྱམས་སུ་འཚེད་པར་བྱེད་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་ཁང་དང། ཁྱམས་སུ་བཙོ་བར་མི་བྱའོ། །དགེ་སློང་དག། དེ་ལྟ་བས་ན་རུང་བའི་ གནས་ཀྱི་གཞིར་མི་རུང་བ་ནི། བཅུ་པོ་འདི་དག་སྟེ། འདི་རྣམས་སུ་ཟས་ཀྱི་ཞལ་ཏ་མི་བྱའོ། །བཅུ་གང་ཞེ་ན། སྟེང་གཡོགས་མེད་པ་དང། སྒོ་ཁང་དང། ཁྱམས་དང། བསྲོ་ཁང་དང། ཁྲུས་ཁང་དང་ རྒྱལ་པོའི་གནས་དང། མཆོད་རྟེན་གྱི་གནས་དང། མུ་སྟེགས་ཅན་གྱི་གནས་དང། ཁྱིམ་བདག་གི་གནས་དང། དགེ་སློང་མའི་དབྱར་ཁང་ངོ། །གཞི་བཅུ་པོ་འདི་དག་ནི། རུང་བ་མ་ཡིན་པའི་ གནས་ཀྱི་གཞི་ཡིན་ཏེ། དེ་རྣམས་སུ་དགེ་སློང་གིས་ཟས་ཀྱི་ཞལ་ཏ་མི་བྱའོ། །ཞལ་ཏ་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །སྡོམ་ནི་ནད་བུ་ཅན་དང་ཟས་དག་དང། གཡར་ཚུས་ལྷག་ པ་དག་དང་ཡང། །ཚལ་གྱི་འབྲས་བུ་ཆུ་སྐྱེས་དང། །པདྨའི་རྩ་དང་ལུག་དག་གོ། གླེང་གཞི་ནི། མཉན་ཡོད་ནའོ། །མཉན་ཡོད་ན། དགེ་སློང་ནད་བུ་ཅན་ཞིག་ཡོད་པས་དེས་སྨན་པ་ལ་དྲིས་པ་ བཞིན་བཟང་དག། ཁོ་བོ་ལ་སྨན་སྟོན་ཅིག། དེས་ནད་ཀྱི་གཞི་དྲིས་ནས་སྨྲས་པ། འཕགས་པ། ཐུག་པ་གསོལ་ཅིག་དང་སོས་པར་འགྱུར་རོ་།དེས་སྨྲས་པ། བཞིན་བཟང། བཅོམ་ལྡན་འདས་ ཀྱིས་མ་གནང་ངོ། །སྨན་པས་སྨྲས་པ། འཕགས་པ། ཁྱོད་ཀྱི་སྟོན་པ་ཐུགས་རྗེ་ཅན་ཡིན་པས། འདི་ཉིད་ཀྱིས་རྐྱེན་བྱས་ནས་གནང་བར་འགྱུར་བའི་གནས་ཡོད་དོ། །དེས་སྐབས་དེ་དགེ་སློང་རྣམས་ [33A]༄༅། །ལའོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྨན་པས་ཐུག་པ་འཐུངས་ཤིག་ཅེས་ཟེར་ ན༑ སྨན་པས་བསྒོ་བ་བཞིན་ཐུག་པ་བཏུང་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་སྨན་པས་བསྒོ་བ་བཞིན་ཐུག་པ་བཏུང་བར་བྱའོ། །ཞེས་བཀའ་སྩལ་པ་དང། དེའི་ ནད་གཡོག་གིས་ཐུག་པ་གྲང་མོ་ཞིག་ཁྱེར་ཏེ་བྱིན་ནོ། །དེ་ནས་སྨན་པ་འོངས་ནས་དྲིས་པ། འཕགས་པ། ཁྱོད་བདེ་འམ། དེས་སྨྲས་པ། བཞིན་བཟང། མི་བདེའོ། །ཅི། ཁྱོད་ཀྱིས་ཐུག་པ་མ་གསོལ་ ཏམ། འཐུངས་སོ། །ཅི་འདྲ་བ་ཞིག། གྲང་མོའོ། །འཕགས་པ། མ་ལེགས་པ་ཞིག་བགྱིས་སོ། །སང་ནི། དྲོན་མོ་གསོལ་ཅིག། དེ་ནས་དེའི་ནད་གཡོག་གིས་བསླངས་ནས་གྲང་མོ་ཁོ་ན་རྙེད་ ནས། དེས་དེ་བསྲོས་ཏེ་བྱིན་ནོ། །དེ་ནས་སྨན་པ་འོངས་ཏེ་དེ་བཞིན་དུ་དྲིས་པ་དང། དེས་སྨྲས་པ། མི་བདེའོ། །ཅི། ཐུག་པ་མ་གསོལ་ཏམ། འཐུངས་སོ། །ཅི་འདྲ་བ་ཞིག། གྲང་མོ་ཞིག་བསྲོས་ ནས་སོ། །འཕགས་པ། མ་ལེགས་པ་ཞིག་བགྱིས་སོ། །དེ་གྲང་སྟེ་བསྲོས་པ་ལགས་ཀྱི། སང་ནི། རང་བཞིན་གྱིས་དྲོན་པོར་མཛོད་ལ་གསོལ་ཅིག་དེ་ནས་དེའི་ནད་གཡོག་གིས། འབྲས་དང་ སྣོད་སྟ་གོན་བྱས་ནས། གཙུག་ལག་ཁང་གི་ཕྱི་རོལ་གྱི་ཤིང་དྲུང་ཞིག་ཏུ་བཙོ་བར་བརྩམས་པ་ལས། དེ་ནས་ཁྭའི་རྟུག་པས། དེ་མ་རུང་བར་བྱས་པས། དགེ་སློང་དེ་ཕོངས་པར་གྱུར་པའི་ [33B] དགེ་སློང་རྣམས་ལའོ། །དགེ་སློང་རྣམས་ཀྱིས་ནི་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་ལྟ་བས་ན། རུང་བའི་གནས་བསྐོ་བར་ བྱའོ། །བཅོམ་ལྡན་འདས་ཀྱིས་རུང་བའི་གནས་བསྐོ་བར་བྱའོ། །ཞེས་བཀའ་སྩལ་པ་དང། དགེ་སློང་རྣམས་ཀྱིས། ཇི་འདྲ་བ་དང་ཇི་ཙམ་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རུང་ བའི་གནས་ལྔ་སྟེ། རྩོམ་པའི་མཐའ་ཅན་དང། སེམས་གཏོད་པའི་མཐའ་ཅན་དང། བ་ཉལ་བ་ལྟ་བུ་དང། སྟོང་པའི་གནས་དང་བསྐོས་པའོ། །དེ་ལ་རྩོམ་པའི་མཐའ་ཅན་ནི། འདི་ལྟ་སྟེ། དགེ་སློང་ ལག་གི་བླས་གནས་རྩོམ་པ་ན། དེར་ཐོག་མར་གཞི་འདི་ནི། དགེ་འདུན་གྱི་རུང་བའི་གནས་སུ་འགྱུར་རོ། །ཞེས་སེམས་བསྐྱེད་ཅིང་ཚིག་ཏུ་སྨྲས་པ་སྟེ། འདི་ནི། རུང་བའི་གནས་རྩོམ་པའི་མཐའ་ཅན་ཞེས་ བྱའོ། །སེམས་གཏོད་པའི་མཐའ་ཅན་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ལག་གི་བླས་དེར་ཐོག་མར་རྡོ་བ་འདེག་པ་ན། ཉེ་འཁོར་གྱི་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག། གཞི་འདི་ནི་དགེ་ འདུན་གྱི་རུང་བའི་གནས་སུ་འགྱུར་བར་ངེས་པར་ཟུངས་ཤིག། ངེས་པར་ཟུངས་ཤིག་ཅེས་བྱ་བ་སྟེ། འདི་ནི། སེམས་གཏོད་པའི་མཐའ་ཅན་ཞེས་བྱའོ། །བ་ཉལ་བ་ལྟ་བུ་གང་ཞེ་ན། གང་ལ་སྒོ་ཐ་དད་ པར་གསེས་པ་སྟེ། འདི་ནི། བ་ཉལ་བ་ལྟ་བུ་ཞེས་བྱའོ། །གནས་སྟོང་པ་གང་ཞེ་ན། སྤངས་པའི་གནས་ཏེ། འདི་ནི། གནས་སྟོང་པ་ཞེས་བྱའོ། །བསྐོས་པ་གང་ཞེ་ན། གསོལ་བ་དང་གཉིས་ཀྱི་ [34A]༄༅། །ལས་ཀྱིས་བསྐོས་པའོ། །དགེ་སློང་རྣམས་ཀྱིས་ཇི་ལྟར་བསྐོ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་གང་ཞིག་ཐམས་ཅད་ཟིན་པར་བྱས་པ་ ནང་མཚམས་དང། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་ལ་དགེ་འདུན་གྱིས་འདོད་ན་དེ་བསྐོ་བར་བྱའོ། །བསྐོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ། གཎྜཱི་བརྡུངས་ཏེ་ དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་དང། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་ པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་ལགས་པ། ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་རུང་བའི་གནས་སུ་བསྐོ་ན། གལ་ཏེ་དགེ་འདུན་ གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱི་གནས་ཐམས་ཅད་ལགས་པ། ནང་མཚམས་དང། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་ དགེ་འདུན་གྱི་རུང་བའི་གནས་སུ་བསྐོའོ། །འདི་ནི། གསོལ་པའོ། །ལས་ནི། འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་ལགས་པ། ནང་མཚམས་དང་ ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་རུང་བའི་གནས་སུ་བསྐོ་བར་བཞེད་དེ། དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་ལགས་པ། ནང་མཚམས་དང། ཕྱི་ [34B] དགེ་འདུན་གྱི་རུང་བའི་གནས་སུ་བསྐོ་ན། ཚེ་དང་ལྡན་པ་རྣམས་ལས། གང་དག། གནས་ཐམས་ཅད་ལགས་པ། ནང་ཚམས་དང། ཕྱི་རོལ་ཉེ་འཁོར་ འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་རུང་བའི་གནས་སུ་བསྐོ་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག། གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་ གནང་ནས། དགེ་འདུན་གྱིས་གནས་ཐམས་ཅད་བགྱིས་ལགས་པ། ནང་མཚམས་དང། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་རུང་བའི་གནས་སུ་བསྐོས་ལགས་ཏེ། འདི་ ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ། །གང་དུ་དགེ་འདུན་གྱི་རུང་བའི་གནས་སུ་བསྐོས་པ་དེར། གཉིས་སྐབས་དབྱེ་སྟེ། མཚམས་ཀྱི་ནང་དུ་བཙོས་པ་དང། མཚམས་ཀྱི་ནང་དུ་ཞག་ལོན་ པའོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ། །ཡངས་པ་ཅན་ན་སྡེ་དཔོན་སེང་གེ་ཞེས་བྱ་བ་ཞིག་གནས་ཏེ། དེའི་ཉེན་ ཀོར་ན་གནས་པ་རྣམས་ཀྱིས། དེའི་ཚེ་ཆེད་དུ་ཤ་ཁྱེར་ཏེ་འོངས་ནས། དེ་ཡང་ཟ་བར་བྱེད་དོ། །གང་གི་ཚེ་དེས། བཅོམ་ལྡན་འདས་ལས་བདེན་པ་མཐོང་བ་དེའི་ཚེ་མི་ཟ་བས། ཁྱེར་ཏེ་འོངས་ན་ཡང་ དགེ་སློང་རྣམས་ལ་སྦྱིན་པར་བྱེད་དོ། །དགེ་སློང་རྣམས་ཀྱིས་ཀྱང་དེ་དག་ཟོས་པ་དང་མུ་སྟེགས་ཅན་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དེ། ཤེས་ལྡན་དག། སྡེ་ [35A]༄༅། །དཔོན་སེང་གེའི་ཆེད་དུ་བྱས་ཏེ་ཤ་ཁྱེར་ཏེ་འོངས་ན་ནི་དེས་དེ་དག་མ་ཟོས་ལ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ལ་བྱིན་པ་དང། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ ཀྱིས་ཆེད་དུ་བྱས་པའི་ཤ་ནི། ཟོས་སོ། །ཞེས་བྱ་བའི་སྐབས་དེ་དག་དགེ་སློང་རྣམས་ཀྱིས་བཅོལ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་གནས་གསུམ་ གྱིས་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པ་གསུམ་གང་ཞེ་ན། བདག་གི་ཆེད་དུ་བྱས་པར་མངོན་སུམ་དུ་མཐོང་བ། རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ། ། ཞེས་གསུངས་པ་དང། ཡིད་ཆེས་པ་ལས་ཁྱོད་ཀྱི་ཆེད་དུ་བྱས་པ་ཡིན་ནོ། །ཞེས་ཐོས་པ། རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ་།ཞེས་གསུངས་པ་དང། རང་ཉིད་ཀྱི་བློ་ལ་རྣམ་པར་ རྟོག་པ་སྐྱེས་པ། ཚུལ་ལས་འདི་ནི། བདག་གི་ཆེད་དུ་བྱས་པ་ཡིན་ནོ། །སྙམ་དུ་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །དགེ་སློང་དག། ངས་གནས་ གསུམ་གྱིས་རུང་བའི་ཤ་བཟའ་བར་བྱའོ། །ཞེས་གསུངས་པ། གསུམ་གང་ཞེ་ན། འདིས་བདག་གི་ཆེད་དུ་བྱེད་པར་མངོན་སུམ་དུ་མ་མཐོང་བ་རུང་བའི་ཤ་བཟའ་བར་བྱའོ། །ཞེས་ གསུངས་པ་དང། ཡིད་ཆེས་པ་ལས་འདིས་ཁྱེད་ཀྱི་ཆེད་དུ་བྱས་པ་མ་ཡིན་ནོ། །ཞེས་ཐོས་པ། རུང་བའི་ཤ་བཟའ་བར་བྱའོ། །ཞེས་གསུངས་པ་དང། བདག་ཉིད་ཀྱི་བློ་ལ་རྣམ་པར་ [35B] ཚུལ་ལས་འདི་བདག་གི་ཆེད་དུ་བྱས་པ་ཡིན་ནོ་སྙམ་པ་མ་སྐྱེས་པ། རུང་བའི་ཤ་བཟའ་བར་བྱའོ། །ཞེས་གསུངས་པ་ཡིན་ནོ།། །།གླེང་གཞི་ནི། མཉན་ ཡོད་ནའོ། །མུ་གེ་དང་བཅས་པའི་དུས་བྱུང་ནས། དགེ་སློང་དག་ལྟོགས་པར་གྱུར་པས་དེ་རྣམས་གློས་ཕབ་སྟེ་འདུག་པ་དང། བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་སྨྲས་པ། འཕགས་པ་ དག། གཅིག་ཏུ་བརྩོན་པར་བྱ་བའི་བསྟན་པ་ལ། ཅིའི་སླད་དུ་གློས་ཕབ་སྟེ་བཞུགས་ཤིང། དགེ་བའི་ཕྱོགས་ལ་བརྩོན་པར་མི་མཛད། དེ་རྣམས་ཀྱིས་སྨྲས་པ། མུ་གེ་དང་བཅས་པའི་ དུས་བྱུང་བས། བསོད་སྙོམས་ལྟོ་འགྲངས་པར་མི་རྙེད་པས། ཁོ་བོ་ཅག་ལྟོགས་ཏེ་ཉམ་ཆུང་བས་དེས་ན་གློས་ཕབ་སྟེ་འདུག་གོ། དེ་རྣམས་ཀྱིས་སྨྲས་པ། ཅི་སྟེ་ཞལ་ཚུས་མི་གསོལ་ བཅོམ་ལྡན་འདས་ཀྱིས་མ་གནང་ངོ། །ཁྱོད་ཀྱི་སྟོན་པ་ནི། ཐུགས་རྗེ་ཅན་ཡིན་པས། གནང་བར་འགྱུར་བ་གང་ཡིན་པའི་གནས་དེ་ཡོད་དོ་།ཞེས་བྱ་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་ བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེའི་ཕྱིར་རྗེས་སུ་གནང་སྟེ། མུ་གེའི་སྡུག་བསྔལ་དགོན་པ་འདི་ལྟ་བུར་དགེ་སློང་རྣམས་ ཀྱིས་གཡར་ཚུས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།།།།གླེང་གཞི་ནི། མཉན་ཡོད་ནའོ། །མུ་གེ་དང་བཅས་པའི་དུས་བྱུང་ནས། དགེ་སློང་རྣམས་ལ་བྲམ་ཟེ་དང་ [36A]༄༅། །ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་སྨྲས་པ། འཕགས་པ་དག། འདི་ཉིད་དུ་ཟས་ཀྱི་བྱ་བ་མཛོད་ཅིག། དེ་རྣམས་ཀྱིས་ཟས་ཀྱི་བྱ་བ་བྱས་ནས་བསོད་སྙོམས་སྔར་རྙེད་ པ་ཁྱེར་ནས་གཙུག་ལག་ཁང་དུ་སོང་སྟེ། དེ་རྣམས་ཀྱིས་མུ་གེའི་སྐྱོན་གྱིས་དེ་ཡང་བཟའ་བར་འདོད་ན། འོན་ཀྱང་འགྱོད་པས་མ་ཟོས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་རྗེས་སུ་གནང་སྟེ། མུ་གེའི་སྡུག་བསྔལ་དགོན་པ་འདི་ལྟ་བུར་འདོད་ན། སྔར་བླངས་ཟིན་ཏོ་སྙམ་དུ་སེམས་ལ། སྔར་ རྙེད་པ་ཡང་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།།།།གླེང་གཞི་ནི། མཉན་ཡོད་ནའོ། །མུ་གེ་དང་བཅས་པའི་དུས་བྱུང་ནས། བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་ རྣམས་ཀྱིས། དགེ་སློང་རྣམས་ཁྱིམ་གྱི་ནང་དུ་ཟས་ལ་མགྲོན་དུ་བོས་ནས་དེ་རྣམས་ཀྱིས་ཟོས་པ་དང། བཅའ་བ་ལས་ལྷག་མ་ཞིག་ལུས་སོ་།བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་སྨྲས་པ་ འཕགས་པ་དག་ཁྱེད་ཀྱི་ཆེད་དུ་སྟ་གོན་བགྱིས་པ་ལགས་ཀྱི་བསྣམས་ཏེ་བཞུད་ལ་ཕྱིས་གསོལ་ཅིག། དེ་རྣམས་ཀྱིས་ཁྱེར་ཏེ་དོང་ངོ། །དོང་ནས་དེ་བཟའ་བར་འདོད་ནས་འགྱོད་པས་མ་ཟོས་ པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་རྗེས་སུ་གནང་སྟེ། མུ་གེའི་སྡུག་བསྔལ་དགོན་པ་འདི་ [36B] འདི་དག་ནི། བྱིན་པ་ཡིན་ནོ། །སྙམ་དུ་བསམ་ནས་བཟའ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ།། །།གླེང་གཞི་ནི། མཉན་ཡོད་ནའོ། །མུ་གེ་དང་བཅས་པའི་དུས་བྱུང་ ནས། བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་རྣམས་ཀྱིས། དགེ་སློང་རྣམས་ཟས་ལ་མགྲོན་དུ་བོས་ཏེ། དེ་རྣམས་ཀྱིས་ཟོས་ནས། བཅའ་བ་ལ་སོགས་པ་ཅུང་ཟད་ཅིག་ལྷག་སྟེ། དགེ་སློང་རྣམས་དོང་ བ་དང། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་སྨྲས་པ། འདི་ནི་བདག་ཅག་གིས་འཕགས་པ་དག་ཁོ་ན་ལ་ཡོངས་སུ་བཏང་བ་ལགས་ཏེ་འཚལ་ཏེ་མཆིས་ལ། ཁྱེད་ཁོ་ན་ལ་དབུལ་ལོ་ཞེས་དེ་ རྣམས་ཀྱིས་ཁྱེར་ཏེ་འོངས་པ་དང། དགེ་སློང་རྣམས་དེ་ལ་ཡང་ཟ་བར་འདོད་ནས་འགྱོད་པས་མ་ཟོས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་རྗེས་སུ་གནང་སྟེ། མུ་གེའི་སྡུག་བསྔལ་དགོན་པ་འདི་ལྟ་བུར། སྔར་ཡོངས་སུ་བཏང་བའོ་།སྙམ་དུ་བསམ་ནས་བཟའ་བར་བྱ་སྟེ། དེ་ལ་འགྱོད་པར་མི་ བྱའོ།། །།གླེང་གཞི་ནི། མཉན་ཡོད་ནའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་ནུབ་ཕྱོགས་ཀྱི་ཚལ་ན་ཡོད་པའི་འབྲས་བུ་རྣམས་གྲུབ་ནས། དེ་རྣམས་ཀྱིས་བསམ་པ་ འདི་དག་ནི། རྙེད་དཀའ་བ་ཡིན་པས། འཕགས་པ་རྣམས་ལ་དབུལ་ལོ་།ཞེས་དེ་དག་གིས་དགེ་སློང་རྣམས་ཟས་ཟོས་ནས་སྤངས་པ་བྱས་པ་རྣམས་ལ་དེ་དག་བྱིན་པ་དང། དགེ་སློང་རྣམས་ [37A]༄༅། །ཀྱིས་སྤངས་པ་བྱས་ཟིན་ཏོ། །ཞེས་འགྱོད་པས་མ་ཟོས་པ་དང། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་སྨྲས་པ་འཕགས་པ་དག། གང་གི་ཚེ་བཅོམ་ལྡན་ འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ། མུ་སྟེགས་ཅན་རྣམས་ལ་ཡོན་གནས་བགྱིད་པ་ལས། ད་ནི། བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ནས་ཁྱེད་རྣམས་ཀྱང་ད་ནི་ཡོན་གནས་སུ་གྱུར་ པ་ལགས་ན། གལ་ཏེ་ཁྱེད་ཀྱིས་མ་བཞེས་ན། ཅི། བདག་ཅག་ནི། དགེ་བའི་བཤུལ་རྒྱགས་དང་བྲལ་ཏེ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་མཆི་བར་བྒྱིའམ། དེ་ལྟ་བས་ན་ ཐུགས་བརྩེ་བས་བཞེས་ཤིག་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་རྗེས་སུ་གནང་སྟེ། རྙེད་ པར་དཀའ་བ་ཡིན་ནོ། །སྙམ་དུ་བསམ་ནས་བཟའ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །དེ་ལ། ཚལ་ན་ཡོད་པའི་འབྲས་བུ་ནི། འདི་དག་ཡིན་ཏེ། རྒུན་འབྲུམ་དང། བལ་པོ་སེའུ་ དང། འབྲ་གོ་དང། སྟར་ཀ་དང། ཡོན་ཚེ་དང། ཤིང་ཏོག་ཨུར་མ་ན་དང། ཤིང་ཏོག་ཨུ་རུ་མ་ཡི་ཀ་དང། ཤིང་ཏོག་ནི་ཀེ་ཙ་དང་ཤིང་ཏོག་བ་བཧུ་དང། ཤིང་ཏོག་སིན་ཙི་ ཀའོ།། །།གླེང་གཞི་ནི། མཉན་ཡོད་ནའོ། །བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་རྣམས་ཀྱིས། དགེ་སློང་རྣམས་ཟས་ཟོས་ཟིན་པ་དང་ཆུ་ནས་སྐྱེས་པ་དག་ཕུལ་ [37B] དགེ་སློང་རྣམས་འདོད་ཀྱང་སྤངས་པ་བྱས་ཟིན་ཏོ་།ཞེས་འགྱོད་པས་མ་ཟོས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རྙེད་དཀའ་བ་ཡིན་ནོ། །སྙམ་དུ་བསམ་ནས་བཟའ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །དེ་ལ། ཆུ་ནས་སྐྱེ་བ་ནི་འདི་དག་ཡིན་ཏེ། ཨུཏྤ་ལའི་རྩ་བ་དང། པདྨའི་རྩ་བ་དང་ ཀུ་མུ་དའི་ས་བོན་དང། པདྨའི་ས་བོན་ནོ། །གླེང་གཞི་ནི། མཉན་ཡོད་ནའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁམས་མ་སྙོམས་པས་ཁྲག་དང་བད་ཀན་འཁྲུགས་པར་གྱུར་ཏོ། །དེའི་རིམ་གྲོ་བྱེད་པ་ཚེ་ དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་བསམ་པ། བདག་རང་གི་བློས་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ལན་མང་དུ་རིམ་གྲོ་བྱས་ཀྱི། ལན་འགའ་ཡང་སྨན་པ་ལ་མ་དྲིས་ཀྱི། མ་ལ་བདག་གིས་ དྲིའོ་སྙམ་ནས། དེས་སྨན་པ་ལ་དྲིས་པ། བཞིན་བཟང། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྲག་དང་བད་ཀན་འཁྲུགས་པར་གྱུར་ན། དེའི་སྨན་སྟོན་ཅིག། དེས་སྨྲས་པ། འཕགས་པ། པདྨའི་རྩ་བའི་ འོ་མ་སྩོལ་ཅིག་དང་སོས་པར་འགྱུར་རོ། །ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་བསམ་པ། གལ་ཏེ་བདག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་པདྨའི་རྩ་བ་ཕལ་བའི་འོ་མས་རིམ་གྲོ་བྱ་བ་ནི་ བདག་གི་ཆ་མ་ཡིན་ནོ། །སྙམ་དུ་བསམ་ནས། ཇི་ལྟར་སེམས་མཉམ་པར་བཞག་པས་མཉན་ཡོད་ནས་མི་སྣང་བར་གྱུར་ཏེ་དལ་གྱིས་འབབ་ཅེས་བྱ་བའི་འགྲམ་དུ་ཕྱིན་པར་འགྱུར་བ་དེ་ལྟ་བུའི་ [38A]༄༅། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང། ཀླུའི་རྒྱལ་པོ་རབ་བརྟན་གྱི་གནས་དང་ཉེ་བར་གྱུར་པ་དང། དེ་ནས་ཀླུའི་རྒྱལ་པོ་རབ་བརྟན་གྱིས་མཐོང་ནས་སྨྲས་ པ༑ འཕགས་པ། དགོས་པ་ཅི་ཞིག་གི་ཕྱིར་བྱོན། དེས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྲག་དང་བད་ཀན་འཁྲུགས་ནས། དེ་ལ་སྨན་པས་པདྨའི་རྩ་བའི་འོ་མ་བསྟན་ཏོ། །ཀླུའི་ རྒྱལ་པོ་རབ་བརྟན་གྱིས་སྨྲས་པ། འཕགས་པ། གལ་ཏེ་དེ་ལྟ་ན་རེ་ཞིག་གཞེས་ཤིག། དེ་དལ་གྱིས་འབབ་ཀྱི་ནང་དུ་ཞུགས་ནས་མིའི་ཚད་ཙམ་གྱི་པདྨའི་རྩ་བ་དག་བཏོན་ཅིང་བཏོན་ཅིང་ པདྨའི་རྩ་བའི་འོ་མ་པདྨའི་འདབ་མའི་སྐྱོ་རར་གཟར་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའི་ལྷུང་བཟེད་བཀང་ངོ་།ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་པདྨའི་རྩ་བ་གཤགས་ པ་ལ་བལྟ་བར་བརྩམས་པ་དང། དེ་ནས་ཀླུའི་རྒྱལ་པོ་རབ་བརྟན་གྱིས་སྨྲས་པ། འཕགས་པ་ཅི་གཟིགས། པདྨའི་རྩ་བ་དག་གསོལ་བར་བཞེད་དམ། དེ་ཅང་མི་སྨྲ་བར་འདུག་པ་དང་ སྨྲས་པ། འཕགས་པ་བཞུད་ཅིག་དང་བསྐུར་རོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། པདྨའི་རྩ་བའི་འོ་མས་ལྷུང་བཟེད་བཀང་བ་ཁྱེར་ནས་དལ་གྱིས་འབབ་ཀྱི་འགྲམ་ ནས་མི་སྣང་བར་བྱས་ཏེ་མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་ཕྱིན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་སྨན་པས་བསྟན་པ་བཞིན་ [38B] །ཀླུའི་རྒྱལ་པོ་རབ་བརྟན་གྱིས་ཀྱང་གླང་པོ་ཆེ་ནག་པོའི་ཆ་བྱད་འཆང་ལ་པདྨའི་རྩ་བ་ཁུར་གཅིག་བསྐུར་ནས། མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ ཚལ་དུ་སོང་ལ། གཙུག་ལག་ཁང་གི་ཁྱིམ་གྱི་མདུན་དུ་ཞོག་ལ་ཤོག། དེ་རླུང་གི་ཤུགས་ལྟར་མགྱོགས་པའི་མཐུས། མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་གཙུག་ལག་ཁང་དུ་འོངས་ནས་ པདྨའི་རྩ་བ་རྣམས་ཁྱམས་ཀྱི་མདུན་དུ་བཞག་ནས། སླར་ལོག་པ་ལས། ལམ་གྱི་ཕྱེད་ན་ཚལ་གྱི་བལ་གླང་མོ་ཞིག་ཡོད་པ་དང་ལྷན་ཅིག་འདུས་པར་གྱུར་ཏོ། །དུས་གཞན་ཞིག་ན། བལ་གླང་མོ་དེ་ ལས་བལ་གླང་ཕྲུག་གུ་ཞིག་འབྲངས་ཏེ། འབྲངས་པའི་མོད་ལ་སེང་གེའི་སྒྲ་འབྱིན་ཏོ། །དེ་ནས་བལ་གླང་མོ་དེ་སྐྲག་པས་གཅིན་རྟུག་ཤོར་ནས། བལ་གླང་ཕྲུག་གུ་པོར་ཏེ་བྲོས་སོ། །དེ་ནས་རྒྱལ་ པོའི་ཁབ་ན་གནས་པའི་ཤིང་མཁན་ཞིག་ཤིང་གི་ཆེད་དུ་ཚལ་དུ་སོང་བ་ལས། བལ་གླང་ཕྲུག་གུ་དེ་མཐོང་ནས་ཁྱིམ་དུ་བླངས་བསྙུན་གསོས་བསྐྱེད་དེ། ནོར་གྱིས་བསྐྱངས་པས། མིང་ནོར་སྐྱོང་ ནོར་སྐྱོང་ཞེས་བྱ་བར་གྲགས་སོ། །ཁ་ཅིག་ནི། རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ནོར་སྐྱོང་སྐྱེས་སུ་བསྐུར་བ་ལས་དེ་མཉན་ཡོད་ཀྱི་ཡུལ་ན་གནས་པ་ལ་སྐྱེ་བོས་ནོར་གྱིས་ བསྐྱངས་པས་ན། ནོར་སྐྱོང་ཞེས་འདོན་ཏོ། །པདྨའི་རྩ་བ་ཁ་ཅིག་ནི། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཟོས། ཁ་ཅིག་ནི། ཚེ་དང་ལྡན་པ་ཤཱ་རིའི་བུས། ཁ་ཅིག་ནི། དགེ་འདུན་ [39A]༄༅། །ལ་བྲིམས་པ་ལས་འོན་ཀྱང་ལྷག་པར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སྤངས་པ་བྱས་ནས་ཀྱང་ཟ་འདོད་ན། བདག་ཅག་གིས་སྤངས་པ་བྱས་སོ། །ཞེས་མ་ ཟོས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། མི་རྣམས་ཀྱིས་ལྷའི་པདྨའི་རྩ་རྙེད་པར་ དཀའ་བས་དེའི་ཕྱིར་རྗེས་སུ་གནང་ངོ། །པདྨའི་རྩ་བ་རྙེད་པར་དཀའ་བ་ཡིན་ནོ། །སྙམ་དུ་བསམ་ནས་བཟའ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ།། །།གླེང་གཞི་ ནི༑ མཉན་ཡོད་ནའོ། །དེའི་ཚེ་གྲོང་ཁྱེར་བཟང་བྱེད་ན་བསོད་ནམས་ཆེན་པོར་ཤེས་པར་བྱ་བ་དྲུག་གནས་ཏེ། ཁྱིམ་བདག་ལུག་ཅེས་བྱ་བ་དང། ལུག་གི་ཆུང་མ་དང། ལུག་གི་བུ་ དང། ལུག་གི་མནའ་མ་དང། ལུག་གི་བྲན་ཕོ་དང། ལུག་གི་བྲན་མོའོ། །ཁྱིམ་བདག་ལུག་བསོད་ནམས་ཆེ་བར་ཇི་ལྟར་ཤེས་ཤེ་ན། གལ་ཏེ་བང་མཛོད་སྟོང་པ་རྣམས་ལ་བལྟས་ ན༑ མཐོང་མ་ཐག་ཁོ་ནར་གང་བར་འགྱུར་ཏེ། དེ་ལྟར་ན། ཁྱིམ་བདག་ལུག་བསོད་ནམས་ཆེ་བར་ཤེས་སོ། །ལུག་གི་ཆུང་མ་ཇི་ལྟ་བུ་ཞེ་ན། དེས་གཅིག་གི་དོན་དུ་སྣོད་དུ་བཙོས་ པ་ནི། བརྒྱ་སྟོང་གི་བཟའ་བ་འབྱུང་སྟེ། ལུག་གི་ཆུང་མ་ནི། དེ་ལྟ་བུ་ཡིན་ནོ། །ལུག་གི་བུ་ནི། ཇི་ལྟ་བུ་ཞེ་ན། དེའི་རྐེད་པ་ལ་ལྔ་བརྒྱ་བའི་སྣོད་བཏགས་ཏེ་འདུག་ལ། དེས་གང་གི་ [39B] སྟོང་ཡོངས་སུ་བཏང་བ་དེའི་ཚེ། དེ་བཞིན་དུ་གང་བར་འདུག་སྟེ། ཡོངས་སུ་ཟད་པར་མི་འགྱུར་ཏེ། ལུག་གི་བུ་ནི། དེ་ལྟ་བུ་ཡིན་ནོ། །ལུག་གི་མནའ་མ་ཇི་ལྟ་བུ་ཞེ་ན། དེས་ གཅིག་གི་དོན་དུ་དྲི་སྦྱར་ན། བརྒྱ་སྟོང་ཁྱེད་པར་འགྱུར་ཏེ། ལུག་གི་མནའ་མ་ནི། དེ་ལྟ་བུ་ཡིན་ནོ། །ལུག་གི་བྲན་ཕོ་ཇི་ལྟ་བུ་ཞེ་ན། དེས་གང་གི་ཚེ་ཞིང་ལ་རོལ་གཅིག་རྨོས་པ་དེའི་ཚེ། ཞིང་ ལ་རོལ་བདུན་རྨོས་པར་འགྱུར་ཏེ། ལུག་གི་བྲན་ཕོ་ནི། དེ་ལྟ་བུ་ཡིན་ནོ། །ལུག་གི་བྲན་མོ་ནི། ཇི་ལྟར་བསོད་ནམས་ཆེ་བར་ཤེས་ཤེ་ན། དེ་གང་གི་ཚེ་འབྲས་གཏུན་གང་ཙམ་དྲུས་པ་དེའི་ ཚེ༑ བདུན་ཙམ་དུ་སྐྱེས་པར་འགྱུར་ཏེ། དེ་ལྟར་ན། ལུག་གི་བྲན་མོ་བསོད་ནམས་ཆེ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཁྱིམ་བདག་ལུག་གདུལ་བའི་དུས་མཁྱེན་ནས། ཚེ་དང་ ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག། དེ་བཞིན་གཤེགས་པ་ནི། ལྗོངས་རྒྱུ་ཞིང་གྲོང་ཁྱེར་བཟང་བྱེད་དུ་གཤེགས་ཀྱི། ཁྱེད་ཅག་ ལས། གང་ཞིག་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་གྲོང་ཁྱེར་བཟང་བྱེད་དུ་འདོང་བར་སྤྲོ་བ་དེ་ནི། ཆོས་གོས་རྣམས་ལོངས་ཤིག། ཅེས་སྒོས་ཤིག། བཙུན་ པ༑ བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག། བཅོམ་ལྡན་འདས་ལྗོངས་ [40A]༄༅། །རྒྱུ་ཞིང་གྲོང་ཁྱེར་བཟང་བྱེད་དུ་གཤེགས་ཀྱི། ཁྱེད་ཅག་ལས། གང་ཞིག་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་གྲོང་ཁྱེར་བཟང་བྱེད་དུ་འདོང་ བར་སྤྲོ་བ་དེ་ནི། ཆོས་གོས་རྣམས་ལོངས་ཤིག། ཚེ་དང་ལྡན་པ་བཀའ་བཞིན་འཚལ་ཞེས་དགེ་སློང་དེ་རྣམས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལས་མཉན་ཏོ། །དེ་ནས་བཅོམ་ ལྡན་འདས་དུལ་བ་འཁོར་དུལ་བ། ཞི་བ་འཁོར་ཞི་བ། དགྲ་བཅོམ་ཕ་འཁོར་དགྲ་བཅོམ་པ་དང། ལྗོངས་རྒྱུ་ཞིང་གྲོང་ཁྱེར་བཟང་བྱེད་དུ་གཤེགས་སོ། །གང་གི་ཚེ་བཅོམ་ལྡན་ འདས་ཀྱིས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་དེའི་ཚེ། མུ་སྟེགས་ཅན་རྣམས་མཐའ་འཁོབ་ཏུ་དོང་བ་ལས། དེ་ནས་ཁ་ཅིག་གྲོང་ཁྱེར་བཟང་བྱེད་དུ་དོང་ནས་གནས་པ་དེ་རྣམས་ ཀྱིས། དགེ་སྦྱོང་གོའུ་ཏ་མ་འོང་ངོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་རོད་རོད་པོར་གྱུར་ནས། བདག་ཅག་སྔོན་ནི། དགེ་སྦྱོང་གོའུ་ཏ་མས་ཡུལ་དབུས་ནས་སྤྱུགས་སོ། །དེ་གལ་ཏེ་ འདིར་འོངས་ན། གདོན་མི་ཟ་བར་བདག་ཅག་འདི་ནས་སྤྱུགས་པར་འགྱུར་གྱི། དེ་ལ་ཐབས་ཤིག་བཤམ་པར་བྱའོ། །སྙམ་མོ། །དེ་རྣམས་རིགས་ཀྱི་ཁྱིམ་བདག་ཏུ་དོང་ནས་སྨྲས་པ་ ཆོས་ཐོབ་པར་གྱུར་ཅིག། ཆོས་ཐོབ་པར་གྱུར་ཅིག། འཕགས་པ་དག། དེ་ཅི་ལགས། ཤེས་ལྡན་དག། བལྟས་ཟིན་གྱི། འགྲོའོ། །ཅིའི་སླད་དུ། རེ་ཞིག་ཁྱེད་ཅག་གི་འབྱོར་ [40B] ཁོ་བོ་ཅག་གིས་མཐོང་གི། ཇི་སྲིད་རྒུད་པ་མ་མཐོང་བ་དེའི་བར་དུ་འདོང་ངོ། །འཕགས་པ་དག། བདག་ཅག་ལ་རྒུད་པ་ཅི་ཞིག་འབྱུང་བར་འགྱུར་ལགས། ཤེས་ ལྡན་དག། དགེ་སྦྱོང་གོའུ་ཏ་མ་སྤུ་གྲིའི་སེར་བ་འབེབས་ཤིང། དུ་མ་ཞིག་བུ་མེད་པ་དང། ཁྱིམ་ཐབ་མེད་པར་བྱེད་ཅིང་འོང་ངོ་།འཕགས་པ་དང། གལ་ཏེ་དེ་ལྟ་ན། གང་གི་དུས་ཁོ་ནར་ གཞེས་པར་བགྱི་བ་དེ་ཁོ་ནའི་དུས་སུ་བདག་ཅག་སྤང་བར་བྒྱིའམ་བཞུགས་ཤིག། མ་བཞུད་ཅིག། དེ་རྣམས་ཀྱིས་སྨྲས་པ། བདག་ཅག་ཅི་སྟེ་འདུག། ཁྱེད་ཅག་ཁོ་བོ་ཅག་གི་ཉན་ དུ་མི་བཏུབ་བོ། །འཕགས་པ་དག། གསུངས་ཤིག། མཉན་པར་བགྱིའོ། །དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག། གྲོང་ཁྱེར་བཟང་བྱེད་ཀྱི་ཉེ་འཁོར་གྱི་སྐྱེ་བོའི་ཚོགས་ཐམས་ཅད་ གནས་ནས་ཕྱུང་ལ། གྲོང་ཁྱེར་བཟང་བྱེད་ཀྱི་ནང་དུ་ཚུད་ཅིག་རྩྭ་སྔོན་པོ་རྣམས་ནི། རྔོས་ཤིག། འདུག་གནས་རྣམས་ནི། བཤིག་ཅིག། མེ་ཏོག་དང་འབྲས་བུའི་ཤིང་རྣམས་ནི། ཆོད་ ཅིག། ཆུ་རྣམས་ནི། དུག་བླུགས་ཤིག། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དག། བཞུགས་ཤིག་དང། ཐམས་ཅད་བགྱིའོ། །དེ་ནས་དེ་རྣམས་ཀྱིས་གྲོང་ཁྱེར་བཟང་བྱེད་ཀྱི་ཉེ་ འཁོར་གྱི་སྐྱེ་བོའི་ཚོགས་ཐམས་ཅད་གནས་ནས་བཏོན་ནས་གྲོང་ཁྱེར་བཟང་བྱེད་ཀྱི་ནང་དུ་བཙུད་དེ། རྩྭ་སྔོན་པོ་རྣམས་ནི། བརྔས་འདུག་གནས་རྣམས་ནི། བཤིག། མེ་ཏོག་དང་ [41A]༄༅། །འབྲས་བུའི་ཤིང་རྣམས་ནི། བཅད། ཆུ་རྣམས་ནི། དུག་བླུགས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསམ་པ། བཅོམ་ལྡན་འདས་ལ་བཀུར་ སྟི་མ་ཡིན་པ་བྱེད་པ་ཡལ་བར་དོར་བ་ནི། བདག་གི་ཆ་མ་ཡིན་ཏེ་འདི་ལྟར། བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་བརྒྱ་སྟོང་དུ་མས་ཕ་རོལ་ཏུ་ཕྱིན་པ་དྲུག་ ཡོངས་སུ་རྫོགས་པར་མཛད་པས། བླ་ན་མེད་པའི་ཡེ་ཤེས་བརྙེས་པའི་བཅོམ་ལྡན་འདས་དེ། འཇིག་རྟེན་ཐམས་ཅད་མེད་པའི་ཡུལ་སྟོང་དུ་རྒྱུ་ཞིང་གཤེགས་པར་བྱའམ། མ་ལ་ བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་བདེ་བ་ལ་རེག་པར་བྱའོ། །སྙམ་ནས། དེས་རླུང་གཏོང་བའི་ལྷའི་བུ་ལ་བསྒོ་བ། སོང་ལ་ཆུ་དུག་ཅན་རྣམས་སྐོམས་ ཤིག་ཆར་པ་འབེབས་པའི་ལྷའི་བུ་ལ་བསྒོ་བ། འདི་རྣམས་ཀྱིས་བསྐམས་པ་དང། ཁྱོད་ཀྱིས་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཁོངས་ཤིག་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ ཡང་བསྒོ་བ། ཁྱེད་ཀྱིས་གྲོང་ཁྱེར་བཟང་བྱེད་ཀྱི་ཉེ་འཁོར་དུ་གནས་ཐོབ་ཅིག་དེ་ནས་རླུང་གཏོང་བའི་ལྷའི་བུས་ནི། ཆུ་དུག་ཅན་རྣམས་བསྐམས་སོ། །ཆར་པ་འབེབས་པའི་ལྷའི་བུས་ནི་ དེར་ཡང་ཆུ་ཡན་ལག་བརྒྱད་དང་ལྡན་པས་བཀང་ངོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་གྲོང་ཁྱེར་བཟང་བྱེད་ཀྱི་ཉེ་འཁོར་དུ་གནས་བཏབ་ནས། ལོངས་སྤྱོད་རྣམས་འབྱོར་ཅིང་ [41B] །མུ་སྟེགས་ཅན་རྣམས་ཀྱིས་གྲོང་ཁྱེར་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་བསགས་ནས། དེ་རྣམས་ཀྱིས་རྟོག་ཆེན་དག་མངགས་ཏེ་ལྗོངས་རྣམས་ཅི་འདྲ་ལྟོས་ཤིག་དེ་རྣམས་ དོང་བ་ལས། ལྗོངས་རྣམས་ལྷག་པར་ཡང་འབྱོར་ཅང་རྒྱས་པར་གྱུར་པ་མཐོང་ནས། སླར་འོངས་ཏེ་སྨྲས་པ། ཤེས་ལྡན་དག་ལྗོངས་འདི་ལྟ་བུར་འབྱོར་ཅིང་རྒྱས་པ་ནི། སྔོན་ལན་འགའ་ ཡང་བདག་ཅག་གིས་མ་མཐོང་ངོ། །མུ་སྟེགས་ཅན་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་ཁྱོད་ཀྱིས་མཐོང་ངམ། རེ་ཞིག་གང་ཞིག་སེམས་མེད་པའི་དངོས་པོ་རྣམས་ཀྱང་སྒྱུར་བར་བྱེད་པ་དེས། ཁྱེད་ ཅག་སྒྱུར་བར་མི་བྱེད་པ་དེ་ལྟ་སྲིད་རེ་སྐན། ཁྱེད་ཅག་རྣམ་པ་ཐམས་ཅད་དུ་བལྟས་ཟིན་ཏེ། བལྟ་བའི་མཐའ་མ་བྱས་ནས་འགྲོའོ་།དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དག་བཞུགས་ཤིག་ཁྱེད་ ཅག་ལ་དགེ་སྦྱོང་གོའུ་ཏ་མས་ཅི་ཞིག་བགྱིར་མཆིས། དེ་ཡང་རབ་ཏུ་བྱུང་བ་ལགས་ལ། ཁྱེད་ཀྱང་རབ་ཏུ་བྱུང་བ་སློང་ཞིང་འཚོ་བ་ལགས་ན། ཅི། དེས་ཁྱེད་ཅག་གི་སློང་བ་བཀག་པར་འགྱུར་སྙམ་ མམ། མུ་སྟེགས་ཅན་རྣམས་ཀྱིས་སྨྲས་པ། དམ་ཞིག་བཅའ་སྟེ། གལ་ཏེ་ཁྱེད་ཅག་སུས་ཀྱང་དགེ་སྦྱོང་གོའུ་ཏ་མ་ལ་ལྟ་བར་འགྲོ་བར་མི་བྱ་ཞིང། གང་ཞིག་འགྲོ་བ་དེ་ལ་ཆད་པར་ཀརཤ་པ་ཎ་དྲུག་ ཅུས་བཅད་པར་ཁྲིམས་འཆའ་ན་འདུག་གོ་དེ་རྣམས་ཀྱིས་ཀྱང་ཁས་བླངས་ནས་ཁྲིམས་སུ་བཅས་སོ། །དེ་ནས་བཅོམ་ལྡན་འདས་ལྗོངས་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་གྲོང་ཁྱེར་བཟང་ [42A]༄༅། །བྱེད་དུ་གཤེགས་ནས། བཟང་བྱེད་ཀྱི་ལྷོ་ཕྱོགས་ཀྱི་གནས་ཤིག་ན་བཞུགས་སོ། །དེའི་ཚེ་སེར་སྐྱའི་གཞིའི་བྲམ་ཟེའི་བུ་མོ་གྲོང་ཁྱེར་བཟང་བྱེད་དུ་བག་མར་ བཏང་བ་དེ་ར་བའི་ཁ་ན་འདུག་པས། བཅོམ་ལྡན་འདས་མུན་ཁང་ན་བཞུགས་པ་མཐོང་ནས་དེས་བསམ་པ། བཅོམ་ལྡན་འདས་ཤཱཀྱའི་རིགས་དགའ་བར་མཛད་པ། ཤཱཀྱའི་རིགས་ཀྱི་ རྒྱལ་པོ་སྤངས་ནས། རབ་ཏུ་བྱུང་བ་དེ་ནི། འདི་ཡིན་ཏེ། གལ་ཏེ་འདི་ལ་ཐེམ་སྐས་ཤིག་ཡོད་པར་གྱུར་ན། བདག་མར་མེ་ཐོགས་ལ་འབབ་པ་ཞིག་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ བསམ་པ་ཐུགས་སུ་ཆུད་ནས། ཐེམ་སྐད་ཤིག་སྤྲུལ་ཏོ། །དེ་ནས་དེ་སྙིང་དགའ་བ་དང། མགུ་བ་དང། རབ་ཏུ་དགའ་བས་མར་མེ་ཐོགས་ཏེ་ཐེམ་སྐས་ལས་བབས་ནས། བཅོམ་ལྡན་ འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མར་མེ་བཞག་ནས་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཆོས་མཉན་པའི་ཕྱིར་འདུག་གོ་དེ་ནས་བཅོམ་ ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང་རང་བཞིན་མཁྱེན་ནས། དེ་དང་མཐུན་པའི་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བའི་ཆོས་བཤད་ པ་མཛད་དེ་ཞེས་བྱ་བ་ནས་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། [42B]ཁྱིམ་བདག་ལུག་གང་ན་བ་དེར་སོང་ལ་ཕྱིན་པ་དང། དེ་ལ་ང་ན་རེ། ནད་མེད་པར་གྱུར་ཅིག་ཅེས་སྨྲོས་ལ། འདི་སྐད་ཅེས་ཀྱང་སྨྲོས་ཤིག་ཁྱིམ་བདག་ཁྱོད་ཀྱི་ཆེད་ཁོ་ ནར་ང་འདིར་འོངས་ན། ཁྱོད་སྒོ་བཅད་ནས་འདུག་པ། གློ་བུར་བ་ལ་ཇི་ལྟར་ཁྱོད་བྱེད་པ་དེ་ལྟ་བུར་བྱ་བ་དེ་ཇི་ག་རིགས་སམ། གལ་ཏེ་ཚོགས་ཀྱིས་ཁྲིམས་སུ་བཅའ་བར་བྱས་སོ། །ཞེས་སྨྲས་ པ་དང། ཁྱོད་ཀྱི་བུའི་རྐེད་པ་ལ་ལྔ་བརྒྱ་པའི་སྣོད་བཏགས་ཏེ་འདུག་པ་དེས། གལ་ཏེ་བྲྒྱའམ། སྟོང་འགྱེད་པར་བཏང་ན་ཡང། གང་བ་ཉིད་དུ་འདུག་ཅིང་ཡོངས་སུ་ཟད་པར་མི་འགྱུར་ན། ཁྱོད་ ཀརཤ་པ་ཎ་དྲུག་ཅུ་བྱིན་ནས་འོང་མི་ནུས་སམ་ཞེས་སྨྲོས་ཤིག་།བཙུན་པ། བཀའ་བཞིན་འཚལ་ཞེས། བུ་མོ་དེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཆས་པ་དང། བཅོམ་ལྡན་འདས་ ཀྱིས་ཇི་ལྟར་སུས་ཀྱང་མི་ཚོར་བ་དེ་ལྟར་བྱིན་གྱིས་བརླབས་ནས་ཁྱིམ་བདག་ལུག་གི་གན་དུ་སོང་སྟེ་ཕྱིན་པ་དང། སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཁྱོད་ལ་ནད་མེད་པར་གྱུར་ ཅིག་ཅེས་གསུངས་སོ། །དེས་སྨྲས་པ། བུ་མོ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཁྱིམ་བདག་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཁོ་ནའི་ཆེད་དུ་ང་འདིར་ གཤེགས་ན། ཁྱོད་སྒོ་བཅད་ནས་འདུག་པ། གློ་བུར་བ་ལ་ཇི་ལྟར་ཁྱོད་བྱེད་པ་དེ་ལྟ་བུར་བྱ་བ། ཇི་ག་རིགས་སམ། དེས་སྨྲས་པ། བུ་མོ། ཚོགས་ཀྱིས་ཁྲིམས་སུ་བཅས་པ། སུས་ཀྱང་ [43A]༄༅། །དགེ་སྦྱོང་གོའུ་ཏ་མ་ལ་བལྟ་བའི་ཕྱིར་འགྲོ་བར་མི་བྱའོ། །གང་ཞིག་འགྲོ་ན་དེ་ཚོགས་ཀྱིས་ཀརཤ་པ་ཎ་དྲུག་ཅུའི་ཆད་པས་གཅད་དོ། །ཞེས་དམ་བཅས་སོ། །ཁྱིམ་ བདག་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་བུའི་རྐེད་པ་ན་ལྔ་བརྒྱ་པའི་སྣོད་ཅིག་བཏགས་ཏེ་འདུག་པ་དེས། གལ་ཏེ་བྲྒྱའམ། སྟོང་འགྱེད་པར་བཏང་ན་གང་བ་ཁོ་ནར་འགྱུར་ ཞིང་ཡོངས་སུ་ཟད་པར་མི་འགྱུར་ན། ཀརཤ་པ་ཎ་དྲུག་ཅུ་བྱིན་ནས་ཁྱོད་འོང་པར་མི་ནུས་སམ་ཞེས་གསུང་ངོ། །དེས་བསམ་པ། འདི་ནི་སུས་ཀྱང་མི་ཤེས་ན། བཅོམ་ལྡན་འདས་དེ་ནི། ཐམས་ ཅད་མཁྱེན་པ་ཡིན་པས་འགྲོའོ། །སྙམ་ནས། དེས་ཀརཤ་པ་ཎ་དྲུག་ཅུ་སྒོར་བཞག་ནས་བྲམ་ཟེའི་བུ་མོས་བསྟན་པའི་ཐེམ་སྐས་ལས་བབ་སྟེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་ བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ལུག་གི་ བསམ་པ་དང། བག་ལ་ཉལ་བ་དང། ཁམས་དང། རང་བཞིན་མཁྱེན་ནས། འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་དེ། ཁྱིམ་ བདག་ལུག་གིས་དེ་ཐོས་ནས་ཞེས་བྱ་བ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེས་བདེན་པ་མཐོང་ནས་གསོལ་བ་དང་ [43B] བཟང་བྱེད་ན་གནས་པའི་སྐྱེ་བོའི་ཚོགས་འདི་དག་གིས་ཀྱང་ཇི་ག་འདི་ལྟ་བུའི་ཆོས་རྣམ་པ་སྣ་ཚོགས་འཐོབ་པར་འགྱུར་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ ཁྱིམ་བདག་ཁྱོད་ལ་བརྟེན་ནས་ཕལ་ཆེར་ཀུན་གྱིས་ཐོབ་པ་ཁོ་ནར་འགྱུར་རོ། །དེ་ནས་ཁྱིམ་བདག་ལུག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ ལྡན་འདས་ཀྱི་སྤྱན་སྔ་ནས་སོང་སྟེ། དེ་ཁྱིམ་དུ་ཕྱིན་ནས་གྲོང་ཁྱེར་གྱི་ནང་དུ་ཀརཤ་པ་ཎའི་ཕུང་པོ་གཅེར་ཏེ། ཚིགས་སུ་བཅད་པས་སྨྲས་པ། གང་ཞིག་རྒྱལ་བ་འདོད་ཆགས་སྐྱོན་བཅོམ་ རྩོད་མེད་པ། །མཚུངས་པ་མེད་པ་གསེར་གྱི་མདོག་ཅན་བལྟ་འདོད་པ་།དེ་ནི་འཇིགས་མེད་སྙིང་གིས་ཤིན་ཏུ་ངེས་བྱོས་ལ། །མྱུར་དུ་དེངས་ཤིག་དེ་ཡི་ནོར་ནི་ཁོ་བོས་གཞལ། །སྐྱེ་བོའི་ ཚོགས་ཀྱིས་སྨྲས་པ། ཁྱིམ་བདག་དགེ་སྦྱོང་གོའུ་ཏ་མ་མཐོང་ན་དགེ་བར་འགྱུར་རམ། དེས་སྨྲས་པ། དགེ་བར་འགྱུར་རོ། །དེ་རྣམས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟ་ན་ཚོགས་ཁོ་ནས་ ཁྲིམས་སུ་བཅས་པ། ཚོགས་ཁོ་ནས་བཤིག་ཏུ་ཟད་མོད། འདི་ལ་འགལ་བ་ཅི་ཞིག་ཡོད། དེ་རྣམས་ཀྱིས་ཁྲིམས་སུ་བཅས་པ་བཤིག་ནས་འབྱུང་བར་བརྩམས་སོ། །དེ་ནས་ཕན་ ཚུན་བསྡོས་པས་འབྱུང་བར་མ་ནུས་པ་དང། གནོད་སྦྱིན་ལག་ན་རྡོ་རྗེས་འདུས་པའི་སྐྱེ་བོ་ལ་སྙིང་བརྩེ་བའི་ཕྱིར་རྡོ་རྗེ་འཕངས་པས་ར་བ་དྲལ་ནས། སྲོག་ཆགས་བརྒྱ་སྟོང་དུ་མ་ཁ་ཅིག་ [44A]༄༅། །ནི༑ ཡ་མཚན་སྐྱེས། ཁ་ཅིག་ནི། སྔོན་གྱི་དགེ་བའི་རྩ་བས་ཡང་དག་པར་བསྐུལ་ནས་བྱུང་ངོ། །དེ་ནས་སྐྱེ་བོའི་ཚོགས་ཆེན་པོ་འདུས་བས། བཅོམ་ལྡན་ འདས་ཀྱི་ཉེ་འཁོར་དཔག་ཚད་གཅིག་ཚུན་ཆད་འཁོར་བར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་རྣམས་ཟིལ་གྱིས་མནན་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་ བཤམས་པ་ཉིད་ལ་བཞུགས་ནས། སེམས་ཅན་དུ་མ་དག་གི་རྒྱུད་ལ་དགེ་བའི་རྩ་བ་སྐྱེད་པར་བྱེད་པའི་ཆོས་བཤད་པ་མཛད་དེ། དེ་ཐོས་ནས་ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་ འབྲས་བུ་མངོན་དུ་བྱས་སོ། །ཞེས་བྱ་བ་ནས། ཁ་ཅིག་གིས་ནི་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་སོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ།། །། འདུལ་བ་གཞི། བམ་པོ་ང་བརྒྱད་པ། བཅོམ་ལྡན་འདས་ཀྱིས་ཡུན་རིང་པོ་ཞིག་ཏུ་ཆོས་བཤད་པས་གདུགས་ཚོད་ཀྱི་དུས་ལས་ཡོལ་བར་གྱུར་ཏོ། །ཁྱིམ་བདག་ལུག་གིས་གསོལ་ པ༑ བཅོམ་ལྡན་འདས། ཞལ་ཟས་ཀྱི་མཛད་པ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཟས་ཀྱི་དུས་ལས་ཡོལ་བར་གྱུར་ཏོ། །དེས་གསོལ་པ་ བཅོམ་ལྡན་འདས། དུས་མ་ལགས་པར་རུང་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མར་དང། བུ་རམ་དང། ཧྭགས་དང། ཤ་ཁ་ར་དང། བཏུང་བ་དག་གོ་ [44B] སྨྲས་པ། ཤེས་ལྡན་དག་དུས་མ་ཡིན་པའི་བཅའ་བ་རྣམས་མྱུར་དུ་སྟ་གོན་གྱིས་ཤིག་དེ་རྣམས་ཀྱིས་དུས་མ་ཡིན་པའི་ བཅའ་བ་རྣམས་སྟ་གོན་བྱས་སོ། །དེ་ནས་ཁྱིམ་བདག་ལུག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་དུས་མ་ཡིན་པའི་བཅའ་བ་དང། དུས་མ་ཡིན་པའི་བཏུང་བ་རྣམས་ཀྱིས་ ཚིམ་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ལུག་འཁོར་དང་བཅས་པ་ཡང་བདེན་པ་རྣམས་ལ་སོ་སོར་བཀོད། རི་བོར་ན་གནས་པའི་སྐྱེ་བོའི་ཚོགས་དེ་ཡང་སྐལ་བ་ཇི་ལྟ་ བ་བཞིན་དུ་བཏུལ་ཏེ་གཤེགས་པ་ན། ཁྱིམ་བདག་ལུག་གིས་གསོལ་པ་བཅོམ་ལྡན་འདས། བཤུལ་གྱི་སྙུན་རྒྱགས་ཀྱི་ཟོང་ཀརཤ་པ་ཎ་དག་བཞེས་ཤིག་བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། བླང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀརཤ་པ་ཎ་བླང་བར་བྱའོ། །ཞེས་བཀའ་སྩལ་པ་དང། དགེ་སློང་རྣམས་ཀྱིས་སུ་ཞིག་གིས་བླང་བར་བྱ་བ་མ་ཤེས་ནས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རུང་བ་བྱེད་པས་སོ། །རུང་བ་བྱེད་པ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་གྱིས་སོ་།སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས། དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་པར་གསེར་དངུལ་ལེན་པ་གསུངས་ལ། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་ [45A]༄༅། །གྱིས་བླང་བར་བྱའོ། །ཞེས་གསུངས་པ་དེ། ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བར་འཁོར། ངས་འཆང་བར་བྱེད་པ་ལས་དགོངས་ ཏེ་གསུངས་ཀྱི། མི་བླང་བ་ནི། མ་ཡིན་ཏེ། དེ་བས་ན། དགེ་ཚུལ་གྱིས་བླང་བར་བྱའི། བླངས་ནས་བདག་གིར་ནི་མི་བྱའོ། །ཁྱིམ་བདག་ལུག་གིས་གསོལ་པ། བཅོམ་ལྡན་འདས། བུ་ རམ་དག་བཞེས་ཤིག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱའོ། །དགེ་སློང་རྣམས་ཀྱིས་སུ་ཞིག་གིས་ཇི་ལྟར་བླང་བར་བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཁྱིམ་པའམ། དགེ་ཚུལ་མེད་ན། དགེ་སློང་གིས་ཞག་བདུན་པར་བྱིན་གྱིས་བརླབས་ནས་རང་ཉིད་ཀྱིས་བཀུར་བར་བྱའོ། །དགེ་སློང་དག་གིས་ཇི་ལྟར་བྱིན་གྱིས་བརླབ་པར་བྱ་བ་ མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་གཉིས་བཀྲུས་ནས་སྦྱིན་ལེན་བྱས་ཏེ། ལག་པ་གཡོན་པའི་སྟེང་དུ་བཞག་ལ་ལག་པ་གཡས་པས་བཀབ་ནས། དགེ་ སློང་ཞིག་གི་མདུན་དུ་འདུག་ནས། ཚེ་དང་ལྡན་པ་དགོངས་སུ་གསོལ་བདག་མིང་འདི་ཞེས་བྱ་བའི་སྨན་འདི་དག་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ཀྱི་ཕྱིར་ཞག་བདུན་པར་བྱིན་ གྱིས་བརླབ་བོ། །ཞེས་དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་ [45B]།ཞེས་གང་གསུངས་པ་སུ་ཞིག་གིས་འཚལ་བར་བགྱི་ལགས། ཉེ་བར་འཁོར། གང་ཟག་ལྔ་རྣམས་ཀྱིས་ཏེ། ལམ་དུ་ཞུགས་ པ་དང། སྨྱུང་བ་བྱས་པ་དང། ནད་པ་དང། དགེ་བསྐོས་དང། ལག་གི་བླས་སོ། །དགེ་སློང་ལྗོངས་རྒྱུར་ཆས་པ་རྣམས་ཀྱིས། འབྲས་དང། ཕྱེ་དག་གི་ནང་དུ་བུ་རམ་བཅུག་པ་ལས། ལམ་ གྱིས་ངལ་ནས་བཟའ་བར་འདོད་ནས། འགྱོད་པས་མ་ཟོས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ དག་ཟས་དེས་ཟས་ཀྱི་བྱ་བ་བྱེད་མི་ནུས་པས། འབྲས་དག་གི་ནང་དུ་བཅུག་པ་གང་ཡིན་པ་དེ་སྤྲུགས་ནས་བཟའ་བར་བྱའོ། །ཕྱེ་རྣམས་གང་ཡིན་པ་དེ་ཆུས་བཀྲུས་ནས་བཟའ་བར་བྱའོ། །ཁ་ ཅིག་ཞུ་བར་གྱུར་པ་དེ། བཀྲུར་མ་རུང་སྟེ། ཟས་དང་བཅས་པ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྙུག་མའི་ཚལ་པས་བཞར་ལ་ཆུས་བཀྲུ་བར་བྱའོ། །འོན་ཀྱང་ཟས་ མེད་པར་བཀྲུ་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་བསལ་ཏེ་ཆུའི་ནང་དུ་མཉེས་ལ་བཏུང་བར་བྱས་ནས། དེ་ཚགས་ཀྱིས་བཙགས་ལ་བཏུང་བར་བྱ་སྟེ། དེ་ལ་ འགྱོད་པར་མི་བྱའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། ཁྱིམ་བདག་ལུག་དང། ལུག་གི་ [46A]༄༅། །མཆིས་བྲང་དང། ལུག་གི་བུ་དང། ལུག་གི་མནའ་མ་དང་ལུག་གི་བྲན་ཕོ་དང། ལུག་གི་བྲན་མོས་ལས་ཅི་ཞིག་བགྱིས་ན། དེས་ན། དེ་དྲུག་བསོད་ནམས་ཆེན་ པོར་གྱུར་ཅིང། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདེན་པ་མཐོང་ནས་འདི་དག་གིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཀྱི། མ་མཉེས་པར་ནི་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དགེ་སློང་དག་འདི་དག་ཉིད་ཀྱིས་ལས་རྣམས་བྱས་ཤིང་བསགས་པ་ཚོགས་རྙེད་པ་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་བྱ་བའི་བར་གོང་མ་བཞིན་དུའོ། ། དགེ་སློང་དག་སྔོན་བྱུང་བ། ཝཱ་ར་ཎཱ་སིའི་གྲོང་ཁྱེར་དུ་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་གོ་དེའི་ཚེ་ཝཱ་ར་ཎཱ་སིའི་གྲོང་ཁྱེར་དུ་ལྟས་མཁན་རྣམས་ཀྱིས་ལོ་ བཅུ་གཉིས་སུ་ཆར་མི་འབབ་པས། ཐུར་མས་འཚོ་བའི་མུ་གེ་ཆེན་པོ་འབྱུང་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །མུ་གེ་རྣམ་པ་གསུམ་ནི་ཟ་མ་ཏོག་དང། རུས་གོང་དཀར་པོ་ དང། ཐུར་མས་འཚོ་བའོ། །དེ་ལ། ཟ་མ་ཏོག་ཅེས་བྱ་བ་ནི། ཟ་མ་ཏོག་དེའི་ནང་དུ་མི་རྣམས་ཀྱིས་འབྲུ་དག་བླུགས་ཏེ། མ་འོངས་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་བཞག་ནས་ བདག་ཅག་ཤི་ན། འབྲུ་འདིས་མི་དེ་དག་གི་བྱ་བ་བྱེད་པར་འགྱུར་རོ་།སྙམ་པ་སྟེ། འདི་ནི། ཟ་མ་ཏོག་དང་འབྲེལ་པས་ཟ་མ་ཏོག་ཅེས་བྱའོ། །རུས་གོང་དཀར་པོ་གང་ཞེ་ན། དུས་ [46B]ཇི་ཙམ་ན། རུས་པ་དེ་དག་དཀར་པོར་གྱུར་པ་དང། དེ་ནས་དེའི་ཁུ་བ་འཐུང་བ་སྟེ། འདི་ནི། རུས་གོང་དཀར་པོ་དང་འབྲེལ་པས་ རུས་གོང་དཀར་པོ་ཞེས་བྱའོ། །ཐུར་མས་འཚོ་བ་གང་ཞེ་ན། དུས་དེ་ན་མི་རྣམས་ཀྱིས་གཡུལ་གྱི་སེར་གནས་འབྲུའི་འབྲུམ་བུ་དག་ཐུར་མས་བྲུས་ནས་ཆུ་མང་པོའི་སྣོད་དུ་བཙོས་ནས་འཐུང་བ་ སྟེ། འདི་ནི། ཐུར་མ་དང་འབྲེལ་བས་ཐུར་མས་འཚོ་བ་ཞེས་བྱའོ་།དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་ཝཱ་ར་ཎཱ་སིར་དྲིལ་སྒྲོག་ཏུ་བཅུག་པ། ཝཱ་ར་ཎཱ་སི་ན་གནས་པའི་ཤེས་ལྡན་གྲོང་ཁྱེར་པ་དག་ ཉོན་ཅིག་ལྟས་མཁན་རྣམས་ཀྱིས་ལོ་བཅུ་གཉིས་སུ་ཆར་མི་འབབ་པས་ཟ་མ་ཏོག་དང། རུས་གོང་དཀར་པོ་དང། ཐུར་མས་འཚོ་བའི་མུ་གེ་འབྱུང་བར་ལུང་བསྟན་གྱི། ཁྱེད་ལས། གང་ དག་ལོ་བཅུ་གཉིས་ཀྱི་བཟའ་བ་ཡོད་པ་དེ་རྣམས་ནི། འཁོད་ཅིག་གང་དག་ལ་མེད་པ་དེ་དག་ནི། གར་དགའ་བར་དེངས་ལ། མུ་གེ་མེད་ཅིང་ལོ་ལེགས་པར་གྱུར་ནས་སླར་ཤེག་ཅིག་དེའི་ ཚེ་ན་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ། ལོངས་སྤྱོད་ཆེ་བ། འཁོར་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་དེ། དེས་མངན་བཀུག་སྟེ། སྨྲས་པ། ཀྱེ་ནང་རྗེ། ཁོ་བོ་འཁོར་དང་བཅས་པའི་ ལོ་བཅུ་གཉིས་ཀྱི་བཟའ་བ་ཡོད་དམ། དེས་སྨྲས་པ། དཔོན་པོ། མཆིས་སོ། །དེ་དེ་ཉིད་ན་གནས་པ་ལས། མུ་གེ་དེ་ལོ་བརྒྱུད་མ་ཁོ་ནར་བྱུང་བས། དེའི་བང་མཛོད་རྣམས་ཡོངས་སུ་ཟད་པས་ [47A]༄༅། །འཁོར་གྱི་སྐྱེ་བོ་ཐམས་ཅད་ཤི་བར་གྱུར་ཏེ། བདག་ཉིད་དང་དྲུག་ཅིག་ལུས་སོ། །དེ་ནས་ཁྱིམ་བདག་དེས་བང་མཛོད་རྣམས་ཕྱགས་པ་ལས། འབྲས་བྲེའུ་ཆུང་ གང་ཞིག་བྱུང་ནས། དེ་ཆུང་མས་སྣོད་དུ་བླུགས་ཏེ་བཙོས་སོ་།སངས་རྒྱས་རྣམས་འབྱུང་བ་མེད་པ་ན། རང་སངས་རྒྱས་ཞེས་བྱ་བ་ནས་འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་ འཇིག་རྟེན་དུ་འབྱུང་བར་འགྱུར་བས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཇི་ཙམ་ན། རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་སོང་བ་དང། ཝཱ་ར་ཎཱ་སིར་ཕྱིན་ནས། སྔ་དྲོ་ཤམ་ཐབས་ བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། ཝཱ་ར་ཎཱ་སིར་བསོད་སྙོམས་ལ་ཞུགས་པ་ན། ཁྱིམ་བདག་དེས་ཀྱང་བཟའ་བ་བསྡོགས་པ་དང། རང་སངས་རྒྱས་དེ་ཡང་རིམ་བཞིན་དུ་ བསོད་སྙོམས་ལ་རྒྱུས་ནས། དེའི་ཁྱིམ་དུ་ཕྱིན་ཏོ། །ཁྱིམ་བདག་དེས། དེ་ལུས་མཛེས་ཤིང་སེམས་དང་བ་མཐོང་ངོ། །མཐོང་ནས་ཀྱང་བསམ་པ། འདི་བདག་གིས་ཟོས་ཀྱང་གདོན་ མི་ཟ་བར་སྲོག་དང་འབྲལ་བར་འགྱུར་གྱི། མ་ལ་བདག་གི་སྐལ་པ་རབ་ཏུ་བྱུང་བ་འདི་ལ་སྦྱིན་ནོ། །སྙམ་ནས། དེས་ཆུང་མ་ལ་སྨྲས་པ། བཟང་མོ། ཁོ་བོའི་སྐལ་པ་ནི། རབ་ཏུ་བྱུང་ བ་འདི་ལ་དབུལ་ལོ། །དེས་བསམ་པ། བདག་གི་ཁྱིམ་ཐབ་མི་ཟ་ན་བདག་གིས་ཅི་སྟེ་བཟའ་སྙམ་ནས། དེས་སྨྲས་པ། རྗེའི་སྲས། བདག་གི་སྐལ་པ་ཡང་འདི་ལ་དབུལ་ལོ། །དེ་ [47B] མནའ་མ་དང། བྲན་ཕོ་དང། བྲན་མོས་ཀྱང་དཔྱད་ནས་རང་རང་གི་སྐལ་བ་ཡོངས་སུ་བཏང་སྟེ། དེ་ནས་དེ་ཐམས་ཅད་འདུས་ནས། རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ལོ། ། བདག་ཉིད་ཆེན་པོ་དེ་དག་ནི། ལུས་ཀྱིས་ཆོས་སྟོན་གྱི། ཚིག་གིས་ནི་མ་ཡིན་པས། དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས། འབར་བ་དང་ གསལ་བ་དང། ཆར་འབེབས་པ་དང། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་དག་ནི། རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པ་ཡིན་པས། ཤིང་རྩ་བ་ནས་བཅད་དེ་ འགྱེལ་བ་བཞིན་དུ་རྐང་པ་གཉིས་ལ་གཏུགས་ནས། སྨོན་ལམ་ཅི་འདོད་པ་གདབ་པར་རྩོམ་སྟེ། ཁྱིམ་བདག་གིས་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་ པའི་དགེ་བའི་རྩ་བ་གང་ཡིན་པ་འདིས། བདག་གིས་གལ་ཏེ་བང་བ་དང། བང་མཛོད་སྟོང་པ་དག་ལ་བལྟས་པ་ན། མཐོང་བ་དེའི་མོད་ལ་གང་བར་གྱུར་ཅིག་འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས་ འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བགྱིད་ཅིང། མི་མཉེས་པར་མི་བགྱིད་པར་གྱུར་ཅིག་ཆུང་མས་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་ བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་གང་ཡིན་པ་འདིས། བདག་གིས་གལ་ཏེ་གཅིག་གི་དོན་དུ་སྣོད་དུ་བཙོས་པ་དེ་བྲྒྱའམ། སྟོང་གིས་ཟོས་ཀྱང་ཇི་སྲིད་བདག་གིས་སྦྱོར་བ་མ་བཏང་བའི་ [48A]༄༅། །བར་ཡོངས་སུ་ཟད་པར་མི་འགྱུར་ཞིང། འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས། འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བགྱིད་ཅིང། མི་མཉེས་ པར་མི་བགྱིད་པར་གྱུར་ཅིག་བུས་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་གང་ཡིན་པ་འདིས། བདག་གི་རྐེད་པ་ལ་ལྔ་བརྒྱ་པའི་སྣོད་ བཏགས་ཏེ་འདུག་པ། གལ་ཏེ་བྲྒྱའམ། སྟོང་འགྱེད་པར་བཏང་ཡང་གང་བ་ཉིད་དུ་འདུག་སྟེ། ཡོངས་སུ་ཟད་པར་མི་འགྱུར་ཞིང། འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས། འདི་བས་ ཁྱད་པར་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བགྱིད་ཅིང། མི་མཉེས་པར་མི་བགྱིད་པར་གྱུར་ཅིག་མནའ་མས་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་གང་ཡིན་པ་འདིས། བདག་གིས་གལ་ཏེ་གཅིག་གི་ཕྱིར་དྲི་རྣམས་སྦྱར་ན། དེས་བྲྒྱའམ། སྟོང་བྱུགས་ཀྱང་ཇི་སྲིད་ཀྱང་སྦྱོར་བ་མ་བཏང་གི་བར་དུ་ ཟད་པར་མི་འགྱུར་ཞིང། འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས་འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བགྱིད་ཅིང། མི་མཉེས་པར་མི་བགྱིད་པར་གྱུར་ཅིག་ བྲན་ཕོས་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་གང་ཡིན་པ་འདིས། བདག་གིས་གལ་ཏེ་ཞིང་རོལ་གཅིག་རྨོས་ན། རོལ་བདུན་ [48B] འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས། འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བགྱིད་ཅིང། མི་མཉེས་པར་མི་བགྱིད་པར་གྱུར་ཅིག་བྲན་མོས་ སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་གང་ཡིན་པ་འདིས། བདག་གིས་གལ་ཏེ་སྣོད་གང་ཙམ་བྲུས་པ་གང་ཡིན་པ་དེས། སྣོད་བདུན་ཙམ་ དུ་འཕེལ་བར་འགྱུར་ཞིང། འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས་འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བགྱིད་ཅིང། མི་མཉེས་པར་མི་བགྱིད་པར་གྱུར་ཅིག། དེ་རྣམས་ ཀྱིས་དེ་ལྟ་བུའི་སྨོན་ལམ་བཏབ་ནས། རང་སངས་རྒྱས་བདག་ཉིད་ཆེན་པོ་དེ། དེ་རྣམས་ལ་སྙིང་བརྩེ་བའི་ཕྱིར་རྫུ་འཕྲུལ་གྱིས་ཆས་པ་དང། ཇི་ཙམ་ན། རྒྱལ་པོ་ཚངས་སྦྱིན་སྟེང་གི་ཁང་བཟང་ གི་གཞིར་སོང་སྟེ་འདུག་པ་ལས། དེ་རྫུ་འཕྲུལ་གྱིས་སོང་བའི་གྲིབ་མ་རྒྱལ་པོ་ཚངས་སྦྱིན་གྱི་སྟེང་དུ་བབ་ནས། དེས་གྱེན་དུ་བལྟ་བར་བརྩམས་པ་ལས། རང་སངས་རྒྱས་དེ་མཐོང་ནས། དེ་ འདི་སྙམ་དུ། བདག་ཉིད་ཆེན་པོ་འདིའི་རྫུ་འཕྲུལ་གྱི་གཤོལ་ཆེན་པོས་ཡང་སུ་ཞིག་གི་བཀྲེན་པའི་དྲུངས་ཕྱུང་བར་གྱུར་སྙམ་མོ་།དེ་ནས་ཁྱིམ་བདག་དེ། རེ་བ་ཆེན་པོས་མཛོད་དང། བང་ མཛོད་རྣམས་ལ་བལྟ་བ་དང། ཇི་ཙམ་ན། གང་བར་མཐོང་ངོ་།དེས་ཆུང་མ་ལ་སྨྲས་པ། རེ་ཞིག་ཁོ་བོའི་སྨོན་ལམ་ནི། རྫོགས་པར་གྱུར་གྱི། ད་ཁྱེད་ཅག་གི་བལྟའོ། །དེ་ནས་ [49A]༄༅། །བྲན་མོས་འབྲས་སྣོད་གང་ཙམ་བྲུས་ན། བདུན་ཅམ་དུ་འཕེལ་བར་གྱུར་ཏེ། །ཆུང་མས་གཅིག་གི་དོན་དུ་སྣོད་དུ་བཙོས་པ་ལ་དེ་དག་ཐམས་ཅད་ཀྱིས་ ཟོས་ཀྱང་དེ་ཁོ་ན་བཞིན་དུ་འདུག་ཉེ་འཁོར་གྱི་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མས་ཟོས་ཀྱང་དེ་ཁོ་ན་བཞིན་དུ་འདུག་གོ། དེ་ནས་ཁྱིམ་བདག་དེས་ཝཱ་ར་ཎཱ་སིར་དྲིལ་སྒྲོག་ཏུ་བཅུག་ པ༑ ཤེས་ལྡན་དག་ཁྱེད་ཅག་ལས་སུ་ཞིག་ཅི་དོན་དུ་གཉེར་བ་དེ་ཤོག་ཅིག། ཝཱ་ར་ཎཱ་སིར་སྒྲ་གསལ་བ་དང། སྒྲ་ཆེན་པོར་བྱུང་བ་རྒྱལ་པོས་ཐོས་ནས། དེས་སྨྲས་པ། ཤེས་ ལྡན་དག་སྒྲ་གསལ་བ་དང། སྒྲ་ཆེན་པོ་འདི་ཅི་ཞིག་ཡིན། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ། ཁྱིམ་བདག་ཆེ་གེ་མོ་ཞིག་ཅེས་བགྱི་བས་མཛོད་དང། བང་བ་རྣམས་ཕྱེ་བ་ལགས་ སོ༑ ༑རྒྱལ་པོས་སྨྲས་པ། གང་གི་ཚེ་འཇིག་རྟེན་ཐམས་ཅད་ཤི་ཟིན་པ་དེའི་ཚེ། ཁྱིམ་བདག་དེས་མཛོད་དང། བང་བ་རྣམས་ཕྱེའམ་ཤེས་ལྡན་དག་ཁྱིམ་བདག་དེ་ཁུག་ཅིག་དེ་ རྣམས་ཀྱིས་བཀུག་པ་དང། དེ་ནས་རྒྱལ་པོས་སྨྲས་པ། ཁྱིམ་བདག་།གང་གི་ཚེ་འཇིག་རྟེན་ཐམས་ཅད་ཤི་ཟིན་པ་དེའི་ཚེ། ཁྱིམ་གྱི་མཛོད་དང། བང་བ་རྣམས་ཕྱེ་འམ། ལྷ། སུའི་ མཛོད་དང། བང་བ་རྣམས་ཕྱེ། འོན་ཀྱང་དེ་རིང་ཁོ་ནར་ས་བོན་སྩལ་བའི་འབྲས་བུ་དེ་རིང་ཉིད་དུ་གྲུབ་ལགས་སོ། །རྒྱལ་པོས་སྨྲས་པ། དེ་ཇི་ལྟ་བུ་ཞིག་དེས་སྐབས་དེ་རྒྱས་པར་ [49B] རྒྱལ་པོས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་བདག་ཉིད་ཆེན་པོ་དེ་ལ་བསོད་སྙོམས་ཕུལ་ལམ། ལྷ། བདག་གིས་ཕུལ་ལོ། །དེ་ཡང་ལྷག་པར་དད་པར་གྱུར་ནས། ཚིགས་སུ་ བཅད་པས་སྨྲས་པ། ཀྱེ་མའོ་ཡོན་ཏན་ལས་བྱུང་བའི། །སྐྱོན་ཀུན་རྣམ་པར་སྤངས་པའི་ཞིང། །དེ་ལ་ས་བོན་བཏབ་པ་ཡི། །འབྲས་བུ་དེང་ཉིད་ཐོབ་པར་གྱུར། །དགེ་སློང་དག་ཇི་སྙམ་དུ་སེམས་ ཁྱིམ་བདག་དང། ཁྱིམ་བདག་གི་ཆུང་མ་དང། ཁྱིམ་བདག་གི་བུ་དང། ཁྱིམ་བདག་གི་མནའ་མ་དང། ཁྱིམ་བདག་གི་བྲན་ཕོ་དང་ཁྱིམ་བདག་གི་བྲན་མོ་གང་ཡིན་པ་དེ་ནི། ཁྱིམ་བདག་ ལུག་དང། ཁྱིམ་བདག་ལུག་གི་ཆུང་མ་དང། ལུག་གི་བུ་དང། ལུག་གི་མནའ་མ་དང། ལུག་གི་བྲན་ཕོ་དང། ལུག་གི་བྲན་མོ་འདི་དག་ཉིད་ཡིན་ནོ། །འདི་དག་གིས། །རང་སངས་རྒྱས་ལ་བྱ་ བ་བྱས་ཤིང་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་ཀྱི་རྣམ་པར་སྨིན་པས་དྲུག་ཅར་ཡང་བསོད་ནམས་ཆེན་པོར་གྱུར་ཅིང། ངའི་སྤྱན་སྔར་བདེན་པ་མཐོང་ཞིང། རང་སངས་རྒྱས་བྱེ་བ་བརྒྱ་སྟོང་བས་ ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཀྱི། མི་མཉེས་པར་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན། ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི། གཅིག་ཏུ་ གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་ནི། གཅིག་ཏུ་དཀར་བ་ཡིན་པ་ཞེས་བྱ་བ་ནས་རྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །ཞེས་བྱ་བའི་བར་ [50A]༄༅། །གོང་མ་བཞིན་དུའོ།། །།སྡོམ་ནི། ཀེ་ནའི་བུ་ཡིས་བཏུང་བ་བླངས། །ཀ་ཤིའི་ཚོང་རྡལ་ནས་ཐུག་དང། སྡིག་ཅན་དུ་ནི་བཅའ་བ་དང། །འགྱོད་དང་ སྦྱར་བའི་ཟས་དག་གོ་བཅོམ་ལྡན་འདས་ཡུལ་ཨུ་དུ་མའི་གནས་ན་བཞུགས་སོ། །དེའི་ཚེ་དྲང་སྲོང་ཀེ་ནའི་བུ། གནས་ནི། ཡུལ་ཨུ་དུ་མའི་གནས་ན་འདུག་གོ་ཉིན་པར་ནི། རྫིང་བུ་ དལ་གྱིས་འབབ་ཀྱི་འགྲམ་ན་གནས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ངས་གང་དུ་འཇིག་རྟེན་སྐྱོང་བ་བཞི་རྣམས་ལ་ཆོས་བཤད་ན་དེར་ངས་ཚེགས་ཆུང་ངུས་དྲང་སྲོང་ ཀེ་ནའི་བུ་ཐུལ་བར་འགྱུར་སྙམ་པ་དང། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། མ་ལ་ངས་རྫིང་བུ་དལ་གྱིས་འབབ་ཀྱི་འགྲམ་དུ་བཤད་ན། དེར་ཐུལ་བར་འགྱུར་རོ། །སྙམ་ མོ༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་དེ་ཆོས་ཉིད་ཀྱིས། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་དེའི་ཚེ་ བརྒྱ་བྱིན་དང། ཚངས་པ་ལ་སོགས་ཏེ། ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་སེམས་ཀྱིས་ཤེས་པར་འགྱུར་བས། རྒྱལ་པོ་རྣམ་ཐོས་ཀྱི་བུས་བསམ་པ། བཅོམ་ལྡན་འདས་ ཀྱིས་ཅི་ཞིག་གི་ཕྱིར་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་པ་བལྟས་ན། བདག་ཅག་འཇིག་རྟེན་སྐྱོང་བ་བཞི་རྣམས་ཁོ་ན་ལ་ཆོས་བཤད་པར་བཞེད་དོ། །སྙམ་དུ་རིག་ནས། གནོད་སྦྱིན་ [50B] ལྔ་རྩེན་སོང་ལ། རྫིང་བུ་དལ་གྱིས་འབབ་ཀྱི་འགྲམ་དུ་བཅོམ་ལྡན་འདས་ཀྱི་གདན་ཤོམས་ཏེ། འདུན་པ་ཆེན་པོ་འདུས་པ་ན་སུས་ཀྱང་དེའི་མདངས་འཕྲོག་ པར་མི་འགྱུར་བར་དྲང་སྲོང་ཀེ་ནའི་བུའི་སྲུང་མ་གཅིག་ཀྱང་སྐོས་ཤིག་དེས་རྫིང་བུ་དལ་གྱིས་འབབ་ཀྱི་འགྲམ་དུ་དྲང་སྲོང་ཀེ་ནའི་བུའི་སྲུང་མ་བཞག་ནས་གནས་ཤོམ་པར་རྩོམ་པ་ན། དེ་ན་སྐྱེ་ བོའི་ཚོགས་ཆེན་པོའི་ཅ་ཅོའི་སྒྲ་བྱུང་བ་དང། དེ་ནས་དྲང་སྲོང་ཀེ་ནའི་བུ། ཅ་ཅོའི་སྒྲས་ལངས་ནས། སྲུང་མ་དེ་ལ་དྲིས་པ། ཅ་ཅོའི་སྒྲ་འདི་ཅི་ཞིག་དེས་སྨྲས་པ། གདན་ཤོམ་པར་བྱེད་པའི་འོ། །ཅི་ ཁོ་བོའི་ཕྱིར་རམ། ཁྱོད་ཀྱི་ཕྱིར་ནི་མ་ཡིན་མོད་ཀྱི། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱིར་ཡིན་ནོ། །ཁྱོད་འདི་ན་ཅི་ཞིག་ལ་སྡོད། ཁྱོད་ཁོ་ན་སྲུང་ངོ། །ཅིའི་ཕྱིར། འབྱུང་པོ་མང་པོ་འདུ་བར་ འགྱུར་བས་སོ། །དེས་སྨྲས་པ། དགེ་སྦྱོང་གོའུ་ཏ་མ་དེ། སུ་ཞིག་སྲུང་བར་བྱེད་པར་འགྱུར། དེས་སྨྲས་པ། བཅོམ་ལྡན་འདས་དེ་ལ་སུ་ཞིག་སྲུང། བཅོམ་ལྡན་འདས་དེ་ཉིད་ནི། འཇིག་རྟེན་ ལྷ་དང་བཅས་པའི་སྲུང་མ་མཛད་དོ། །ཞེས་བྱས་པ་དང། དྲང་སྲོང་ཀེ་ནའི་བུས་ཐོས་ནས་ཅང་མི་སྨྲའོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ན་བཟའ་ཤམ་ཐབས་མན་བས་ཏེ། ལྷུང་བཟེད་དང་ཆོས་ གོས་བསྣམས་ནས། ཨུ་དུ་མར་བསོད་སྙོམས་ལ་ཞུགས་ཏེ། ཨུ་དུ་མར་བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་མཛད་དེ། ཟས་ཕྱི་མའི་བསོད་སྙོམས་སྤངས་ནས། ཇི་ལྟར་ཐུགས་མཉམ་པར་ [51A]༄༅། །བཞག་ན། དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཨུ་དུ་མ་ནས་མི་སྣང་བར་གྱུར་ཏེ། རྫིང་བུ་དལ་གྱིས་འབབ་ཀྱི་འགྲམ་དུ་བྱོན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་དྲི་ཟ་དུ་མའི་འཁོར་ དང། དྲི་ཟ་བརྒྱ་ཕྲག་དུ་མའི་འཁོར་དང། དྲི་ཟ་སྟོང་ཕྲག་དུ་མའི་འཁོར་དང། དྲི་ཟ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་ལྷའི་ནོར་བུས་ཐུ་བ་བཀང་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ ནས་ཕྱིན་པ་དང། བཅོམ་ལྡན་འདས་ལ་ལྷའི་ནོར་བུ་རྣམས་ཀྱིས་གཏོར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ ལ་མདུན་གྱིས་བལྟས་ནས་ཤར་ཕྱོགས་སུ་བརྟེན་ཏེ་འདུག་གོ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཡང། གྲུལ་བུམ་དུ་མའི་འཁོར་དང། གྲུལ་བུམ་བརྒྱ་ཕྲག་དུ་མའི་འཁོར་དང། གྲུལ་བུམ་ སྟོང་ཕྲག་དུ་མའི་འཁོར་དང། གྲུལ་བུམ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང། ལྷའི་མུ་ཏིག་གིས་ཐུ་བ་བཀང་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང། བཅོམ་ ལྡན་འདས་ལ་ལྷའི་མུ་ཏིག་གིས་གཏོར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མདུན་གྱིས་བལྟས་ [51B] རྒྱལ་པོ་ཆེན་པོ་མིག་མི་བཟང་ཡང་ཀླུ་དུ་མའི་འཁོར་དང། ཀླུ་བརྒྱ་ཕྲག་དུ་མའི་འཁོར་དང། ཀླུ་སྟོང་ཕྲག་དུ་མའི་འཁོར་དང། ཀླུ་བརྒྱ་སྟོང་ཕྲག་དུ་མའི་ འཁོར་དང། ལྷའི་མེ་ཏོག་ཨུཏྤ་ལ་དང། པདྨ་དང། ཀུ་མུ་ད་དང། པདྨ་དཀར་པོ་དང། མན་དཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ ལྡན་འདས་ལ་ལྷའི་མེ་ཏོག་ཨུཏྤ་ལ་དང། པདྨ་དང། ཀུ་མུ་ད་དང། པདྨ་དཀར་པོ་དང། མན་དཱ་ར་བ་རྣམས་ཀྱིས་གཏོར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མདུན་གྱིས་བལྟས་ནས་ནུབ་ཕྱོགས་སུ་བརྟེན་ཏེ་འདུག་གོ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཀྱང། གནོད་སྦྱིན་དུ་མའི་འཁོར་དང། གནོད་སྦྱིན་ བརྒྱ་ཕྲག་དུ་མའི་འཁོར་དང། གནོད་སྦྱིན་སྟོང་ཕྲག་དུ་མའི་འཁོར་དང། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་ལྷའི་དབྱིག་དང་གསེར་གྱིས་ཐུ་བ་བཀང་སྟེ། བཅོམ་ལྡན་འདས་གང་ ན་བ་དེར་སོང་ནས་ཕྱིན་པ་དང། བཅོམ་ལྡན་འདས་ལ་ལྷའི་དབྱིག་དང་གསེར་གྱིས་གཏོར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་དང་དགེ་སློང་ གི་དགེ་འདུན་ལ་མདུན་གྱིས་བལྟས་ནས། བྱང་ཕྱོགས་སུ་བརྟེན་ཏེ་འདུག་གོ། དེ་ལ་དབུས་པའི་རིགས་ནི། གཉིས་ཡིན་ཏེ། ཡུལ་འཁོར་སྐྱོང་དང་འཕགས་སྐྱེས་པོའོ། །མཐའ་འཁོབ་པའི་ [52A]༄༅། །རིགས་ནི། གཉིས་ཏེ། མིག་མི་བཟང་དང། རྣམ་ཐོས་ཀྱི་བུའོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་ངས་དབུས་པའི་ཆིག་གིས་ཆོས་བཤད་ ན༑ གཉིས་ཁོ་ནས་ཤེས་པར་འགྱུར་གྱི། གཉིས་ཀྱིས་ནི། མི་ཤེས་ལ་གལ་ཏེ་མཐའ་འཁོབ་པའི་ཚིག་གིས་བཤད་ན། གཉིས་ཁོ་ནས་ཤེས་པར་འགྱུར་གྱི། གཉིས་ཀྱིས་ནི། མི་ཤེས་ པས། མ་ལ་ངས་གཉིས་ལ་ནི། དབུས་པའི་ཚིག་གིས་ཆོས་བཤད་དོ་།གཉིས་ལ་ནི། མཐའ་འཁོབ་པའི་ཚིག་གིས་བཤད་དོ། །སྙམ་དུ་དགོངས་ནས། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་ ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། འདི་ལྟར། ལུས་ཞིག་པ་དང་ཚོར་བ་གསིལ་བར་གྱུར་པ་དང། འདུ་ཤེས་འགག་པ་དང། འདུ་བྱེད་རྣམས་ཉེ་བར་ཞི་བར་གྱུར་པ་དང། རྣམ་པར་ ཤེས་པ་ནུབ་པར་གྱུར་པ་དེ་ཉིད་སྡུག་བསྔལ་གྱི་མཐའ་ཡིན་ནོ་།ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ་ན། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་དང། དེ་དང་སྐལ་བ་མཉམ་པའི་དྲི་ཟ་བརྒྱ་ སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་ པོ༑ དེ་ལ། ཁྱོད་ཀྱིས་མཐོང་བ་ལ་མཐོང་བ་ཙམ་དང། ཐོས་པ་དང། རྟོགས་པ་དང། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཙམ་དུ་གྱིས་ཤིག། ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་ [52B] རྒྱལ་པོ་ཆེན་པོ་འཕགས་སྐྱས་པོ་དང། དེ་དང་སྐལ་བ་མཉམ་པའི་གྲུལ་བུམ་བརྒྱ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་རྒྱལ་པོ་ཆེན་པོ་མིག་མི་བཟང་ལ་བཀའ་སྩལ་པ། དེ་ལྟར་ན། རྒྱལ་པོ་ཆེན་པོ། ཨེ་ནི། མེ་ནེ། དབ་ཕེ། ད་ཌབ་ཕེ། འདི་ཉིད་སྡུག་བསྔལ་གྱི་མཐའ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་ བཀའ་སྩལ་པ་ན། རྒྱལ་པོ་ཆེན་པོ་མིག་མི་བཟང་དང། དེ་དང་སྐལ་པ་མཉམ་པའི་ཀླུ་བརྒྱ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་བཀའ་སྩལ་པ། དེ་ལྟར་ན། རྒྱལ་པོ་ཆེན་པོ། མཱ་ཥཱ། ཏུ་ཥཱ། སཾ་ཤཱ་མཱ། སརྦ་ཏྲ་བི་རཱ་ཌཱི། འདི་ཉིད་སྡུག་བསྔལ་གྱི་མཐའ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་ འདི་བཀའ་སྩལ་པ་ན། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང། དེ་དང་སྐལ་པ་མཉམ་པའི་གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །བཅོམ་ལྡན་ འདས་ཀྱིས་དགོངས་པ། ད་ནི། བདག་ཡོངས་སུ་མྱ་ངན་ལས་འདའ་པའི་དུས་ལ་ཁད་ཀྱིས་ཉེ་ན། སུ་ལ་བསྟན་པ་གཏད་ནས། ཡོངས་སུ་མྱ་ངན་ལས་འདའ། གལ་ཏེ་ལྷ་རྣམས་ལ་ནི། ལྷ་རྣམས་ བག་མེད་པ་ལ་དགའ་བ་མང་བས་ཡུན་རིང་དུ་གནས་པར་མི་འགྱུར་རོ་།འོན་ཏེ་མི་རྣམས་ལ་ནི། མི་ནི། ཚེ་ཐུང་བ་ཡིན་པས་དེ་བཞིན་དུ་ཡུན་རིང་དུ་གནས་པར་མི་འགྱུར་གྱི། མ་ལ་ངས་ལྷ་ [53A]༄༅། །དང། མི་རྣམས་དང། དགེ་སློང་འོད་སྲུང་ལ་གཏད་ནས་ཡོངས་སུ་མྱ་ངན་ལས་འདའོ། །སྙམ་དུ་དགོངས་ནས། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་ལ་བཀའ་སྩལ་པ། རྒྱལ་ པོ་ཆེན་པོ། ཁྱོད་ཀྱིས་ང་ཡོངས་སུ་མྱ་ངན་ལས་འདས་པའི་བསྟན་པ་ཤར་ཕྱོགས་ནས་སྲུང་བ་བྱོས་ཤིག། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་ ཀྱང་ལྷོ་ཕྱོགས་ནས་སྲུང་བ་བྱོས་ཤིག། རྒྱལ་པོ་ཆེན་པོ་མིག་མི་བཟང་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་ཀྱང་ནུབ་ཕྱོགས་ནས་སྲུང་བ་བྱོས་ཤིག། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་ བུ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་ཀྱང་བྱང་ཕྱོགས་ནས་སྲུང་བ་བྱོས་ཤིག། དེ་ནས་རྒྱལ་པོ་ཆེན་པོ་བཞི་རབ་ཏུ་དགའ་བའི་ཡིད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ༑ ༑བཅོམ་ལྡན་འདས་ཀྱིས་བཀའ་ཇི་སྐད་སྩལ་པ་དེ་བཞིན་དུ་བགྱིའོ། །བཅོམ་ལྡན་འདས་བདག་ཅག་གིས་བསྲུང་བར་བགྱི་ལགས་སོ་།ཞེས་གསོལ་ནས། བཅོམ་ལྡན་འདས་ལས་བདེན་ པ་མཐོང་ནས་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བསྟན་པ་མཐའ་དག་གི་ བྱ་བ་རྣམས་གཏད་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ། ཡང་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་ཀྱང། བསྟན་པའི་དོན་གྱི་བྱ་བ་ལ་བརྩོན་པར་གྱིས་ཤིག། དགེ་སློང་རྣམས་ཐེ་ཚོམ་ [53B] ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱིས་ལས་ཅི་ཞིག་བགྱིས་ན། ལས་སྡེའི་རྣམ་པར་སྨིན་པས་རྒྱལ་པོ་བཞིར་ གྱུར་ཅིང། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདེན་པ་མཐོང་བར་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། འདི་དག་ཉིད་ཀྱིས། སྔོན་གྱི་ཚེ་རབས་གཞན་ རྣམས་སུ་ལས་རྣམས་བྱས་ཤིང་བསགས་པ་ཚོགས་རྙེད་པ་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག། སྔོན་བྱུང་བ་ བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུ་རྣམས་ཀྱིས་ཚེ་ལོ་ཉི་ཁྲི་ཐུབ་པ་ན། སྟོན་པ་ཞེས་བྱ་བ་ནས་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་ དུ་བྱུང་ངོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེའི་ཚེ་རྒྱ་མཚོ་ཆེན་པོ་ན་ཀླུ་གཉིས་ཤིག་གནས་པ། དབུགས་འབྱིན་དང་དབུགས་ཆེར་འབྱིན་ནོ། །ཤིང་ཤལ་མ་བརྩེགས་པ་ན་ ཡང་ནམ་མཁའ་ལྡིང་གཉིས་ཤིག་ཡོད་པ། འགྲོ་བའི་དབང་ཕྱུག་དང། གཙུག་གི་དབང་ཕྱུག་གོ་གང་གི་ཚེ་དབུགས་འབྱིན་དང་དབུགས་ཆེར་འབྱིན་གཉིས་ལ། དེ་གཉིས་གནོད་ པ་བྱེད་པ་དེའི་ཚེ་དེ་གཉིས་སའི་འོག་ཏུ་འགྲོ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན། དབུགས་འབྱིན་དང། དབུགས་ཆེར་འབྱིན་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ [54A]༄༅། །སྲུང་གི་སྤྱན་སྔར་སྐྱབས་སུ་སོང་ཞིང། བསླབ་པའི་གཞི་རྣམས་བླངས་པ་དང། དེ་གཉིས་ལ་ནམ་མཁའ་ལྡིང་གིས་གནོད་པར་བྱ་བར་བརྩམས་པ་ལས། རི་རབ་ལ་ རླུང་དང། ཆུའི་ཤུགས་བཞིན་དུ་རྡུགས་ནས་སླར་ལོག་པ་དང། དེ་གཉིས་ཀྱིས་སྨྲས་པ། ཤེས་ལྡན་དག། སྔོན་ནི། ཁོ་བོ་ཅག་གིས་ཁྱེད་ཅག་ལ་གནོད་པ་བྱས་ན་སའི་འོག་ཏུ་འགྲོ་ན། ད་ གང་གིས་ན། ཁོ་བོ་ཅག་ཁྱེད་དང་འཕྲད་ནས་རི་རབ་ལ་རླུང་དང་ཆུའི་ཤུགས་བཞིན་དུ་རྡུགས་ནས་ཕྱིར་ལྡོག་པ་འདི་ལ་རྒྱུ་ཅི་ཞིག་ཡོད། དབུགས་འབྱིན་དང། དབུགས་ཆེར་འབྱིན་གཉིས་ཀྱིས་ སྨྲས་པ། བདག་ཅག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་སོ། །དེ་གཉིས་ཀྱིས་སྨྲས་པ། གལ་ཏེ་དེ་ ལྟར་བདག་ཅག་གིས་ཀྱང་བླང་ངོ། །ཞེས་དེ་གཉིས་དེ་དག་དང་ལྷན་ཅིག་འགྲོགས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་དོང་ནས་དེ་དག་ཕྱིན་པ་དང། ཡང་ དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔ་ནས་འཇིག་རྟེན་སྐྱོང་བ་བཞི་པོ་དག་གིས་ཆོས་དེ་ཐོས་ནས་དོང་བ་དེ་དག་དེ་གཉིས་ཀྱིས་མཐོང་ནས་ནམ་མཁའ་ལྡིང་དེ་གཉིས་ཀྱིས། ཀླུ་ དབུགས་འབྱིན་དང། དབུགས་ཆེར་འབྱིན་གཉིས་ལ་དྲིས་པ། འགྲོ་བ་ཕ་བི་དག་སུ་ཡིན། དེ་གཉིས་ཀྱིས་རྒྱས་པར་སྨྲས་པ་དང། ནམ་མཁའ་ལྡིང་གཉིས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟར་ [54B] བདག་ཅག་གིས་ཀྱང། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་ལ་སྨོན་ལམ་གདབ་བོ། །ཞེས་དེ་གཉིས་ཀྱིས་ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་སོ། །དབུགས་འབྱིན་དང་དབུགས་ཆེར་འབྱིན་གཉིས་ནི། སླར་བླངས་སོ། ། དེ་ནས་ལྷན་ཅིག་འདུས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་ལ་གཏུགས་ནས་སྨོན་ལམ་བཏབ་པ། ཇི་ལྟར། འཇིག་རྟེན་སྐྱོང་བ་བཞི་པོ་འདི་དག་གིས་ཡང་ དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་ཆོས་མཉན་ནས་བདེན་པ་མཐོང་སྟེ་རང་གི་གནས་སུ་མཆིས་པ་དེ་བཞིན་དུ། བདག་ཅག་ཀྱང་དགེ་བའི་རྩ་བ་འདིས། འཇིག་རྟེན་ སྐྱོང་བ་བཞིར་གྱུར་ཅིང། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། བྲམ་ཟེའི་ཁྱེའུ་བླ་མ་ཞེས་བགྱི་བ་གང་ལགས་པ་དེ་ལ། བྲམ་ཟེའི་ཁྱེའུ་སྐྱེ་རྒུ་རྣམས་ཀྱིས་ ཚེ་ལོ་བརྒྱ་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པའི་བཅོམ་ལྡན་འདས་དེས་ཀྱང་དེ་ བཞིན་དུ་རྫིང་བུ་དལ་གྱིས་འབབ་ཀྱི་འགྲམ་དུ་བདག་ཅག་ལ་ཆོས་བཤད་དེ། བདག་ཅག་གིས་ཆོས་དེ་ཐོས་ནས་བདེན་པ་མཐོང་སྟེ། འདི་བཞིན་དུ་རང་གི་གནས་སུ་མཆི་བར་གྱུར་ཅིག། ཅེས་ [55A]༄༅། །བྱས་སོ། །དགེ་སློང་དག། ཇི་སྙམ་དུ་སེམས། ཀླུ་དང་ནམ་མཁའ་ལྡིང་བཞི་པོ་གང་ཡིན་པ་དེ་དག་ནི། འཇིག་རྟེན་སྐྱོང་བ་བཞི་པོ་གང་ཡིན་པ་དེ་དག་ཉིད་ཡིན་ཏེ། དེའི་ ཚེ་དེའི་དུས་ཀྱི་དབུགས་འབྱིན་གང་ཡིན་པ་དེ་ནི། ཡུལ་འཁོར་སྐྱོང་འདི་ཉིད་ཡིན་ནོ། །དབུགས་ཆེར་འབྱིན་གང་ཡིན་པ་དེ་ནི། འཕགས་སྐྱེས་པོ་ཡིན་ནོ། །འགྲོ་བའི་དབང་ཕྱུག་ནི། མིག་མི་ བཟང་ཡིན་ནོ། །གཙུག་གི་དབང་ཕྱུག་ནི། རྣམ་ཐོས་ཀྱི་བུ་ཡིན་ཏེ་དེའི་ཚེ་དེའི་དུས་ན་འདི་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང། བསླབ་ པའི་གཞི་རྣམས་བླངས་ཤིང། སྨོན་ལམ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས། འཇིག་རྟེན་སྐྱོང་བ་བཞིར་གྱུར་ཅིང་ངའི་སྤྱན་སྔར་བདེན་པ་མཐོང་བར་བྱས་ནས་རང་གི་ གནས་སུ་སོང་ངོ། །ཆོས་བཤད་པ་དྲང་སྲོང་ཀེ་ནའི་བུས་ཐོས་ནས་མཆོག་ཏུ་དགའ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་མཁྱེན་ནས། གང་ཐོས་ནས་མོད་ལ་དྲང་སྲོང་ཀེ་ནའི་བུས་འཕགས་པའི་བདེན་པ་རྣམས་མངོན་པར་རྟོགས་ནས་ཕྱིར་མི་འོང་བའི་ འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུའི་ཆོས་བཤད་པ་མཛད་དོ་།དེ་ནས་དེ་རྟོགས་པའི་དད་པ་དང་ལྡན་པར་གྱུར་ནས། བཏུང་བ་བརྒྱད་པོ། ཅོ་ཙའི་བཏུང་བ་དང། ཆུ་ཤིང་གི་འབྲས་ [55B] རྒྱ་ཤུག་གི་བཏུང་བ་དང། ཨ་ཤྭ་ཐའི་བཏུང་བ་དང། ཨུ་དུམ་བ་རའི་བཏུང་བ་དང། རྩུབ་འགྱུར་གྱི་བཏུང་བ་དང། འབྲ་གོའི་བཏུང་བ་དང། རྒུན་གྱི་བཏུང་བ་ཁྱེར་ཏེ། བཅོམ་ ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བཏུང་བ་བརྒྱད་པོ་འདི་དག་ནི། སྔོན་གྱི་དྲང་སྲོང་རྣམས་ཀྱིས་བསྟོད་ཅིང་བསྔགས་ པ་ལགས་ཀྱི། བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཀེ་ནའི་བུ་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ནས། བཏུང་བ་བརྒྱད་པོ་ དག་བཞེས་སོ། །བཞེས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། བཏུང་བ་བརྒྱད་པོ་འདི་དག་དུས་སུ་སྦྱིན་ལེན་བྱས། དུས་སུ་མཉེས། དུས་སུ་བཙགས་སོ། །དུས་སུ་བྱིན་གྱིས་ བརླབས་ན། དུས་སུ་ལོངས་སྤྱད་པར་བྱ་ཞིང། དུས་མ་ཡིན་པར་ལོངས་སྤྱད་པར་མི་བྱ་ལ། ནམ་གྱི་ཐུན་དང་པོ་ཐལ་ནས་ལོངས་སྤྱད་པར་མི་བྱའོ། །བཏུང་བ་བརྒྱད་པོ་འདི་དག་དུས་སུ་བྱིན་ལེན་ བྱས་ལ། དུས་མ་ཡིན་པར་མཉེས། དུས་མ་ཡིན་པར་བཙགས། དུས་མ་ཡིན་པར་བྱིན་གྱིས་བརླབས་པ་ན། ལོངས་སྤྱད་པར་མི་བྱའོ། །བཏུང་བ་བརྒྱད་པོ་འདི་དག་དུས་སུ་བྱིན་ལེན་བྱས། དུས་ སུ་མཉེས། དུས་མ་ཡིན་པར་བཙགས། དུས་མ་ཡིན་པར་བྱིན་གྱིས་བརླབས་པ་ནི། ལོངས་སྤྱད་པར་མི་བྱའོ། །བཏུང་བ་བརྒྱད་པོ་འདི་དག་དུས་མ་ཡིན་པར་སྦྱིན་ལེན་བྱས་ལ། དུས་མ་ཡིན་ [56A]༄༅། །པར་མཉེས། དུས་མ་ཡིན་པར་བཙགས་པ་ནི། ཟས་ཀྱི་འོག་ཏུ་ཡང་ལོངས་སྤྱད་པར་མི་བྱ་ལ། ནམ་གྱི་ཆ་སྟོད་འདས་ན་ཡང་ལོངས་སྤྱད་པར་མི་བྱའོ། །དེ་ནས་དྲང་སྲོང་ཀེ་ནའི་ བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གིས་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཀེ་ནའི་བུ་ལ་ཅང་མི་གསུང་ བས་གནང་ངོ། །དེ་ནས་དྲང་སྲོང་ཀེ་ནའི་བུ་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། སྟན་ལས་ལངས་ཏེ་སོང་ངོ། །བཅོམ་ལྡན་འདས་ཀྱང་རྫིང་བུ་དལ་གྱིས་འབབ་ཀྱི་འགྲམ་ ནས་མི་སྣང་བར་མཛད་དེ། དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཨུ་དུ་མར་གཤེགས་སོ། །དེ་ནས་དྲང་སྲོང་ཀེ་ནའི་བུ་ནམ་མ་ལངས་པར་ལངས་ནས་ནང་མི་རྣམས་ལ་སྨྲས་པ། འཕགས་ པ་དག་བཞེངས་ཤིག་བཞིན་བཟང་དག་ལོངས་ཤིག་ཤིང་དག་གཤེགས་ཤིག་མེ་བུས་ཤིག་ཞལ་ཟས་དག་བྲིམ་པར་གྱིས་ཤིག་བཀད་ས་དག་བྱི་དོར་གྱིས་ཤིག་དེའི་ ཚེ་དྲང་སྲོང་ཀེ་ནའི་སྲིང་མོའི་བུ། དྲང་སྲོང་རི་བོ་ཞེས་བྱ་བས་དེ་ཉིད་དུ་ནུབ་མོ་གནས་བཏབ་པ་ལས། དྲང་སྲོང་རི་བོས། དྲང་སྲོང་ཀེ་ནའི་བུ་ནམ་མ་ལངས་པར་ལངས་ནས་ནང་མི་རྣམས་ [56B] །ཐོས་ནས་ཀྱང་དྲང་སྲོང་ཀེ་ནའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང། ཅི། ཁྱོད་ཚངས་པ་མཚུངས་པར་སྤྱོད་པ་རྣམས་མགྲོན་དུ་བོས་སམ། ཡུལ་མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་ གཟུགས་ཅན་སྙིང་པོ་འམ། ཕོ་བྲང་འཁོར་ན་གནས་པའི་སྐྱེ་བོའི་ཚོགས་སམ། དྲང་སྲོང་གི་ཆོས་ཇི་ལྟར་འདོད་པ་ཡོངས་སུ་རྫོགས་སམ། དེས་སྨྲས་པ། རི་བོ། ཁོ་བོ་ནི། ཚངས་པ་མཚུངས་པར་སྤྱོད་ པ་རྣམས་མགྲོན་དུ་བོས་པ་ཡང་མ་ཡིན། ཡུལ་མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡང་མ་ཡིན། ཕོ་བྲང་འཁོར་ན་གནས་པའི་སྐྱེ་བོའི་ཚོགས་ཀྱང་མ་ཡིན། དྲང་སྲོང་གི་ཆོས་ཇི་ལྟར་ འདོད་པ་ཡོངས་སུ་རྫོགས་པ་ཡང་མ་ཡིན་གྱི། འོན་ཀྱང་ཁོ་བོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་སོ། །དེས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་ཐོས་པ་ཐོས་ ནས། བ་སྤུ་ཐམས་ཅད་ཟིང་ཞེས་བྱེད་ནས། གུས་པ་དང་བཅས་པས་དྲིས་པ། དྲང་སྲོང། སངས་རྒྱས་ཞེས་བྱ་བ་དེ། ཅི་ཞིག་ཡིན། རི་བོ། དགེ་སྦྱོང་གོའུ་ཏ་མ་ཤཱཀྱའི་སྲས། ཤཱཀྱའི་རིགས་ལས་སྐྲ་དང་ ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ པ་ཞིག་ཡོད་དེ། རི་བོ། སངས་རྒྱས་ཞེས་བྱ་བ་ནི། དེ་ཡིན་ནོ། །རི་བོས་སྨྲས་པ། དྲང་སྲོང། དགེ་འདུན་ཞེས་བྱ་བ་དེ། ཅི་ཞིག་ཡིན་དྲང་སྲོང་ཀེ་ནའི་བུས་སྨྲས་པ། རི་བོ། རྒྱལ་རིགས་ཀྱི་བུ་རྣམས་ [57A]༄༅། །ལས་ཀྱང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡང་ཡོད། བྲམ་ཟེའི་རིགས་དང། རྗེའུ་རིགས་ དང། དམངས་རིགས་ཀྱི་བུ་རྣམས་ལས་ཀྱང་ཞེས་བྱ་བ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་བྱུང་བ་དེ་ཉིད་ཀྱི་རྗེས་སུ་རབ་ཏུ་བྱུང་བ་ ཡོད་དེ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། རི་བོ། འདི་ནི། དགེ་འདུན་ཞེས་བྱའོ། །རི་བོ། དགེ་འདུན་འདི་དང། སྔར་སྨོས་པའི་སངས་རྒྱས་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ འདི་ཁོ་བོས་གདུགས་ཚོད་ལ་སྤྱན་དྲངས་སོ། །དེ་ནས་དྲང་སྲོང་རི་བོས་སངས་རྒྱས་ལ་དམིགས་པའི་དྲན་པས་ནང་པར་སྔར་ལངས་ཏེ་འཁོར་ལྔ་བརྒྱ་དང་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས། དྲང་སྲོང་རི་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བདག་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པ་ལྟ་ན། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་ པར་སྤྱད་པར་བགྱིའོ། །དྲང་སྲོང་རི་བོ་འཁོར་ལྔ་བརྒྱས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པར་གྱུར་ཏོ།། །། [57B] བམ་པོ་ང་དགུ་པ། དེ་ནས་དྲང་སྲོང་ཀེ་ནའི་བུས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་ཅེས་བྱ་བ་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །ཞེས་བྱ་བའི་ བར་གོང་མ་བཞིན་དུའོ། །དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་བ་ན། རི་བོ་རབ་ཏུ་བྱུང་བ་མཐོང་ནས་དེས་སྨྲས་པ། རི་བོ། ཁྱོད་རབ་ཏུ་བྱུང་ངམ། རབ་ཏུ་བྱུང་ ངོ༑ ༑ལེགས་པར་བྱས་སོ། །ཤིན་ཏུ་ལེགས་པར་བྱས་སོ། །ཁོ་བོ་ཡང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཟིན་ནས་རབ་ཏུ་འབྱུང་ངོ། །དེ་ནས་དྲང་སྲོང་ཀེ་ནའི་བུས་ སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་པ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་ གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ ཡོན་བསྔོ་བ་དང། ཆོས་བཤད་པ་མཛད་ནས་གཤེགས་སོ། །དེ་ནས་དྲང་སྲོང་ཀེ་ནའི་བུས་རྒྱུ་ལྷག་དེ་དག་ཐམས་ཅད་བཏང་བའི་ཆོས་བྱས་ནས། འཁོར་ལྔ་བརྒྱ་དང་བཅོམ་ལྡན་འདས་གང་ན་བ་དེར་ དོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་དྲང་སྲོང་ཀེ་ནའི་བུས་བཅོམ་ལྡན་འདས་ལ་འདི་ [58A]༄༅། །སྐད་ཅེས་གསོལ་ཏོ། །བཙུན་པ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བདག་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པ་ལྟ་ན། བཅོམ་ ལྡན་འདས་ཀྱི་སྤྱན་སྔར་བདག་ཚངས་པར་སྤྱད་པར་བགྱིའོ་།དྲང་སྲོང་ཀེ་ནའི་བུས་འཁོར་ལྔ་བརྒྱ་དང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་པ་དགེ་ སློང་གི་དངོས་པོ་ཐོབ་པར་གྱུར་ཏོ། དེ་ནས་བཅོམ་ལྡན་འདས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་སྟོང་པོ་དེ་དང་འབབ་ཆུ་རབ་ཏུ་བཟང་མོའི་འགྲམ་དུ་ཨ་མྲའི་ཚལ་གདུགས་ལྟ་བུར་ དབྱར་གནས་པར་ཞལ་གྱིས་བཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྲམ་ཟེ་ཀ་བི་ན་ལ་དགེ་སློང་ལྔ་བརྒྱ་གཏད་དོ། །ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་ཉིས་བརྒྱ་ ལྔ་བཅུ་གཏད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ཉིས་བརྒྱ་ལྔ་བཅུ་གཏད་དོ། །དེ་ནས་ཚེ་དང་ལྡན་པ་བྲམ་ཟེ་ཀ་བི་ནས་གདམས་ངག་ཕོག་པ་གང་དག་ཡིན་པ་དེ་དག་ནི། ཉོན་མོངས་པ་ ཐམས་ཅད་སྤངས་ཏེ་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱས་སོ་།ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའི་གང་དག་ཡིན་པ་དེ་དག་ནི། ཕྱིར་མི་འོང་བའི་འབྲས་བུའོ། །ཚེ་དང་ ལྡན་པ་ཤཱ་རིའི་བུའི་གང་དག་ཡིན་པ་དེ་དག་ནི། རྒྱུན་དུ་ཞུགས་པའི་འབྲས་བུའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ [58B] བཙུན་པ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ནི། ཤེས་རབ་ཆེ་བ་རྣམས་དང། ཚེ་དང་ལྡན་བ་མོའུ་འགལ་གྱི་བུ་ཆེན་པོ་ནི། མཐུ་ཆེ་བ་དང་རྫུ་འཕྲུལ་ཆེ་བ་རྣམས་ཀྱི་ མཆོག་ཏུ་བསྟན་ལགས་ན། འོན་ཀྱང་ཚེ་དང་ལྡན་པ་བྲམ་ཟེ་ཀ་བི་ནས་གདམས་ངག་ཕོག་བ་གང་ལགས་པ་དེ་དག་ནི། དགྲ་བཅོམ་པ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའི་གང་དག་ལགས་ པ་དེ་དག་ནི། ཕྱིར་མི་འོང་བའི་འབྲས་བུ། ཚེ་དང་ལྡན་པ་ཤཱ་རིའི་བུའི་གང་དག་ལགས་པ་དེ་དག་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད། ཇི་ལྟར་འདས་པའི་དུས་ན་ཡང་ཀ་བི་ནའི་གདམས་ངག་ཕོག་པ་གང་ཡིན་པ་དེ་དག་ནི། གཟུགས་མེད་པའི་ཁམས་ལ་རབ་ཏུ་བཀོད་ མོའུ་འགལ་གྱི་བུ་ཆེན་པོའི་གང་དག་ཡིན་པ་དེ་དག་ནི། གཟུགས་ཀྱི་ཁམས་དང། ཤཱ་རིའི་བུའི་གང་དག་ཡིན་པ་དེ་ནི། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་ བྱུང་བ། དགོན་པའི་གནས་ཤིག་ན་དྲང་སྲོང་གཉིས་ཤིག་གནས་ཏེ་སོ་སོར་འཁོར་ལྔ་བརྒྱ་ལྔ་བརྒྱ་ཡོད་དོ། །ཇི་ཙམ་དུས་གཞན་ཞིག་ན་དེ་གཉིས་ལས་གཅིག་ཤི་ནས། དེའི་བྲམ་ཟེའི་ཁྱེའུ་ རྣམས་བླ་མ་དང་བྲལ་བའི་སྡུག་བསྔལ་དང། ཡིད་མི་བདེ་བས་གདུངས་ནས་ཕན་ཚུན་འཕྱན་འཕྱན་ནས། དྲང་སྲོང་གཅིག་ཤོས་དེའི་དྲུང་དུ་འོངས་པ་དང། དེས་དེ་རྣམས་མིག་མཆི་མས་གང་ [59A]༄༅། །བ་མཐོང་ནས་དྲིས་པ། བྲམ་ཟེའི་ཁྱེའུ་དག་ཁྱོད་ཀྱི་མཁན་པོ་དེ་གར་སོང། གུམ་མོ། །དེས་བསམ་པ། བདག་འདས་ན་བྲམ་ཟེའི་ཁྱེའུ་རྣམས་འདི་འདྲ་བའི་གནས་ སྐབས་སུ་འགྱུར་གྱི། མ་ལ་བདག་གིས་འདི་དག་བསྡུ་བར་བྱའོ། །སྙམ་ནས། དེས་དེ་རྣམས་དབུགས་ཕྱུང་སྟེ་བསྡུས་སོ། །ཇི་ཙམ་དུས་གཞན་ཞིག་ན། དྲང་སྲོང་དེ་ཡང་ནད་ཀྱིས་ཐེབས་བར་ གྱུར་ནས་དེའི་སློབ་མ་མཆོག་གསུམ་ཡོད་པ་ལ། དེས་གཅིག་ལ་ལྔ་བརྒྱ། གཉིས་པ་ལ་ཉིས་བརྒྱ་ལྔ་བཅུ། གསུམ་པ་ལ་ནི། ཉིས་བརྒྱ་ལྔ་བཅུ་གཏད་དོ། །དེ་ནི། འཆི་བའི་ཆོས་དང་ལྡན་པར་ གྱུར་ཏོ། །དེ་ལ་ལྔ་བརྒྱ་གཏད་པ་གང་ཡིན་པ་དེས་ནི། ཇི་ལྟར་གཟུགས་མེད་པའི་ཁམས་ལ་བཀོད་པ་དེ་ལྟར་གདམས་ངག་ཕོག་གོ་ཉིས་བརྒྱ་ལྔ་བཅུ་གཏད་པ་གང་ཡིན་པ་དེས་ནི། ཇི་ལྟར་གཟུགས་ ཀྱི་ཁམས་ལ་བཀོད་པ་དེ་ལྟར་གདམས་ངག་ཕོག་གོ་ཉིས་བརྒྱ་ལྔ་བཅུ་ཕོག་པ་གཅིག་ཤོས་ཀྱིས་ནི། ཇི་ལྟར་མངོན་པར་ཤེས་པ་ལྔ་ལ་བཀོད་པ་དེ་ལྟར་གདམས་ངག་ཕོག་གོ་དགེ་སློང་དག་ཇི་ སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དྲང་སྲོང་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་གཟུགས་མེད་པའི་ཁམས་ལ་འགོད་པ་གང་ཡིན་པ་དེ་ནི། དགེ་སློང་ཀ་བི་ན་འདི་ཉིད་ཡིན་ནོ། །ཉིས་བརྒྱ་ལྔ་བཅུ་གཟུགས་ཀྱི་ ཁམས་ལ་རབ་ཏུ་འགོད་པ་གང་ཡིན་པ་དེ་ནི། དགེ་སློང་མོའུ་འགལ་གྱི་བུ་འདི་ཉིད་ཡིན་ནོ། །གཅིག་ཤོས་ཀྱིས་ཉིས་བརྒྱ་ལྔ་བཅུ་མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་གང་ཡིན་པ་དེ་ནི། དགེ་ [59B] །འོན་ཀྱང་དགེ་སློང་ཀ་བི་ནས་གདམས་ངག་ཕོག་པ་གང་ཡིན་པ་དེ་དག་ནི། དབང་པོ་རྣོན་པོ་ཡིན་ནོ། །མོའུ་འགལ་གྱི་བུའི་གང་དག་ཡིན་པ་དེ་དག་ནི། དབང་པོ་འབྲིང་པོ་ཡིན་ ནོ༑ ༑ཤཱ་རིའི་བུའི་གང་དག་ཡིན་པ་དེ་དག་ནི། དབང་པོ་རྟུལ་པོ་ཡིན་ནོ། །གལ་ཏེ་ཤཱ་རིའི་བུས་གདམས་ངག་མ་ཕོག་པར་གྱུར་ན། དེ་དག་གིས་དྲོ་བར་གྱུར་པ་ཡང་རྟོགས་པར་མི་འགྱུར་རོ། །ཀེ་ནའི་བུ་ནི་ རལ་པ་ཅན། །ཇི་ལྟར་སངས་རྒྱས་སྔགས་བརྗོད་པ། །རབ་ཏུ་དང་བའི་སེམས་ཀྱིས་ནི། །ཐམས་ཅད་མཐུན་པར་མཉན་པར་གྱིས། །ཀེ་ནའི་བུ་ཡི་ཁྱིམ་དུ་ནི། །དུས་གཅིག་ཅིག་ནི་སྟོན་པ་པོ། །དཔའ་ ཆེན་ཉན་ཐོས་ཐབས་ཅིག་ཏུ། །གདུགས་ཚོད་ལ་ནི་སྤྱན་དྲངས་སོ་།ཀེ་ནའི་བུ་ཡི་ཁྱིམ་དུ་ནི། །ཟས་ཀྱི་ཞལ་ཏ་བྱེད་པ་དག་བྲམ་ཟེ་རི་བོས་མཐོང་གྱུར་ཏེ། །མཐོང་ནས་ཀེ་ནའི་བུ་ལ་དྲིས། །བག་མ་ ལེན་ཏམ་འོན་ཏེ་ཅི། །རྒྱལ་པོ་ཡུལ་འཁོར་མགྲོན་བོས་སམ། །ཁྱོད་ཀྱི་མཆོད་སྦྱིན་ཆེ་དུས་སམ། །དྲིས་པ་དེ་ནི་བདག་ལ་སྨྲོས། །བདག་ནི་བག་མ་མི་ལེན་ལ། །རྒྱལ་པོའམ་ཡུལ་འཁོར་མགྲོན་ མ་བོས། །བདག་གིས་སངས་རྒྱས་སེམས་དཔའ་མཆོག་གདུགས་ཚོད་ལ་ནི་སྤྱན་དྲངས་སོ། །རི་བོ་སངས་རྒྱས་སྒྲ་ཐོས་ནས། །ཡིད་སྐྱོ་བ་ནི་སྐྱེས་གྱུར་ཏེ། །སངས་རྒྱས་དེ་ཅི་ཀེ་ནའི་བུ། །དྲིས་པ་ དེ་ནི་བདག་ལ་སྨྲོས། །ཤཱཀྱའི་རིགས་ལས་སྐྱེས་པ་ཡི། །སྟོན་པ་གང་ཟག་ཟླ་མེད་ཡོད། །དེ་ནི་ཆོས་ཀུན་བློ་ལྡན་པས། །དེ་བས་སངས་རྒྱས་ཞེས་བྱའོ། །འདུས་བྱས་འཇིག་པར་འགྱུར་བའི་ཆོས། ། [60A]༄༅། །འདས་པ་སངས་རྒྱས་ཀྱིས་གཟིགས་ལ། །དེ་བཞིན་མ་འོངས་པ་གཟིགས་ཤིང། །ད་ལྟར་བྱུང་བ་རྣམས་ཀྱང་གཟིགས། །མངོན་ཤེས་བྱ་བ་ཇི་སྙེད་པ། །དེ་ཀུན་རྟོགས་ པས་ཐམས་ཅད་རིག་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །དེ་བས་སངས་རྒྱས་ཞེས་བྱའོ། །མངོན་པར་ཤེས་བྱ་མངོན་ཤེས་བྱས་།བསྒོམ་པར་བྱ་བ་རྣམས་ཀྱང་བསྒོམས། ། སྤང་བར་བྱ་རྣམས་སྤངས་པས་ན། །དེ་བས་སངས་རྒྱས་ཞེས་བྱའོ། །གང་ཞིག་བལྟམས་པར་གྱུར་པ་ན། །རྒྱ་མཚོ་རི་བོར་བཅས་པ་ཡི། །ས་འདི་རབ་ཏུ་གཡོ་མཛད་པ། །དེ་ལ་ཐལ་སྦྱར་ ཕྱག་འཚལ་ལོ། །གང་གིས་བདུད་དང་ནག་པོ་ཡི། །རྩ་ལག་བཞོན་བཅས་བཅོམ་ནས་ནི། །དེ་བཞིན་གཤེགས་ཀྱི་སྟོབས་ཐོབ་པ། །དེ་ལ་ཐལ་སྦྱར་ཕྱག་འཚལ་ལོ། །ཝཱ་ར་ཎཱ་སིའི་གྲོང་ བཞུད་ནས། །གང་གིས་རྣམ་པ་བཅུ་གཉིས་པའི། །ཆོས་ཀྱི་འཁོར་ལོ་དེ་བསྐོར་བ། །དེ་ལ་ཐལ་སྦྱར་ཕྱག་འཚལ་ལོ། །གང་གིས་འདོད་ཆགས་བཅིང་བས་བཅིངས། །འདོད་ཆགས་ ཞེ་སྡང་གིས་གདུངས་པའི། །སེམས་ཅན་མང་པོ་གྲོལ་མཛད་པ། །དེ་ལ་ཐལ་སྦྱར་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་གང་ཞིག་རྣམ་འདྲེན་དེ་ནི་ཇི་སྲིད་ན། །ཤཱཀྱའི་སྲས་ པོ་འོད་མཛད་ལ། །དེ་རིང་ཉིད་ནས་སྐྱབས་སུ་འགྲོ། ཚལ་སྡུག་ཡིད་དུ་འོང་བ་དེ། །གང་ན་བར་ནི་བྲམ་ཟེའི་ཆོས། །དྲི་ཟའི་རྒྱལ་པོ་ལྟ་བུ་ཡི། །སངས་རྒྱས་བླ་མེད་མཐོང་བར་འགྱུར། །ན་བཟའ་ [60B] །གསེར་འོད་ཉི་མའི་འོད་ཟེར་ཅན། །དེ་བཞིན་གསེར་ནི་བཙོ་མ་ཡི། །གསེར་ལས་གཟུགས་ནི་བྱས་པ་བཞིན། །སཱ་ལ་ཤིང་གི་མེ་ཏོག་དང། །ཀར་ནི་ཀ་རའི་མེ་ཏོག་འདྲ། །རིན་ཆེན་ སྣ་ཚོགས་སྤྲས་པ་ཡི། །རིན་ཆེན་མཆོད་སྡོང་ཇི་བཞིན་ནོ། །ནྱ་གྲོ་དྷ་ལྟ་བུར་ནི། །ཆུ་ཞེང་གབ་པར་གྱུར་བ་དང། །ཁོར་ཡུག་འདོམ་གང་འོད་ཀྱིས་ནི། །ཀུན་ནས་སྣང་བ་དག་ཏུ་མཛེས། །རྒྱལ་སྲིད་རྒྱལ་ དང་ཉེ་དུར་བཅས། །འདོད་པ་ཀུན་དགའ་སྤངས་ནས་ནི། །རབ་ཏུ་བྱུང་བར་མངོན་བྱུང་བའི། །ཐོབ་པ་དབེན་པ་རྣམས་ལ་དགྱེས། །སྤོས་ངད་ལྡང་བའི་སེང་གེ་ནི། །ནགས་སུ་འཇིགས་པ་མེད་པ་ལྟར། །སེང་གེ་ ལྟ་བུར་བསྙེངས་མེད་གསུངས། །བྲམ་ཟེ་སངས་རྒྱས་མཐོང་བར་འགྱུར། །ཞལ་འཛུམ་འཇམ་པའི་གསུང་དང་ནི། །ཚངས་པའི་གསུང་དང་སྙན་པའི་གསུང། །རྔ་ཡི་སྒྲ་ཡི་གསུང་ལྟ་བུའི། །སངས་རྒྱས་བྲམ་ ཟེ་མཐོང་བར་འགྱུར། །ཟླ་བ་དག་པ་ནམ་མཁའ་ལ། །རྒྱུ་སྐར་རྣམས་ཀྱིས་ཡོངས་བསྐོར་བའི། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡི་།སངས་རྒྱས་བྲམ་ཟེ་མཐོང་བར་འགྱུར། །ཉི་མའི་འོད་ཟེར་དང་ལྡན་པ། ། ནམ་མཁའི་ངོས་ལ་མཛེས་པ་ལྟའི། །སངས་རྒྱས་མུན་དང་བྲལ་གྱུར་ཅིང། །མཛེས་པ་བྲམ་ཟེ་མཐོང་བར་འགྱུར། །ཇི་ལྟར་བྱ་བའི་ཁྱུ་མཆོག་ནི། །ནོག་དང་ལྡན་པའི་གཡོག་གནས་ལྡན། །སྐྱེས་བུ་ཁྱུ་ མཆོག་སྟོབས་བཅུ་ལྡན། །སངས་རྒྱས་བྲམ་ཟེ་མཐོང་བར་འགྱུར་།རྒྱ་མཚོ་དག་ནི་གཏིང་ཟབ་པའི། །ཆུ་ཆེན་ཚད་གཟུང་མེད་པ་ལྟའི། །སངས་རྒྱས་བསམ་གཏན་པ་ཡི་མཆོག་བསམ་གྱིས་མི་ [61A]༄༅། །ཁྱབ་བླ་མེད་མཐོང། །ནག་པོའི་ཕྱོགས་ལས་ངེས་བྱུང་བའི། །ཉི་མ་མཁའ་ལ་གསལ་བ་དང། །མེ་ཡི་ཕུང་པོ་འབར་བ་ལྟའི། །གོའུ་ཏམ་སངས་རྒྱས་མཐོང་བར་འགྱུར། །ཇི་ལྟར་ འཁོར་ལོ་སྒྱུར་རྒྱལ་པོ། །ཞམ་རིང་བྱེད་པས་ཡོངས་བསྐོར་ལྟར་།དེ་བཞིན་རྫོགས་པའི་སངས་རྒྱས་ནི། །དགྲ་བཅོམ་རྣམས་ཀྱིས་མདུན་བྱས་མཛེས། །འདོད་པ་རྣམས་ལ་དབང་སྒྱུར་དང། །ཇི་ལྟར་ ཚངས་ཆེན་དབང་ཕྱུག་ལྟར། །སྟོང་གསུམ་གྱི་ནི་འཇིག་རྟེན་ཁམས་།ཐུབ་པ་དབང་ནི་སྒྱུར་བར་མཛད། །གང་ཐོས་ཉེ་བར་ཞི་འགྱུར་ཞིང། །སྡུག་བསྔལ་མཚོ་ཆེན་ལས་སྒྲོལ་བ། །སྡུག་བསྔལ་རྣམ་ པ་དུ་མ་དང། །སྡུག་བསྔལ་ཀུན་འབྱུང་གང་ཡིན་དང། །སྡུག་བསྔལ་ཉེ་བར་ཞི་བ་དང། །ལམ་ནི་ཡན་ལག་བཞི་ཚན་གཉིས་།སྦྲང་རྩི་མ་བསྐོལ་རོ་ལྟ་བུའི། །བདེན་པ་དག་ནི་རབ་ཏུ་ འཆང། །ནོར་མེད་རྣམས་ལ་ནོར་སྦྱིན་ཞིང། །ནད་པ་རྣམས་ཀྱི་དཔྱད་ཀྱང་མཛད། །གནོད་པ་རྣམས་ཀྱི་སྐྱབས་གྱུར་པས། །སྐྱེ་རྒུ་སྡུག་བསྔལ་གྲོལ་བར་མཛད། །མུན་པར་གྱུར་པའི་ སེམས་ཅན་དང། །བླུན་པོ་ལམ་གོལ་རྒྱུ་བ་དང། །བདེ་བ་མྱ་ངན་འདས་འགྲོ་བའི། །ལམ་ནི་དྲང་པོ་རབ་ཏུ་སྟོན། །འདོད་ཆགས་ཞེ་སྡང་ཀུན་འབར་ཞིང། །གཏི་མུག་རབ་འབར་སྐྱེ་ རྒུ་རྣམས། །ཇི་ལྟར་སྤྲིན་ཆེན་ཆར་འབེབས་ལྟར། །ཐུབ་པ་ཆེན་པོས་ཞི་བར་མཛད། །གཟུགས་དང་ཁ་དོག་སྟོབས་ལྡན་པས། །དེ་དང་འདྲ་བ་ཡོད་མ་ཡིན། །སྐུ་མཁྲེགས་སྟོབས་ [61B] །རི་བོ་བཞིན་དུ་ཤིན་ཏུ་གནས། །རྙེད་དང་མ་རྙེད་བདེ་སྡུག་དང། །སྨད་པ་དང་ནི་བསྟོད་པ་དང། །གྲགས་པ་དང་ནི་མ་གྲགས་པས། །ཆུ་ཡིས་པདྨ་བཞིན་མ་གོས། །སྲོག་གཅོད་ པ་ནི་རྣམ་སྤངས་ཏེ། །མ་བྱིན་པ་ལ་དགའ་མི་བྱེད། །བདེན་པ་གསུང་ཞིང་ཚངས་པར་སྤྱོད། །དེ་ནི་ཕྲ་མ་སྤངས་པ་ཡིན། །ཚིག་རྩུབ་དག་ནི་མི་གསུང་ཞིང། །དུས་སུ་བབ་པར་འཇམ་པོར་གསུངས། །དེ་ནི་ འདོད་ལ་བརྣབ་སེམས་མེད། །སྐྱེ་བོ་རྣམས་ལ་དེ་སེམས་བྱམས། །ཡང་དག་ལྟ་བ་ཕུན་སུམ་ཚོགས། །ཏིང་ངེ་འཛིན་སྟོབས་སྤྱོད་ཡུལ་བ་།བསམ་གཏན་ཆེན་པོ་མངོན་ཤེས་དྲུག་རྫུ་འཕྲུལ་ གྱིས་ནི་མཁའ་ལ་གཤེགས། །ལྷ་དང་མི་ཡི་སྒྲ་དག་ནི། །གང་ཡིན་རྣམ་པ་སྣ་ཚོགས་གསན། །ཉོན་མོངས་ཅན་ནམ་དགེ་ཀྱང་རུང། །ཕ་རོལ་གྱི་ནི་སེམས་ཀྱང་མཁྱེན། །གང་དང་གང་དུ་སྔོན་ གནས་པ། །སྔོན་གྱི་གནས་ལ་མཁས་པ་དང། །སེམས་ཅན་འགྲོ་དང་འོང་བ་ཡི། །འཆི་འཕོ་དང་ནི་སྐྱེ་བ་མཁྱེན། །ཟག་པ་ཟད་ཅིང་མི་ལྡན་པས། །ཉེར་ཞི་ཤིན་ཏུ་མྱ་ངན་འདས། །དབང་པོ་ཞི་ཞིང་ ཐུགས་ཞི་བ། །མཚོ་ནི་གང་བ་བཞིན་དུ་གནས། །པདྨའི་རྫིང་ན་གླང་པོ་ཆེ། །པདྨ་དྲུག་ཅུ་ལོན་པ་ལྟར། །མཐོང་ན་ངོམས་ནི་མི་ཤེས་པས། །བྲམ་ཟེ་དགའ་བ་ཐོབ་པར་འགྱུར། །རི་བོ་བཅོམ་ལྡན་འདི་འདྲ་ སྟེ༑ ༑དེ་ཡི་སྐུ་ནི་སྐྱེས་ཆེན་གྱི། །སུམ་ཅུ་རྩ་གཉིས་མཚན་མངའ་ཞིང། །གཟི་བརྗིད་མེ་ཡི་ཕུང་པོ་བཞིན། །གང་གིས་ལོ་བརྒྱ་ཚང་བར་ནི། །སྐྱོབ་པའི་བསྔགས་པ་བརྗོད་བྱས་ཀྱང། །དེ་བཞིན་ [62A]༄༅། །གཤེགས་པ་ཚད་མེད་པས། །དེས་ནི་མཐར་ཕྱིན་མི་འགྱུར་རོ་།བྲམ་ཟེ་གང་གིས་དེ་མཐོང་བ། །དེ་ཡི་རྙེད་པ་བླ་ན་མེད། །གང་གིས་མཐོང་ནས་སྐྱབས་སོང་བ། །དེ་ཡི་རྙེད་ པ་དེ་བས་འཕགས། །བྲམ་ཟེ་རི་བོ་ཐུབ་ཆེན་གྱི། །བསྔགས་པ་ཐོས་ནས་སྐྱོ་བར་གྱུར། །དབེན་པའི་སེམས་ཀྱི་རྟོག་པ་ཡིས། །ཀེ་ནའི་བུ་ལ་འདི་སྐད་སྨྲས། །མར་གྱུར་པ་ལ་བདག་གིས་ནི། །དེ་འདྲའི་ བསྔགས་པ་ཐོས་མ་མྱོང། །ཀེ་ན་འཆད་པ་དང་སྦྱར་ན། །དེ་ནི་འཇིག་རྟེན་ཀུན་གྱི་གཙོ། །ཚོང་པ་ནོར་དག་དོན་གཉེར་བ། །ཁྱོད་ཀྱིས་ང་རྒྱལ་རྒྱལ་མཚན་སྤོངས། །དེ་ལ་བཀུར་སྟི་གུས་བྱོས་དང། ། བྲམ་ཟེ་དགའ་བ་འཐོབ་པར་འགྱུར། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཡི་།སློབ་མ་དག་གིས་མདུན་བདར་ཏེ། །སངས་རྒྱས་བཞུགས་པ་བཟང་པོ་དེར། །བྲམ་ཟེ་རི་བོ་སོང་བར་གྱུར། །ལྷ་རྣམས་ཀྱི་ནི་དགའ་ ཚལ་ལྟར། །མེ་ཏོག་ཤིང་ནི་ཕུན་སུམ་ཚོགས། །རྣམ་པར་དབེན་ཞིང་སྒྲ་མེད་ཅིང། །བྱ་ཡི་ཚོགས་ཀྱིས་བསྙེན་གྱུར་པ། མི་མིན་གདུག་པ་མེད་རྒྱུ་བ། །ཤཱཀྱའི་སྲས་ཀྱིས་བསྟེན་པ་ཡི། །ཆོས་ཀྱི་རྒྱལ་ པོའི་གནས་སུ་ནི། །དེ་ནས་བྲམ་ཟེས་ཞུགས་པར་གྱུར། །མ་དུལ་འདུལ་བ་ཁ་ལོ་སྒྱུར། །སྐྱེས་བུ་དམ་པ་མཐོང་ནས་ནི། །རི་བོ་ཡིས་ནི་ཚིག་གསོལ་པ། །ཤེས་ལྡན་ཇི་ག་སྙུན་མི་མྔའམ། །ཀ་ལ་ པིངྐའི་སྒྲ་དབྱངས་ཅན། །སངས་རྒྱས་སྙན་ཅིང་གསལ་བའི་བཀས། །རི་བོ་ལ་ནི་སླར་གསུངས་པ། །ང་ལ་ནད་ནི་ཡོད་མིན་ཏེ་།ཉེས་པ་མེད་ཅིང་སྒྲིབ་པ་མེད། །ཐེ་ཚོམ་ཐམས་ཅད་རྣམ་པར་བཅད། ། [62B] །ང་ནི་ཟག་མེད་ཐལ་བ་མེད་།འཇིག་རྟེན་ན་ནི་རྡུལ་མེད་རྒྱུ། །གཙང་ཞིང་དག་ལ་དྲི་ང་མེད་།དེས་ན་བྲམ་ཟེ་ང་གཙང་སྟེ། །འཁོན་དང་འཇིགས་པ་ཀུན་ལས་བརྒལ། །རི་ བོ་ཁྱོད་ཀྱང་འོངས་པ་ལེགས། །སྟན་འདི་ལ་ནི་ལེགས་པར་འདུག་བྲམ་ཟེ་ཇི་ག་བདེ་འམ་ཁྱོད། །ལུས་ནི་ངལ་བར་མ་གྱུར་མོད། །དཔའ་བོ་ཆེན་པོ་ཁྱོད་མཐོང་བས། །ཐུབ་པ་ཆེན་པོ་དེ་ལྟར་བདེ། །རྒྱན་ རྣམས་ཀྱིས་ནི་བརྒྱན་པ་ལྟར། །ཡིད་ནི་རབ་ཏུ་དགའ་བ་ཡིས། །དེ་དང་རྗེས་སུ་འཚམ་པའི་གཏམ། །རིམ་པ་བཞིན་དུ་བྱས་ནས་ནི། །དེ་ནས་བྲམ་ཟེ་འཛེམ་པ་དང། །དམན་པའི་ཡིད་ཀྱིས་འདུག་པར་ གྱུར། །ཀློག་པ་དང་ནི་གསང་ཚིག་འཛིན། །རིག་བྱེད་གསུམ་གྱིས་རིགས་མཐར་ཕྱིན། །བྲམ་ཟེ་རི་བོ་འདུག་ནས་ནི། །ཐུབ་པའི་མཚན་ལ་རྟོག་པར་བྱེད། །འཇིག་རྟེན་གྱི་ནི་མགོན་པོ་ཡི། །སྐུ་ལ་མཚན་ ནི་སུམ་ཅུ་མཐོང། །ལྗགས་སྲབ་འདོམས་སྦ་སྦུབས་ནུབ་པ། །གཉིས་ལ་རི་བོ་ཐེ་ཚོམ་ཟ། །ཐུབ་པ་ཆེན་པོའི་མཚན་རྣམས་ལ། །ཐེ་ཚོམ་ཡིད་གཉིས་གྱུར་ནས་ནི། །རྫོགས་པའི་སངས་རྒྱས་ཉི་མའི་རིགས་ བདེན་པའི་མཚན་ལ་ཡོངས་ཞུས་པ། །ཐུབ་པ་ཆེན་པོའི་མཚན་རྣམས་ནི། །སུམ་ཅུ་རྩ་གཉིས་ཐོབ་པ་གང། །གོའུ་ཏམ་ཁྱོད་ཀྱི་སྐུ་དག་ལ། །གཉིས་ནི་གཡར་སྔར་མ་བབ་བོ། །མི་ཡི་དམ་པ་ འདོམས་ཀྱི་ནི། །སྦ་བ་སྦུབས་སུ་ནུབ་ལགས་སམ། །ལྗགས་བཟང་ཞེས་ནི་བགྱི་བ་ཡང། །ཇི་ག་ཐུང་བ་མ་ལགས་གྲང། །ཐུབ་ཆེན་བདག་གིས་ཅི་ནས་ཀྱང། །ལྗགས་རིང་གློ་བར་ཆུད་འགྱུར་ [63A]༄༅། །བར། །ལྗགས་སྲབ་མྱུར་དུ་བརྐྱང་མཛད་དེ། །བདག་གི་ཐེ་ཚོམ་བསལ་དུ་གསོལ། །རྣམ་པར་འདྲེན་རྣམས་འཇིག་རྟེན་དུ། །བརྒྱ་ལམ་ན་ནི་ལན་ འགའ་འབྱུང། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །ཐུབ་པ་ཆེན་པོ་དཀོན་པ་ལགས། །སོས་ཀ་སྐོམ་པ་ཆབ་དང་ནི། །བཀྲེས་པ་ལ་ནི་གཡར་ཟས་དང། །ནད་པ་སྨན་ལ་ཇི་ལྟ་བར། །སྟོན་ པ་ལ་ནི་བཀུར་སྟི་བགྱིད། །ཀ་ལ་པིངྐའི་སྒྲ་དབྱངས་ཅན། །སངས་རྒྱས་སྙན་ཅིང་གསལ་བའི་བཀས། །རི་བོ་ལ་ནི་སླར་གསུངས་པ་།བྲམ་ཟེ་ཐེ་ཚོམ་སྤངས་བར་གྱིས། །ལྗགས་ཀྱིས་སྤྱན་དང་ སྙན་དག་ནི། །རབ་ཏུ་ཁེབས་པར་ལྗགས་རིང་གིས། །ཞལ་གྱི་དཀྱིལ་འཁོར་ཁེབས་པར་མཛད། །རྫུ་འཕྲུལ་བཞི་ལ་མཁས་པ་ཡི། །རྫུ་འཕྲུལ་གྱིས་ཀྱང་བསྟན་མཛད་པས། །ཐུབ་པའི་འདོམས་ སྦ་སྦུབས་ནུབ་པ། །བྲམ་ཟེ་རི་བོས་མཐོང་བར་གྱུར། །ཐུབ་པ་ཆེན་པོའི་མཚན་རྣམས་ལ། །ཐེ་ཚོམ་མེད་ཅིང་ཟུག་རྔུ་ཕྱུང། །སེམས་ཀྱི་རྟོག་པ་རབ་དགའ་ནས། །རི་བོ་ཡིས་ནི་ཚིག་གསོལ་ པ། །སུམ་ཅུ་གཉིས་དང་དཔེ་བྱད་རྣམས། །བདག་གིས་གསང་ཚིག་ལས་ཐོས་པ། །དེ་ཀུན་ཁྱོད་ཀྱི་སྐུ་འདི་ལ། །ཡོངས་སུ་རྫོགས་ཏེ་མ་ཚང་མེད། །དགེ་དང་ལྡན་པས་སྤྱོད་པ་བཟང། ། ལེགས་པར་འཁྲུངས་པས་བལྟ་ན་སྡུག་ཉན་ཐོས་དགེ་འདུན་དབུས་ན་ནི། །གདུགས་བ་དལ་བ་ནི་ལྟ་བུར་མཛེས། །དམ་པར་བསྔགས་པ་ཁྱོད་ལ་ནི། །དགེ་སྦྱོང་དངོས་པོས་ཅི་ཞིག་བགྱི། ། [63B] །དཔུང་གི་ཡན་ལག་བཞི་དག་དང། །རིན་ཆེན་བདུན་དང་ལྡན་པ་ཡིན། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་འོས། །ས་བདག་རྒྱལ་པོ་མཛད་ནས་ནི། །ས་སྟེང་འཁོར་ ལོས་བསྒྱུར་བ་མཛོད། །རི་བོ་ང་ནི་རྒྱལ་པོ་སྟེ། །ཆོས་ཀྱི་རྒྱལ་ཆེན་བླ་ན་མེད། །ང་ནི་ས་ཡི་དཀྱིལ་འཁོར་འདིར། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད། །ང་ཡི་རིགས་ནི་རྒྱལ་རིགས་ཏེ། །ང་ནི་དགེ་བའི་ རིགས་ལས་འཁྲུངས། །བདུད་དཔུང་བཅས་པར་བཅོམ་ནས་ནི། །རྫོགས་པའི་བྱང་ཆུབ་དམ་པ་ཐོབ། །བྲམ་ཟེ་ང་དྲན་འཁོར་ལོ་སྟེ། །ང་ཡི་ཤེས་རབ་བློན་པོ་ཡིན། །བརྩོན་འགྲུས་ཤུགས་མགྱོགས་ རྟ་ཕོ་ནི། །བཏང་ན་དང་ལ་འབྱུང་བ་ཡིན། །ང་ཡི་ནོར་བུ་དམ་པ་ནི། །ཏིང་འཛིན་མུན་པ་གསལ་བྱེད་ཡིན། །བཏང་སྙོམས་གླང་ཆེན་དམ་པ་སྟེ། །བསྐུལ་ན་དང་ལ་རྒྱུག་པ་ཡིན། །ཆགས་བཅས་བུད་ མེད་འདོད་པ་ལྟར། །བྲམ་ཟེར་ང་དགའ་འདོད་པ་ཡིན། །བྲམ་ཟེ་ང་ཡི་ཁྱིམ་བདག་ནི། །ཤིན་ཏུ་སྦྱངས་ནོར་དམ་པ་ཡིན། །ང་ཡི་བྱང་ཆུབ་ཡན་ལག་བདུན། །འཇིག་རྟེན་ཀུན་འདས་རིན་ཆེན་དེས། ། ལོང་བར་གྱུར་ཅིང་གཉིད་ལོག་པའི། །སྐྱེ་རྒུ་འདི་དག་སད་པར་བྱ་།ཕྱོགས་རྣམས་ཀུན་ནས་ང་རྒྱལ་བས། །ང་ལ་བསྡོ་བའི་དགྲ་ཡོད་མིན། །ཉོན་མོངས་ཚོགས་རྣམས་འཇོམས་པ་ཡི། །འཁོར་ བཞི་པོ་དག་ང་ཡི་སྲས། །རྫུ་འཕྲུལ་ཀུན་དགའ་ཕུན་སུམ་ཚོགས་།ལམ་གྱི་བཞི་མདོར་སྤྲུལ་པ་བྱས། །མདོ་སྡེ་སྐྱེས་པའི་རབས་དག་བཀྲམ། །སྐྱེས་བུ་ཆེན་པོ་རྣམས་ཀྱིས་བསྟེན། །རྣམ་ [64A]༄༅། །ཐར་གསུམ་པོ་སྒོ་མོ་ཅན། །དྲན་པའི་སྲུང་མ་རྣམས་ཀྱིས་བསྲུངས། །ངོ་ཚ་ཁྲེལ་ཡོད་ཀྱིས་གཡོགས་པའི། །གྲོང་ཁྱེར་སྔོན་གྱི་སངས་རྒྱས་ཀྱིས། །བསྟེན་པ་དག་ཏུ་ དེ་བཞིན་གཤེགས། །རྒྱལ་པོ་ང་ནི་བཞུགས་ནས་སུ། །ང་ཡི་ཆོས་ཀྱིས་གཡུལ་སྤྲད་དེ། །ཆོས་ཀྱི་རྔ་ཆེན་བརྡུངས་ནས་ནི། །བདུད་རྣམས་མཐའ་དག་བཅོམ་བྱས་ཏེ། །ང་ནི་བྱང་ཆུབ་ཕྱིར་ དབང་བསྐུར། །ཚད་མེད་པ་དག་རབ་བསྒོམས་པ། །ང་ཡི་རྒྱན་དུ་བདོག་པ་ཡིན། །ཚངས་པའི་གནས་པ་བཞི་པོ་ཡིས། །ཉོན་མོངས་པ་དག་རབ་ཏུ་བཟློག་ཕ་རོལ་རབ་ཏུ་རྒོལ་བཅོམ་སྟེ། ། རྣམ་པར་བཅོམ་ཞིང་རྨེག་མེད་བྱས། །སྲོག་ཆགས་རྣམས་ལ་འཇིག་རྟེན་འདིར། །སྣང་བ་སྦྱིན་ཞིང་ཡང་དག་སྤྱད། །ང་ནི་བདེན་པར་གནས་བཅས་ནས། །ཡེ་ཤེས་ཀྱིས་ནི་མཚོན་གྱིས་བཅད། ། རྫུ་འཕྲུལ་རྐང་པ་གནས་ཡིན་ཏེ། །ཞི་གནས་དག་ནི་འཛིན་སྟངས་ཡིན། །ཚུལ་ཁྲིམས་ཤིང་རྟ་སྒྲ་སྙན་ལ། །ང་ཡི་ལྷག་མཐོང་ཁ་ལོ་སྒྱུར། །བཟོད་དང་དེས་པའི་གོ་བགོས་ནས། །ལམ་ བསྒོམས་པས་ན་གཡུལ་ངོར་ནི། །གང་གིས་སྒྲིབ་པ་འཇོམས་པ་ཡི་།དབང་པོ་ལྔ་ཡི་དོང་པ་དང། །གང་གིས་ཉོན་མོངས་ཐེག་འཇུད་པའི། །ཡང་དག་སྤོང་བ་བཞི་པོ་ཡིས། །ངས་ནི་ དཔའ་བོའི་གཡུལ་སྤྲད་དེ། །ཆོས་ཀྱི་རྔ་བོ་ཆེ་བརྡུངས་ནས་།བདུད་དཔུང་བཅས་པར་བཅོམ་བྱས་ཏེ། །ང་ནི་བྱང་ཆུབ་དབང་བསྐུར་ཏོ། །རིག་པས་མ་རིག་བཅོམ་ནས་ནི། །ཕུང་པོ་སྐྱེ་ཞིང་ [64B] །གཡུལ་གྱི་རྩེ་མོ་བརྒལ་ཏེ་ང། །སྐྱེ་རྒུ་བྱང་ཆུབ་ཕྱིར་སངས་རྒྱས། །གང་གིས་སྐྱེ་རྒུ་གནོད་བྱེད་པ་།འཇིག་རྟེན་ཆོམ་རྐུན་ཆེན་པོ་གསུམ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ དེ་ཀུན་ང་ཡིས་བཅོམ་པས་ན། །མངོན་ཤེས་ཀུན་གྱི་སྟོབས་བྱུང་བས་།ང་ནི་དགྲ་བཅོམ་ཡོན་གནས་འོས། །ཞིང་གཤིན་པ་ལ་ཞུགས་པ་ཡིས་།སྦྱིན་སྲེག་རྣམས་ཀྱང་ལེན་པ་ཡིན། །བརྩོན་འགྲུས་ དམ་པ་བརྩམས་ནས་ནི། །ངས་ནི་ཟག་པ་རྣམས་བཅོམ་མོ། །ཆུ་བོ་ཆེ་ལས་བརྒལ་ནས་ནི། །བསྒྲལ་པའི་ཕྱིར་ནི་གནས་པ་ཡིན། །ཇི་ལྟར་སེང་གེ་མཆེ་བའི་སྟོབས། །ནགས་སུ་སྲོག་ཆགས་དང་ ཕྲད་ནས། །ཆུང་དང་འབྲིང་དང་ཆེན་པོའང་རུང། །དེ་ལ་མཚུངས་པར་སྣུན་པ་ལྟར། །མི་ཡི་སེང་གེ་རྣམ་འདྲེན་པ། །རྫོགས་སངས་དེ་བཞིན་འཇིག་རྟེན་ནི། །བྱིས་པའམ་འབྲིང་ངམ་ཆེན་པོ་ལ། ། མཉམ་པར་ཆོས་ནི་སྟོན་པར་མཛད། །གོའུ་ཏམ་ཁྱོད་ཀྱིས་འདི་རུ་ནི་།ནད་པ་བདག་གི་ཐེ་ཚོམ་སོལ། །ཟུག་རྔུ་འབྱིན་པ་རྣམས་དང་ནི་།མིག་མཁན་རྣམས་ཀྱི་མཆོག་ཁྱོད་ལགས། །ཁྱོད་ཀྱི་ ཐེ་ཚོམ་བསལ་བར་བྱས། །བྲམ་ཟེ་ཁྱོད་ནི་འདུན་པར་གྱིས། །གྲགས་ལྡན་རྫོགས་པའི་སངས་རྒྱས་རྣམས། །མཐོང་བ་རྙེད་པར་དཀའ་བ་སྟེ། །གང་ཞིག་འདི་ནི་རྙེད་དཀའ་བ། །བརྒྱ་ལམ་ན་ནི་ ལན་འགའ་འབྱུང། །བྲམ་ཟེ་རྫོགས་པའི་སངས་རྒྱས་ང། །ཆོས་ཀྱི་རྒྱལ་པོ་བླ་མེད་ཡིན། །དེ་བཞིན་གཤེགས་ལ་རིས་གསོལ་བ། །རྫོགས་སངས་རྒྱས་ཞེས་བཀའ་སྩལ་ཏེ། །མ་འདྲེས་ [65A]༄༅། །འཁོར་ལོ་བསྐོར་མཛད་ན། །གོའུ་ཏ་མ་ཇི་སྐད་གསུང་བ་བཞིན། །ཁྱོད་ཀྱིས་འཁོར་ལོ་བསྐོར་བ་གང། །རྗེས་སུ་མཁས་པ་བསྐོར་བགྱིད་པ། །སྟོན་པ་ཉིད་ འཁྲུངས་ཉན་ཐོས་ནི། །སྡེ་དཔོན་དག་ཏུ་སུ་འགྱུར་ལགས། །བྲམ་ཟེ་ང་ལ་ཉན་ཐོས་ནི། །ཤེས་རབ་མཚུངས་པའི་སྲས་ཡོད་པ། །ཉེ་རྒྱལ་ཞེས་ནི་གྲགས་པའོ། །མང་དུ་ཐོས་པ་ཤཱ་རིའི་བུ། ། མདུད་པ་ཀུན་ལས་རྣམ་གྲོལ་བ། །ཉེར་ཞི་ཟག་པ་མེད་ཡོད་དེ། །ངས་ནི་འཁོར་ལོ་གང་བསྐོར་བ། །མཁས་པ་རྗེས་སུ་བསྐོར་བས་བྱེད། །ཨེ་མའོ་སངས་རྒྱས་ཆོས་དང་ནི། །ཨེ་མའོ་ ཉན་ཐོས་ཕུན་སུམ་ཚོགས། །ཨེ་མའོ་རིན་ཆེན་དམ་པ་གསུམ། །འཇིག་རྟེན་བྱུང་བ་ངོ་མཚར་ཆེ། །བཟང་པོ་ཁྱོད་ཀྱི་ཉན་ཐོས་སུ་།བདག་གིས་གཡར་གྱིས་བླངས་བགྱིས་ལ། །ཀྱེ་མའོ་ ཆོས་ཀྱི་བཅུད་འཚལ་ནས། །ཤིན་ཏུ་མྱ་ངན་འདས་པར་བགྱི། །སེམས་རྟོག་རབ་ཏུ་དགའ་གྱུར་ནས། །དེ་ནས་བྲམ་ཟེ་སྐྱོ་གྱུར་ཏེ། །དབེན་པ་འདོད་པའི་སེམས་ཀྱིས་ནི། །འཁོར་ལ་ འདི་སྐད་ཅེས་སྨྲས་སོ། །ནགས་ན་སེང་གེ་སྒྲ་འབྱིན་ལྟར། །བསམ་གཏན་ཆེན་པོ་ཟུག་རྔུ་འབྱིན། །སྤྱན་དང་ལྡན་པས་ཅི་གསུངས་པ་།འདི་ནི་ཤེས་ལྡན་དག་ཉོན་ཅིག་གང་དག་འདོད་ པ་རྗེས་སུ་སོང། །གང་དག་མི་འདོད་དེ་དག་དེངས། །ཤེས་ལྡན་མཆོག་གི་བསྟན་པ་ལ། །དེ་རིང་ཁོ་ནར་རབ་འབྱུང་ངོ། །ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང། །ལམ་ཉིད་ཤིན་ཏུ་གོམས་ [65B] །བག་ཡོད་པ་ལ་གནས་པ་ཡི། །རབ་བྱུང་འབྲས་བུ་བཅས་པར་འབྱུང། །གལ་ཏེ་ཁྱེད་ཅག་རབ་འབྱུང་ཞིང། །བསྙེན་པར་རྫོགས་པར་འདོད་ན་ནི། །བྲམ་ཟེ་རལ་པ་འདིར་བྲེགས་ཏེ། །བདག་ ཅག་རབ་ཏུ་འབྱུང་བར་བྱ། །སེམས་རྟོག་རབ་ཏུ་མགུ་གྱུར་ནས། །སོར་མོ་བཅུ་ཡིས་ཐལ་སྦྱར་ཏེ། །བླ་གོས་ཕྲག་པ་གཅིག་གཟར་ནས། །བྲམ་ཟེ་རི་བོས་དེ་གསོལ་པ། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ པོ༑ ༑འདི་དག་ཐལ་སྦྱར་འཁོད་པ་ནི། །ཐུབ་ཆེན་རབ་ཏུ་འབྱུང་བ་དང། །བསྙེན་པར་རྫོགས་པར་ཐོབ་པར་འཚལ། །དེ་ནས་སྟོན་པར་ཐུགས་རྗེ་ཅན། །དྲང་སྲོང་ཆེན་པོ་ཐུགས་བརྩེ་བས། །དགེ་ སློང་ཚུར་ཤོག་བཀའ་སྩལ་པས། །དེ་དག་བསྙེན་པར་རྫོགས་པར་གྱུར། །ཤེས་རབ་ཆེན་པོ་ཤཱ་རིའི་བུ། །རྫུ་འཕྲུལ་ལྡན་པ་མོའུ་འགལ་དང། །དགའ་ཡོད་གནས་བརྟན་ཀ་པི་ནི། །སྤོབས་པ་ རྟོགས་པར་ཁོང་དུ་ཆུད། །ཆུ་བོ་བཟང་པོའི་འགྲམ་དུ་ནི། །ཡིད་དུ་འོང་བའི་ཚལ་ཁྲོད་དུ། །སྤོབས་པ་བྱང་བའི་གནས་བརྟན་གྱིས་།དེ་དག་ལ་ནི་གདམས་ངག་ཕོག་དེར་ནི་དེ་ལས་ཆོས་ཀྱི་ གཏམ། །རྗེས་སུ་མཐུན་པར་དེ་ཤེས་ནས། །རིང་པོར་མ་ཐོགས་རྣམ་གྲོལ་ཏེ། །དམ་པའི་དོན་ལ་རབ་ཏུ་བཀོད། །དེ་དག་མཐོང་ཐོབ་བདེ་གྱུར་པས། །མཐོང་བའི་ཆོས་ལ་མྱ་ངན་འདས། །སངས་ རྒྱས་འཇིག་རྟེན་འདྲེན་པ་ལ། །རབ་ཏུ་མགུ་བས་ཕྱག་བྱས་སོ། །དམ་པའི་ཆོས་དང་ཚོགས་གཙོ་དང། །རྒྱལ་བས་བསྔགས་པའི་བསླབ་པ་དང། །ཏིང་ངེ་འཛིན་དང་བགེད་པ་དང། །བག་ཡོད་ [66A]༄༅། །པ་ལ་ཕྱག་བྱས་སོ། །དེ་བས་བདག་ལ་ཕན་འདོད་པའམ་།བདག་ཉིད་ཆེན་པོ་མངོན་འདོད་པས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བཀུར་སྟི་བྱོས་ལ་སྐྱབས་ སུ་དེངས། །འདི་ན་དེ་ཉིད་གཟིགས་པ་ཡིས། །འཇིག་རྟེན་ན་ནི་སྐྱབས་སུ་བསྔགས། །གནོད་པ་རྣམས་ཀྱིས་སྐྲག་པ་ལ། །བདེ་བ་ཀུན་ནི་རབ་སྦྱིན་མཛད། །ཆོས་ཀྱི་རྒྱལ་པོ་ཉི་མའི་གཉེན།། སངས་རྒྱས་བསྟན་པ་ཆོས་ཀྱི་ནི། །བདག་ཉིད་ཆེན་པོ་མཆོག་གྱུར་ལ། །ཐར་པ་འདོད་པས་རྟག་ཏུ་བསྟེན། །ཀེ་ནའི་བུའི་ཚིགས་སུ་བཅད་པ་རྫོགས་སོ།། །།དེ་ནས་བཅོམ་ ལྡན་འདས་ཡུལ་ཀ་ཤི་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ། ཀ་ཤིའི་ཚོང་རྡལ་དུ་བྱོན་ཏོ། །ཀ་ཤིའི་ཚོང་རྡལ་དེ་ན། སྔོན་འབྲེག་མཁན་བྱེད་བྱེད་པ་རབ་ཏུ་བྱུང་བ་ཕ་སྤད་གཉིས་ཤིག་ཡོད་པ་ལས་ བུས་སྨྲས་པ། ཕ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་ཀ་ཤིའི་ལྗོངས་རྒྱུ་ཞིང་གཤེགས་ནས་གཙུག་ལག་ཁང་དུ་བྱོན་པ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་ འདུན་སྐུ་མཉེལ་གྱི། མ་ལ་བདག་ཅག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ནས་ཐུག་ལ་སྤྱན་དྲངས་ན། དེ་ལ་ཅི་ཁྱོད་ཐུག་པ་སྟ་གོན་བྱེད་དམ། འོན་ཏེ་དགེ་ སློང་གི་དགེ་འདུན་སྤྱན་འདྲེན། དེས་སྨྲས་པ། ཁྱོད་སོང་ལ་དགེ་སློང་གི་དགེ་འདུན་སྤྱན་དྲོངས་ཤིག། ང་ནི། ཐུག་པ་སྟ་གོན་བྱེད་དོ། །དེས་དགེ་སློང་གི་དགེ་འདུན་སྤྱན་དྲངས་སོ། ། [66B] ཚོང་དུས་སུ་སོང་བ་ལས་དེས་དེ་ན་ཚོང་དཔོན་ཞིག་སྐྲ་དང་ཁ་སྤུ་རིང་བ་མཐོང་ནས་དེས་དེ་ལ་མེ་ལོང་བསྟན་པ་དང། དེས་སྨྲས་པ། འཕགས་པ། འདི་ལྟ་བུའི་མཁྱེན་ པ་ཡང་མངའ་འམ། དེས་སྨྲས་པ། ཡོད་དོ། །གལ་ཏེ་མངའ་ན་བྲེགས་ཤིག་དེས་བྲེག་[*BREGS]པར་བརྩམས་པ་དང། ཁྱིམ་བདག་གཉིད་ལོག་ནས་བྲེགས་ཟིན་པ་དང་སད་དོ། །དེས་སྨྲས་པ། འཕགས་ པ༑ བྲེགས་ལགས་སམ། ཁྱིམ་བདག། བྲེགས་ཟིན་ཏོ། །དེ་མགུ་ནས་སྨྲས་པ། འཕགས་པ། བདག་ལྷག་པར་གློ་བ་དགའ་བས། ཁྱོད་མཆོག་ཅི་བཞེད་པ་འདོན་ཏོ། །དེས་སྨྲས་པ། ཁོ་བོས་ སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ནས་ཐུག་ལ་སྤྱན་དྲངས་ཀྱི། ནས་ཐུག་བྱིན་ཅིག། དེས་སྨྲས་པ། འཕགས་པ། ནས་ཐུག་ལྟ་ཁྱོད་ལ་ཅི་རུང། བཟའ་བ་དང། བཅའ་བ་བསོད་ པ་དག་དབུལ་གྱི། བཞུད་ལ་སྤྱན་དྲོངས་ཤིག་ནད་མེད་པར་གྱུར་ཅིག་ཅེས་སྨྲས་ནས་དེ་སོང་ངོ། །དེ་ནས་ཁྱིམ་བདག་དེས་གཙང་ཞིང་བསོད་པ་ཞེས་བྱ་བ་ནས་དགེ་སློང་གི་དགེ་འདུན་གྱི་གུང་ ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཟའ་བ་དང། བཅའ་བ་བསོད་པ་དག་བྲིམ་པ་ན་དགེ་སློང་རྣམས་ཀྱིས་བསམ་པ། བདག་ཅག་ ངན་པ་ལ་མགྲོན་དུ་བོས་ན། ཁ་ཟས་བསོད་པ་འདི་བདག་ཅག་གིས་ཇི་ལྟར་བླང་ཞེས། དེ་རྣམས་ཀྱིས་མ་བླངས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་ [67A]༄༅། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ངན་པ་ལ་མགྲོན་དུ་པོས་ལ། ཁ་ཟས་བསོད་པ་རྙེད་ན་ལོངས་སྤྱད་པར་བྱ་སྟེ། ད་ལ་འགྱོད་པར་མི་བྱའོ། །བཅོམ་ ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི། དགེ་སློང་དག་རིགས་དང་མཐུན་པའི་སྣོད་ཐོགས་པ་ལས་གྱུར་གྱི། དེ་ལྟ་བས་ན་དགེ་སློང་གིས་རང་གི་བཟོ་བསྟན་པར་མི་ བྱ༑ རིགས་དང་མཐུན་པའི་སྣོད་ཀྱང་བསྲེལ་བར་མི་བྱའོ། །བསྲེལ་ན་འགལ་ཚབས་ཅན་དུ་འགྱུར་རོ། །སྔོན་སྨན་པ་ཡིན་ན། གཙའ་ཁབ་ཀྱི་སྣོད་བསྲེལ་བ་དང། སྔོན་ཡི་གེ་པ་ཡིན་ན། རམ་ ཕྱིས་བསྲེལ་བ་དང། བཟོ་མཁན་རབ་ཏུ་བྱུང་བ་ཁབ་རལ་བསྲེལ་བ་ནི། མ་གཏོགས་སོ། །བཅོམ་ལྡན་འདས་གྱད་ཡུལ་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ། སྡིག་ཅན་དུ་བྱོན་ནས། སྡིག་ཅན་ ན་སྲིན་བུ་བད་པའི་ཚལ་སྟུག་པོ་ན་བཞུགས་སོ། །སྡིག་ཅན་ན་ཚེ་དང་ལྡན་པ་ཀུན་དགའ་བོའི་ཞང་པོ་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་ཞེས་བྱ་བ་ཞིག་གནས་པ་དེ་ཤིན་ཏུ་མ་དད་པ་ཞིག་སྟེ་ བཅོམ་ལྡན་འདས་སྡིག་ཅན་གྱི་གྱད་ཡུལ་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ་སྡིག་ཅན་དུ་བྱོན་ནས། སྡིག་ཅན་ན་སྲིན་བུ་པད་པའི་ཚལ་སྟུག་པོ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག། བཅོམ་ལྡན་འདས་གྱད་ཡུལ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན། སྡིག་ཅན་དུ་བྱོན་ནས། སྡིག་ཅན་ན་སྲིན་བུ་པད་པའི་ཚལ་སྟུག་པོ་ན་ [67B] །ཞེས་ཐོས་ཀྱི། གལ་ཏེ་བདག་ཅག་རེ་རེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ན། གཞན་གྱིས་སྐབས་མི་རྙེད་པར་འགྱུར་པས། ཡེ་ཁྲིམས་ཤིག་ བཅའ་བར་བྱ་སྟེ། བདག་ཅག་སུས་ཀྱང་གཅིག་པུས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་བར་མི་བྱ་ཞིང། བདག་ཅག་འདུས་པ་ཁོ་ནས་གདུགས་ཚོད་གསོལ་བར་ བྱའོ། །བདག་ཅག་ལས་གང་ཞིག་གཅིག་པུ་ཁོ་ནས་གདུགས་ཚོད་གསོལ་ན། དེ་ལ་ཚོགས་ཀྱིས་ཀརཤ་པ་ཎ་དྲུག་ཅུའི་ཆད་པས་གཅད་དོ། །དེ་ནས་སྡིག་ཅན་གྱི་གྱད་ཐམས་ཅད་འདུས་ནས། བཅོམ་ ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་པ་དང། བཅོམ་ལྡན་ འདས་ཀྱིས་ཆོས་དང་ལྡན་པའི་གཏམ་གྱིས་སྡིག་ཅན་གྱི་གྱད་རྣམས་ལ་ཞེས་བྱ་བ་ནས་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ སྡིག་ཅན་གྱི་གྱད་རྣམས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་སང་བདག་ཅག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། བཅོམ་ལྡན་ [68A]༄༅། །འདས་ཀྱིས་སྡིག་ཅན་གྱི་གྱད་རྣམས་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་སྡིག་ཅན་གྱི་གྱད་རྣམས་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་ བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། སྟན་ལས་ལངས་ཏེ་སོང་ངོ། །དེ་ནས་གྱད་སྣ་ ཆེན་པོ་ལ་གཏོགས་པ་འོད་ལྡན་ནི། དེ་ཉིད་ན་འདུག་པ་དང། དེ་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། འོད་ལྡན་ཁྱོད་དད་པར་གྱུར་ཏམ་ཅི། དེས་སྨྲས་པ། བདག་དད་པར་མ་གྱུར་མོད་ཀྱི་ འོན་ཀྱང་ཚོགས་ཀྱི་ཁྲིམས་སུ་བཅས་པ་ཞེས་བྱ་བ་ནས། ཀརཤ་པ་ཎ་དྲུག་ཅུའི་ཆད་པས་གཅད་དོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། ཁྱོད་ཆད་པས་འཇིགས་ནས་བཅོམ་ལྡན་འདས་ལ་བལྟ་བའི་ ཕྱིར་འོངས་པ་ལྟ་ཞིག། བཙུན་པ། དེ་ལྟ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་ཁྲིད་དེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ ནས་ཕྱིན་པ་དང། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་འདི་ནི། སངས་རྒྱས་ལ་མངོན་པར་མ་དད། ཆོས་ལ་མ་ལགས། དགེ་ འདུན་ལ་མ་ལགས་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་འདི་སངས་རྒྱས་ལ་མངོན་པར་དད་ཅིང། ཆོས་དང་དགེ་འདུན་ལ་མངོན་པར་དད་པར་འགྱུར་པ་དེ་ལྟར་ཆོས་ལེགས་པར་བཤད་དུ་གསོལ་ [68B]གསུང་བས་གནང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་ལ་གང་ཐོས་པས་གྱད་སྣ་ཆེན་པོ་ལ་གཏོགས་ པ་འོད་ལྡན་སངས་རྒྱས་ལ་མངོན་པར་དད། ཆོས་དང། དགེ་འདུན་ལ་མངོན་པར་དད་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་དོ་།དེ་ནས་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་སྟན་ལས་ ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་པ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་དེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་ སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། འོད་ལྡན། ང་སྔར་སྡིག་ཅན་གྱི་གྱད་རྣམས་ཀྱིས་སྤྱན་དྲངས་ ཟིན་ཏོ། །བཅོམ་ལྡན་འདས་གནང་བར་མཛོད་ཅིག་དང། ཇི་ལྟར་སྡིག་ཅན་གྱི་གྱད་རྣམས་བཏུབ་པ་དེ་ལྟར་བདག་བགྱིད་དོ། །འོད་ལྡན། གལ་ཏེ་སྡིག་ཅན་གྱི་གྱད་རྣམས་བཏུབ་ན། དེ་ བཞིན་དུ་ངས་ཁྱོད་ལ་གནང་ངོ། །དེ་ནས་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ནས། སྟན་ལས་ལངས་ཏེ་ཆས་ནས་ སྡིག་ཅན་གྱི་གྱད་རྣམས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་སྡིག་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་རེ་ཞིག་སྡོད་ཅིག། བདག་གིས་ཐོག་མར་བཅོམ་ [69A]༄༅། །ལྡན་འདས་དང། དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ནས། དེའི་འོག་ཏུ་ཁྱེད་ཅག་གིས་ཀྱང་བཅོམ་ལྡན་འདས་དང། དགེ་སློང་གི་དགེ་འདུན་གདུགས་ ཚོད་གསོལ་ན་དཀའ་བར་མི་འགྱུར་རོ། །དེ་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་གིས་སྔར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཟིན་པས། ཁོ་བོ་ཅག་མི་ཉན་ཏོ། །དེས་ སྨྲས་པ། ཇི་སྟེ་མི་བཏུབ་ན། བཅའ་བ་དང་བཏུང་བ་རེ་རེ་ཞིང་བྲིམ་མོ། །དེ་ན་མ་དད་པ་གང་ཡིན་པ་དེ་དག་གིས་སྨྲས་པ། མི་གནང་ངོ། །དད་པ་ཅན་གང་ཡིན་པ་དེ་དག་གིས་སྨྲས་པ། ཤེས་ ལྡན་དག། འདི་དད་པ་མེད་པ་ཞིག་ལས། འདིས་དགེ་འདུན་མངའ་བའི་ཡོན་དག་འབུལ་བར་འགྱུར་བས་གནང་ངོ། །ཞེས་དེ་རྣམས་ཀྱིས་དེ་ལ་གནང་ངོ། །དེ་ནས་དེས་གཡོས་མཁན་ དག་བཀུག་སྟེ་བསྒོ་བ། ཤེས་ལྡན་དག། ཁོ་བོས་ཡོ་བྱད་ཐམས་ཅད་སྦྱར་གྱི། བཅའ་བ་གཅིག་པུ་གང་ཁོ་ནས་འགྲངས་པར་འགྱུར་བ་དེ་ལྟ་བུའི་སྟ་གོན་གྱིས་ཤིག། དེས་དྲི་ཞིམ་པོ་ སྣ་ཚོགས་ཀྱི་རྫས་ལ་སོགས་པ་དང་ལྡན་པའི་ཡོ་བྱད་རྣམས་ཕོག་པ་དང། དེ་རྣམས་ཀྱིས་དྲི་ཞིམ་པོ་སྣ་ཚོགས་ཀྱིས་ཡོངས་སུ་རྒྱས་པ་རེ་རེས་རེ་རེ་འགྲངས་པར་འགྱུར་པའི་བཅའ་བ་གང་ཡིན་ པ་དག་བྱས་སོ། །དེ་ནས་སྡིག་ཅན་གྱི་གྱད་རྣམས་ཀྱིས་ནུབ་མོ་ནས་གཙང་ཞིང་བསོད་པའི་ཞེས་བྱ་བ་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ་ཞེས་བྱ་ [69B] །དེ་ནས་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་གྱིས་བཅའ་བ་དང། བཏུང་བ་བྲིམ་པར་བརྩམས་པ་དང། དགེ་སློང་རྣམས་འགྱོད་བས་ལོངས་མ་སྤྱད་དོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཡོན་བདག་ལ་བལྟ་བར་བྱའོ། །དགེ་སློང་རྣམས་ཀྱིས་སྡིག་ཅན་གྱི་གྱད་རྣམས་ལ་བལྟས་པ་དང། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དག། གྱད་སྣ་ཆེན་པོ་ ལ་གཏོགས་པ་འོད་ལྡན་གྱིས་བདག་ཅག་བསླུས་ལགས་ཀྱི། བཞེས་ཤིག་དེ་ནས་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་གྱིས་བཅའ་བ་བྲིམས་པ་དང། དེ་ཁོ་ནས་དགེ་སློང་རྣམས་འགྲངས་ཏེ་ བཅོམ་ལྡན་འདས་ཀྱིས་ཡོན་བསྔོ་བ་མཛད་དེ་གཤེགས་པས། སྡིག་ཅན་གྱི་གྱད་རྣམས་ཀྱི་ཟས་དེ་དག་ལོངས་མ་སྤྱད་པར་གྱུར་ཏོ། །ཉི་མ་གཞན་ཞིག་ལ་དགེ་སློང་རྣམས་བསོད་སྙོམས་ལ་ཞུགས་པ་ དང༑ བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་སྨྲས་པ། སངས་རྒྱས་ཚུར་སྤྱོན། ཆོས་ཚུར་སྤྱོན། དགེ་འདུན་ཚུར་སྤྱོན། འདི་དག་སྣོམས་ཤིག། དགེ་སློང་རྣམས་འགྱོད་པས་མ་བླངས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཅི། ཁོ་བོ་ལ་སྦྱིན་ནམ། འོན་ཏེ་བཅོམ་ལྡན་འདས་རྐང་གཉིས་རྣམས་ཀྱི་མཆོག་གང་ཡིན་པ་དེ་ལ་དབུལ་ཞེས་དྲི་བར་བྱའོ། །གལ་ཏེ་བཅོམ་ལྡན་འདས་རྐང་གཉིས་ རྣམས་ཀྱི་མཆོག་གང་ཡིན་པ་དེ་ལའོ་ཞེས་སྨྲ་ན། བདག་གིར་མི་བྱའོ། །འོན་ཏེ་བདག་ཅག་གི་སངས་རྒྱས་ནི། ཁྱོད་ཉིད་ལགས་སོ་ཞེས་སྨྲ་ན། བླང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེ་བཞིན་ [70A]༄༅། །དུ་ཆོས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་གང་ཡིན་པ་དེ་ལའམ་ཞེས་བརྗོད་པར་བྱ་ཞིང། དགེ་འདུན་ཚོགས་རྣམས་ཀྱི་མཆོག་གང་ཡིན་པ་དེ་ལའམ་ཞེས་རྒྱས་པར་ སྦྱར་པར་བྱའོ། །གླེང་གཞི་ནི། མཉན་ཡོད་ནའོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བསྲོ་ཁང་ལ་སྤྱན་དྲངས་སོ། །དེའི་ཚེ་ཚེ་དང་ལྡན་པས་རི་ཞེས་བྱ་བ་ གཞོན་ནུ་ཐོར་བུ་ལང་ཚོལ་བབ་པ། རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ། བསྙེན་པར་རྫོགས་ནས་རིང་པོ་མ་ལོན་པ། ཆོས་འདུལ་བ་འདིར་འོངས་ནས་རིང་པོ་མ་ལོན་པ་དེས་བསམ་པ། བཅོམ་ལྡན་ འདས་ཀྱིས་གང་གིས་ཉུང་དུ་བྱིན་པ་དང། གང་གིས་མང་དུ་བྱིན་པ་དང། གང་གིས་བཟང་པོ་བྱིན་པ་དང། གང་གིས་ཡིད་དགའ་བས་ལས་བྱས་པ་དང། གང་གིས་རབ་ཏུ་དང་བའི་སེམས་ཀྱིས་ རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་ནི། བསོད་ནམས་ཀྱི་སྐལ་བ་ཅན་དུ་འགྱུར་རོ། །ཞེས་གསུངས་ཀྱི། མ་ལ་བདག་གིས་ཀྱང་ལས་ཤིག་བྱའོ་སྙམ་ནས་དེས་ཤིང་གཤེག་པར་བརྩམས་པ་ལས་ ཇི་ཙམ་ན། ཤིང་རུལ་པ་ཞིག་གི་སེར་ཀ་ནས་སྦྲུལ་གདུག་པ་ཞིག་བྱུང་ནས། རྐང་པ་གཡས་པའི་མཐེ་བོ་ལ་ཟིན་པ་དང། དེ་དུག་གི་ཤུགས་ཀྱིས་བརྒྱལ་ནས་ས་ལ་འགྱེལ་ཏེ། ལྦུ་བར་སྐྱུག་ཅིང་ བཞིན་ཡང་གྱུར། མིག་ཀྱང་གྱུར་ཏེ། དེ་དེ་ལྟར་སྡུག་བསྔལ་བ་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨྲས་པ། ཤེས་ལྡན་དག། འདི་ཁྱིམ་བདག་སུ་ཞིག་གི་བུ་ཡིན། གཞན་དག་ [70B] ཆེ་གེ་མོ་ཞིག་གིའོ། །དེ་དག་གིས་སྨྲས་པ། དགེ་སྦྱོང་ཤཱཀྱའི་སྲས་མགོན་མེད་པ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་གི། གལ་ཏེ་རབ་ཏུ་མ་བྱུང་བར་གྱུར་ན། ཉེ་དུ་རྣམས་ཀྱིས་འདི་ལ་དཔྱད་ བྱེད་པ་ཞིག་ཅེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་པ་ལ་དྲིས་ལ་དཔྱད་བྱོས་ཤིག། དགེ་སློང་དག་གིས་སྨན་ པ་ལ་དྲིས་པ་དང། དེས་སྨྲས་པ། འཕགས་པ། སྦྱར་བའི་ཟས་གསོལ་ཅིག་པའི་སྐབས་དེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ པས་བསྟན་ན་སྦྱིན་པར་བྱའོ། །དགེ་སློང་དག་གིས་ཟས་སྦྱར་བ་ཇི་ལྟ་བུ་ཡིན་པ་མ་ཤེས་ནས། དེ་རྣམས་ཀྱིས་སྨན་པ་ལ་དྲིས་པ་དང་དེས་སྨྲས་པ། འཕགས་པ་དག། ཁྱོད་ཉིད་ཀྱི་སྟོན་པ་བཅོམ་ ལྡན་འདས་ནི། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་ཁོ་ན་ཡིན་ཏེ། དེ་ཉིད་མཁྱེན་ཏོ་ཞེས་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དགེ་སློང་དག། ཟས་སྦྱར་བ་ནི། ལྕི་བ་དང། གཅིན་དང་ཐལ་བ་དང། སའོ། །དེ་ལ་ལྕི་བ་ནི། བྱུང་ནས་རིང་པོ་མ་ལོན་པའི་བེའུ་རྣམས་ཀྱིའོ། །གཅིན་ཡང་དེ་ཁོ་ནའོ། །ཐལ་བ་ནི། ཤིང་ ལྔ་པོ། ཀན་ཙ་ནིའི་དང། ཀ་པི་ད་ཀའི་དང། ཨ་ཤྭ་ཐའི་དང། ཨུ་དུམ་ཝ་རའི་དང། ནྱ་གྲོ་དཧའི་འོ། །ས་ནི། ས་ལས་སོར་བཞིའི་འོག་ནས་ཕྱུང་བའོ། །འདི་ནི། སྦྱར་བའི་ཟས་ཡིན་ནོ། །དེ་ནས་དགེ་ [71A]༄༅། །སློང་རྣམས་ཀྱིས་ཚེ་དང་ལྡན་པ་ས་རི་ལ་ཟས་སྦྱར་བ་བྱིན་ན། འོན་ཀྱང་སོས་པར་མ་གྱུར་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་ང་ལས་རྨ་བྱ་ཆེན་མོའི་རིག་སྔགས་བཟུང་ནས་ཀུན་ཆུབ་པར་བྱས་ཏེ་དགེ་སློང་ས་རི་ལ་སྲུང་བ་དང། ཡོངས་སུ་བསྐྱབ་པ་དང་ ཡོངས་སུ་བཟུང་བ་དང། དུག་གཞིལ་བ་དང། ཆད་པ་སྤང་བ་དང་དུག་བསད་པ་དང། མཚམས་བཅད་པ་དང། ས་བཅིང་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ་ མཉན་ཏེ་བགྱིའོ།། །།འདུལ་བ་གཞི། བམ་པོ་དྲུག་ཅུ་པ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རྨ་བྱ་ཆེན་མོའི་རིག་སྔགས་འདི་དག་བཀའ་སྩལ་ཏོ། །སངས་ རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཨ་མ་ལེ། བི་མ་ལེ། ནིར་མ་ལེ་མངྒ་ལེ། ཧི་ར་ཎྱེ། ཧི་ར་ཎྱེ། གརྦྷེ། བྷ་དྲེ། སུ་བྷ་དྲེ། ས་མནྟ་ བྷ་དྲེ། ཤྲཱི་བྷ་དྲེ། སརྦ་ཨརྠ་སཱ་དྷ་ནི། པཱ་ར་མཱརྠ་སཱ་དྷ་ནི། སརྦ་ཨ་ནརྠ། པྲ་ཤ་མ་ཎི། སརྦ་མངྒ་ལ་སཱ་དྷ་ནི། མ་ན་སེ། མ་ན་སེ། མ་ཧཱ་མ་ན་སེ། ཨ་ཙྱུད་ཏེ། ཨད་བྷཱུ་ཏེ། ཨ་ད་ཏྱེད་བྷཱུ་ཏེ། མུ་ཀ་ཏེ། མོ་ ཙ་ནི། མོ་ཀྵ་ནི། ཨ་ར་ཛེ། བི་ར་ཛེ། ཨ་མྲི་ཏེ། ཨ་མ་རེ། ཨ་མ་ར་ཎི། བྲཧྨེ། བྲཧྨ་སྭ་རེ། པཱུ་ར་ཎེ། པཱུརྞ། མ་ནོ་ར་ཐེ་མུ་ཀ་ཏེ། ཛཱི་ཝ་ནྟེ། ས་རིའི་གནོད་པ་དང། འཇིགས་པ་དང། ནད་ཐམས་ [71B] བཙུན་པ། བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་རྨ་བྱ་ཆེན་མོའི་རིག་སྔགས་བླངས་ནས། དགེ་སློང་ས་རི་ལ་བདེ་ལེགས་ སུ་འགྱུར་བར་བྱས་པས། དུག་མེད་ནས་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ ལྡན་འདས། ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་རྨ་བྱ་ཆེན་མོའི་རིག་སྔགས་སྨན་པ་དང། གཅེས་སྤྲས་བགྱིད་པ་ངོ་མཚར་ཆེ་ལགས་སོ་།དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་ཏེ། ཇི་ལྟར་འདས་ པའི་དུས་ན་ཡང་ང་ལོག་པར་ལྟུང་བའི་ལུས་མི་ཁོམ་པར་གྱུར་པ་ན། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོས་ཕན་པ་དང། གཅེས་སྤྲས་བྱས་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ། རིའི་རྒྱལ་པོ་ གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་ཞིག་གནས་ཏེ། དེ་ནང་པར་རྨ་བྱ་ཆེན་མོའི་རིག་སྔགས་འདིས་བདེ་ལེགས་སུ་འགྱུར་བ་བྱས་ཏེ། ཉིན་མོ་བདེ་ལེགས་སུ་ གནས། ནུབ་ཀར་བདེ་ལེགས་སུ་འགྱུར་བ་བྱས་ཏེ། མཚན་མོ་བདེ་ལེགས་སུ་གནས་སོ། །དེ་དུས་གཞན་ཞིག་ན་འདོད་པའི་འདོད་ཆགས་ལ་ལྷག་པར་ཆགས། འདོད་པ་རྣམས་ལ་ཞེན་ འཆུམས། བརྒྱལ། མྱོས། རབ་ཏུ་རྨོངས། རབ་ཏུ་བརྒྱལ་ཏེ། བག་མེད་པས་ནགས་ཀྱི་རྨ་བྱ་མོར་བ་ཏུ་མང་པོ་རྣམས་དང་ལྷན་ཅིག་ཏུ་ཀུན་དགའི་ར་བ་ནས་ཀུན་དགའི་ར་བ་དང། སྐྱེད་མོས་ [72A]༄༅། །ཚལ་ནས་སྐྱེད་མོས་ཚལ་དང། རིའི་ངོས་ནས་རིའི་ངོས་སུ་རྒྱུ་བ་ལས། ཇི་ཙམ་ན། རིའི་སེར་ག་ཞིག་ཏུ་ཞུགས་པ་དང། དེ་དེར་ཡུན་རིང་དུ་ཕྱིར་རྒོལ་པ། དགྲར་ གྱུར་པ། འཚེ་བར་གྱུར་པ། གླགས་ལྟ་བ་རྣམས་ཀྱིས་རྨ་བྱ་རྙིས་བཟུང་སྟེ། དེ་ནི། མི་མཛའ་བའི་ནང་དུ་སོན་པ་དང། རབ་ཏུ་རྨོངས་པ་ལས་དྲན་པ་རྙེད་ནས། རྨ་བྱ་ཆེན་མོའི་རིག་པ་འདི་ཁོ་ ན་ཡིད་ལ་བྱས་སོ། །འདི་ལྟ་སྟེ། ཨ་མ་ལེ། བི་མ་ལེ། ནིར་མ་ལེ་མངྒ་ལྱེ། ཧི་ར་ཎྱེ། ཧི་ར་ཎྱེ། གརྦྷེ། བྷ་དྲེ། སུ་བྷ་དྲེ། ས་མནྟ་བྷ་དྲེ། ཤྲཱི་བྷ་དྲེ། སརྦ་ཨརྠ་སཱ་དྷ་ནི། པ་ར་མཱ་རྠ་སཱ་དྷ་ནི། སརྦ་ ཨ་ནརྠ། པྲ་ཤ་མ་ནི། སརྦ་མངྒ་ལ་སཱ་དྷ་ནི། མ་ན་སེ་མ་ན་སེ། མཧཱ་མ་ན་སེ། ཨད་ཙྱུད་ཏེ། ཨད་བཧུ་ཏེ། ཨད་ཏྱེད་བཧུ་ཏེ། མུཀ་ཏེ། མོ་ཙ་ནི། མོཀྵ་ནི། ཨ་ར་ཛེ། བི་ར་ཛེ། ཨ་མ་རེ་ཨ་ མྲི་ཏེ། ཨ་མ་ར་ཎི། བྲཧྨ་སྭ་རེ། པཱུ་ར་ཎེ། པཱུརྞ། མ་ནོ་ར་ཐེ། མུཀ་ཏེ། ཛཱི་ཝ་ནྟེ། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སཱཧཱ། དེ་རྨ་བྱའི་རྙི་ཆད་ནས་བྲོས་སོ། །དགེ་སློང་དག། ཇི་སྙམ་ དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་གང་ཡིན་པ་དེ་ནི། ང་ཡིན་ཏེ། དེ་ན་ཡང་ང་ལ་རྨ་བྱ་ཆེན་མོའི་རིགས་སྔགས་ཀྱིས་ཕན་པ་དང། གཅེས་སྤྲས་བྱས་སོ། ། ད་ལྟར་ན་ཡང་ངས་རྨ་བྱ་ཆེན་མོའི་རིག་སྔགས་ཀྱིས་ཕམ་པ་དང། གཅེས་སྤྲས་བྱས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱིས་དགེ་སློང་ས་རི་ལ་ཇི་ཙམ་པ་བདེ་ལེགས་སུ་ [72B] དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་གྱི། ཇི་ལྟར་འདས་པའི་དེ་ཡང་ཉོན་ཅིག་དགེ་སློང་དག་།སྔོན་བྱུང་བ་ཝཱ་ར་ཎཱ་སིའི་གྲོང་ཁྱེར་ན། སྦྲུལ་སྔགས་མཁན་ ཞིག་ཡོད་དོ། །རྒྱལ་རིགས་ཀྱི་ཁྱེའུ་ཞིག་སྤྲུལ་གྱིས་ཟིན་ནས་དེ་ཤི་བ་དང། སྦྲུལ་སྔགས་མཁན་གྱིས་རིག་སྔགས་ཀྱིས་དེ་སོས་པར་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ ཀྱི་སྦྲུལ་སྔགས་མཁན་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ཁྱེའུ་གང་ཡིན་པ་དེ་ནི། དགེ་སློང་ས་རི་ཡིན་ནོ། །སྨན་གྱི་གཞི་རྫོགས་སོ།། །།གོས་ཀྱི་གཞིའི་ བསྡུས་པའི་སྡོམ་ནི། འཚོ་བྱེད་དང་ནི་གསོ་རས་དང། །དེ་བཞིན་ཁ་ཚར་རིང་པོ་དང། །དབྱར་རལ་བར་ནི་རིག་བྱ་དང། འཆི་བའི་དུས་དང་ཉེ་དགའ་དང། །ཐ་མ་དག་ནི་ནད་པ་ཡིན། །བསྡུས་ པའི་སྡོམ་ནི། འཚོ་བྱེད་དང་ནི་གསུམ་འདྲལ་དང། །དབྱར་གྱི་རས་ཆེན་གདིང་བ་དང། །གཡོན་པ་བདེ་གཤེགས་མོན་དར་དང། །བལ་དང་ཤ་མ་ཟར་མའི་རས། །སྡོམ་ལ། དུམ་བུ་ ས་སྐྱོང་སེང་གེ་དང། དེ་བཞིན་ཡངས་པར་སོང་བ་དང། །སེམས་འཕྲོག་དྲང་སྲོང་ས་འཚོ་དང། །ཨ་མྲ་སྐྱོང་དང་འཇིགས་མེད་དང། །ཚོང་དཔོན་ཆུང་མ་རིགས་སྐྱེས་དང། །སྨན་པ་ཡི་ནི་ ལུང་དང་ནི། །རྡོ་འཇོག་དང་ནི་བཟང་བྱེད་དང། །ཨུ་དུམ་ཝ་ར་གཞལ་བ་དང། །བསྐྱེད་དང་རྒྱལ་ཆེན་སྐྱེད་མོས་ཚལ། །བཅོམ་བརླག་གྱད་དང་བུད་མེད་སྦྲུལ། །ཡ་མུ་ན་དང་དུར་ཁྲོད་ [73A]༄༅། །དང། །ཡངས་པ་མིག་དང་སྲིན་གྱི་མེད། །རྒྱལ་པོའི་ཁབ་བདུན་བཞི་ལྔ་དང། །འཚོ་བྱེད་སྡེ་ཚན་བསྡུས་པ་ཡིན། །ལུས་འཕགས་ན་རྒྱལ་བོ་འཕགས་སྐྱེས་པོ་ཞེས་ བྱ་བ། འབྱོར་པ་དང། རྒྱས་པ་དང། བདེ་བ་དང། ལོ་ལེགས་པ་སྐྱེ་བོ་དང། མི་མང་པོས་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ་།དེའི་བློན་པོ་དུམ་བུ་ལ་སོགས་པ་ལྔ་བརྒྱ་ཡོད་པ་ལས། བློན་པོའི་ མཆོག་དུམ་བུས་ཆོས་དང་མཐུན་པར་རྒྱལ་སྲིད་བྱེད་དུ་འཇུག་སྟེ་ཐ་སྙད་དུ་བྱ་བ་ཡང་རིགས་པས་ལྟ་བར་བྱེད་དོ། །དེས་ན་སྐྱེས་པའི་ཚོགས་ཐམས་ཅད་དེའི་ངོར་ལྟ་ཞིང་འདུག་གོ་དེས་རིགས་ མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། །དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ ཁྱེའུ་ཞིག་བཙས་ཏེ། དེའི་བཙས་སྟོན་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་ཞེས་བྱ་བ་ནས་ས་སྐྱོང་ཞེས་བྱ་བར་བཏགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ཡང་རྩེ་བར་བྱེད་ དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་ཞིག་བཙས་ཏེ། གོང་མ་བཞིན་དུ་རྒྱས་པར་སྦྱར་ཏེ། དེ་ནི། སེང་གེ་ཞེས་བྱ་བར་བཏགས་སོ། །ས་སྐྱོང་དང། སེང་གེ་རིམ་ གྱིས་གཞོན་ནུར་གྱུར་ན་ཡང། བློན་པོའི་མཆོག་དུམ་བུ་ནི། ཐོག་མ་ཉིད་ནས་དཔའ་ཞིང་ཕ་རོལ་གནོན་པ། གནས་ལྔ་ལ་བྱང་བ་ཡིན་ཏེ། དེས་ན་བློན་པོ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། ། [73B]པོ་ཐམས་ཅད་ཟིལ་གྱིས་མནན་ཏེ་འདུག་གོ་དེ་ནས་བློན་པོ་དེ་རྣམས་ཟིལ་གྱིས་ནོན་པས། མི་བཟོད་པ་སྐྱེས་ནས་ཕན་ཚུན་དུ་གྲོས་བྱས་ཏེ་རྒྱལ་ པོའི་དྲུང་དུ་དོང་ངོ། །དེ་ནས་སྐབས་ལ་བབ་པར་རིག་ནས་རྒྱལ་པོ་ལ་སྨྲས་པ། ལྷ། རྒྱལ་པོ་སུ་ལགས། དེས་སྨྲས་པ། ཤེས་ལྡན་དག་གིས་བརྟག་ཏུ་ཅི་ཡོད། རྒྱལ་པོ་ལྷ་ཡིན་མོད། གཞན་ སུ་ཞིག་ཡིན། དེ་རྣམས་ཀྱིས་སྨྲས་པ། ལྷ། རྒྱལ་པོ་ནི། དུམ་པུ་ལགས་ཀྱི། ལྷ་མ་ལགས་སོ། །གལ་ཏེ་དེ་འཚལ་བར་གྱུར་ན། ལྷ་རྒྱལ་སྲིད་ལས་ཕྱུང་ནས་རང་ཉིད་ཅོད་པན་བཅིངས་ཏེ་རྒྱལ་ སྲིད་ཀྱི་དབང་ཕྱུག་ལ་དབང་བགྱིད་པར་འགྱུར་རོ། །རྒྱལ་པོས་བསམ་པ། དེས་འདི་དག་ཐམས་ཅད་ཟིལ་གྱིས་མནན་པས། དེས་ན་དབྱེན་བྱེད་དོ་སྙམ་མོ། །རེ་ཞིག་དུས་གཞན་ཞིག་ན་ རྒྱལ་པོ་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་འདུག་པ་དང་བློན་པོའི་མཆོག་དུམ་བུ་རྒོལ་བ་དང། ཕྱིར་རྒོལ་བ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ནས་རྒྱ་བོའི་ཕོ་བྲང་དུ་ཞུགས་ཏེ་ རྒྱལ་པོའི་ཕོ་བྲང་དེ་གང་བར་བྱས་ནས་འདུག་གོ་གང་གི་ཚེ་རྒྱལ་སྲིད་ཀྱི་བྱ་བ་བྱས་ནས་ཕྱིར་བྱུང་བ་དེའི་ཚེ། ཡང་རྒྱལ་པོའི་ཕོ་བྲང་དེ་སྟོང་པར་འདུག་གོ། རྒྱལ་པོས་སྨྲས་པ་ཤེས་ལྡན་ དག་སྐྱེ་བོའི་ཚོགས་ཐམས་ཅད་ཕྱིར་བྱུང་བར་གྱུར་ཏམ། བློན་པོ་རྣམས་ཀྱིས་གླགས་སྙེད་ནས་དེ་རྣམས་ཀྱིས་སྨྲས་པ། ལྷ། གང་གི་སླད་དུ་སྙན་དུ་གསོལ་བ་ལྷའི་སྤྱན་སྔར་བབ་ལགས་ [74A]༄༅། །མོད། གལ་ཏེ་དུམ་བུ་འཚལ་བར་གྱུར་ན། ལྷ་རྒྱལ་སྲིད་ལས་ཕྱུང་ནས། རང་ཉིད་ཀྱིས་ཅོད་པན་བཅིངས་ཏེ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བགྱིད་པར་འགྱུར་རོ་ རྒྱལ་པོ་རྣམས་ནི། ཁྭ་ལྟར་ཁུམ་འཕྲིག་ཟ་བ་ཡིན་པས། དེས་བསམ་པ། འདི་རྣམས་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་དུ་གདོན་མི་ཟའོ་།སྙམ་ནས་དེ་དེ་ལ་ཀླན་ཀ་ཚོལ་བར་གྱུར་ཏོ། ། འཇིག་རྟེན་ན་མཛའ་བ་དང། མི་མཛའ་བ་དང། བར་མ་ཡོད་པས། ཇི་ཙམ་ན་གཞན་དག་གིས་དུམ་བུ་ལ་སྨྲས་པ། ཁྱོད་ལ་རྒྱལ་པོ་ཀླན་ཀ་ཚོལ་ཞིང་འདུག་གི་ཐབས་ལེགས་པར་ སོམས་ཤིག་དེ་རྟོག་པ་སྐྱེས་ཤིང་དེ་དཔྱོད་པ་ལ་ཞུགས་པ། གང་དུ་འགྲོ། གལ་ཏེ་མཉན་ཡོད་དུ་སོང་ན་ནི། མཉན་ཡོད་དེ་ཡང་རྒྱལ་པོའི་མངའ་རིས་ཡིན་པས། ཉེན་འདི་ཉིད་ཡོད་དོ། ། དེ་བཞིན་དུ་ཝཱ་ར་ཎཱ་སི་དང། རྒྱལ་པོའི་ཁབ་དང། ཙམ་པ་ཡང་གཅིག་གི་དབང་དུ་གྱུར་པས་ཉེན་འདི་ཡོད་དོ། །ཡངས་པ་ཅན་ནི་ཚོགས་ཀྱི་དབང་ཡིན་ཏེ། བཅུ་དགའ་བ་གང་ཡིན་པ་ དེ་ལ་ནི། ཉི་ཤུ་མི་དགའ་བར་འགྱུར་བས། དེ་ཡངས་པ་ཅན་དུ་འགྲོའོ་སྙམ་ནས། དེ་ཡངས་པ་ཅན་གྱིས་ལི་ཙ་བྱི་རྣམས་ལ། བདག་ནི། ཁྱེད་ཅག་གི་དཔུང་གི་ཕག་ན་འདུག་པར་འདོད་དོ། ། ཞེས་ཕོ་ཉ་བཏང་ངོ། །དེ་རྣམས་ཀྱིས་གུས་པའི་ཚུལ་གྱིས་ལན་སྤྲིང་པ། ཡངས་པ་ཅན་འདིར་བྱོན་པ་ལེགས་ཀྱི། སྤྱོན་ཅིག་དེ་ནས་བློན་པོའི་མཆོག་དུམ་བུས་ཉེ་དུ་རྣམས་བོས་ཏེ་སྨྲས་པ་ [74B] བདག་ནི། ཡངས་པ་ཅན་དུ་ཆས་ཀྱི། ཁྱེད་ཅག་ལས་གང་དག་འདིར་དགའ་བ་དེ་དག་ནི། འདུག་ཅིག་གང་དག་མི་འདོད་པ་དག་ནི། སྟ་གོན་གྱིས་ཤིག་དང་འདོང་ངོ། །བ་ལང་ རྫི་དང། ཕྱུག་རྫི་རྣམས་ལ་བསྒོ་བ། ཁྱེད་ཅག་གིས་བ་ལང་དང། མ་ཧེ་ཡངས་པ་ཅན་གང་ན་བ་དེར་སྐྱོངས་ཤིག་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཡངས་པ་ཅན་དུ་འདོང་གི་གོ་གྱོན་ ཅིག་དེ་ནས་སྐྱེ་བོའི་ཚོགས་ལྟར་དེ་སྟ་གོན་བྱེད་དུ་བཅུག་ནས་རྒྱལ་པོའི་དྲུང་དུ་སོང་སྟེ། རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ། བགྱི་བ་ཅུང་ཞིག་མཆིས་ཏེ། སྐྱེད་མོས་ཚལ་དུ་མཆི་ ན། གཟིགས་སུ་གསོལ། རྒྱལ་པོས་སྨྲས་པ། དེ་བཞིན་བྱའི། སོངས་ཤིག་།དེས་སྐྱེད་མོས་ཚལ་བྱི་དོར་བྱས་ནས། ནོར་གཅེས་པས་ཤིང་རྟ་བཀང་སྟེ། སྟེང་བཟའ་བ་དང། བཅབ་པས་གཡོགས་ ནས་སོང་ངོ། །བློན་པོ་རྣམས་ཀྱིས་དུམ་བུ་བྲོས་སོ། །ཞེས་བྱ་བ་ཐོས་ནས་དེ་རྣམས་རིངས་པ་རིངས་པར་རྒྱལ་པོའི་དྲུང་དུ་དོང་ནས་སྨྲས་པ། ལྷ། དུམ་བུ་ནི། བྲོས་སོ། །རྒྱལ་པོས་སྨྲས་པ། དེངས་ ལ་སླར་ཁུག་ཅིག་དེ་རྣམས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ནས། །བསྙེགས་ཏེ་སྨྲས་པ། དུམ་བུ། ལྷས་བཀའ་སྩལ་གྱི་སླར་ལོག་ཅིག་དེས་སྨྲས་པ། ཤེས་ལྡན་ དག་ཁྱེད་ཅག་གིས་ཡུན་རིང་མོ་ཞིག་ནས་ཀྱེ་མའི་དུམ་བུ་ཤི་འམ་བྲོས་པར་གྱུར་ཀྱང་ཅི་མ་རུང་སྙམ་དུ་བསམ་པ་དེ། ཚེགས་ཆུང་དུས་གྲུབ་ཀྱི། དེངས་ཤིག་ཁོ་བོ་ནི། བྲོས་པ་ཡིན་ནོ། ། [75A]༄༅། །དེ་རྣམས་རྒྱལ་པོའི་སེམས་བསྲུང་བའི་ཕྱིར་མདའ་དང་མདའ་དག་འདྲེས་པར་བྱས་ནས། ལོག་སྟེ་རྒྱལ་པོ་ལ་སྨྲས་པ། ལྷ་བློན་པོའི་མཆོག་དུམ་བུ་ནི། བྲོས་སོ། ། རྒྱལ་པོས་མ་ལེགས་སོ། །སྙམ་དུ་བསམ་ནས་ཅང་མི་སྨྲ་བར་འདུག་གོ་།དུམ་བུ་ཡང་རིམ་གྱིས་ཡངས་པ་ཅན་དུ་ཕྱིན་ཏོ། །དེའི་ཚེ་ཡངས་པ་ཅན་ན་རིགས་གསུམ་དུ་གནས་ཏེ་ རིགས་དང་པོ་ན་ནི། ཁང་པ་བརྩེགས་མ་བདུན་སྟོང་པ་གམ་གསེར་ལས་བྱས་སོ། །རིས་བར་མ་ན་ནི། ཁང་པ་བརྩེགས་མ་ཁྲི་བཞི་སྟོང་བ་གམ་དངུལ་ལས་བྱས་སོ། །རིས་ཐ་མ་ན་ནི། ཁང་ པ་བརྩེགས་མ་ཉི་ཁྲི་ཆིག་སྟོང་བ་གམ་ཟངས་ལས་བྱས་པ་སྟེ་དེ་རྣམས་ན་ནི། མི་དམ་པ་དང། བར་མ་དང། ཕལ་བ་རྣམས་ཅི་རིགས་པར་གནས་སོ། །ཡངས་པ་ཅན་གྱི་ཚོགས་གྱིས་ཁྲིམས་སུ་ བཅས་ཏེ་བཞག་པ་ནི། རིས་དང་པོར་བུ་མོ་བཙས་པ་གང་ཡིན་པ་དེ་ནི། རིས་དང་པོ་ཉིད་དུ་གཏོང་བར་བྱེད་ཀྱི། བར་མར་མ་ཡིན། ཐ་མར་མ་ཡིན་ནོ། །བར་མའི་གང་ཡིན་པ་དེ་ནི། རིས་ དང་པོ་དང་བར་མ་ལ་གཏོང་བར་བྱེད་དོ། །ཐ་མའི་གང་ཡིན་པ་དེ་ནི། རིས་གསུམ་ཆར་དུ་གཏོང་བར་བྱེད་དེ། བུད་མེད་རྣམས་ནི་ཡངས་པ་ཅན་མ་གཏོགས་པར་གཞན་དུ་མི་གཏོང་ཞིང་ མི་འབྱིན་ཏོ། །བུད་མེད་རིན་པོ་ཆེ་ནི། སུ་ལ་ཡང་མི་གཏོང་བར་ཚོགས་སྤྱིའི་ཡོངས་སུ་ལོངས་སྤྱད་པ་ཁོ་ནར་བྱེད་དོ། །དུམ་བུ་ནི་སྐྱེས་བུ་དམ་པ་ཡིན་ནོ་ཞེས་ཏེ། རིས་དང་པོར་ཁང་པ་ [75B] དེ་ན་གནས་པར་བརྩམས་པ་ལས། གང་གི་ཚེ་ཚོགས་འདུས་པ་དེའི་ཚེ། དེ་བོས་ཀྱང་འདུར་མ་བཏུབ་ནས། དེ་ལ་ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ཀྱིས་སྨྲས་པ། དུམ་བུ། ཁྱོད་ཅིའི་ཕྱིར་མི་ འདུ། དེས་སྨྲས་པ། འདུ་བ་ཁོ་ན་ལས་བདག་ལ་ཉེས་དམིགས་བྱུང་བས་བདག་མི་འདུའོ། །ཡངས་པ་ཅན་རྣམས་ཀྱིས་སྨྲས་པ། དུམ་བུ། འདུས་ཤིག་འདིར་ཉེས་དམིགས་ཅི་ཞིག་འབྱུང། དེས་འདུས་ པར་བརྩམས་ནས་བློ་གྲོས་མ་བྱིན་ནོ། །དེ་རྣམས་ཀྱིས་སྨྲས་པ། དུམ་བུ། བློ་གྲོས་བྱིན་ཅིག་དེས་སྨྲས་པ། གང་གི་ཕྱིར་བློ་གྲོས་ཁོ་ནས་བདག་ལ་ཉེས་དམིགས་བྱུང་བས་ན། བློ་གྲོས་ནི། མི་སྦྱིན་ ནོ། །དེ་རྣམས་ཀྱིས་སྨྲས་པ། བློ་གྲོས་བྱིན་ཅིག་འདིར་ཉས་དམིགས་ཅི་ཞིག་འབྱུང། དེ་ཚོགས་དང་ལྷན་ཅིག་འདུས་ནས་བློ་གྲོས་ཀྱང་བྱིན་ཏོ། །སྔོན་ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་གང་སུ་ལ་ཡང་ རུང་ཡི་གེ་སྤྲིང་བར་བྱེད་ན། རྩུབ་པོ་དང་བཅས་པར་སྤྲིང་བར་བྱེད་དོ། །གང་གི་ཚེ་དུམ་བུས་བློ་གྲོས་བྱིན་པ་དེའི་ཚེ། འཇམ་པོ་དང་བཅས་པར་ཡི་གེ་སྤྲིང་བར་བྱེད་དོ། །གང་དག་ལ་འཇམ་པོ་དང་ བཅས་པའི་ཡི་གེ་འོངས་པར་གྱུར་པ་དེ་རྣམས་ཕན་ཚུན་དུ་གྲོས་བྱས་པ། ཤེས་ལྡན་དག་གང་གིས་ན་ཡངས་པ་ཅན་གྱི་ཚོགས་སྔོན་རྩུབ་པ་དང་བཅས་པར་སྤྲིང་བར་བྱེད་པ་ལས། ད་འཇམ་པོ་ དང་བཅས་པར་བྱེད་པར་གྱུར་པ་ལ་རྒྱུ་ཅི་ཞིག་ཡོད། །གཞན་དག་གིས་སྨྲས་པ། ཁྱད་པར་ཡོད་དེ། ལུས་འཕགས་ཀྱི་རྒྱལ་པོའི་བློན་པོའི་མཆོག་དུམ་བུ་དེར་འོངས་ནས། དེ་དག་དེའི་བློ་གྲོས་ [76A]༄༅། །བཞིན་བྱེད་དེ། དེས་ན། ད་ལྟར་འཇམ་པོ་དང་བཅས་པར་སྤྲིང་བར་བྱེད་དོ། །དུམ་བུས་ས་སྐྱོང་དང། སེང་གེ་ཁྱིམ་ཕུབ་ནས། སེང་གེ་རྩེ་བར་བྱེད། དགའ་ བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་མོ་ཞིག་བཙས་ཏེ་དེའི་བཙས་སྟོན་རྒྱ་ཆེར་བྱས་ནས་གོས་ཅན་ཞེས་བྱ་བར་བཏགས་སོ་།དེ་ལྟས་མཁན་རྣམས་ཀྱིས་མཐོང་ནས། ཁྱེའུ་ ཞིག་བཙའ་བར་འགྱུར་ཏེ། དེས་ཕ་སྲོག་དང་ཕྲལ་ནས་རང་ཉིད་ཅོད་པན་བཅིངས་ཏེ་རྒྱལ་སྲིད་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ཡང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་ སྤྱོད་པར་བྱེད་པ་ལས་བུ་མོ་ཞིག་བཙས་ཏེ། དེའི་བཙས་སྟོན་ཡང་རྒྱ་ཆེར་བྱས་ནས་ཉེ་གོས་ཅན་ཞེས་བྱ་བར་བཏགས་སོ། །དེ་ཡང་ལྟས་མཁན་རྣམས་ཀྱིས་མཐོང་ནས། བུ་མཚན་རྫོགས་པ་ ཞིག་བཙའ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །ས་སྐྱོང་གདུག་པ་རྩལ་ཆེ་བ་ཞིག་པས་ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ཀྱི་སྐྱེད་མོས་ཚལ་རྣམས་མ་རུང་བར་བྱས་པ་དང། སྐྱེད་མོས་ཚལ་སྲུང་ བ་རྣམས་ཀྱིས་སྨྲས་པ། ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ནི་གདུག་པ་རྩལ་པོ་ཆེ་ཡིན་གྱི། དེ་དག་གི་སྐྱེད་མོས་ཚལ་རྣམས་མ་རུང་བར་མ་བྱ་ཞིག་ཅེས་དེས་སླར་བཟློག་ཀྱང་མ་བཏུབ་ནས་ སྐྱེད་མོས་ཚལ་སྲུང་བ་རྣམས་ཀྱིས་དུམ་བུ་ལ་སྨྲས་པ། ཁྱོད་ཀྱི་བུས་ཡངས་པ་ཅན་གྱི་མི་ལི་ཙ་བྱི་རྣམས་ཀྱི་སྐྱེད་མོས་ཚལ་རྣམས་མ་རུང་བར་བྱས་ཏེ། ལི་ཙ་བྱི་འདི་དག་ནི། གདུག་པ་རྩལ་པོ་ [76B] འདི་ལ་གནོད་པ་བྱས་སུ་འོང་གི། འདི་སླར་ཟློག་ཅིག་དེས་དེ་བཀུག་ནས་སྨྲས་པ། བུ། ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ནི། གདུག་པ་རྩལ་པོ་ཆེ་ཡིན་པས། འདི་དག་གི་སྐྱེད་མོས་ ཚལ་མ་རུང་པར་མ་བྱ་ཞིག་དེ་དག་གིས་གནོད་པ་བྱས་ས་རེ། དེས་སྨྲས་པ། ཡབ། འདི་དག་ལ་ནི། སྐྱེད་མོས་ཚལ་མཆིས་ན། བདག་ཅག་ལ་མ་མཆིས་སོ། །དེས་སྨྲས་པ། བུ། སྐྱེད་མོས་ཚལ་གྱི་ དོན་དུ་ཚོགས་ལ་གསོལ་བ་གདབ་བོ། །དེས་ཚོགས་ལ་གསོལ་བ་བཏབ་པ་ཤེས་ལྡན་དག་བདག་གི་བུ་གཉིས་ལ་སྐྱེད་མོས་ཚལ་མ་མཆིས་ཀྱི་བདག་ལ་སྐྱེད་མོས་ཚལ་ཞིག་ཐུགས་དཔག་ མཛད་པའི་རིགས་སོ། །དེ་རྣམས་ཀྱིས་དེ་དག་ལ་སྐྱེད་མོས་ཚལ་རྙིང་པ་ཞིག་བྱིན་པ་ལས། དེ་ན་ཤིང་སཱ་ལ་ཆེན་པོ་ཞིག་ཡོད་དེ། དེ་ལ་གཅིག་གིས་བཅོམ་ལྡན་འདས་ཀྱི་སྐུའི་གཟུགས་བརྙན་བྱེད་ དུ་བཅུག་གོ་གཅིག་ཤོས་ཀྱིས་ནི་ཞལ་སྲོས་བྱས་སོ། །དེ་བཞིན་དུ་གནས་བརྟན་རྣམས་ཀྱིས་ཀྱང་མདོ་སྡེའི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན། ས་སྐྱོང་དང། སེང་གེའི་ ཤིང་སཱ་ལའི་ཚལ་ན་བཞུགས་སོ། །ཞེས་བརྗོད་དོ། །ས་སྐྱོང་གིས་བྱ་བ་མ་ཡིན་པ་སྟོང་ཕྲག་དག་བྱས་པས། ལི་ཙ་བྱི་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དོ། ། དེ་ནས་དུམ་བུས་བཀུག་སྟེ་བསྒོ་བ། བུ། ཁྱོད་ཚོགས་འཁྲུག་པར་མ་བྱེད་པར་རི་བོར་ཆེ་གེ་མོ་ཞིག་ཏུ་སོང་ལ། དེར་རང་གི་ཞིང་ལས་ཀྱི་མཐའ་རྣམས་ལ་ཞལ་ཏ་བྱེད་ཅིང་འདུག་ཅིག་དེ་དེར་ [77A]༄༅། །སོང་ནས་རང་གི་ཞིང་ལས་ཀྱི་མཐའ་རྣམས་ལ་ཞལ་ཏ་བྱ་བར་བརྩམས་སོ། །ཇི་ཙམ་དུས་གཞན་ཞིག་ན། ཡངས་པ་ཅན་གྱི་སྡེ་དཔོན་ཤི་ནས། དེ་རྣམས་ཀྱིས་བློན་པོའི་ མཆོག་དུམ་བུ་སྡེ་དཔོན་དུ་བཅུག་པ་ལས། དེས་ཀྱང་དུས་ཐུང་དུ་ཞིག་ཏུ་ཆོས་དང་མཐུན་བས་སྡེ་དཔོན་བྱས་ནས་ཤིའོ། །ཡངས་པ་ཅན་གྱི་ཚོགས་འདུས་ནས། སུ་ཞིག་སྡེ་དཔོན་དུ་གཞུག་ཅེས་ བྱས་པ་དང། དེ་ནས་ཁ་ཅིག་གིས་སྨྲས་པ། བློན་པོའི་མཆོག་དུམ་བུས་ཚོགས་ཡོངས་སུ་བསྐྱངས་པས་ན། དེ་ཉིད་ཀྱི་བུ་གཞུག་གོ་ཁ་ཅིག་གིས་སྨྲས་པ། དེའི་བུ་ས་སྐྱོང་ནི། གདུག་པ། རྩལ་ པོ་ཆེ་ཞིག་སྟེ། གལ་ཏེ་སྡེ་དཔོན་དུ་བཅུག་ན། གདོན་མི་ཟ་བར་ཚོགས་ཕྱེ་བར་འགྱུར་རོ། །དེའི་ནུ་བོ་སེང་གེ་གང་ཡིན་པ་དེ་ནི། དེས་པ་འགྲོགས་ན་བདེ་བ། ཚོགས་ཀྱི་སེམས་མགུ་བར་བྱེད་ ནུས་པ་ཞིག་པས། གལ་ཏེ་ཚོགས་འདོད་ན། སྡེ་དཔོན་དུ་གཞུག་གོ་།ཐམས་ཅད་དགའ་བས་དེ་རྣམས་འདུས་ནས་སེང་གེའི་གན་དུ་སོང་སྟེ་སེང་གེ་ཁྱོད་ལ་སྡེ་དཔོན་སྦྱིན་ནོ། །དེས་སྨྲས་པ་ ས་སྐྱོང་ནི། བདག་གི་ཕུ་བོ་ཡིན་པས་དེ་སྡེ་དཔོན་དུ་ཆུག་ཅིག་དེ་རྣམས་ཀྱིས་སྨྲས་པ། སེང་གེ། སྡེ་དཔོན་ཁྱོད་ཀྱི་རིགས་བརྒྱུད་ཀྱི་རིམ་པས་འོངས་པ་ཡིན་ནམ་ཅི། ཚོགས་གང་ལ་འདྲང་བ་དེས་ སྡེ་དཔོན་བྱ་བར་ཟད་མོད། གལ་ཏེ་ཁྱོད་མི་འདོད་ན། ཁོ་བོ་ཅག་གིས་གཞན་ཞིག་སྡེ་དཔོན་དུ་གཞུག་གོ། དེས་བསམ་པ། གལ་ཏེ་བདག་གི་ཁྱིམ་ནས་སྡེ་དཔོན་གཞན་དུ་ཤོར་ན། དེ་ནི། མ་འོས་ [77B] །སྙམ་ནས་དེས་ཁས་བླངས་པ་དང། དེ་རྣམས་ཀྱིས་བཀུར་སྟི་ཆེན་པོས་སྡེ་དཔོན་དུ་བཅུག་གོ། ཡངས་པ་ཅན་པ་རྣམས་སྔོན་གང་ལ་ཡི་གེ་སྤྲིང་པ་དེ་ལ་དུམ་བུ་ལ་སོགས་ པ་ཚོགས་ཀྱིས་བཀའ་སྩལ་པ་ཞེས་འབྲི་བ་ལས། གང་གི་ཚེ་སེང་གེ་སྡེ་དཔོན་དུ་གྱུར་པ་དེའི་ཚེ། སེང་གེ་ལ་སོགས་པ་ཚོགས་ཀྱིས་བཀའ་སྩལ་པ་ཞེས་འབྲི་བར་བྱེད་དོ། །ཇི་ཙམ་དུས་གཞན་ ཞིག་ན། རི་བོར་ན་ས་སྐྱོང། རང་གི་ཞིང་ལས་ཀྱི་མཐའ་རྣམས་ལ་ཞལ་ཏ་བྱེད་པའི་རི་བོར་གང་ཡིན་པ་དེར་སྤྲིང་པ་འོངས་པ་དང། ས་སྐྱོང་གིས་ཕྱེ་སྟེ་བཀླགས་ནས། དེས་སྨྲས་པ། ཤེས་ལྡན་ དག། སྔོན་ནི། ཡངས་པ་ཅན་གྱི་ཚོགས། དུམ་བུ་ལ་སོགས་པའི་ཚོགས་ཀྱིས་བཀའ་སྩལ་པ་ཞེས་འབྲི་ན། ད་ནི། སེང་གེ་ལ་སོགས་པ་ཚོགས་ཀྱིས་བཀའ་སྩལ་པ་ཞེས་འབྲི་ན། ཅི། ཁོ་ བོའི་ཕ་ཤིའམ། དེ་རྣམས་ཀྱིས་སྨྲས་པ། ཤིའོ། །དེ་མི་བཟོད་པ་སྐྱེས་ནས་ཡངས་པ་ཅན་དུ་སོང་སྟེ་སྨྲས་པ། ཕུ་བོ་ང་འདུག་བཞིན་དུ་ཁྱོད་ཀྱིས་སྡེ་དཔོན་བྱ་བ་ཇི་ག་རིགས་སམ། སེང་གེས་ཇི་ ལྟར་གྱུར་པ་དེ་ལ་སྨྲས་པ་དང། དེ་ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ལ་མི་བཟོད་པ་སྐྱེས་ནས་བསམ་པ། བདག་ལ་ཡངས་པ་ཅན་རྣམས་ཀྱིས་བཀུར་སྟི་མ་ཡིན་པ་བྱས་ཀྱི། རྒྱལ་པོའི་ཁབ་ཏུ་འགྲོའོ་ སྙམ་ནས། དེས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བདག་ལྷའི་བཙན་ཕག་ན་མཆིས་པར་འཚལ་ལོ། །ཞེས་ཕོ་ཉ་བཏང་ངོ། །དེས་དེ་ལ་སྤྲིང་པ། འོངས་པ་ལེགས་ཀྱི། ཤོག་ཅིག་ཅེས་སྤྲིང་པ། དེ་རྒྱལ་ [78A]༄༅། །པོའི་ཁབ་ཏུ་འོངས་པ་དང། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བློན་པོའི་མཆོག་ཏུ་བཅུག་གོ་ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་ བཙུན་མོ་དམ་པ་ཤི་ནས་དེ་འགྲམ་པ་ལ་ལག་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དེ། ས་སྐྱོང་གིས་མཐོང་ནས་སྨྲས་པ། ལྷ་ཅིའི་སླད་དུ་ཞལ་ལ་ཕྱག་གཏད་དེ་ཐུགས་མི་དགྱེས་ ཤིང་བཞུགས། དེས་སྨྲས་པ། ངའི་བཙུན་མོ་དམ་པ་ཤི་ན། ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་མི་འདུག་ལྷ། ཐུགས་ངན་མ་མཛད་ཅིག། བདག་གི་ནུ་བོ་ལ་བུ་མོ་གཟུགས་དང་ལང་ཚོ་ ཕུན་སུམ་ཚོགས་པ། ལྷ་ཁོ་ན་ལ་འོས་པ་གཉིས་མཆིས་ན། དེ་ལ་གཅིག་ལ་ནི། ཕ་འགུམ་པའི་བུ་ཞིག་བཙའ་བར་འགྱུར། གཅིག་ཤོས་ལ་ནི། མཚན་ཕུན་སུམ་ཚོགས་པ་ཞིག་བཙའ་བར་ འགྱུར་རོ། །ཞེས་ལུང་བསྟན་ན། ལྷའི་ཆེད་དུ་དེ་གང་ཁྲིད་དེ་མཆི། བུ་མཚན་ཕུན་སུམ་ཚོགས་པ་བཙའ་བར་འགྱུར་རོ། །ཞེས་ལུང་བསྟན་པ་གང་ཡིན་པ་དེའོ། །དེ་ནས་ས་སྐྱོང་གིས་སེང་གེ་ ལ་སྤྲིང་བ། རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་དམ་པ་ཤི་ནས། ཁྱོད་ཀྱི་ཉེ་གོས་ཅན་ཚུར་བཀྲིས་ཤིག་དང། བཙུན་མོ་དམ་པར་འགྱུར་རོ། །དེས་དེ་ལ་ཡི་གེའི་ལན་སྤྲིང་པ། གར་ བསྐོར་ཀྱང་ཁྱོད་ཁོ་ན་ལ་བདག་འདྲི་བར་ཟད་ཀྱི། ཁྱོད་ཀྱིས་བྱས་པ་གང་ཡིན་པ་དེ་ནི། ཚད་མའི་མཆོག་ཡིན་པས་ཁྱོད་ཉིད་ཤེས་སོ། །ཇི་ལྟར་ཚོགས་ཀྱིས་ཁྲིམས་སུ་བཅས་པ། ཡངས་པ་ [78B] འོན་ཀྱང་ཁྱོད་ཉིད་འོངས་ཏེ་སྐྱེད་མོས་ཚལ་དུ་སྡོད་ཅིག་དང། ཁོ་བོས་དེ་སྐྱེད་མོས་ཚལ་དུ་ཕྱུང་བ་དང། ཁྱོད་ཀྱིས་ཁྲིད་དེ་སོངས་ཤིག་དེ་ ནས་ས་སྐྱོང་གིས་རྒྱལ་པོ་ལ་མཆི་ཕྱག་བྱས་ནས་ཤིང་རྟར་ཞུགས་ཏེ་ཡངས་པ་ཅན་དུ་སོང་བ་ལས། རིམ་གྱིས་ཕྱིན་ནས་སྐྱེད་མོས་ཚལ་དུ་བསྡད་དོ། །དེའི་ཚེ་ཡངས་པ་ཅན་གྱི་སྒོ་སྲུང་ཞིག་ཤི་ནས་མི་ མ་ཡིན་པ་རྣམས་སུ་སྐྱེས་པ་དེས། ཡངས་པ་ཅན་པ་རྣམས་ལ་བསྟན་པ། བདག་ནི། མི་མ་ཡིན་པ་རྣམས་སུ་སྐྱེས་ཀྱི། བདག་གི་གནོད་སྦྱིན་གྱི་གནས་བྱོས་ལ། མགུལ་བར་དྲིལ་སྦྱོངས་ཤིག་དང་ གལ་ཏེ་ཡངས་པ་ཅན་རྣམས་ལ་ཕྱིར་རྒོལ་བ་འགའ་ཞིག་འོངས་ན་བདག་གིས་ཇི་ཙམ་དུ་ཟིན་པའམ། འབྲོས་པར་གྱུར་པ་སྲིད་དུ་དྲིལ་གྱི་སྒྲ་བསྒྲག་བར་བྱའོ། །དེ་རྣམས་ཀྱིས་གནོད་སྦྱིན་གྱི་གཟུགས་ བརྙན་བྱས་ནས་མགུལ་པ་ལ་དྲིལ་བཏགས་ཏེ། གར་དང། གླུ་དང། རོལ་མོའི་སྒྲ་དང། གཏོར་མ་དང། མེ་ཏོག་ཕྲེང་གི་ཡོ་བྱད་ཀྱིས་སྒོ་ཁང་དུ་བཞག་གོ། ས་སྐྱོང་གིས་སེང་གེ་ལ་སྤྲིང་པ། ཁོ་བོ་སྐྱེད་ མོས་ཚལ་ན་སྡོད་ཀྱི་བྱུང་ཞིག། དེས་ཡངས་པ་ཅན་གྱི་ཚོགས་ལ་བརྟགས་ནས་ཁྱིམ་དུ་སོང་སྟེ། ཉེ་གོས་ཅན་ལ་སྨྲས་པ། ཁྱོད་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བྱིན་གྱི། རྒྱན་རྣམས་ཐོགས་ལ་སྐྱེད་ མོས་ཆལ་དུ་ཕྱུང་ཞིག། དེ་རྒྱན་རྣམས་འདོགས་པར་བརྩམས་པ་དང། གོས་ཅན་གྱིས་མཐོང་ནས། དེས་སྨྲས་པ། ཅི་ཞིག་གི་ཕྱིར་རྒྱན་རྣམས་འདོགས། ཁོ་མོ་བག་མར་བཏང་ངོ། །སུ་ཞིག་ལ་ [79A]༄༅། །རྒྱལ་པོ་གཟུགས་ཅན་སྙིང་པོ་ལའོ། །དེས་སྨྲས་པ། ཁོ་མོ་ཕུ་མོ་ཡིན་ན། ཁྱོད་ཅི་སྟེ་བག་མར་བཏང། གལ་ཏེ་དེ་ལྟར་ན་ཁྱོད་རྒྱན་ཐོགས་ཤིག། དེ་ཡང་སྨྲ་བ་ལས་ དྲིལ་གྱི་སྒྲ་བྱུང་ངོ། །ཡངས་པ་ཅན་གྱི་ཚོགས་རོད་རོད་པོར་གྱུར་ཏེ། བདག་ཅག་གི་མི་མཛའ་བ་ཞིག་ཡངས་པ་ཅན་དུ་ཞུགས་སོ། །སེང་གེ་དངངས་པས་ཉེ་གོས་ཅན་ཡིན་ནོ། །སྙམ་ནས། གོས་ ཅན་ཁྲིད་དེ་མྱུར་བ་མྱུར་བར་ཕྱིར་བྱུང་བ་དང། ས་སྐྱོང་ཡང་དངངས་པས་གོས་ཅན་ཤིང་རྟར་བཅུག་སྟེ་སོང་ངོ། །ཡངས་པ་ཅན་གྱི་ཚོགས་ཀྱིས་ཕྱི་བཞིན་བསྙེགས་ནས། དེ་དང་དེ་རྣམས་སུ་ལྷན་ཅིག་ འཐབ་པར་བརྩམས་པ་དང། དེ་གནས་ལྔ་རྣམས་ལ་བྱང་བ་ཡིན་པས། དེས་ལི་ཙ་བྱི་ལྔ་བརྒྱའི་གནད་དུ་བསྣུན་ནས། དེས་སྨྲས་པ་ཤེས་ལྡན་དག་ངས་ཁྱོད་ཅག་ལས་ལྔ་བརྒྱ་གནད་དུ་བསྣུན་ ཟིན་གྱི། ལྷག་མ་རྣམས་སྲོག་བསྐྱབ་ཀྱི། སླར་དེངས་ཤིག། དེ་རྣམས་ཀྱིས་སྨྲས་པ། ངེད་ཅག་ལས་སེམས་ཅན་གཅིག་ཀྱང་བསད་པ་མེད་དོ་།གོ་ཕུད་ཅིག། དེ་རྣམས་ཀྱིས་གོ་ཕུད་པ་དང། ལྔ་ བརྒྱ་ས་ལ་འགྱེལ་ནས་སྲོག་དང་བྲལ་བར་གྱུར་ཏོ། །དེ་ནས་དེ་རྣམས་ཀྱིས་མི་འདི་ནི། སྲིན་པོ་ཡིན་ནོ། །སྙམ་ནས་སྐྲག་སྟེ་བྲོས་སོ། །ཡངས་པ་ཅན་དུ་ལྷགས་ནས་གྲོས་བྱ་བར་བརྩམས་པ་ ཤེས་ལྡན་དག། བདག་ཅག་གི་དགྲ་འདི་ལ་གཟུགས་ཅན་སྙིང་པོའི་བུ་རྣམས་ལན་གློན་དུ་གཞུག་གི། གླེགས་བུ་ལ་ཡི་གེར་བྲིས་ཏེ་སྒྲོམ་བུར་བཅུག་ནས་རྒྱ་སྐེགས་ལ་རྒྱས་བཏབ་ནས་གཞག་གོ་ [79B] ས་སྐྱོང་ཡང་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་སྨྲས་པ། ཉེ་གོས་ཅན་བོབས་ཤིག། དེས་སྨྲས་པ། ཁུ་གུ། བདག་ནི། ཉེ་གོས་ཅན་མ་ལགས་ཏེ་ བདག་ནི། གོས་ཅན་ལགས་སོ། །ཁྱོད་ཀྱིས་ཅིའི་ཕྱིར་བདག་ལ་མ་སྨྲས། དེ་ཅང་མི་སྨྲ་བར་འདུག་གོ། དེ་ནས་དེ་སྡུག་བསྔལ་ཞིང་ཡིད་མི་བདེ་བས། རྒྱལ་པོའི་དྲུང་དུ་སོང་བ་རྒྱལ་པོས་མཐོང་ནས་སྨྲས་ པ༑ ས་སྐྱོང་འོངས་སམ། འོངས་པ་ལེགས་སོ། །ལྷ། བདག་མཆིས་ལགས་སོ། །ཉེ་གོས་ཅན་ཁྲིད་དེ་འོངས་སམ། ལྷ། ཁྲིད་དེ་མཆིས་ཀྱང་མཆིས་ལ། ཁྲིད་དེ་མ་མཆིས་ཀྱང་མ་མཆིས་སོ། །ཅི་ཞིག་ ཟེར། ཉེ་གོས་ཅན་ལགས་སྙམ་ནས། གོས་ཅན་ཁྲིད་དེ་མཆིས་སོ་།བལྟའི། ཁྲིད་དེ་ཤོག་ཅིག། དེ་ནང་དུ་ཁྲིད་པ་དང། རྒྱལ་པོས་ལྷག་པར་ཡང་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ མཐོང་ནས། བུད་མེད་ཀྱི་ཡུལ་གྱིས་འཕྲོག་པས་མཐོང་མ་ཐག་ཁོ་ནར་རྒྱལ་པོ་ཆགས་པར་གྱུར་ནས་སྨྲས་པ། ཤེས་ལྡན་དག། བུ་ཕ་གསོད་པ་གང་ཡིན་པ་དེ་ནི། རྒྱལ་སྲིད་ཀྱི་ཕྱིར་ཡིན་པས་ གལ་ཏེ་ང་ལ་བུ་ཡོད་པར་གྱུར་ན། ད་བཙས་མ་ཐག་ཏུ་ངས་ཅོད་པན་གྱིས་བཅིང་བར་བྱའོ། །དེ་ནས་དེ་དཔལ་གྱི་འབྱོར་པ་ཆེན་པོས་བག་མར་བླངས་ཏེ་ཡུལ་ལུས་འཕགས་ནས་འོངས་པས་ན། ལུས་ འཕགས་མ་ཞེས་བྱ་བར་གྲགས་སོ། །དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རེ་ཞིག་དུས་གཞན་ཞིག་ན། རྒྱལ་པོ་གཟུགས་ཅན་སྙིང་པོ་རི་དྭགས་ [80A]༄༅། །ཀྱི་ཕྱིར་བྱུང་བ་ན་བསྟི་གནས་ཤིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་བ་ཞིག་གནས་སོ། །ཇི་ཙམ་ན་རི་དྭགས་མདའི་ལོང་ལ་བཏགས་པས་སྐྲག་པ་ཞིག། དྲང་སྲོང་ དེའི་བསྟི་གནས་སུ་ཞུགས་ཤིང་བྱུང་བ་རྒྱལ་པོའི་མདས་གནད་དུ་བསྣུན་ཏོ། །དེ་ནས་དྲང་སྲོང་དེ་ཁྲོས་ནས་སྨྲས་པ། འཐབ་ཀྲོལ་ཅན་གྱི་རྒྱལ་པོ་བདག་གི་བསྟི་གནས་གཅན་གཟན་གདུག་ པས་ཀྱང་གཟེམ་པར་བྱ་བར་རི་དྭགས་སྐྱབས་སུ་འོངས་པ་ཁྱོད་ཀྱིས་གསོད་དམ་ཞེས་དྲང་སྲོང་དེ་རྒྱལ་པོ་ལ་དེ་སྐད་དུ་ཁ་ཟེར་བ་དང། དཔུང་གི་ཚོགས་འོངས་ནས་སྨྲས་པ། ལྷ། འདི་སུ་ལ་གཡར་ མཆིས། རྒྱལ་པོས་སྨྲས་པ། ང་ལ་ཡིན་ན། ཤེས་ལྡན་དག། རྒྱལ་པོ་ལ་ཁ་ཚས་ཟེར་བ་གང་ཡིན་པ་དེ་ལ་ཆད་པ་ཅི་ཡོད། ལྷ། དེའི་ཆད་པ་དགུམ་པ་ལགས་སོ། །གལ་ཏེ་དེ་ལྟར་ན། ངས་ དྲང་སྲོང་དེ་ཡོངས་སུ་སྤངས་སོ། །དེ་གསད་པར་བརྩམས་ཏེ། དེ་གསོད་པ་ན། སྨོན་ལམ་ལོག་པར་བཏབ་པ། རྒྱལ་པོ་འཐབ་ཀྲོལ་ཅན་འདིས། བདག་ཉེས་པ་མེད་ཅིང་གནོད་པ་མི་བྱེད་པ་བསད་ པར་བཀྲིས། གང་དུ་སྐྱེས་པ་དེར་འདི་སྲོག་དང་བྲལ་བར་བྱེད་པར་གྱུར་ཅིག། ཡང་བསམ་པ། རྒྱལ་པོ་འདི་དག་ནི། ཤིན་ཏུ་སྦས་པ་ཤིན་ཏུ་སྲུང་པ། ཤིན་ཏུ་བཙས་པ་ཡིན་པས། གལ་ ཏེ་གཞན་དུ་སྐྱེ་བ་བླངས་ན། ལན་འགའ་ཡང་སྐབས་རྙེད་པར་མི་འགྱུར་གྱི། རྣམ་པ་ཐམས་ཅད་དུ་བདག་འདིའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་པར་གྱུར་ཅིག་ཅེས་བྱས་སོ། །དེས་སྨོན་ལམ་ [80B] །གང་གི་ཚེ་ཉི་མ་ཁོ་ན་ལ་ཉིང་མཚམས་སྦྱོར་བ་བླངས་པ་དེ་ཉིད་ཀྱི་ཉི་མ་ལ་ཁྲག་གི་ཆར་བབ་བོ། །གོས་ཅན་འདོད་པ་སྐྱེས་པ། ཨེ་མའོ། ། བདག་གིས་ལྷའི་རྒྱབ་ཀྱི་ཤ་བཅད་ཅིང་བཅད་ཅིང་ཟོས་ཀྱང་ཅི་མ་རུང་སྙམ་མོ། །དེ་ལྟར་གྱུར་པ་རྒྱལ་པོ་ལ་སྨྲས་པ་དང། རྒྱལ་པོས་ལྟས་མཁན་རྣམས་བཀུག་ནས་སྨྲས་པ་ལས། དེ་རྣམས་ཀྱིས་ སྨྲས་པ། ལྷ། འདི་ནི། བཙུན་མོའི་རུམ་དུ་སེམས་ཅན་ཞིག་ཞུགས་པ་གང་ལགས་པ་དེའི་མཐུ་ལགས་སོ། །རྒྱལ་པོ་སེམས་ཁོང་དུ་ཆུད་དེ་འདུག་ནས་འདིའི་འདོད་པ་ཅི་ཞིག་གིས་སེལ་བར་ འགྱུར་སྙམ་མོ། །མཁས་པའི་རང་བཞིན་ཅན་གཞན་དག་གིས་སྨྲས་པ། ལྷ། རས་ཀྱི་བར་སྩང་ཤས་བལྟམས་པར་བགྱིས་ཏེ་གསོལ་ལ་ཉིད་བཙུན་མོ་ལ་སྟོབ་མཛོད་ཅིག། དེ་ནས་རྒྱལ་ པོས་རས་ཀྱི་བར་ཤས་གང་བར་བྱས་པ་བགོས་ནས། བདག་ཉིད་གོས་ཅན་ལ་བསྟབས་པ་དང། དེས་རྒྱབ་ཀྱི་ཤ་ཡིན་ནོ་སྙམ་ནས་ཟོས་སོ། །དེ་ནས་དེའི་འདོད་པ་གང་ཡིན་པ་དེ་དང་བྲལ་བར་ གྱུར་ཏོ། །ཡང་དེའི་འདོད་པ་སྐྱེས་པ། ཀྱེ་མའོ། །བདག་གིས་ལྷའི་ཁྲག་ཁོ་ན་འཐུངས་ཀྱང་ཅི་མ་རུང་སྙམ་པ་དེ་ཡང་རྒྱལ་པོ་ལ་སྨྲས་པ་དང། དེ་ནས་རྒྱལ་པོས་ཡན་ལག་ལྔའི་རྩ་གཏར་ནས་ ཁྲག་བླུད་པས། དེ་འདོད་པ་དེ་དང་ཡང་བྲལ་བར་གྱུར་ཏེ། ཇི་ཙམ་ན་ཟླ་བ་དགུ་ཚང་བ་དང། ཁྱེའུ་གཟུགས་བཟང་བ། མཛེས་པ་བལྟ་ན་སྡུག་པ་ཞིག་བཙས་སོ། །བཙས་ཏེ་གང་གིས་ [81A]༄༅། །ཉི་མ་ལ་བཙས་པ་དེ་ཉིད་ཀྱི་ཉི་མ་ལ་ཡང་ཁྲག་གི་ཆར་བབ་བོ། །རྒྱལ་པོས་ཡང་ལྟས་མཁན་རྣམས་བཀུག་ནས་སྨྲས་པ་དང། དེ་རྣམས་ཀྱིས་སྨྲས་པ། ལྷ། བསྟན་ བཅོས་ལས་ཇི་ལྟར་གདའ་བ་ལྟར་ན། གདོན་མི་འཚལ་བར་ཁྱེའུ་འདིས་ལྷ་སྐུ་ཚེ་དང་ཕྲལ་ནས་རང་ཉིད་ཅོད་པན་བཅིངས་ཏེ་རྒྱལ་སྲིད་བགྱིད་པར་འགྱུར་རོ། །རྒྱལ་པོས་བསམ་པ། རྣམ་པ་ ཐམས་ཅད་དུ་རྒྱལ་སྲིད་ཀྱི་ཆེད་དུ་འདིས་སྲོག་དང་བྲལ་བར་བྱེད་ཀྱི། འདི་ལ་བདག་ཉིད་ཀྱིས་རྒྱལ་སྲིད་བྱིན་ན། ཅིའི་ཕྱིར་བདག་སྲོག་དང་བྲལ་བར་བྱེད་སྙམ་མོ། །དེའི་ཚེ་ཡངས་པ་ཅན་ན་ལི་ ཙ་བྱི་མིང་ཆེན་ཞེས་བྱ་བ་ཞིག་གནས་ཏེ། དེའི་སྐྱེད་མོས་ཚལ་ན་ཨ་མྲའི་ཚལ་ཡོད་པ་ལས། དེར་གློ་བུར་དུ་ཆུ་ཤིང་གི་སྡོང་པོ་ཞིག་སྐྱེས་པ། ཀུན་དགའི་ར་བ་སྲུང་བས་མཐོང་ངོ། །དེ་ མ་ཐག་ཁོ་ནར་མེ་ཏོག་ཆགས་པ་དང། དེ་ངོ་མཚར་སྐྱེས་ནས་མིང་ཆེན་ལ་སྨྲས་པ་དང། དེས་ལྟས་མཁན་རྣམས་བཀུག་ནས་དྲིས་པ་དང། དེ་རྣམས་ཀྱིས་སྨྲས་པ། ལྷ། དེ་སྲུང་དུ་ གསོལ་ཅིག་དང། དགུང་བདུན་གྱི་ཉིན་པར་གས་པར་འགྱུར་ཏེ། དེའི་ནང་ནས་བུ་མོ་ཞིག་འབྱུང་བར་འགྱུར་རོ། །ཁྱིམ་བདག་མིང་ཆེན་གྱིས་ཐོས་ནས་ལྷག་པར་ཡང་ངོ་མཚར་སྐྱེས་པར་ གྱུར་ཏེ། སྐྱེད་མོས་ཚལ་དེར་ཀུན་ནས་སྲུང་མའི་མི་རྣམས་བཀོད་ནས་ཉི་མ་བགྲང་པ་ལ་ཞུགས་སོ། །ཇི་ཙམ་ན་ཞག་བདུན་ལོན་པ་དང་སྐྱེད་མོས་ཚལ་དེ་རྡོ་བ་དང། གསེག་མ་ [81B] གྱོ་མོ་རྣམས་བསལ་ནས། ཙནྡན་གྱི་ཆུས་ཆག་ཆག་བཏབ། ཤིན་ཏུ་དྲི་ཞིམ་པོའི་པོག་ཕོར་དག་བཤམས། དར་གྱི་ཆུན་འཕྱང་མང་པོ་བྲེས། མེ་ཏོག་སིལ་མས་བཀྲམ། གླུ་དང། རོལ་ མོའི་སྒྲ་རྣམ་པ་དུ་མ་དག་དང། མཛའ་བོ་དང། གཉེན་བཤེས་ཀྱི་སྐྱེ་བོས་ཡོངས་སུ་བསྐོར་ནས་དཔལ་གྱི་འབྱོར་པ་ཆེན་པོས་ཆུང་མ་དང་ལྷན་ཅིག་བྱུང་ནས། སྐྱེད་མོས་ཚལ་དེ་ན་དེ་རྩེ་བར་བྱེད་ དགའ་བར་བྱེད། དགའ་མགུར་སྤྱོད་པ་བྱེད་པ་ལས། ཆུ་ཤིང་གི་སྡོང་པོ་གས་ནས། བུ་མོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཡན་ལག་ཐམས་ཅད་དང་ལྡན་པ་ཞིག་བྱུང་ངོ། །དེ་ནས་ མིང་ཆེན་གྱིས་ཆུང་མ་དམ་པ་ལ་གཏད་པ་དང། དེས་སྨྲས་པ་ལྷ། འདིའི་མིང་གདགས་སུ་གསོལ། མིང་ཆེན་གྱིས་སྨྲས་པ། བུ་མོ་འདི་ནི། ཨ་མྲའི་ཚལ་ནས་རྙེད་པ་ཡིན་པས། འདིའི་མིང་ཨ་མྲ་སྐྱོང་ མ་ཞེས་བྱའོ། །ཇི་ཙམ་ན། ཁྱིམ་བདག་མིང་ཆེན་སྐྱེད་མོས་ཚལ་ནས་རང་གི་ཁྱིམ་དུ་སོང་སྟེ། བུ་མོ་ཨ་མྲ་སྐྱོང་མ་བསྐྱེད་བསྲིངས་ཏེ་ཞེས་བྱ་བ་ནས་ཆེན་མོར་གྱུར་ཏོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ།། དེ་སློང་བའི་ཕྱིར་ཡུལ་ཀྲུང་ཀྲུང་བ་རྣམས་དང། ཤཱཀྱ་རྣམས་དང། གཞན་ཡང་ཡུལ་སྣ་ཚོགས་ན་གནས་པའི་རྒྱལ་པོའི་བུ་དང་བློན་པོའི་བུ་དང། ཚོང་པ་དང། ཚོང་དཔོན་དང། དེད་དཔོན་དུ་མ་དག་ འོངས་པ་དང། ཁྱིམ་བདག་མིང་ཆེན་གྱིས་བསམ་པ། གང་ཁོ་ན་ལ་མ་བྱིན་པ་དེ་དག་ཁོ་ན་སྡང་བར་འགྱུར་ན། འོན་ཀྱང་ཚོགས་ཀྱི་ཁྲིམས་སུ་བཅས་པས། རེ་ཞིག་ཚོགས་ལ་བརྟག་གོ། སྙམ་ནས་ [82A]༄༅། །དེས་ཡངས་པ་ཅན་གྱི་ཚོགས་བསྡུས་ཏེ། ཤེས་ལྡན་བྲམ་ཟེ་དང་ཁྱིམ་བདག་རྣམས་ཉོན་ཅིག། བདག་གིས་སྐྱེད་མོས་ཚལ་ནས་བུ་མོ་ཞིག་རྙེད་པ་དེ། བདག་གིས་ བསྣུན། བསྙོད་དེ་བསྐྱེད་ནས། དེ་བདག་གིས་རང་གི་རིགས་རྒྱུད་དང་འཚམ་པར་འགའ་ཞིག་ལ་ཆུང་མར་སྦྱིན་ན། ཚོགས་ཀྱིས་ལྟོས་ཤིག་དེ་རྣམས་ཀྱིས་སྨྲས་པ། ཁྱིམ་བདག། སྔོན་ ཚོགས་ཁོ་ནས་ཁྲིམས་སུ་བཅས་པ། བུད་མེད་རིན་པོ་ཆེ་མི་གཏང་སྟེ་ཚོགས་ཀྱིས་སྤྱད་དོ། །ཞེས་བཅས་པ་ཡིན་གྱི། རེ་ཞིག་བུ་མོ་དེ་ཅི་འདྲ་བ་ཞིག་བལྟའི། ཁྲིད་དེ་ཤོག་ཅིག། དེས་དེ་ཚོགས་ ཀྱི་ནང་དུ་ཁྲིད་དེ་འོངས་པ་དང། གཟུགས་དང། ལང་ཚོ་ཕུན་སུམ་ཚོགས་པ་མཐོང་ནས། ཚོགས་ཐམས་ཅད་ངོ་མཚར་དུ་གྱུར་པའི་མིག་བགྲད་དེ་ཀུན་ཏུ་བརྟག་པར་བརྩམས་ནས་སྨྲས་པ་ ཁྱིམ་བདག། འདི་ནི། བུད་མེད་རིན་པོ་ཆེ་ཡིན་པས་ཚོགས་ཀྱིས་སྤྱད་ཀྱི། སུ་ལ་ཡང་མི་སྦྱིན་ནོ། །དེ་ནས་ཁྱིམ་བདག་མིང་ཆེན། ཡིད་མི་བདེ་ཞིང་རང་གི་ཁྱིམ་དུ་སོང་ནས། དེ་འགྲམ་པ་ ལ་ལག་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང། ཨ་མྲ་སྐྱོང་མས་མཐོང་ནས་དྲིས་པ། ཡབ། ཅིའི་སླད་དུ་ཐུགས་མི་དགྱེས་བུ་མོ། ཁྱོད་བུད་མེད་རིན་པོ་ཆེ་ཡིན་ནོ། །ཞེས་ཚོགས་ ཀྱིས་སྤྱད་པར་གྱུར་ཏེ། བདག་གི་ཡིད་ལ་རེ་བ་མ་རྫོགས་སོ། །ཡབ་ཅི། ཁྱོད་གཞན་གྱི་དབང་དུ་གྱུར་ཏམ། བུ་མོ། སྔོན་ཚོགས་ཀྱིས་ཁྲིམས་སུ་བཅས་པ། བུད་མེད་རིན་པོ་ཆེ་ནི། ཚོགས་ [82B] །ཞེས་བཅས་ལ། ཁྱོད་ཀྱང་བུད་མེད་རིན་པོ་ཆེ་ཡིན་པས། དེའི་ཕྱིར་བདག་ལ་དབང་མེད་དོ། །དེས་སྨྲས་པ། དམ་ཞིག་བཅའ་སྟེ། གལ་ཏེ་བདག་ལ་ཚོགས་ཀྱིས་དམ་པ་ལྔ་ཞིག་སྩལ་ ན༑ བདག་ཚོགས་ཀྱིས་སྤྱད་པར་བགྱི་སྟེ། རིས་དང་པོའི་ཁང་པ་སྩལ་པ་དང། སྐྱེས་པ་གཅིག་ནང་དུ་ཞུགས་པ་ན་གཅིག་ཤོས་ནང་དུ་མི་འཇུག་པ་དང། ནང་དུ་འཇུག་པ་གང་ཡིན་པ་དེ་ཡང་ཀརཤ་ པ་ཎ་ལྔ་བརྒྱ་འཚལ་ཏེ་མཆི་བ་དང། གང་གི་ཚེ་ཁྱིམ་ཉུལ་བ་དེའི་ཚེ་བདག་གི་ཁྱིམ་ཞག་བདུན་ན་བྱུལ་བ་དང། བདག་གི་ཁྱིམ་དུ་མཆི་བ་རྣམས་ཀྱི་ཕྱིར་འབྱུང་བ་དང། ནང་དུ་འཇུག་པ་ལ་མི་བརྟག་ པའོ། །མིང་ཆེན་གྱིས། ཨ་མྲ་སྐྱོང་མའི་འཕྲིན་བཟླས་པ་དང་ཚོགས་ཀྱིས་སྨྲས་པ། དེ་བཞིན་དུ་བྱ་སྟེ། རིས་དང་པོའི་ཁང་པ་ཞེས་གང་སྨྲས་པ་ལ། རིས་དང་པོའི་ཁང་པ་ནི། བུད་མེད་རིན་པོ་ཆེ་ ཁོ་ན་ལ་འོས་སོ། །གཅིག་ནང་དུ་ཞུགས་པ་ན། གཅིག་ཤོས་ནང་དུ་མི་འཇུག་པར་བྱའོ། །ཞེས་གང་སྨྲས་པ་དེ་ཡང་བདེན་ཏེ། ཤ་འཁོན་རྣམས་ལས་ནི། འདི་ལྟ་སྟེ། བུད་མེད་ཀྱི་ཤ་འཁོན་ཐ་ཆད་ ཡིན་པས། གལ་ཏེ་གཅིག་ནང་དུ་ཞུགས་པ་དང་གཅིག་ཤོས་ཀྱང་ནང་དུ་ཞུགས་ན། གདོན་མི་ཟ་བར་གཅིག་ལ་གཅིག་གསོད་པར་འགྱུར་རོ། །ནང་དུ་འཇུག་པ་དེས་ཀརཤ་པ་ཎ་ལྔ་བརྒྱ་ཐོགས་ཏེ་ ནང་དུ་འཇུག་པར་བྱའོ། །ཞེས་གང་སྨྲས་པ་དེ་ཡང་བདེན་ཏེ། གདོན་མི་ཟ་བར་དེའི་གོས་དང། རྒྱན་དུ་དགོས་སོ། །ཞག་བདུན་ལོན་པ་དང་ཁང་པ་བྱུལ་བར་བྱའོ། །ཞེས་གང་སྨྲས་པ་དེ་ཡང་ [83A]༄༅། །བདེན་ཏེ། སྔར་རམ། ཕྱིས་བྱས་ཀྱང་རུང། དེ་ལ་འགལ་བ་ཅི་ཞིག་ཡོད། སྐྱེས་པ་རྣམས་ཀྱིས་ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་ལ་མི་བརྟག་གོ། ཞེས་གང་ སྨྲས་པ་དེ་ཡང་བདེན་ཏེ། འདི་སྨད་ཚོང་མ་ཡིན་པས། གལ་ཏེ་མི་རྣམས་ཀྱི་ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་བརྟགས་ན། སུ་ཞིག་དེའི་ཁྱིམ་དུ་འཇུག། དེ་ནས་ཚོགས་ཀྱིས་དེ་ལ་ མཆོག་ལྔ་བྱིན་ནས། ཚོགས་ཀྱིས་སྤྱད་པར་གྱུར་ཏོ། །ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ཀྱིས། དགའ་མགུར་སྤྱད་པའི་ཕྱིར་དེའི་ཁྱིམ་དུ་འཇུག་པར་བརྩམས་པ་ལས། དེ་ན་ཁ་ཅིག་ ནི༑ ཡུལ་ལ་ཆགས་ཆེས་པའི་ཕྱིར་མཐོང་མ་ཐག་ཁོ་ནར་འདོད་ཆགས་དང་བྲལ་བར་གྱུར་ཏོ། །ཁ་ཅིག་གིས་ནི། རེག་པ་ཁོ་ནས་ཏེ་དེ་ལ་འགས་ཀྱང་སྐྱེས་པའི་བྱ་བ་མ་བྱས་སོ། །དེས་ བསམ་པ། འདི་དག་ནི། སྐྱེས་པ་མ་ཡིན་གྱི། ཐབས་ཤིག་བཤམ་པར་བྱའོ། །སྙམ་ནས། དེས་ཡུལ་སྣ་ཚོགས་ན་གནས་པའི་རི་མོ་མཁན་རྣམས་བཀུག་ནས་སྨྲས་པ། ཤེས་ལྡན་དག་ གང་ན་རྒྱལ་པོའམ། བློན་པོའམ། ཕྱུག་པོའམ། ཚོང་དཔོན་ནམ་ཚོང་པའམ། དེད་དཔོན་ཅི་འདྲ་བ་ཞིག་མཐོང་བ་དེ་འདྲ་བ་དག་རྩིག་པ་ལ་བྲིས་ཤིག། དེ་རྣམས་ཀྱིས་ཇི་ལྟར་མཐོང་ བ་བཞིན་བྲིས་པ་དང། དེ་ནས་ཨ་མྲ་སྐྱོང་མ་རྒྱན་རྣམས་ཀྱིས་བརྒྱན་ནས། རི་མོའི་ལས་རྣམས་ལ་སོ་སོར་བརྟགས་ཏེ། དྲིས་པ། ཤེས་ལྡན་དག། འདི་ནི། གང་ཞིག་འདི་ནི། རྒྱལ་པོ་ [83B] །གཞན་འདི་གང་ཞིག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལོ། །གཞན་འདི་གང་ཞིག་བད་ས་ལའི་རྒྱལ་པོ་འཆར་བྱེད་དོ། །གཞན་འདི་གང་ཞིག། མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་ གཟུགས་ཅན་སྙིང་པོའོ། །དེས་དེ་བཞིན་དྲིས་པ་དང། དེ་རྣམས་ཀྱིས་ཀྱང་ཐམས་ཅད་སྨྲས་སོ། །དེ་ནས་དེས་ཐམས་ཅད་ལ་བརྟགས་པ་དང། གཟུགས་ཅན་སྙིང་པོ་ལ་མིག་ཆགས་ནས་དེས་ བསམ་པ། སྐྱེས་བུ་འདི་ལྟ་བུར་ཆུ་ཞེང་གབ་པས་ནི། བདག་དང་ལྷན་ཅིག་དགའ་མགུར་སྤྱད་པར་ནུས་སྙམ་མོ། །ཇི་ཙམ་དུས་གཞན་ཞིག་ན། མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་ སྙིང་པོ་སྟེང་གི་ཁང་བཟང་གི་གཞིར་སོང་ནས། བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་འདུག་ནས། ཚུལ་མ་ཡིན་པའི་གཏམ་སྨྲས་པ་ཤེས་ལྡན་དག། སུས་སྨད་ཚོང་མ་ཇི་ལྟ་བུ་མཐོང། ས་ སྐྱོང་གིས་སྨྲས་པ། ལྷ། རེ་ཞིག་གཞན་ལྟ་ཞོག། ཡངས་པ་ཅན་ན་སྨད་ཚོང་མ་ཨ་མྲ་སྐྱོང་མ་ཞེས་བགྱི་བ། ཤིན་ཏུ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ། སྒྱུ་རྩལ་དྲུག་ཅུ་རྩ་བཞི་འཚལ་ བ༑ ལྷ་ཁོ་ནས་སྤྱད་དུ་རུང་བ་ཞིག་མཆིས་སོ། །དེས་སྨྲས་པ། ས་སྐྱོང། གལ་ཏེ་དེ་ལྟ་ན་ཡངས་པ་ཅན་དུ་འདོང། དེ་དང་ལྷན་ཅིག་དགའ་མགུར་སྤྱོད་དོ། །དེས་སྨྲས་པ། ཡངས་པ་ཅན་གྱི་ལི་ཙ་བྱི་ རྣམས་ནི། ཡུན་རིང་པོ་ནས་གནོད་པ་བགྱིད་པ། སླར་རྒོལ་བ། དགྲ་བོ་ལགས་པས། ཁྱོད་ལ་གནོད་པ་བགྱིད་དུ་མཆིའོ། །རྒྱལ་པོས་སྨྲས་པ་ཤེས་ལྡན་དག་མི་རྣམས་ནི། སྐྱེས་བུའི་དཔའ་ [84A]༄༅། །སྙིང་ཅན་ཡིན་པས་འདོང་ངོ། །དེས་སྨྲས་པ། ལྷ། གལ་ཏེ་དོན་མ་མཆིས་པ་ལ་གཙིགས་ཆེ་བར་མཛད་ན། གཤེགས་མོད། དེ་ཤིང་རྟར་ཞུགས་ནས་ས་སྐྱོང་དང་ལྷན་ ཅིག་ཡངས་པ་ཅན་དུ་ཆས་ཏེ། རིམ་གྱིས་ཡངས་པ་ཅན་དུ་ཕྱིན་ནས་ས་སྐྱོང་ནི། སྐྱེད་མོས་ཚལ་ན་སྡོད་དོ། །རྒྱལ་པོ་ནི། ཨ་མྲ་སྐྱོང་མའི་ཁྱིམ་དུ་ཞུགས་པ་དང། ཇི་ ཙམ་ན་དྲིལ་གྱི་སྒྲ་བྱུང་ངོ། །ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་རོད་རོད་པོར་གྱུར་ནས་ཤེས་ལྡན་དག་བདག་ཅག་གི་མི་མཛའ་བ་ཞིག་ནང་དུ་ཞུགས་པས་དྲིལ་འཁྲོལ་ལོ་ཞེས་སྒྲ་གསལ་ བ་དང། སྒྲ་ཆེན་པོ་བྱུང་བ་དང། རྒྱལ་པོ་གཟུགས་ཅན་སྙིང་པོས། ཨ་མྲ་སྐྱོང་མ་ལ་དྲིས་པ། བཟང་མོ། འདི་ཅི་ཞིག་ཡིན། ལྷ་སྡུམ་པར་ཉུལ་བར་བགྱིད་དོ། །ཅི་ཞིག་གི་ཕྱིར། ལྷའི་ སླད་དུའོ། །ཇི་ལྟར་བྱ། ཅི། འབྲོས་སམ། ལྷ། མི་དགྱེས་པར་མ་མཛད་ཅིག། ལྷ། དགུང་བདུན་ལོན་དང། བདག་གི་སྡུམ་པར་ཉུལ་བར་བགྱིད་པས། རེ་ཞིག་དགུང་བདུན་དུ་རོལ་བས་ དགྱེས་པར་མཛོད། དགྱེས་རྒུར་མཛོད་ལ་དགུང་བདུན་ལགས་དང། དུས་མཁྱེན་པར་བགྱིའོ། །དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། ཇི་ ཙམ་ན་ཨ་མྲ་སྐྱོང་མ་སེམས་ཅན་དང་ལྡན་པར་གྱུར་ནས། དེས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སྨྲས་པ། ལྷ། བདག་ལ་སེམས་ཅན་ཞུགས་ལགས་སོ། །དེས་དེ་ལ་སེང་རས་ཤིག་དང་ [84B] གལ་ཏེ་བུ་མོ་ཞིག་ཡིན་ན། ཁྱོད་ཉིད་ཀྱི་ཡིན་ནོ། །འོན་ཏེ་ཁྱེའུ་ཡིན་ན། སེང་རས་འདི་བསྐོན་ལ། སོར་གདུབ་ཀྱི་རྒྱ་མགུལ་དུ་ཐོགས་ཏེ་ངའི་དྲུང་དུ་ བཀྲི་ཞིག། དེ་བྱུང་སྟེ་ཤིང་རྟར་ཞུགས་ཏེ་ས་སྐྱོང་དང་ལྷན་ཅིག་ཆས་པ་དང། དྲིལ་བུ་འཁྲོལ་བར་འདུག་གོ། དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག། དགྲ་བོ་བྱུང་གི་རྗེས་ བཞིན་བཙལ་ལོ། །ཞེས་ལི་ཙ་བྱི་སྐྱོན་གོར་གྱི་མདའ་རྩིབས་ཅན་ལྔ་བརྒྱས་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕྱི་བཞིན་བསྙེགས་པ་དང། ས་སྐྱོང་གིས་མཐོང་ནས། དེས་སྨྲས་པ། ལྷ་ ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་མཆི་ན། ལྷ། ཅི། འདི་དག་དང་ལྷན་ཅིག་འཐབ་མོ་བྒྱིའམ། འོན་ཏེ་ཤིང་རྟ་བདའ། དེས་སྨྲས་པ་ང་ནི། དུབ་པས་ཤིང་རྟ་འདེད་ཀྱི། ཁྱོད་ཁོ་ནས་འདི་དག་ དང་ལྷན་ཅིག་འཐབ་མོ་ཁྱེ་ཞིག། དེས་དེ་རྣམས་དང་ལྷན་ཅིག་འཐབ་མོ་འགྱེད་པར་བརྩམས་པ་ལས། ཡངས་པ་ཅན་རྣམས་ཀྱིས་ངོ་ཤེས་ནས། དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་ མིའི་སྲིན་པོ་དེ་ཉིད་འདི་ཡིན་གྱི། སླར་ལྡོག་གོ། དེ་རྣམས་སླར་ལོག་ནས་ཡངས་པ་ཅན་དུ་འོངས་ཏེ། འདུས་ནས་ཡང་ཁྲིམས་བཅས་པ། ཤེས་ལྡན་དག། བདག་ཅག་གི་དགྲ་འདི་ལ་ཡང་ གཟུགས་ཅན་སྙིང་པོའི་བུ་རྣམས་ཤ་གློན་དུ་གཞུག་གོ། ཞེས་བཅས་སོ། །ཇི་ཙམ་ན་ཟླ་བ་དགུ་འདས་པ་དང། ཨ་མྲ་སྐྱོང་མ་ལ་ཁྱེའུ་གཟུགས་བཟང་ལ། མཛེས་པ། བལྟ་ན་སྡུག་པ་ [85A]༄༅། །ཞིག་བཙས་སོ། །བཙས་ནས་ཞེས་བྱ་བ་ནས། བསྲིངས་བསྐྱེད་དེ་ཆེན་པོར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དེ་ཡངས་པ་ཅན་གྱི་ལི་ཙ་བྱིའི་ཁྱེའུ་རྣམས་དང་ལྷན་ཅིག་རྩེ་ པར་བྱེད་པ་ལས། དེ་རྣམས་ཀྱིས་མི་དགའ་བའི་ཚིག་སྨྲས་པ། བྲན་མོའི་བུ་ཁྱོད། བརྒྱ་སྟོང་ཕྲག་དུ་མ་ཞིག་ལས་ནི། སྐྱེས་ན། ཕ་སུ་ཡིན། དེས་ངུས་ནས་མའི་དྲུང་དུ་སོང་བ་དང། དེས་ སྨྲས་པ། བུ། ཅིའི་ཕྱིར་དུ། དེས་ཐམས་ཅད་རྒྱས་པར་སྨྲས་པ་དང། དེས་སྨྲས་པ། བུ། གལ་ཏེ་ཡང་དྲིས་པ་དང། ངའི་ཕ་ལྟ་བུ་ནི། ཁྱེད་ཅག་གཅིག་ལ་ཡང་མེད་དོ། །ཞེས་སྨྲོས་ཤིག་ གལ་ཏེ་སུ་ཡིན་ཞེས་སྨྲ་ན། རྒྱལ་པོ་གཟུགས་ཅན་སྙིང་པོ་ཡིན་ནོ་།ཞེས་སྨྲོས་ཤིག་ཇི་ཙམ་ན། དེ་དེ་རྣམས་དང་ལྷན་ཅིག་ཡང་རྩེ་བར་བྱེད་པ་ལས། དེ་རྣམས་ཀྱིས་དེ་ལ་དེ་བཞིན་དུ་ སྨྲས་པ་དང། དེས་སྨྲས་པ། ངའི་ཕ་ལྟ་བུ་ནི། ཁྱེད་ཅག་གཅིག་ལ་ཡང་མེད་དོ། །སུ་ཡིན། རྒྱལ་པོ་གཟུགས་ཅན་སྙིང་པོ་ཡིན་ནོ། །དེ་རྣམས་ཀྱིས། ཤེས་ལྡན་དག། བདག་ཅག་གི་དགྲ་ གང་ཡིན་པ་དེ་ནི། འདིའི་ཕ་ཡིན་ནོ། །ཞེས་ལྷག་པར་ཡང་བརྡེགས་སོ། །དེས་དུས་ནས་ཇི་ལྟར་གྱུར་པ་རྣམས་མ་ལ་སྨྲས་པ་དང། དེས་བསམ་པ། ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ནི་ གདུག་པ་རྩལ་པོ་ཆེ་ཡིན་ཏེ། གལ་ཏེ་འདི་གསོད་པར་འགྱུར་བའི་གནས་དེ་ཡོད་དོ་སྙམ་མོ། །དེ་དེ་ལྟ་བུ་སེམས་ཤིང་འདུག་པ་དང། ཚོང་བ་རབ་ཏུ་མང་པོ་ཟོང་ཐོགས་ནས་རྒྱལ་པོའི་ཁབ་ [85B] སོར་གདུབ་ཀྱི་རྒྱ་འདིས་སྣོད་རྒྱས་ཐོབ་ལ་དེངས་ཤིག་དང། ཤོ་གམ་མི་གཅོད་པར་འགྱུར་རོ། །ཁྱེའུ་འདི་ཡང་རྒྱལ་པོའི་ཕོ་བྲང་དུ་ཁྲིད་ལ། སོར་གདུབ་ཀྱི་ རྒྱ་འདི། འདིའི་མགུལ་དུ་ཐོགས་ཏེ་རྒྱལ་པོའི་ཁབ་ཀྱི་སྒོར་ཞོག་ཅིག། དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱའོ་ཞེས་ཁས་བླངས་སོ་།བུ་ལ་ཡང་མུ་ཏིག་གི་དོ་ཤལ་ཞིག་བྱིན་ནས་སྨྲས་པ། བུ། རྒྱལ་ པོ་དགོས་པའི་ཆེད་དུ་འདུས་པ་དང་མུ་ཏིག་གི་དོ་ཤལ་རྐང་པའི་སྟེང་དུ་ཞོག་ལ་འཛེགས་ཏེ་པང་དུ་འདུག་ཅིག། གལ་ཏེ་འགའ་ཞིག་ཁྱེའུ་འདི་འཇིགས་མི་ཤེས་པ་ཞིག་གོ་ཞེས་སྨྲས་པ་དང། དེ་ལ་ ཡང། བུ་ཕས་འཇིགས་པ་འགའ་ཡོད་དམ་ཞེས་སྨྲོས་ཤིག། དེ་ཚོང་པ་རྣམས་དང་ལྷན་ཅིག་ཏུ་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས། དེ་རྣམས་ཀྱིས་ཁྲུས་བྱས་ཏེ་སོར་གདུབ་ཀྱི་རྒྱ་བརྟགས་ནས་ རྒྱལ་པོའི་ཕོ་བྲང་གི་སྒོར་བཞག་པ་དང། དེ་རྒྱལ་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་མུ་ཏིག་གི་དོ་ཤལ་རྐང་པ་ལ་བཞག་ནས་འཛེགས་ཏེ་པང་དུ་འདུག་གོ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ ཁྱེའུ་འདི་ནི། འཇིགས་མི་ཤེས་པ་ཞིག་གོ་དེས་སྨྲས་པ། ཡབ། བུ་ཕས་འཇིགས་པ་འགའ་མཆིས་ལགས་སམ། དེ་ནས་རྒྱལ་པོས་འཇིགས་པ་མེད་པའི་སྒྲ་ཀུན་དུ་སྨྲས་པས། རྒྱལ་བུ་གཞོན་ ནུ་འཇིགས་མེད། རྒྱལ་བུ་གཞོན་ནུ་འཇིགས་མེད་ཅེས་བྱ་བར་གྲགས་སོ།།།།འདུལ་བ་གཞི། བམ་པོ་དྲུག་ཅུ་གཅིག་པ། རྒྱལ་པོ་གཟུགས་ཅན་སྙིང་པོ་གཞན་གྱི་ [86A]༄༅། །བུད་མེད་ལ་ལྷག་པར་ཆགས་པས། གླང་པོ་ཆེ་ལ་ཞོན་ནས་གྲོང་ཁྱེར་གྱི་སྲང་རྣམས་སུ་སོང་ནས་མིག་ཕན་ཚུན་དུ་ལྟ་ཞིང་འཁྱམ་པར་བྱེད་དོ། །དེའི་ཚེ་རྒྱལ་པོའི་ ཁབ་ན། ཚོང་དཔོན་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་ཡོད་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས་ཞེས་བྱ་བ་ནས་དགའ་མགུར་སྤྱོད་པར་བྱེད་དོ། །ཞེས་བྱ་བའི་བར་ གོང་མ་བཞིན་དུའོ། །དེས་དུས་གཞན་ཞིག་ན་ཆུང་མ་ལ་སྨྲས་པ་བཟང་མོ། ཟོང་ཐོགས་ནས་ཡུལ་གཞན་དུ་འགྲོའོ། །དེས་སྨྲས་པ་རྗེའི་སྲས། དེ་བཞིན་དུ་མཛོད་ཅིག་དེ་ཟོང་ཐོགས་ཏེ་ ཡུལ་གྱི་མཐར་སོང་ངོ། །དེ་ཡང་ཁ་ཟས་ཞིམ་པོ་དང། གོས་ཀྱིས་ཉོན་མོངས་པས་གདུངས་པར་གྱུར་པ་ལས། རྒྱལ་པོ་གཟུགས་ཅན་སྙིང་པོ་གླང་པོ་ཆེ་ལ་ཞོན་ནས་དེའི་ཁྱིམ་དྲུང་ནས་སོང་བ་ དང། དེས་ཀྱང་སྐར་ཁུང་དུ་འདུག་ནས་རྒྱལ་པོ་ལ་མེ་ཏོག་གི་ཕྲེང་བ་བོར་རོ། །དེ་ནས་རྒྱལ་པོས་མཐོང་ནས་སྨྲས་པ། མར་ཤོག་།དེས་སྨྲས་པ། ལྷ། གཡར་ཚ་ལགས་ཀྱི། ཁྱོད་ཉིད་ནང་དུ་ གཤེགས་ཤིག་དེ་ནས་རྒྱལ་པོ་ནང་དུ་ཞུགས་ནས་དེ་དེ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་པ་ལས། ཡང་དེའི་ཚེ་རུང་ཞིང་ཟླ་མཚན་དང་ལྡན་པས་སེམས་ཅན་ཆགས་པར་གྱུར་ ནས་དེས་རྒྱལ་པོ་ལ་སྨྲས་པ། ལྷ། བདག་ནི། སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་ནས་རྒྱལ་པོས་དེ་ལ་ཡང་སོར་གདུབ་ཀྱི་རྒྱ་དང་སེང་རས་ཁྲ་བོ་བྱིན་ནས་སྨྲས་པ། གལ་ཏེ་རེ་ཞིག་ [86B] སེང་རས་འདི་བསྐོན་ལ། སོར་གདུབ་ཀྱི་རྒྱ་ཡང་མགུལ་དུ་ཐོགས་ཏེ་ངའི་དྲུང་དུ་བཀྲི་ཞིག་འོན་ཏེ་བུ་མོ་ཡིན་ན་ནི། ཁྱོད་ཉིད་ཀྱི་ཡིན་ནོ། ཞེས་སྨྲས་ནས་རྒྱལ་པོ་སོང་ངོ་།ཇི་ ཙམ་ན་དེད་དཔོན་དེ་དོན་རྣམས་གྲུབ་སྟེ། རྒྱལ་པོའི་ཁབ་དང་ཉེ་བ་ཞིག་ཏུ་ཕྱིན་ནས་དེས་ཆུང་མ་ལ། བཟང་མོ་དགའ་བ་སྐྱེད་ཅིག་།ཁོ་བོ་དོན་གྲུབ་ནས་བདེ་བར་འོངས་ཏེ་ཞག་འདི་ཙམ་ཁོ་ན་ན་ ཕྱིན་པར་འོང་ངོ་སྤྲིང་བ་དེས་ཐོས་ནས། བདག་གིས་ནི། བྱ་བ་མ་ཡིན་པ་འདི་ལྟ་བུ་བྱས་ལ། དེ་ཡང་འོང་ན། དེ་ལ་ཇི་ལྟར་བསྒྲུབ་པར་བྱ་སྙམ་དུ་འཕོངས་པར་གྱུར་ནས། དེས་ཇི་ལྟར་གྱུར་པ་ རྣམས་རྒྱལ་པོ་ལ་རིག་པར་བྱས་པ་དང། དེ་ནས་རྒྱལ་པོས་སླར་སྤྲིང་པ། བག་མ་ཚ་བར་འདུག་ཅིག་ཇི་ནས་ཀྱང་མྱུར་དུ་མི་འོང་པ་དེ་ལྟར་ངས་བྱའོ། །རྒྱལ་པོས་དེ་ལ་ཕོ་ཉ་བཏང་བ། དེད་ དཔོན། ང་ལ་རིན་པོ་ཆེ་ཆེ་གེ་མོ་དང། ཆེ་གེ་མོ་དག་ཅིག་དགོས་ཀྱི། དེ་མེད་པར་ཁྱོད་འདིར་མ་འོངས་ཤིག་དེ་རིན་པོ་ཆེ་དེ་རྣམས་ཀྱི་ཕྱིར་ལམ་རིང་པོར་སོང་ངོ། །དེ་ཡང་ཟླ་བ་དགུ་འདས་ནས་ བཙས་པ་དང། ཁྱེའུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་བཙས་སོ། །མ་བསླབ་ཀྱང་བུད་མེད་ལ་ཤེས་ཉེན་ཡོད་པས། དེས་མར་དང་སྦྲང་རྩིས་དེ་འགྲངས་པར་བསྙོད་ནས་སོར་ གདུབ་ཀྱི་རྒྱ་མགུལ་དུ་བཏགས་ཏེ་སེང་རས་ཀྱིས་དཀྲིས་ནས་སྒྲོམ་བུའི་ནང་དུ་བཅུག་སྟེ། བུ་མོ་མངག་གཞུག་མ་ལ་བསྒོ་བ། སོང་ལ་སྒྲོམ་བུ་འདི་ཁྱེར་ཏེ་རྒྱལ་པོའི་ཕོ་བྲང་གི་སྒོར་ཁྱེད་ཀྱིས་དཀྱིལ་ [87A]༄༅། །འཁོར་བྱོས་ལ་མེ་མར་བུས་ཏེ་ཕྱོགས་གཅིག་ཏུ་ཇི་སྲིད་འགའ་ཞིག་གིས་བླངས་ཀྱི་བར་དུ་སྡོད་ཅིག་དེས་དེ་བཞིན་དུ་བྱས་པ་དང། ཇི་ཙམ་ན་རྒྱལ་པོ་སྟེང་གི་ཁང་བཟང་ གི་གཞིར་སོང་ནས་རྒྱལ་བུ་གཞོན་ནུ་འཇིགས་མེད་དང་ལྷན་ཅིག་འདུས་པ་ལས། དེས་རྒྱལ་པོའི་ཕོ་བྲང་གི་སྒོ་ན་མར་མེ་མཐོང་ངོ། །དེ་ནས་ཞོ་ཤས་འཚོ་བ་དག་ལ་བསྒོ་བ། །ཤེས་ལྡན་དག་ རྒྱལ་པོའི་ཕོ་བྲང་གི་སྒོ་ན་མར་མེ་འབར་བའོ་ནི། ཅི་ཡིན་ལྟོས་ཤིག་དེ་དག་གིས་བལྟས་ནས་སྨྲས་པ། ལྷ། སྒྲོམ་བུ་ཞིག་མཆིས་སོ་།དེས་སྨྲས་པ། ལོངས་ཤིག་རྒྱལ་བུ་གཞོན་ནུ་ འཇིགས་མེད་ཀྱིས་སྨྲས་པ། ལྷ། སྒྲོམ་བུ་དེ་ན་ཅི་མཆིས་པ་དེ་བདག་ལ་སྩལ་པར་ཅི་གནང། རྒྱལ་པོས། དེ་བཞིན་དུ་བྱའོ། །ཞེས་ཁས་བླངས་སོ། །ཇི་ཙམ་ན་སྒྲོམ་བུ་བླངས་ནས་རྒྱལ་པོ་ ལ་ཕུལ་བ་དང། རྒྱལ་པོས་སྨྲས་པ། ཁ་ཕྱེ་ཞིག། ཁ་ཕྱེ་བ་ལས་ཁྱེའུ་ཞིག་བྱུང་ངོ། །རྒྱལ་པོས་སྨྲས་པ། འདི་ཅི་གསོན་ནམ་འོན་ཏེ་ཤི་བ་ཞིག་དེ་རྣམས་ཀྱིས་སྨྲས་པ། ལྷ། གསོན་ ལགས་སོ། །དེ་ནས་རྒྱལ་པོས་སོར་གདུབ་ཀྱི་རྒྱ་དང་སེང་རས་ངོ་ཤེས་ནས་རྒྱལ་བུ་གཞོན་ནུ་འཇིགས་མེད་ལ་བྱིན་པ་དང། དེས་དེ་བསྣུན་བསྙོད་བསྐྱེད་དོ། རྒྱལ་པོས་གསོན་ནམ་ཞེས་ ཚིག་ཏུ་བྱུང་བ་དང། རྒྱལ་བུ་གཞོན་ནུ་འཇིགས་མེད་ཀྱིས་གསོས་པས་འཚོ་བྱེད་གཞོན་ནུས་གསོས་ཞེས་བྱ་བར་གྲགས་སོ། །ཇི་ཙམ་དུས་གཞན་ཞིག་ན། འཚོ་བྱེད་གཞོན་ནུས་གསོས་ [87B] །དེ་འཇིགས་མེད་དང་ལྷན་ཅིག་བྲེ་མོའི་གཏམ་ཟེར་ཞིང་འཁོད་པ། འཇིགས་མེད། གཞོན་ནུ་མ་སྐྱེས་དགྲ་ནི། མ་བཙས་པ་ཁོ་ན་ནས་རྒྱལ་པོ་ཉིད་དུ་ལུང་བསྟན་གྱི། བདག་ཅག་ནི་ བཟོ་ཅུང་ཟད་བསླབ་སྟེ། དེས་ན་བདག་ཅག་གི་ཕྱི་དུས་ཀྱི་འཚོ་བར་འགྱུར་རོ། །དེ་གཉིས་ཀྱིས་དེ་ལྟར་གྲོས་བྱས་པ་ལས། ཤིང་རྟ་མཁན་གོས་དཀར་པོ་གྱོན་པ། མི་གོས་དཀར་པོ་གྱོན་པ་རྣམས་ ཀྱིས་ཡོངས་སུ་བསྐོར་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་པ་དང། དེ་རྒྱལ་བུ་གཞོན་ནུ་འཇིགས་མེད་ཀྱིས་མཐོང་བས། དེས་རྒྱལ་པོའི་མི་གཞན་དག་ལ་དྲིས་པ། འདི་སུ་ཞིག་ཡིན། དེ་རྣམས་ཀྱིས་སྨྲས་ པ༑ ཤིང་རྟ་མཁན་ལགས་སོ། །འདི་ཅི་འཐོབ། འཚོ་བའོ། །དེས་བསམ་པ། བདག་གིས་ཀྱང་ལྷ་ལ་བརྟགས་ནས་ཤིང་རྟ་མཁན་བསླབ་བོ་།སྙམ་ནས་དེ་རྒྱལ་པོའི་དྲུང་དུ་སོང་ནས་སྨྲས་པ། ལྷ་ བདག་ཀྱང་ཤིང་རྟ་མཁན་བསླབ་བོ། །རྒྱལ་པོས་སྨྲས་པ། བུ་ཁྱོད་ཅི་འདིས་འཚོ་བར་འགྱུར་རམ། ཡབ། རྒྱལ་པོའི་བུས་ནི། བཟོ་ཐམས་ཅད་ལ་བསླབ་པར་བགྱི་བ་ལགས་སོ། །བུ། གལ་ ཏེ་དེ་ལྟ་ན་ཁྱོད་ཤིང་རྟ་མཁན་སློབས་ཤིག་དེས་བསླབ་པར་བརྩམས་སོ། །འཚོ་བྱེད་ཀྱིས་ཀྱང་སྨན་བ་གོས་དཀར་པོ་གྱོན་པ། མི་གོས་དཀར་པོ་གྱོན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ རྒྱལ་པོའི་ཕོ་བྲང་དུ་ཞུགས་པར་མཐོང་ནས་དེས་གཞན་དག་ལ་དྲིས་པ། འདི་སུ་ཞིག་ཡིན། དེ་དག་གིས་སྨྲས་པ། སྨན་པ་ལགས་སོ་།དེ་ཅི་ཞིག་བྱེད། དཔྱད་བགྱིད་དོ། །ཅི་འཐོབ། གལ་ [88A]༄༅། །ཏེ་ནད་པ་ཞིག་སོས་ན། རྔན་པ་འཐོབ་བོ། །འོན་ཏེ་གུམ་ན། མི་ཚོལ་མི་འདྲིའོ། །དེས་བསམ་པ། སྨན་དཔྱད་བསླབ་བོ། །སྙམ་ནས། དེ་བའི་གན་དུ་སོང་ནས་སྨྲས་པ་ ལྷ། གནང་བར་མཛོད་ཅིག་སྨན་དཔྱད་བསླབ་ལགས་སོ། །བུ། ཁྱོད་རྒྱལ་པོའི་སྲས་ཡིན་ནོ། །ཁྱོད་ལ་སྨན་དཔྱད་ཀྱིས་ཅི་བྱ། ལྷ་རྒྱལ་པོའི་བུས་ནི། བཟོ་ཐམས་ཅད་ལ་བསླབ་པར་བགྱི་བ་ ལགས་སོ། །བུ། གལ་ཏེ་དེ་ལྟ་ན་སློབས་ཤིག་དེས་སྨན་དཔྱད་བསླབ་པར་བརྩམས་པ་དང། དེས་སྨན་དཔྱད་ནི། ལོབས་ན། དེས་ཀླད་པའི་ཐོད་པ་དབྱེ་བའི་དཔྱད་མ་ཤེས་ནས། དེས་རྡོ་ འཇོག་ན་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཞེས་བྱ་བ་ཡོད་དེ་།དེས་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་ཤེས་སོ། །ཞེས་ཐོས་ནས་དེ་རྒྱལ་པོའི་དྲུང་དུ་སོང་སྟེ་སྨྲས་པ། ལྷ། རྡོ་འཇོག་ཏུ་མཆིའོ་ ཅི་ཞིག་གི་ཕྱིར། དེ་ན་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཞེས་བགྱི་བ་མཆིས་ཏེ། དེ་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་འཚལ་བས་དེ་སློབ་ཏུ་མཆིའོ། །བུ། ཁྱོད་འདིས་འྪོའམ། ལྷ། ཡང་ ན་ནི་སྨན་དཔྱད་མི་བསླབ། ཡང་ན་ནི་ལེགས་པར་བསླབ་པར་བགྱིའོ་།བུ། གལ་ཏེ་དེ་ལྟ་ན་སོངས་ཤིག་དེས་རྒྱལ་པོ་པདྨའི་སྙིང་པོ་ལ་སྤྲིང་པ། བདག་གི་བུ་འདི་སྨན་དཔྱད་སློབ་ཏུ་རྒྱུན་ཤེས་ ཀྱི་བུའི་དྲུང་དུ་འོང་གི་འདིའི་དགོས་པ་ཐམས་ཅད་ཁྱོད་ཀྱིས་སྦྱོར་ཅིག་དེ་རིམ་གྱིས་རྡོ་འཇོག་ཏུ་ཕྱིན་པ་དང། པདྨའི་སྙིང་པོས་ཀྱང་སྤྲིང་ཡིག་བཀླགས་ཏེ་རྒྱུན་ཤེས་ཀྱི་བུ་ལ་གཏད་ནས་རྒྱལ་ [88B] ཁྱོད་ཀྱི་དྲུང་དུ་ཆེད་དུ་འོངས་ཀྱི། འདི་ལ་སྨན་དཔྱད་སློབས་ཤིག་རྒྱུན་ཤེས་ཀྱི་བུས་དེ་ལ་སྟོན་པར་བྱེད་པ་ན། དེས་ཉུང་ཟད་བསྟན་པ་དང། འཚོ་བྱེད་ཀྱིས་ཁྱད་པར་དང་བཅས་པར་ ལོབས་སོ། །རྒྱུན་ཤེས་ཀྱི་བུའི་ཀུན་ཏུ་སྤྱོད་པ་ནི། གང་གི་ཚེ་ནད་པ་ལ་བལྟར་འགྲོ་བ་དེའི་ཚེ། བྲམ་ཟེའི་ཁྱེའུ་ཞིག་ཁྲིད་དེ་འགྲོ་བ་ཡིན་པས། དེ་དུས་གཞན་ཞིག་ན་འཚོ་བྱེད་ཁྲིད་དེ་སོང་ནས་ དེས་ནད་པའི་སྨན་བསྟན་པ། འདི་དང་འདི་དག་བྱིན་ཅིག་ཅེས་སྨྲས་ནས་བྱུང་ངོ། །འཚོ་བྱེད་ཀྱིས་བསམ་པ། འདི་ནི། མཁན་པོས་ཉེས་ཏེ། གལ་ཏེ་འདིས་སྨན་འདི་ཟོས་ན། འདི་དེང་ཉིད་འཆི་ བར་འགྱུར་ཏེ། མཁན་པོས་བསྟན་པ་ནི། ལེགས་པ་མ་ཡིན་གྱི། ཐབས་ཤིག་བྱའོ། །སྙམ་ནས། དེ་རྒྱུན་ཤེས་ཀྱི་བུ་དང་ལྷན་ཅིག་ཏུ་བྱུང་ནས་སླར་ནང་དུ་ཞུགས་ཏེ་སྨྲས་པ། མཁན་པོ་འདི་ སྐད་ཅེས་གསུང་ངོ། །ཁོ་བོས་སྨན་བསྟན་པ་གང་ཡིན་པ་དེ་མ་བྱིན་པར་འདི་དང་འདི་དག་བྱིན་ཅིག་ཟེར་རོ། །དེས་དེ་བཞིན་དུ་བྱས་པས་སོས་པར་གྱུར་ཏོ། །ཇི་ཙམ་ཉི་མ་གཞན་ཞིག་ལ་རྒྱུན་ ཤེས་ཀྱི་བུ་ཡང་དེའི་དྲུང་དུ་སོང་ནས་དྲིས་པ། ན་བ་ཇི་ལྟར་སོས་པར་གྱུར་ཏོ། །སང་ཡང་དེ་ཉིད་བྱིན་ཅིག་ཅི། སྔ་མ་ལགས་སམ། འོན་ཏེ་སླད་ཀྱིས་བསྟན་པ་ལགས། ཅི། བདག་གིས་སྔར་ བསྟན་ཏམ། འོན་ཏེ་ཕྱིས་བསྟན། དེ་དག་གིས་སྨྲས་པ། འདི་དག་ནི་ཁྱོད་ཀྱིས་མངོན་སུམ་དུ་བསྟན་ཏོ། །འདི་ནི། འཚོ་བྱེད་ལ་འཕྲིན་དུ་སྤྲིང་པ་ཡིན་ནོ། །དེས་བསམ་པ། བདག་གིས་ཉེས་ [89A]༄༅། །ཀྱི། འཚོ་བྱེད་ནི། ཤེས་རབ་ཅན་ཡིན་ནོ། །སྙམ་བསམ་ནས་སྨྲས་པ། འཚོ་བྱེད་ཀྱིས་བསྟན་པ་གང་ཡིན་པ་དེ་བྱིན་ཅིག་རྒྱུན་ཤེས་ཀྱི་བུ་འཚོ་བྱེད་ལ་དགའ་བ་ སྐྱེས་པས། དེ་གང་དུ་འགྲོ་བ་དེར་འཚོ་བྱེད་ཁྲིད་དོ། །བྲམ་ཟེའི་ཁྱེའུ་གཞན་རྣམས་ཀྱིས་སྨྲས་པ། མཁན་པོ། ཁྱོད་རྒྱལ་པོའི་བུའོ་སྙམ་ནས་འདི་ལ་ནི། སྤྲོ་བས་སྟོན་པར་མཛད་ཀྱི། བདག་ ཅག་ལ་ནི། མི་མཛད་དོ། །དེས་སྨྲས་པ། འཚོ་བྱེད་ནི། ཤེས་རབ་ཅན་ཡིན་པས་ངས་བསྟན་པ་གང་ཡིན་པ་དེ་རང་གིས་རྣམ་པར་འབྱེད་ནུས་ཀྱི། ཁྱོད་ཀྱིས་ནི། དེ་ལྟ་མ་ཡིན་ནོ། །དེ་རྣམས་ ཀྱིས་སྨྲས་པ། མཁན་པོས་ཇི་ལྟར་མཁྱེན། གལ་ཏེ་དེ་ལྟ་ན། ངས་ཁྱེད་ཅག་གི་མངོན་སུམ་དུ་བྱའོ། །བླ་མ་ཟེའི་ཁྱེའུ་དེ་རྣམས་ལ་ཁྱོད་ཀྱིས་ནི། རྫས་ཆེ་གེ་མོ་ཞིག་གི་རིན་དྲིས་ཤིག་ ཁྱོད་ཀྱིས་ཀྱང་ཆེ་གེ་མོ་ཞིག་གིའོ། །ཞེས་ཐམས་ཅད་ཚོང་དུས་སུ་བཏང་ངོ། །འཚོ་བྱེད་ཀྱང་ཁྱོད་ཀྱིས་ཀྱང་ཆེ་གེ་མོ་ཞིག་གིའོ་ཞེས་བསྒོའོ། །བྲམ་ཟེའི་ཁྱེའུ་དེ་དག་གིས་ཇི་སྐད་བསྟན་པ་ ཁོ་ན་བཞིན་བྱས་སོ། །འཚོ་བྱེད་ཀྱིས་ཀྱང་ཇི་སྐད་བསྟན་པ་བཞིན་བྱས་ནས་བསམ་པ། གལ་ཏེ་མཁན་པོ་རྫས་གཞན་གྱི་རིན་འདྲི་བར་བྱེད་ན། བདག་གིས་ཇི་སྐད་བརྗོད་པར་བྱའི། ཐམས་ ཅད་དུ་རྫས་ཐམས་ཅད་ཀྱི་རིན་འདྲིའོ་སྙམ་ནས། དེ་དག་ཐམས་ཅད་མཁན་པོའི་དྲུང་དུ་སོང་ནས་ཇི་སྐད་བསྟན་པ་བཞིན་སྨྲས་སོ་།རྒྱུན་ཤེས་ཀྱི་བུས། མ་བསྟན་པའི་རྫས་ཀྱི་རིན་དྲི་ [89B] རྫས་ཆེ་གེ་མོ་ཞིག་གི་རིན་ཇི་ཙམ། དེས་སྨྲས་པ། མ་འཚལ་ཏོ། །གཞན་དག་ལ་དྲིས་པ་དང་སྨྲས་པ། མ་འཚལ་ལགས་སོ། །འཚོ་བྱེད་ལ་དྲིས་པ་དང། དེས་ རྫས་ཐམས་ཅད་ཀྱི་རིན་སྨྲས་སོ། །རྒྱུན་ཤེས་ཀྱི་བུས་སྨྲས་པ་བྲམ་ཟེའི་ཁྱེའུ་དག་ཁྱེད་ཀྱིས་ཐོས་སམ། ཐོས་ལགས་སོ། །ངས་འཚོ་བྱེད་ནི། ཤེས་རབ་ཅན་ཡིན་ཏེ། ཅུང་ཟད་བསྟན་ ན་ཡང་དེ་ལ་རང་གིས་རྣམ་པར་འབྱེད་ནུས་སོ། །ཞེས་སྨྲས་པ་ནི་དོན་དེ་ཡིན་ནོ། །གཞན་ཡང་མངོན་སུམ་དུ་བྱའོ། །ཞེས་དེས་དེ་རྣམས་ལ་སྨྲས་པ། ཐང་ཤིང་ཅན་གྱི་རི་ལ་དེངས་ལ་སྨན་ མ་ཡིན་པ་དག་ཁྱེར་དེ་ཤོག་ཅིག་དེ་དག་དོང་ནས་དེ་དག་ལས་གང་ཞིག་གིས་གང་སྨན་མ་ཡིན་པར་ཤེས་པ་དེ། དེ་དག་གིས་བླངས་སོ་།འཚོ་བྱེད་ཀྱིས་བསམ་པ། སྨན་མ་ཡིན་པ་ནི། ཅུང་ ཟད་ཀྱང་མེད་དོ་སྙམ་ནས་དེས་འདམ་བུ་མདའ་རྒྱུའི་རྩ་བ་དང་རྡོ་བའི་དུམ་བུ་ཞིག་བླངས་སོ། །ཇི་ཙམ་ན་འཚོ་བྱེད་ཀྱིས། ལམ་གྱི་ཕྱེད་ན་ཕྱུགས་རྫི་མོ་ཞིག་ཞོའི་བུམ་པ་དང་ཕྲུམ་ཚུད་ཁྱེར་ ནས་རྒྱུན་ཤེས་ཀྱི་བུའི་དྲུང་དུ་སོང་བ་ལས། དེ་ཤིན་ཏུ་མིག་ན་བ་དེས་མཐོང་ནས་དེས་དྲིས་པ། གང་དུ་འགྲོ། དེས་སྨྲས་པ་དང་དེས་དེ་ལ་གནས་དེ་ཉིད་ཀྱི་དྲུང་ན་ཡོད་པའི་སྨན་ཞིག་བསྟན་པ་ ལས། དེས་བྱས་པ་དང་མོད་ལ་སོས་པར་གྱུར་ཏོ། །དེ་དགའ་བ་སྐྱེས་ནས་སྨྲས་པ། ཞོའི་བུམ་པ་དང་ཕྲུམ་ཚུད་འདི་ཁྱེད་སྣོམས་ཤིག་།དེས་ཕྲུམ་ཚུད་བླངས་ཏེ་ཞོའི་བུམ་པ་ནི། དེ་ཉིད་ལ་ [90A]༄༅། །བྱིན་ནས་དེ་ཕྲུམ་ཚུད་ཁྱེར་ཏེ་སོང་བ་ལས། ཇི་ཙམ་ན་བྲམ་ཟེའི་ཁྱེའུ་རྣམས་ཀྱིས། ལམ་གྱི་དབུས་ན་གླང་པོ་ཆེའི་རྗེས་ཤིག་མཐོང་ནས་དེ་རྣམས་ཀྱིས་དེ་ལ་བརྟག་ པར་བརྩམས་པ་དང། འཚོ་བྱེད་ཀྱང་འོངས་ནས་དེས་སྨྲས་པ། འདི་ཅི་ཡིན། གླང་པོ་ཆེའི་རྗེས་སོ། །འདི་ནི། གླང་པོ་ཆེའི་རྗེས་མ་ཡིན་གྱི། འདི་ནི། བ་ལང་མོའི་རྗེས་ཡིན་ཏེ། དེ་ཡང་མིག་ གཡས་པ་ཞར་བ། དེ་རིང་ཁོ་ནར་གླང་པོའི་ཕྲུ་གུ་འབྱུང་བར་འགྱུར་བ་ཞིག་ཡིན་ལ། དེ་ལ་ཞོན་པ་ནི། བུད་མེད་ཡིན་ལ། དེ་ཡང་མིག་གཡས་པ་ཞར་བ། སྦྲུམ་པ། དེ་རིང་ཉིད་དུ་བུ་ཕོ་བཅའི་ བར་འགྱུར་བ་ཞིག་ཡིན་ནོ། །ཇི་ཙམ་ན། རྒྱུན་ཤེས་ཀྱི་བུའི་དྲུང་དུ་འོངས་ནས་གང་གིས་གང་ཁྱེར་ཏེ་འོངས་པ་དེས་དེ་བསྟན་ཏོ་།རྒྱུན་ཤེས་ཀྱི་བུས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་འདི་ཐམས་ ཅད་ནི། སྨན་ཡིན་ཏེ། རེ་ཞིག་འདི་ནི། ཆེ་གེ་མོ་ཞིག་གི་ནད་ཆེ་གེ་མོ་ཞིག་ཡིན་ལ། དེ་བཞིན་དུ་གཞན་དང་གཞན་དག་ཀྱང་ཡིན་ནོ་།འཚོ་བྱེད་ལ་དྲིས་པ། ཁྱོད་ཀྱིས་ཅི་ཁྱེར་ཏེ་འོངས་ དེས་སྨྲས་པ། མཁན་པོ། དེ་ཐམས་ཅད་སྨན་ལགས་ཏེ། སྨན་མ་ལགས་པ་ནི། ཅི་ཡང་མ་མཆིས་སོ། །འོན་ཀྱང་བདག་གིས་འདམ་བུ་མདའ་རྒྱུའི་རྩ་བ་དང། རྡོའི་དུམ་བུ་དང། ཕྲུམ་ཚུད་ ཅིག་འཚལ་ཏེ་མཆིས་སོ། །འདི་དག་ཅི་དགོས། སྡིག་པས་ཟིན་པ་ལ་འདམ་བུ་མདའ་རྒྱུའི་རྩ་བའི་དུད་པས་བདུག་གོ། ཕྲུམ་ཚུད་ཀྱིས་ནི་གླན་པར་བགྱིའོ། །རྡོའི་དུམ་བུས་ནི། སྟོན་ [90B] །རྒྱུན་ཤེས་ཀྱི་བུ་འཛུམ་ཕྱུང་བ་དང། བྲམ་ཟེའི་ཁྱེའུ་རྣམས་ཀྱིས་བསམ་པ་མཁན་པོ་ནི། འདི་ལ་ཁྲོས་སོ། །སྙམ་ནས་དེ་རྣམས་ཀྱིས་སྨྲས་པ་ མཁན་པོ། ཅི། འདི་གཅིག་པུར་བས་སྙམ་མམ། བདག་ཅག་མཆི་བ་ན་ལམ་གྱི་དབུས་སུ་གླང་པོ་ཆེའི་རྗེས་ཤིག་མཐོང་བ་ན་འདིའི་མཆིད་ནས། འདི་ནི། བ་ལང་མོའི་རྗེས་ཡིན་ཏེ། དེ་ཡང་མིག་ གཡས་པ་ཞར་བ། སྦྲུམ་པ། དེ་རིང་ཁོ་ནར་གླང་པོའི་ཕྲུ་གུ་འབྱུང་བར་འགྱུར་བ་ཞིག་ཡིན་ལ། དེ་ལ་ཞོན་པ་ནི། བུད་མེད་ཡིན་ལ། དེ་ཡང་མིག་གཡས་པ་ཞར་བ། སྦྲུམ་པ། དེ་རིང་ཉིད་དུ་བུ་ཕོ་ བཙའ་བར་འགྱུར་རོ། །ཞེས་མཆིའོ། །རྒྱུན་ཤེས་ཀྱི་བུས་དྲིས་པ་འཚོ་བྱེད། བདེན་ནམ། མཁན་པོ། མེད་དོ། །དེ་གླང་པོ་ཆེའི་རྗེས་སམ། བ་ལང་མོའི་རྗེས་ཡིན་པ་ཇི་ལྟར་ཤེས། དེས་སྨྲས་ པ༑ མཁན་པོ། བདག་ནི། རྒྱལ་པོའི་རིགས་ལས་ཆེན་པོར་གྱུར་པ་ལགས་ན། ཇི་སྟེ་མི་འཚལ། གླང་པོ་ཆེའི་རྗེས་ནི། ཟླུམ་པོ། བ་ལང་མོའི་རྗེས་ནི། ཆུ་རིང་ངོ། །མིག་གཡས་པ་ཞར་ བར་ཇི་ལྟར་ཤེས། གཡོན་ཕྱོགས་སུ་རན་འཚལ་ཞིང་མཆིས་པ་ལགས་སོ། །སྦྲུམ་པར་ཇི་ལྟར་ཤེས། རྐང་པ་གཉིས་གནོན་ཅིང་མཆི་བ་ལགས་སོ། །དེང་ཁོ་ནར་འབྲང་བར་འགྱུར་བ་ཇི་ ལྟར་ཤེས། གཅིན་བེའུ་སྣབས་དང་བཅས་པར་འབྱུང་བས་སོ། །གླང་པོ་ཆེའི་ཕྲུ་གུ་ཕོར་འབྲང་བར་འགྱུར་བ་ཇི་ལྟར་ཤེས། རྐང་པ་གཡས་པ་ལྷག་པར་གནོན་ཅིང་མཆིས་པས་སོ། །དེ་ [91A]༄༅། །ལ་བུད་མེད་ཞོན་པར་ཇི་ལྟར་ཤེས། བབས་ནས་རྐང་བའི་བར་དུ་གཅིས་པ་ལས་སོ། །དེ་ཡང་མིག་གཡས་པ་ཞར་བར་ཇི་ལྟར་ཤེས། གཡོན་ཕྱོགས་སུ་མེ་ཏོག་ འཐུ་ཞིང་མཆིས་པས་སོ། །དེ་ཡང་སྦྲུམ་པར་ཇི་ལྟར་ཤེས། དེའི་རྐང་པའི་རྟིང་པ་ཕལ་ཆེར་གནོན་ཅིང་མཆིས་པས་སོ། །དེང་ཁོ་ནར་བཙའ་བར་འགྱུར་བར་ཇི་ལྟར་ཤེས། གཅིན་ལྗན་ལྗིན་ དང་བཅས་ཏེ་འབྱུང་བ་ལས་སོ། །དེ་ལྟ་ལགས་ཀྱིས་ཀྱང་གལ་ཏེ་མཁན་པོ་ཐུགས་མི་ཆེས་ན། མགྲོན་པོ་གནས་པའི་ཕྱོགས་དེར་བྲམ་ཟེའི་ཁྱེའུ་འགའ་ཞིག་མངག་ཏུ་གསོལ། དེས་བྲམ་ཟེའི་ ཁྱེའུ་ཞིག་བཏང་བ་དང། འཚོ་བྱེད་ཀྱིས་ཇི་སྐད་སྨྲས་པ་དེ་ཐམས་ཅད་དེ་བཞིན་དུ་གྱུར་ཏོ། །རྒྱུན་ཤེས་ཀྱི་བུས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཁྱོད་ཀྱིས་ཐོས་སམ་ འཚོ་བྱེད་ནི། དེ་འདྲ་བར་ཤེས་རབ་ཅན་ཡིན་ནོ། །འཚོ་བྱེད་ཀྱིས་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་མ་གཏོགས་པ་ཐམས་ཅད་བསླབ་བོ། །ཇི་ཙམ་ན་མི་ཞིག་ཀླད་ནད་ཀྱིས་ཐེབས་ནས་རྒྱུན་ ཤེས་ཀྱི་བུའི་དྲུང་དུ་སོང་སྟེ་སྨྲས་པ། རྒྱུན་ཤེས་ཀྱི་བུས་བདག་ལ་དཔྱད་མཛོད་ཅིག་དེས་སྨྲས་པ། ཀྱེ་ནང་རྗེ། རེ་ཞིག་དེ་རིང་དོང་བརྐོས་ལ་ལྕི་བ་དག་སྟ་གྱོན་གྱིས་ཤིག་དང། སང་བདག་ གིས་ཁྱོད་ཀྱི་དཔྱད་བྱའོ། །འཚོ་བྱེད་ཀྱིས་ཐོས་ནས་དེ་དེའི་ཕྱི་བཞིན་སོང་སྟེ། ཀྱེ་ནང་རྗེ། བདག་གིས་ཅུང་ཟད་བསླབ་པ་གང་ཡིན་པ་དེ་ཐམས་ཅད་ནི། སེམས་ཅན་ལ་ཕན་པའི་ཕྱིར་ཡིན་ [91B] བདག་གིས་ཀླད་པའི་ཐོད་པ་དབྱེ་བ་མ་བསླབ་ཀྱི། ཁྱོད་ཀྱིས་བདག་དབེན་པ་ཞིག་ཏུ་ཞོག་ཅིག་དང། ཁྱོད་ཀྱིས་ལས་ཇི་ལྟར་བྱེད་པ་བལྟའོ། །དེས་སྨྲས་པ། དེ་བཞིན་དུ་བགྱིའོ། །དེས་ དེ་ཕྱོགས་དབེན་པ་ཞིག་ཏུ་བཞག་གོ་དེ་ནས་རྒྱུན་ཤེས་ཀྱི་བུ་འོངས་ནས་མི་དེ་དོང་དུ་བཅུག་སྟེ་ཐོད་པ་དབྱེ་བའི་དཔྱད་ཀྱིས་ཐོད་པ་ཕྱེ་ནས་དེས་སྐམ་པས་སྲོག་ཆགས་དེ་བླང་བར་བརྩམས་ པ་དང། འཚོ་བྱེད་ཀྱིས་སྨྲས་པ། མཁན་པོ། གཟུ་ལུམ་དུ་མ་ལེན་ཅིག་།རིགས་ཀྱི་བུ་འདི་དེང་ཉིད་དུ་འགུམ་པར་འགྱུར་རོ། །དེས་སྨྲས་པ་འཚོ་བྱེད་འོངས་སམ། སྨྲས་པ། མཁན་ པོ། བདག་མཆིས་སོ། །ཁོ་བོས་སྲོག་ཆགས་འདི་ཇི་ལྟར་བླང་བར་བྱ་མཁན་པོ་སྐམ་པ་ཚ་བར་མཛད་དེ། རྒྱབ་ཏུ་རེག་ནས་རྐང་ལག་འཁུམས་པར་གྱུར་པ་དང། དེ་ནས་འོར་ཅིག་ དེས་དེ་བཞིན་དུ་བྱས་ནས་སོས་པར་གྱུར་ཏོ། །རྒྱུན་ཤེས་ཀྱི་བུས་སྨྲས་པ། འཚོ་བྱེད། ཁོ་བོ་ཤིན་ཏུ་མགུ་བར་གྱུར་གྱི། ཁྱོད་ཁྲུས་བྱོས་ལ་ཤོག་ཅིག་དང། ཀླད་པའི་ཐོད་པ་དབྱེ་བའི་དཔྱད་ སྦྱིན་ནོ། །དེས་ཁྲུས་བྱས་ནས་འོངས་པ་དང། དེས་དེ་ལ་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་བྱིན་ནས་སྨྲས་པ། འཚོ་བྱེད། བདག་ཅག་ནི། འདིས་འཚོ་བ་ཡིན་གྱི། ཡུལ་འདིར་ཁྱོད་ཀྱིས་ མ་བྱ་ཞིག་མཁན་པོ། དེ་བཞིན་དུ་བགྱིའོ། །ཞེས་འཚོ་བྱེད་ཀྱིས་རྒྱུན་ཤེས་ཀྱི་བུ་ལ་ཕྱག་བྱས་ནས་རྒྱལ་པོ་པདྨའི་སྙིང་པོའི་དྲུང་དུ་སོང་ནས་ཕྱག་བྱས་ནས་བདག་གིས་སྨན་དཔྱད་བསླབ་ [92A]༄༅། །ལགས་ཀྱི། མཆིའོ། །དེའི་ཚེ་རྒྱལ་པོ་པདྨའི་སྙིང་པོ་དང་མི་མཐུན་པ་མཐའ་འཁོབ་སྐྱ་སེང་ཞེས་བྱ་བ་དག་ཅིག་ཡོད་དེ། དེས་སྨྲས་པ། འཚོ་བྱེད་བདག་དང་མི་མཐུན་པ་ མཐའ་འཁོབ་པ་སྐྱ་སེང་ཞེས་བྱ་བ་དག་ཅིག་ཡོད་ཀྱི། འདི་ལྟར་ཁྱོད་ནི། ཤེས་རབ་ཅན་ནུས་པ་ཡིན་པས། རེ་ཞིག་དེ་ཕོབས་ལ་ཕྱིས་སོངས་ཤིག་དང། དེ་ལྟ་ན། བདག་ཅག་གིས་འཇིག་ རྟེན་གྱི་ཚུལ་བྱས་པར་འགྱུར་རོ། །དེས་དེ་ལ་ཁས་བླངས་པ་དང་དེ་ནས་དེས་དཔུང་གི་ཚོགས་ཡན་ལག་བཞི་པ་བསྡུས་ཏེ་བཏང་བ་ལས་དེ་མཐའ་འཁོབ་པ་སྐྱ་སེང་དེ་རྣམས་ཕབས་ནས་ གཏེའུ་བཟུང། དཔྱ་བླངས་ཏེ། སླར་བདེ་བར་འོངས་ནས་ཁྱེར་ཏེ་འོངས་པ་དེ་བཞིན་དུ་རྒྱལ་པོ་ལ་ཕུལ་བ་དང། དེ་ཤིན་ཏུ་དགའ་ནས། དེ་ཉིད་ལ་རྗེས་སུ་ཡི་རང་སྟེ་དེས་ཀྱང་རྒྱུན་ཤེས་ཀྱི་བུ་ ལ་བྱིན་ནོ། །དེ་ནས་འཚོ་བྱེད་རིམ་གྱིས་གྲོང་ཁྱེར་བཟང་བྱེད་དུ་ཕྱིན་ནས་དེ་ཉིད་དུ་དབྱར་གནས་ཏེ། དེ་ནས་དེས་འབྱུང་པོ་ཐམས་ཅད་ཀྱི་སྐད་ཅེས་བྱ་བའི་བསྟན་བཅོས་བསླབས་ནས་གྲོང་ཁྱེར་ བཟང་བྱེད་ནས་ཆས་པ་དང། མི་ཞིག་ཤིང་ཁུར་ཁྱེར་ནས་གྲོང་ཁྱེར་དུ་འཇུག་པ། རུས་པ་དང་པགས་པའི་ལྷག་མ་ལུས་པ། ལུས་ཀུན་ནས་འཛག་པ་འཚོ་བྱེད་ཀྱིས་མཐོང་ནས། དེ་ལ་སྨྲས་ པ༑ ཀྱེ་ནང་རྗེ། ཅི་ཞིག་གིས་གནས་སྐབས་འདི་ལྟ་བུར་གྱུར། དེས་སྨྲས་པ། བདག་གིས་ཀྱང་མི་ཤེས་ན། འོན་ཀྱང་བདག་གིས་ཤིང་ཁུར་འདི་ཁྱེར་ནས་བདག་ཀྱང་འདི་འདྲ་བའི་གནས་ [92B] །དེ་ཤིང་བརྟག་པ་ལ་བྱང་བ་ཡིན་པས་སྨྲས་པ། ཀྱེ་ནང་རྗེ། ཅི། ཤིང་ཁུར་འདི་འཚོང་ངམ། འཚོང་ངོ། །རིན་ཇི་ཙམ། ཀརཤ་པ་ཎ་ལྔ་བརྒྱའོ། །དེས་དེ་ཉོས་ནས་དེ་ནས་ བལྟས་ནས། འབྱུང་པོ་ཐམས་ཅད་དང་བར་བྱེད་པ་ཞེས་བྱ་བའི་ནོར་བུ་མཐོང་ནས། དེའི་མཐུ་ནི། འདི་འདྲ་སྟེ། གང་གི་ཚེ་ནད་པའི་མདུན་དུ་བཞག་པ་དེའི་ཚེ། མར་མེ་ཁྱིམ་ན་ཡོད་པའི་རྫས་བཞིན་ དུ་ནད་ཇི་ལྟ་བ་བཞིན་དུ་སྣང་ངོ། །དེ་རིམ་གྱིས་ཡུལ་ཨུ་དུམ་ཝ་རར་ཕྱིན་པ་དང། དེ་ན་མི་བྲེས་འཇལ་བ་ཞིག་ཡོད་པ་དེས་བྲེ་བོས་གཞལ་ནས་བྲེ་མགོ་ལ་སྣུན་པ་འཚོ་བྱེད་ཀྱིས་མཐོང་ནས་སྨྲས་པ་ ཀྱེ་ནང་རྗེ། ཅིའི་ཕྱིར་དེ་ལྟར་བྱེད། བདག་གི་ཀླད་པ་ལྷག་པར་གཡའོ། །ཚུར་ཤོག་བལྟའོ། །ཞེས་དེས་དེ་བསྙལ་ནས་ཀླད་པ་བལྟས་ཏེ། དེ་ནས་འཚོ་བྱེད་ཀྱིས་འབྱུང་པོ་ཐམས་ཅད་དང་བར་བྱེད་ པའི་ནོར་བུ་དེའི་ཀླད་པའི་སྟེང་དུ་བཞག་པ་དང། ཇི་ཙམ་ན་སྲིན་གྱི་མེད་ཅིག་སྣང་ངོ། །དེ་ནས་དེས་སྨྲས་པ། ཀྱེ་ནང་རྗེ་ཁྱོད་ཀྱི་ཀླད་པ་ལ་སྲིན་གྱི་མེད་ཡོད་དོ། །དེས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་ པ། བདག་ལ་དཔྱད་མཛོད་ཅིག་དེས་ཁས་བླངས་སོ། །འཚོ་བྱེད་ཀྱིས་བསམ་པ། མཁན་པོས་ཇི་སྐད་བསྟན་པ་བཞིན་འདིའི་དཔྱད་བྱའོ་སྙམ་ནས། དེས་དེ་ལ་སྨྲས་པ། ཀྱེ་ནང་རྗེ། རེ་ཞིག་དེ་རིང་ དོང་བརྐོས་ལ་ལྕི་བ་དག་སྟ་གོན་བྱོས་ཤིག་དང། སང་དཔྱད་བྱའོ། །དེས་རྐང་པ་གཉིས་ལ་གཏུགས་ནས་སོང་ངོ། །འཚོ་བྱེད་ཀྱིས་དེའི་ཕྱི་དེ་ཉིན་འོངས་ནས་དེ་དོང་དུ་བཅུག་སྟེ་ཀླད་པའི་ཐོད་པ་དབྱེ་ [93A]༄༅། །བའི་དཔྱད་ཀྱིས། ཀླད་པའི་ཐོད་པ་ཕྱེ་ནས་སྐམ་པ་ཚ་བས་སྲིན་གྱི་མེད་ཀྱི་རྒྱབ་ལ་རེག་པར་བྱས་ཏེ་དེས་རྐང་ལག་འཁུམས་པ་དང། དེ་ནས་དེས་སྐམ་པས་བླངས་ཏེ་བོར་ བས་སོས་པར་གྱུར་ཏོ། །དེས་དེ་ལ་ཀརཤ་པ་ཎ་ལྔ་བརྒྱ་བྱིན་པ་དང། དེས་ཀྱང་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །དེ་ནས་འཚོ་བྱེད་ཡུལ་རོ་ཧི་ཏ་ཀ་ཞེས་བྱ་བར་ཕྱིན་པ་དང། ཡུལ་རོ་ཧི་ཏ་ཀ་ན་ཁྱིམ་ བདག་ཅིག་ལ་སྐྱེད་མོས་ཚལ་མེ་ཏོག་དང། འབྲས་བུ་དང། ཆུ་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། དེ་དེ་ལ་ལྷག་པར་ཆགས་པ་ལས། ཤི་ནས་དེ་ཉིད་དུ་མི་མ་ཡིན་པ་རྣམས་སུ་སྐྱེས་སོ། །དེའི་ བུ་ནི། ཁྱིམ་གྱི་དབོན་པོར་གྱུར་ནས་དེས་སྐྱེད་མོས་ཚལ་དེར་སྲུང་མའི་མི་བཞག་པ་དང། དེ་མི་མ་ཡིན་པ་དེས་བསད་དོ། །གཉིས་པ་བཞག་པ་དང། དེ་ཡང་བསད་ནས་ཁྱིམ་བདག་གི་བུ་དེས་ སྐྱེས་མོས་ཚལ་དེ་བོར་རོ། །ཇི་ཙམ་ན་མི་དམུ་ཆུས་གང་བ་སྨན་པ་ཐམས་ཅད་ཀྱིས་སྤངས་པ་ཞིག་སྐྱེད་མོས་ཚལ་དེར་སོང་ནས་ནུབ་མོ་བྲང་བཏབ་སྟེ་འདུག་ནས། ཀྱེ་མའོ། །བདག་ནི། མི་མ་ ཡིན་པས་བསད་ཀྱང་ཅི་མ་རུང་སྙམ་མོ། །དེ་ཉིད་དུ་འཚོ་བྱེད་ཀྱང་ནུབ་མོ་བྲང་བཏབ་སྟེ་འདུག་གོ་ཇི་ཙམ་ན། མི་མ་ཡིན་པ་དེས། དམུ་ཆུ་ཅན་དེ་བསྡིགས་པར་བརྩམས་པ་དང། དམུ་ཆུའི་ ནད་དེ་བྱུང་ནས་སྨྲས་པ། འདི་བདག་གིས་སྔར་བཟུང་ན། ཅིའི་ཕྱིར་འདི་བསྡིག་ཁྱོད་ལ་ར་སྤུའི་དུད་པས་བདུག་པ་འགའ་ཡང་མེད་པ་ལྟ། དེས་ནི། ཁྱོད་དཔག་ཚད་བཅུ་གཉིས་སུ་ [93B] །དེས་ཀྱང་སླར་སྨྲས་པ། ཁྱོད་ལ་ཡང་ལ་ཕུག་གི་ས་བོན། མར་ཕྱུང་བའི་དར་བ་དང་བཏགས་ཏེ་སྦྱིན་པ་འགའ་ཡང་མེད་པ་ལྟ། དེས་ནི། ཁྱོད་དུམ་བུ་དུམ་བུར་འཛག་པར་འགྱུར་རོ། ། ཐམས་ཅད་འཚོ་བྱེད་ཀྱིས་ཐོས་ནས་དེ་ནང་པར་སྔར་ལངས་ཏེ་ཁྱིམ་བདག་དེའི་དྲུང་དུ་སོང་ནས་སྨྲས་པ། ཁྱིམ་བདག་སྐྱེད་མོས་ཚལ་མེ་ཏོག་དང། འབྲས་བུ་དང། ཆུ་ཕུན་སུམ་ཚོགས་པ་ཅིའི་ཕྱིར་དོར་ ཁྱིམ་བདག་གིས་དེ་ལ་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང། དེས་སྨྲས་པ། ཁྱིམ་བདག། ར་སྤུའི་དུད་པས་བདུགས་ཤིག་དང། མི་མ་ཡིན་པ་དཔག་ཚད་བཅུ་གཉིས་སུ་འབྲོས་པར་འགྱུར་རོ། །ཁྱིམ་ བདག་གིས་ར་སྤུའི་བདུག་པས་བདུགས་པ་དང། མི་མ་ཡིན་པ་དེ་དཔག་ཚད་བཅུ་གཉིས་སུ་བྲོས་པར་གྱུར་ཏོ། །ཁྱིམ་བདག་དེས་ཀྱང་འཚོ་བྱེད་ལ་ཀརཤ་པ་ཎ་ལྔ་བརྒྱ་བྱིན་པ་དང། དེས་དེ་ཡང་རྒྱུན་ ཤེས་ཀྱི་བུ་ལ་བསྐུར་རོ། །དེ་ནས་འཚོ་བྱེད་ཀྱིས་དམུ་ཆུ་ཅན་ལ་དྲིས་པ། ནང་རྗེ། ཁྱོད་ཅིའི་ཕྱིར་མི་མ་ཡིན་པས་གནས་བཏབ་པའི་སྐྱེད་མོས་ཚལ་དུ་འདུག་དེས་དེ་ལ་ཇི་ལྟར་གྱུར་པ་དག་སྨྲས་པ་ དང། འཚོ་བྱེད་ཀྱིས་སྨྲས་པ། ལ་ཕུག་གི་ས་བོན་མར་ཕྱུང་བའི་དར་བ་དང་བཏགས་པ་འཐུང་ཤིག་དང། སོས་པར་འགྱུར་རོ། །དེས་འཐུངས་པས་སོས་པར་གྱུར་ཏེ། མི་དེས་ཀྱང་འཚོ་བྱེད་ལ་ཀརཤ་ པ་ཎ་ལྔ་བརྒྱ་བྱིན་ནོ། །དེས་ཀྱང་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །དེ་ནས་འཚོ་བྱེད་རིམ་གྱིས་བཅོམ་བརླག་ཏུ་ཕྱིན་ནས། བཅོམ་བརླག་གི་ཕྱི་རོལ་ན་ཤིང་ཞིག་གི་དྲུང་དུ་ངལ་བསོ་ཞིང་འདུག་གོ་ཇི་ [94A]༄༅། །ལྟར་ན་གྱད་ཀྱིས་གྱད་བརྡབས་པས་དེའི་ནང་གྲོལ་རྣམས་སུ་འཁྲུགས་ནས་དེ་ཤིའོ། །ཞེས་ཕྱི་རོལ་དུ་ཕྱུང་ངོ། །ཤིང་དེ་ལ་ཡང་བྱ་རྒོད་མོ་ཕྲུ་གུ་དང་བཅས་པ་ཞིག་ འདུག་པ་ལས། དེ་ལ་ཕྲུ་གུ་དེ་རྣམས་ཀྱིས་སྨྲས་པ། མ། ཤ་བྱིན་ཅིག་དེས་སྨྲས་པ། བུ། ཤ་ག་ལ་ཡོད། དེ་རྣམས་ཀྱིས་སྨྲས་པ། མ་གྱད་ཀྱིས་གྱད་འདི་བརྡབས་ཏེ། ཤི་ནས་ཕྱུང་བ་ ཡིན་ནོ། །བུ། འདིར་སྨན་པའི་རྒྱལ་པོ་འཚོ་བྱེད་འོངས་ན། དེས་འདི་སོས་པར་བྱེད་པའི་གནས་དེ་ཡོད་དོ། །མ། འདི་ཅི་ཞིག་གིས་སོས་པར་འགྱུར། གལ་ཏེ་དེའི་ནང་གྲོལ་རྣམས་ཕྱེ་མས་ རེག་པར་བྱས་ནའོ། །དེ་ཐམས་ཅད་འཚོ་བྱེད་ཀྱིས་ཐོས་སོ། །དེ་ནས་དེ་ལངས་ཏེ་རོ་དྲུང་དུ་སོང་ནས་དྲིས་པ། ཤེས་ལྡན་དག་འདི་ཅི་ཞིག་དེ་རྣམས་ཀྱིས་སྨྲས་པ། གྱད་ཀྱིས་གྱད་བརྡབས་ པས་ཤི་བ་ཡིན་ནོ། །འཚོ་བྱེད་ཀྱིས་སྨྲས་པ། ཞོག་ཅིག་དང་བལྟའོ། །དེ་རྣམས་ཀྱིས་བཞག་པ་དང། དེ་ནས་འཚོ་བྱེད་ཀྱིས་འབྱུང་པོ་ཐམས་ཅད་དང་བར་བྱེད་པ་ཞེས་བྱ་བའི་ནོར་བུ་ཀླད་ པར་བཞག་ནས་བརྟགས་ན། ཇི་ཙམ་ན་ནང་གྲོལ་རྣམས་འཁྲུགས་པར་བྱས་པ་མཐོང་ནས། དེས་སྨྱུག་མའི་སྦུབས་སུ་ཕྱེ་མ་བླུགས་ཏེ་ཁས་བུས་པ་དང། ཕྱེ་མས་ནང་གྲོལ་རྣམས་ལ་ རེག་ནས་སོས་པར་གྱུར་ཏོ། །དེས་ཀྱང་འཚོ་བྱེད་ལ་ཀརཤ་པ་ཎ་ལྔ་བརྒྱ་བྱིན་པ་དང། དེས་ཀྱང་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ་།བཅོམ་བརླག་ན་ཁྱིམ་བདག་ཅིག་ཡོད་པ་དེའི་ཆུང་མ་ [94B] དེ་དེ་ལ་ལྷག་པར་ཆགས་ཤིང་འདུག་པ་ལས། ཤི་ནས་དེ་ཉིད་ཀྱི་མོ་མཚན་གྱི་སྲིན་བུར་སྐྱེས་པར་གྱུར་ཏེ། དེ་གང་དང་ལྷན་ཅིག་དགའ་མགུར་ སྤྱོད་པ་དེ་ཤི་བར་བྱེད་དོ། །དེ་ནས་དེ་དང་འགའ་ཡང་ལྷན་ཅིག་དགའ་མགུར་སྤྱོད་པར་མི་བྱེད་དོ། །དེས་སྨན་པ་འཚོ་བྱེད་དེར་འོངས་སོ། །ཞེས་ཐོས་ནས། དེ་དེའི་དྲུང་དུ་སོང་སྟེ་སྨྲས་པ། འཚོ་བྱེད་ བདག་ལ་བྲོ་ནད་མཆིས་ཀྱི། དཔྱད་མཛོད་ཅིག་འཚོ་བྱེད་ཀྱིས་དེ་མཐོང་ཞིང་སྨྲ་བའི་ཚིག་ཐོས་ནས། ཆགས་པས་སྨྲས་པ། དམ་ཞིག་བཅའ་སྟེ། གལ་ཏེ་བདག་དང་ལྷན་ཅིག་དགའ་མགུར་སྤྱད་ པ་ལྟ་ན། དཔྱད་བྱའོ། །དེས་སྨྲས་པ། གཡར་ཚ་ལགས་སོ། །དེས་སྨྲས་པ། ཁྱོད་ཀྱི་དཔྱད་གཞན་ནི། མེད་དོ། །བདག་ལས་ཕངས་པ་གཞན་མེད་པས་དེས་ཁས་བླངས་སོ། །དེ་ནས་དེས་སྒྲོན་མོར་ ཕྱུང་སྟེ། བཟོ་བཅོས་བྱས་ནས་མོ་མཚན་གྱི་སྒོར་ཤའི་དུམ་བུ་ཞིག་བཞག་པ་ལས། དེ་ནས་སྲིན་བུ་དེ་དེ་ལ་ཆགས་པ་དང། དེས་དེ་བླངས་ནས་བོར་ཏེ་སོས་པར་གྱུར། དེ་འདོད་པའི་འདོད་ཆགས་ལ་ ལྷག་པར་ཞེན་པས་བརྡ་ཞིག་བྱས་པ་དང། དེས་རྣ་བ་གཉིས་བཀག་སྟེ་སྨྲས་པ། ཁྱོད་ཁོ་བོའི་སྲིང་མོ་དང་འདྲ་སྟེ། ཁྱོད་ཀྱི་དཔྱད་དེ་ཡིན་པས་ཁོ་བོས་དེ་ལྟར་བྱས་པར་ཟད་དོ། །དེས་ཀྱང་དེ་ལ་ཀརཤ་པ་ ཎ་ལྔ་བརྒྱ་བྱིན་པ་དང། དེས་དེ་ཡང་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །དེ་ནས་འཚོ་བྱེད་རིམ་གྱིས་ཆུ་བོ་ཡ་མུ་ནའི་འགྲམ་དུ་ཕྱིན་པ་དང། དེས་དེ་ན་མི་རོ་ཞིག་ཡོད་པ་དེའི་རྟིང་པའི་ཕྱོགས་ན་རྒྱུས་པའི་བྲེང་ [95A]༄༅། །ཡོད་པ་ཉ་རྣམས་ཀྱིས་དྲངས་པ་ལས་དེའི་མིག་འབྱེད་པ་དང་འཛུམ་པ་མཐོང་ནས། འཚོ་བྱེད་ཀྱིས་དེ་ཐམས་ཅད་བརྟགས་ཏེ་ཇི་ལྟར་རྒྱུས་པ་དང། ལོང་མོ་ལ་སོགས་ པའི་ཚིགས་ཀྱི་འབྲེལ་ཐབས་ནི། དེ་ཁོ་ན་ལྟར་འདུག་གོ་སྙམ་ནས་དེ་རིམ་གྱིས་ཡངས་པ་ཅན་དུ་ཕྱིན་པ་དང། ཇི་ཙམ་ན་གྱད་ཀྱིས་གྱད་གཅིག་ཐལ་མོས་བསྣུན་པས་མིག་གི་འབྲས་བུ་འཕགས་ པ་དང། འཚོ་བྱེད་དེའི་དྲུང་དུ་སོང་ནས། དེས་རྟིང་པའི་རྒྱུས་པའི་བྲེང་ནས་དྲངས་པ་དང་སླར་ཚུད་པར་གྱུར་ཏོ། །དེས་དེ་ལ་ཀརཤ་པ་ཎ་ལྔ་བརྒྱ་བྱིན་པ་དང། དེས་འཇིགས་མེད་ཀྱི་མ་ལ་བྱིན་ནོ། ། ཡངས་པ་ཅན་ན་མི་ཞིག་ཡོད་པ་དེའི་རྣ་བར་སྲིན་གྱི་མེད་ཞུགས་ཏེ། དེར་དེ་ལས་ཕྲུ་གུ་བདུན་བརྒྱ་བྱུང་བས་དེ་རྣ་བའི་ནད་ཀྱིས་ཉེ་བར་གྱུར་ནས། འཚོ་བྱེད་ཀྱི་དྲུང་དུ་སོང་སྟེ་སྨྲས་པ། དཔྱད་ མཛོད་ཅིག་འཚོ་བྱེད་ཀྱིས་བསམ་པ། སྔར་ནི། བདག་གིས་མཁན་པོས་བསྟན་པས་ལས་བྱས་ཀྱི། ད་ནི། རང་གི་བློས་ལས་བྱའོ། །སྙམ་ནས། དེས་མི་དེ་ལ་བསྒོ་བ། ཀྱེ་ནང་རྗེ། སོང་ལ་ལོ་ མའི་སྤྱིལ་པོ་བྱོས་ཏེ་རས་སྔོན་པོས་གཡོགས་ལ་དེའི་འོག་ཏུ་རྔ་ཞིག་བཞག་སྟེ་ས་ཡང་དྲོན་པོར་གྱིས་ཤིག་དེས་ཇི་སྐད་བསྟན་པ་བཞིན་ཐམས་ཅད་བྱས་སོ། །དེ་ནས་འཚོ་བྱེད་ཀྱིས་མི་དེ་ ས་ལ་བསྙལ་ནས། ས་དེ་ཆུས་ཆག་ཆག་བཏབ་ནས་དེ་ནས་རྔ་བརྡུངས་པ་དང། སྲིན་གྱི་མེད་ཀྱིས་དབྱར་གྱི་དུས་ལ་བབ་བོ་།སྙམ་ནས་ཕྱིར་བྱུང་ངོ། །དེ་ནས་འཚོ་བྱེད་ཀྱི་རྣ་བའི་དྲུང་དུ་ཤའི་ [95B] དེ་ཡང་སླར་ཞུགས་ཏེ་ཕྲུ་གུ་རྣམས་ཁྲིད་དེ་བྱུང་ནས་ཕྲུ་གུ་རྣམས་དང། ལྷན་ཅིག་ཤའི་དུམ་བུ་ལ་ཆགས་པ་དང། དེ་ནས་འཚོ་བྱེད་ཀྱིས་དེའི་མོད་ལ་ཤའི་དུམ་བུ་བོར་བ་ དང། མི་དེ་སོས་པར་གྱུར་ཏོ། །དེས་ཀརཤ་པ་ཎ་ལྔ་བརྒྱ་བྱིན་པ་དང། དེས་འཇིགས་མེད་ཀྱི་མ་ལ་བྱིན་ནོ། །དེ་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང། རྒྱལ་པོ་གཟུགས་ཅན་སྙིང་པོས་འཚོ་བྱེད་ཇི་ལྟར་ འོངས་པ་ཐོས་ནས། དེས་གཞོན་ནུ་མ་སྐྱེས་དགྲ་ལ་བསྒོ་བ། བུ་ཁྱོད་ཀྱི་ཕུ་བོ་འོངས་ཀྱི། བསུར་སོང་ཤིག་དེ་བསུར་སོང་བ་དང་འཚོ་བྱེད་ཀྱིས་གཞོན་ནུ་མ་སྐྱེས་དགྲ་ཇི་ལྟར་བསུར་འོང་བ་ ཐོས་ནས། དེས་བསམ་པ། གལ་ཏེ་བདག་གིས་དེ་བསུ་བ་རང་གིར་བྱས་ན་ནི། ནམ་རྒྱལ་པོར་གྱུར་པ་དེའི་ཚེ་བདག་ལ་གནོད་པ་བྱེད་པར་འགྱུར་རོ། །སྙམ་ནས། དེ་སླར་ལོག་སྟེ་སྒོ་གཞན་ ཞིག་ནས་ཞུགས་སོ། །དུས་གཞན་ཞིག་ན་འཚོ་བྱེད་སྐྱེ་བོའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ་སེམས་གཡང་ཞིང་སོང་བ་དང། ཇི་ཙམ་ན། བྲམ་ཟེ་ཞིག་མིག་ནད་ཀྱིས་ཐེབས་ནས་འཚོ་བྱེད་ ཀྱི་དྲུང་དུ་སོང་སྟེ། བདག་ལ་སྨན་སྟོན་ཅིག་ཚིག་པ་ཟོས་ནས་སྨྲས་པ། ཐལ་བས་ཐོབ་ཅིག་དེས་དྲང་པོ་ཞོག་པས། ཐལ་བས་བཏབ་པ་དང་སོས་པར་གྱུར་ཏོ། །མིག་ནད་ཀྱིས་ཐེབས་པ་ གཞན་ཞིག་ཡོད་པ་དེ་ཡང་འཚོ་བྱེད་ཀྱི་དྲུང་དུ་སོང་བ་བྲམ་ཟེ་དེས་མཐོང་ནས་དྲིས་པ། ཀྱེ་ནང་རྗེ། གང་དུ་འགྲོ་དེས་ཇི་ལྟར་གྱུར་པ་སྨྲས་པ་དང། དེས་སྨྲས་པ། ཁྱོད་ལ་འཚོ་བྱེད་ཅི་དགོས་ [96A]༄༅། །དེས་ཁོ་བོ་ལ་གང་བསྟན་པ་དེ་བྱོས་ཤིག་དེ་ཡིད་ཆེས་པར་གྱུར་ནས་དེས་ཐལ་བས་བཏབ་པ་དང་ལོང་བར་གྱུར་ཏོ། །དུས་གཞན་ཞིག་ན་རྒྱལ་པོ་གཟུགས་ཅན་ སྙིང་པོའི་སྤྱི་བོར་ཕོལ་མིག་བྱུང་ངོ། །དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་སྨན་པ་རྣམས་ཁུག་ཅིག་བློན་པོ་རྣམས་ཀྱིས་སྨན་པ་རྣམས་བཀུག་པ་དང། རྒྱལ་པོས་སྨྲས་ པ༑ ཤེས་ལྡན་དག་ངའི་སྤྱི་བོར་ཕོལ་མིག་བྱུང་གི་དཔྱད་བྱོས་ཤིག་དེ་རྣམས་ཀྱིས་སྨྲས་པ། ལྷ། སྨན་པ་ཆེན་པོ་འཚོ་བྱེད་མཆིས་ན། བདག་ཅག་གིས་བགྱི་བ་ཅི་འཚལ། རྒྱལ་ པོས་སྨྲས་པ། ཤེས་ལྡན་དག་འཚོ་བྱེད་ཁུག་ཅིག་དེ་རྣམས་ཀྱིས་དེ་བཀུག་པ་དང། རྒྱལ་པོས་སྨྲས་པ། འཚོ་བྱེད། དཔྱད་བྱོས་ཤིག་།འཚོ་བྱེད་ཀྱིས་སྨྲས་པ། ལྷ། དམ་ཞིག་ བཅའ་སྟེ། གལ་ཏེ་ལྷ་ལ་བདག་ཉིད་ཀྱིས་ཁྲུས་བགྱིད་དུ་གནང་ན་བགྱིའོ། །དེ་བཞིན་གྱིས་ཤིག་དེ་ནས་འཚོ་བྱེད་ཀྱིས་སྐྱུ་རུ་རས་སྐུད་ཅིང། སྨིན་པར་འགྱུར་བའི་རྫས་དག་བཏབ་ སྟེ༑ སྨིན་པར་འགྱུར་བའི་རྫས་རྣམས་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུགས་ཏེ། གང་གི་ཚེ་སྨིན་པ་དེའི་ཚེ་ན་མ་ཚོར་བར་སྤུ་གྲིས་རེག་པར་བྱས་པ་དང་རྡོལ་ཏོ། །དེ་ནས་འཚོ་བར་ འགྱུར་བའི་རྫས་དག་བཏབ་སྟེ། འཚོ་བར་འགྱུར་བའི་རྫས་རྣམས་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུགས་པ་དང། རྨ་དེ་སོས་ཤིང་པགས་པ་འདྲ་བ་དང་སྐྲ་ཡང་མཉམ་པར་གྱུར་ཏོ། ། [96B] འཚོ་བྱེད། དཔྱད་བྱོས་ཤིག་དེས་སྨྲས་པ། ལྷ། རེ་ཞིག་བཤོས་གསོལ་ཅིག་རྒྱལ་པོས་ཟན་ཟོས་ནས། འཚོ་བྱེད། དཔྱད་བྱོས་ཤིག་ལྷ། བགྱིས་ལགས་ སོ༑ ༑དེ་ཡིད་མ་ཆེས་ནས་ལག་པས་བྱུགས་ན། ཕྱོགས་གང་ན་རྨ་ཡོད་པར་མ་ཤེས་སོ། །མེ་ལོང་བླངས་ཏེ་བལྟས་ན། འོན་ཀྱང་མ་མཐོང་ངོ། །བཙུན་མོ་ལ་དྲིས་ན། དེས་ཀྱང་ཕྱོགས་གང་ན་རྨ་ ཡོད་པར་མ་ཤེས་སོ། །རྒྱལ་པོ་མཆོག་ཏུ་ངོ་མཚར་སྐྱེས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འཚོ་བྱེད་སྨན་པའི་རྒྱལ་པོར་དབང་སྐུར་ཅིག་མི་ལོང་བ་དེས་སྨྲས་པ། ལྷ། ཅི། སྲས་ ལ་བྱམས་པས་སམ། འོན་ཏེ་སྨན་མཁས་པས་དབང་བསྐུར་བ་མཛད་རྒྱལ་པོས་སྨྲས་པ། སྨན་མཁས་པས་སོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ལགས་ན། འདིས་བདག་ནི། སོས་པར་ མ་བགྱིས་སོ། །འཚོ་བྱེད་ཀྱིས་སྨྲས་པ། ཀྱེ་ནང་རྗེ། བདག་གིས་ཁྱོད་མཐོང་ཡང་མ་མཐོང་ན། སོས་པར་ལྟ་ག་ལ་བྱས། དེས་སྨྲས་པ། དེ་ནི་མད་ན། འོན་ཀྱང་ཁྱོད་ཀྱིས་གང་ལ་བསྟན་པ་ དེས་བདག་ལ་བསྟན་ཏོ། །ཅི་ཞིག་བསྟན། ཆེ་གེ་མོ་ཞིག་གོ་འཚོ་བྱེད་ཀྱིས་སྨྲས་པ། དེའི་ཁམས་ཀྱང་གཞན་ལ། ཁྱོད་ཀྱི་ཁམས་ཀྱང་གཞན་ཡིན་གྱི། ད་འདི་དང་འདི་དག་བྱོས་ཤིག་ དང་སོས་པར་འགྱུར་རོ། །དེས་བྱས་ནས་སོས་པར་གྱུར་པ་དང། སྨྲས་པ། ལྷ། འདི་སྨན་པའི་རྒྱལ་པོར་དབང་བསྐུར་བར་མཛད་དུ་གསོལ་དེ་གླང་པོ་ཆེ་ལ་བསྐྱོན་ནས་དཔལ་གྱི་འབྱོར་པ་ཆེན་ [97A]༄༅། །པོས་སྨན་པའི་རྒྱལ་པོར་དབང་བསྐུར་ཏོ། །རྒྱལ་པོའི་ཁབ་ན་ཁྱིམ་བདག་ཅིག་ཡོད་པ་སྐྲན་ནད་ཀྱིས་ཐེབས་ནས་སྨན་པ་ཐམས་ཅད་ཀྱིས་སྤངས་པ་དང་ དེས་བསམ་པ། འཚོ་བྱེད་ཀྱི་དྲུང་དུ་འགྲོའོ། །གལ་ཏེ་དཔྱད་ཅིག་བྱས་ན་ནི། དེ་ལྟ་ན་ལེགས། གལ་ཏེ་མ་བྱས་ན། བདག་ཉིད་འཆི་བར་བྱའོ་སྙམ་ནས་དེ་འཚོ་བྱེད་ཀྱི་དྲུང་དུ་སོང་ནས་ འཚོ་བྱེད། བདག་གི་དཔྱད་མཛོད་ཅིག་དེས་སྨྲས་པ། ཀྱེ་ནང་རྗེ་ཁྱོད་ཀྱི་སྨན་འདི་ནི། རྙེད་པར་དཀའོ། །དེས་བསམ་པ། འཚོ་བྱེད་ཀྱིས་ཀྱང་བདག་སྤངས་ན། འདི་ལ་ཅི་བྱར་ཡོད་ དུས་ལ་བབ་ཀྱི། བདག་ནི། འཆིའོ་སྙམ་ནས་དེ་དུར་ཁྲོད་དུ་སོང་ངོ། །དེ་ན་རོ་སྲེག་པའི་མེ་འབར་བར་ནེའུ་ལེ་གདུག་པ་ཞིག་དང་སྲོག་ཆགས་གོ་དྷ་ཙནྡན་ཞེས་བྱ་བ་འཐབ་སྟེ་ལྷུང་ བ་དང། དེ་བཀྲེས་པས་ཉེན་པས་དེ་གཉིས་ཀ་ཟོས་ཏེ། ལྷས་དུར་ཁྲོད་དུ་ཆར་ཕབ་པའི་འོད་པའི་ཆུ་དེ་ལ་འཐུངས་ནས། དུར་ཁྲོད་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་གནག་ལྷས་ཡོད་པ་དེར་ སོང་སྟེ། ཀོ་དྲའི་ཆན་དང་མར་ཕྱུང་བའི་ཞོ་འཐུངས་པས་སྐྲན་རྡོལ་ཏོ། །ཡར་སློན། མར་འཁྲུས་ནས་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །དུས་གཞན་ཞིག་ན་ལུས་འཕགས་མའི་འདོམས་ ཀྱི་ཕྱོགས་སུ་ཕོལ་མིག་བྱུང་ངོ། །དེས་རྒྱལ་པོ་ལ་སྨྲས་པ་དང་རྒྱལ་པོས་འཚོ་བྱེད་ལ་བསྒོ་བ། མ་ཡར་མོའི་དཔྱད་གྱིས་ཤིག་དེས་ཁས་བླངས་སོ། །དེ་ནས་ཟན་བྱས་ཏེ་མ་མ་ལ་ [97B]དེས་དེ་འདུག་ཏུ་བཅུག་པའི་ཟན་འཚོ་བྱེད་ཀྱིས་མཐོང་ནས་བསམ་པ། ཕྱོགས་ཆེ་གེ་མོ་ཞིག་ནའ་སྙམ་མོ། །དེ་ནས་སྨིན་པར་འགྱུར་བའི་ རྫས་དག་བཏབ་སྟེ། སྨིན་པར་ཤེས་ནས་ཟན་གྱི་ནང་དུ་གཙགས་བུ་སྦས་ཏེ་མ་མ་ལ་བསྒོ་བ། ཁྱོད་ཀྱིས་དེ་འདི་ལ་འདུག་ཏུ་ཆུག་ལ་བཙུན་མོ་འདུག་ནས་སླར་སློང་ཞིག་དེས་དེ་བཞིན་བྱས་ པ་ལས། གཙགས་བུས་རེག་མ་ཐག་ཏུ་ཕོལ་མིག་རྡོལ་བར་གྱུར་ཏོ། །དེ་ནས་འཚོ་བར་འགྱུར་བའི་རྫས་དང་བསྲེས་པ་བསྐ་བའི་ཆུས་བཀྲུས་ཏེ་འཚོ་བར་འགྱུར་བའི་རྫས་རྣམས་བཏབ་པས་སོས་ པར་གྱུར་ཏོ། །འཚོ་བྱེད་རྒྱལ་པོའི་དྲུང་དུ་སོང་བ་དང། རྒྱལ་པོས་སྨྲས་པ། འཚོ་བྱེད། ཁྱེད་ཀྱིས་མ་ཡར་མོའི་དཔྱད་བྱས་སམ་ལྷ། བགྱིས་སོ། །ཁྱོད་ཀྱིས་སྒྲེན་མོར་ཕྱུང་སྟེ་མ་བལྟས་གྲང་ ལྷ། མ་བལྟས་སོ། །ཇི་ལྟར་བྱས། དེས་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང། རྒྱལ་པོ་མཆོག་ཏུ་ངོ་མཚར་སྐྱེས་ནས་དེས་བློན་པོ་རྣམས་ལ་སྨྲས་པ། འཚོ་བྱེད་ལན་གཉིས་སུ་སྨན་པའི་རྒྱལ་པོར་ དབང་སྐུར་ཅིག་མི་སྐྲན་ཅན་ལ་འཚོ་བྱེད་ཀྱིས་སྨན་རྙེད་པར་དཀའོ་ཞེས་སྨྲས་པ་གང་ཡིན་པ་དེས་སྨྲས་པ། ལྷ། ཅི། སྲས་ལ་སྡུག་པས་སམ། འོན་ཏེ་སྨན་མཁས་པས་དབང་བསྐུར་བར་ མཛད། རྒྱལ་པོས་སྨྲས་པ། སྨན་མཁས་པས་སོ། །གལ་ཏེ་དེ་ལྟ་ལགས་ན། འདིས་བདག་ནི། སོས་པར་མ་བགྱིས་སོ། །འཚོ་བྱེད་ཀྱིས་སྨྲས་པ་ཀྱེ་ནང་རྗེ། ངས་ཁྱོད་ལ་དཔྱད་ནི། མ་བྱས་ [98A]༄༅། །ཀྱི༑ འོན་ཀྱང་ངས་ཁྱོད་ཀྱི་སྨན་ནི། རྙེད་པར་དཀའོ་ཞེས་སྨྲས་སོ། །དེས་སྨྲས་པ། བདག་གི་སྨན་ཇི་ལྟ་བུ་དག་ཅིག་ཡིན་འཚོ་བྱེད་ཀྱིས་སྨྲས་པ། གལ་ཏེ་ཟླ་ བ་མར་གྱི་ངོའི་ཚེས་བཅུ་བཞི་ལ་མི་སེར་སྐྱ་ཞིག་ཤི་ནས་དེ་དུར་ཁྲོད་དུ་སྲེག་པ་ན་ནེའུ་ལེ་གདུག་པ་དང་སྲོག་ཆགས་གོ་དྷ་ཙནྡན་ན་འཐབ་ནས་མེར་ལྷུང་བ་དང་དེ་གཉིས་ཁྱོད་ཀྱིས་ཟོས་ལ་ དབང་ཕྱུག་ཆེན་པོའི་ལྷས་དུར་ཁྲོད་དུ་ཆར་ཕབ་པའི་འོད་པའི་ཆུ་དེ་ལ་འཐུངས་ལ། ཀོ་དྲའི་ཆན་ཟོས་ཤིང་མར་ཕྱུང་བའི་ཞོ་འཐུངས་ན། དེ་ལྟ་ན་ཁྱོད་མོད་ལ་སོས་པར་འགྱུར་ཏེ་ བདག་གིས་དེ་ལ་བསམ་ནས་སྨན་རྙེད་པར་དཀའོ། །ཞེས་སྨྲས་པ་ཡིན་ནོ། །དེས་སྨྲས་པ། ཤིན་ཏུ་ལེགས་པར་ཤེས་ཏེ། དེ་བཞིན་དུ་བདག་གིས་ཟོས་སོ། །དེ་ནས་དགའ་བར་གྱུར་ ནས་སྨྲས་པ། ལྷ། འདིས་སྨན་པའི་རྒྱལ་པོ་རྔོ་ཐོགས་ཀྱི། དབང་བསྐུར་བས་དབང་བསྐུར་དུ་གསོལ། ལན་གཉིས་སུ་ཡང་སྨན་པའི་རྒྱལ་པོར་དབང་བསྐུར་ཏོ། །གང་གི་ཚེ་མི་དགེ་ བའི་གྲོགས་པོ་ལྷས་བྱིན་གྱིས་མ་སྐྱེས་དགྲ་བསླུས་ནས། ཕ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་སྲོག་དང་ཕྲལ་བ་དེའི་ཚེ། དེ་ལ་སྐྲན་གྱི་ནད་ཀྱིས་ཐེབས་པར་གྱུར་ཏོ། །དེས་སྨན་པ་ རྣམས་ལ་སྨྲས་པ། ང་ལ་དཔྱད་གྱིས་ཤིག་དེ་རྣམས་ཀྱིས་སྨྲས་པ། ལྷ། ལྷའི་གཅེན་པོ་བླ་ན་མེད་པའི་འཚོ་བྱེད་འདི་ན་མཆིས་བཞིན་དུ། བདག་ཅག་གིས་དཔྱད་བགྱིད་རྔོ་ག་ལ་ [98B] དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག། འཚོ་བྱེད་ཁུག་ཅིག་དེ་རྣམས་ཀྱིས་བཀུག་པ་དང། འཚོ་བྱེད། ང་ལ་སྐྲན་ནད་བྱུང་གི་དཔྱད་བྱོས་ཤིག་ལྷ། བགྱིའོ། །དེས་བསམ་ པ༑ རྒྱུ་གཉིས་ཀྱིས་སྐྲན་རྡོལ་བར་འགྱུར་ཏེ། ལྷག་པར་དགའ་བའམ་ལྷག་པར་ཁྲོས་པས་ཡིན་ན། སེམས་ཅན་སྡིག་པ་འདི་ལྷག་པར་དགའ་བར་ག་ལ་འགྱུར་གྱི། རྣམ་པ་ཐམས་ཅད་དུ་ ཁྲོས་པར་བྱའོ། །སྙམ་དུ་བསམ་ནས་སྨྲས་པ། ལྷ། དམ་ཞིག་བཅའ་སྟེ། གལ་ཏེ་གཞོན་ནུ་འཆར་བྱེད་བཟང་པོའི་ཤ་གསོལ་བ་ལྟར་ན་དཔྱད་བགྱིའོ། །རྒྱལ་པོས་ཐོས་ནས་ཁྲོས་ཏེ་སྨྲས་པ་ ལེགས་སོ། །ངས་ནི། ཕ་སྲོག་དང་ཕྲལ། ཁྱོད་ཀྱིས་ཀྱང་འཆར་བྱེད་བཟང་པོ་སྲོག་དང་ཕྲོལ། ང་ཡང་རང་ཉིད་ནད་ཀྱིས་ཤི་ནས་ཁྱོད་ནི། རྒྱལ་པོར་འགྱུར་མོད། དེས་སྨྲས་པ། ལྷ། དཔྱད་ ནི༑ འདི་ལགས་ཏེ། གཞན་གྱིས་སོས་པར་རྔོ་མི་ཐོགས་ལགས་སོ། །བདག་དང་འདྲ་བའི་ཕངས་པ་མེད་པས་དེས་ཁས་བླངས་སོ། །དེ་ནས་འཚོ་བྱེད་ཀྱིས་གཞོན་ནུ་འཆར་བྱེད་བཟང་པོ་ རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྒྱལ་པོ་ལ་ཕུལ་ཏེ། ལྷ། གཞོན་ནུ་འཆར་བྱེད་བཟང་པོ་ལ་ལེགས་པར་གཟིགས་པ་དེ་ལྟར་མཛད་དུ་གསོལ། ཕྱིས་གཟིགས་པར་མི་འགྱུར་རོ། །དེ་ ནས་དེ་བསྟན་ནས། ཁྱིམ་དུ་ཁྲིད་ནས་བཞག་གོ་དེ་ནས་འཚོ་བྱེད་ཤའི་དོན་དུ་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་སོང་བ་ལས། བསིལ་བའི་ཚལ་གྱི་དུར་ཁྲོད་ནི། ཤི་བའི་རོས་སྟོང་ [99A]༄༅། །པ་མ་ཡིན་པས། དེ་ནས་དེས་རོའི་ཤ་བླངས་ཏེ་ཡོ་བྱད་ཀྱི་ཁྱད་པར་དག་དང་གཡོས་བྱས་ནས་རྒྱལ་པོ་དྲོལ་བབ་པའི་དུས་སུ་བསྟབས་སོ། །དེ་ནས་རྒྱལ་པོ་མ་ སྐྱེས་དགྲས་ཤ་ཁུའི་ཕོར་པ་བླངས་ནས་ཟ་བར་གཟས་པ་དང་འཚོ་བྱེད་ཀྱིས་འཕྲོག་ནས་ཀླད་དུ་བསྣུན་ཏེ། སྡིག་པ་བྱེད་པ་ཁྱོད་ཀྱིས་ཕ་ཆོས་ཀྱི་རྒྱལ་པོ་སྲོག་དང་ཕྲལ་ལ། བུའི་ཤ་ ཡང་ཟ་བར་བྱེད་དམ། དེ་རྔམས་ནས་སྨྲས་པ། གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་བསད་ཅེས་མི་བཟོད་པ་སྐྱེས་པས་དེའི་སྐྲན་རྡོལ་ནས་ཡར་སློན། མར་འཁྲུས་ཏེ་ཁ་ནས་ཁྲག་དང་བཅས་པར་བྱུང་བ་ དེ་མཐོང་ནས་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །དེ་ནས་ཆུ་གཏོར་ནས་དབུགས་སླར་བྱུང་བ་དང། ཁྲུས་བྱས་ཏེ་འཕྲོད་པའི་ཟས་བྱིན་པས་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །དེ་ནས་འཚོ་ བྱེད་ཀྱིས་གཞོན་ནུ་འཆར་བྱེད་བཟང་པོ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཁྲིད་དེ་རྒྱལ་པོའི་དྲུང་དུ་སོང་ནས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ། གཞོན་ནུ་འཆར་བྱེད་བཟང་པོ་འདི་ ལགས་ཏེ། བདག་སྲོག་ཆགས་གྲོག་སྦུར་ཡང་སྲོག་དང་འབྲལ་བར་བགྱིད་མི་ཕོད་ན། གཞོན་ནུ་ལྟ་སྨོས་ཀྱང་ཅི་འཚལ། འོན་ཀྱང་ཐབས་འདིས་ལྷ་འཚོ་བར་འགྱུར་བས། བདག་ གིས་ཐབས་བཤམས་པར་བགྱིས་པར་བས་སོ། །རྒྱལ་པོ་མཆོག་ཏུ་ངོ་མཚར་སྐྱེས་ནས་དེས་བློན་པོ་རྣམས་ལ་བསྒོ་བ། འཚོ་བྱེད་སྨན་པའི་རྒྱལ་པོར་དབང་སྐུར་ཅིག་བློན་པོ་རྣམས་ [99B] དཔལ་གྱི་འབྱོར་པ་ཆེན་པོས་ལན་གསུམ་དུ་ཡང་སྨན་པའི་རྒྱལ་པོར་དབང་བསྐུར་བས་དབང་བསྐུར་ཏོ། །དེས་འཚོ་བྱེད་དྲེགས་པ་སྐྱེས་ཏེ་བདག་དང་མཉམ་པའི་ སྨན་པ་ནི། འཇིག་རྟེན་ན་འགའ་ཡང་ཡོད་པ་མ་ཡིན་ཏེ། བདག་ནི། ལུས་ཀྱི་དཔྱད་བྱེད་པ་རྣམས་ཀྱི་མཆོག་ཡིན་ལ། བཅོམ་ལྡན་འདས་ནི། སེམས་ཀྱི་དཔྱད་མཛད་པ་རྣམས་ཀྱི་མཆོག་ཡིན་ནོ། ། སྙམ་མོ། །དེས་དུས་གཞན་ཞིག་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་ལས། དེ་དྲེགས་པའི་སྙེམས་པས་བདེན་པ་རྣམས་མ་མཐོང་ངོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། སྨན་པའི་རྒྱལ་ པོ་འཚོ་བྱེད་ཀྱིས་དགེ་བའི་རྩ་བ་བསྐྱེད་ན། ཅིའི་ཕྱིར་བདེན་པ་རྣམས་མ་མཐོང་བར་གྱུར་སྙམ་ན། དྲེགས་པའི་སྙེམས་པ་ལས་གྱུར་པར་གཟིགས་ནས། དེའི་དྲེགས་པ་སྤང་བར་བྱའོ་སྙམ་ནས་ དེ་ནས་བཅོམ་ལྡན་འདས་ཀྱིས་སྨན་པའི་རྒྱལ་པོ་འཚོ་བྱེད་ལ་བཀའ་སྩལ་པ། འཚོ་བྱེད། ཁྱོད་ཀྱིས་རིའི་རྒྱལ་པོ་གངས་ཅན་མཐོང་ངམ། བཙུན་པ། མ་མཐོང་ལགས་སོ། །དེ་བཞིན་གཤེགས་ པའི་ན་བཟའ་ཆོས་གོས་ཀྱི་མཐའ་ནས་ཟུངས་ཤིག་དེས་བཟུང་བ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་སྨན་པའི་རྒྱལ་པོ་འཚོ་བྱེད་ཁྲིད་ནས། རིའི་རྒྱལ་པོ་གངས་ཅན་ག་ལ་བ་དེར་གཤེགས་ པ་དང། དེ་ན་སྨན་རྣམ་པ་སྣ་ཚོགས་སྒྲོན་མེ་བཞིན་འབར་རོ་།བཅོམ་ལྡན་འདས་ཀྱིས་སྨན་པའི་རྒྱལ་པོ་འཚོ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཚོ་བྱེད། སྨན་ཇི་ཙམ་འདོད་པ་ [100A]༄༅། །ལོངས་ཤིག་བཅོམ་ལྡན་འདས། འཇིགས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་སོང་ལ་འཚོ་ བྱེད་ལ་སྲུང་བ་བྱོས་ཤིག་དེ་དང་སོང་ནས་སྨན་རྣམ་པ་སྣ་ཚོགས་དག་བླངས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཚོ་བྱེད། སྨན་འདིའི་མིང་ཅི་ཡིན། དེས་གསོལ་པ། བཅོམ་ ལྡན་འདས་ཆེ་གེ་མོ་ལགས་ཏེ། ཆོ་ག་འདིས་ནད་ཆེ་གེ་མོ་ཞིག་ཞི་བར་འགྱུར་རོ། །འདི་ནི། ཆེ་གེ་མོ་ཞིག་ལགས་ཏེ། ནད་ཆེ་གེ་མོ་ཞིག་རབ་ཏུ་ཞི་བར་འགྱུར་རོ། །གཞན་རྣམས་ཀྱི་ནི། མིང་ ཡང་མི་ཤེས་སོ། །མ་ཤེས་པ་གང་དག་ཡིན་པ་དེ་དག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཚོ་བྱེད། འདི་ནི། ཆེ་གེ་མོ་སྟེ། ཆོ་ག་ཆེ་གེ་མོས་ནད་ཆེ་གེ་མོ་ཞིག་རབ་ཏུ་ཞི་བར་འགྱུར་ རོ༑ ༑འདི་ཡང་ཆེ་གེ་མོ་ཞིག་ཅེས་བྱའོ། །འཚོ་བྱེད་ཀྱིས་གསོལ་པ་བཅོམ་ལྡན་འདས་ཀྱིས་སྨན་དཔྱད་ཀྱང་མཁྱེན་པ་ལྟ། དེ་ནས་བཅོམ་ལྡན་འདས་ཀྱིས་སྨན་པའི་རྒྱལ་པོ་འཚོ་བྱེད་ ལ་བཀའ་སྩལ་པ། འཚོ་བྱེད། སྨན་པ་ཟུག་རྡུ་འབྱིན་པ། ཡན་ལག་བཞི་དང་ལྡན་པ་ནི། རྒྱལ་པོ་ལ་འོས་པ། རྒྱལ་པོ་ལ་མཁོ་བ་རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོའོ།། །། འདུལ་བ་གཞི། བམ་པོ་དྲུག་ཅུ་གཉིས་པ། བཞི་གང་ཞེ་ན། འདི་ལ་སྨན་པ་ཟུག་རྡུ་འབྱིན་པ་ནད་ལ་མཁས་པ་ཡིན། ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན། ནད་བྱུང་བ་སྤོང་ [100B] སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ཏེ། ནད་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ། སྨན་པ་ཟུག་རྡུ་འབྱིན་པ་ནད་ཤེས་ཤིང། ནད་འདི་ནི། འདི་ལྟ་བུ་དང་ འདི་ལྟ་བུ་ཡིན་ནོ་ཞེས་དེ་ལྟར་ནད་ལ་མཁས་པ་ཡིན་ནོ། །ནད་ཀུན་ནས་སློང་བ་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ། སྨན་པ་ཟུག་རྡུ་འབྱིན་པ་ནད་ཤེས་ཤིང། ནད་འདི་ནི། རླུང་གིས་ཀུན་ ནས་བསླང་བའམ། འཁྲིས་པས་ཀུན་ནས་བསླང་བའམ། བད་ཀན་གྱིས་ཀུན་ནས་བསླང་བའམ། བདག་ལས་གྱུར་པའམ། གཞན་ལས་གྱུར་པའམ་འདུས་པ་ལས་གྱུར་པའོ། །ཞེས་ དེ་ལྟར་ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན་ནོ། །ནད་བྱུང་བ་སྤོང་བ་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ། སྨན་པ་ཟུག་རྡུ་འབྱིན་པ་ནད་ཤེས་ཤིང། ནད་འདི་ནི། མིག་སྨན་ནམ། བསྐུ་ མྙེའམ། སྐྱུག་སྨན་ནམ། བཀྲུ་སྨན་ནམ། སྣར་བླུགས་པའམ། དུ་བས་བདུག་པའམ། ནན་རྩིའི་ལས་ཀྱིས་སྤང་བར་འགྱུར་རོ། །ཞེས་དེ་ལྟར་ནད་བྱུང་བ་སྤོང་བ་ལ་མཁས་པ་ཡིན་ ནོ༑ ༑ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ། སྨན་པ་ཟུག་རྡུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་འཕྲོད་པའི་ཆོ་ག་འདི་ལྟ་བུ་དང། འདི་ལྟ་བུ་དག་བྱས་ཏེ་སྤངས་ ན༑ ཕྱིས་མི་འབྱུང་ངོ། །ཞེས་དེ་ལྟར་ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ཏེ། དེ་ལྟར་ན། སྨན་པ་ཟུག་རྡུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ། རྒྱལ་པོ་ལ་འོས་པ་ཡིན། རྒྱལ་ [101A]༄༅། །པོ་ལ་མཁོ་བ་ཡིན། རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་བར་རྫོགས་པའི་སངས་རྒྱས་ཡན་ ལག་བཞི་དང་ལྡན་པ་ཡང། སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ། །འཚོ་བྱེད། བཞི་གང་དག་ཅེ་ན། འདི་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ནི། འདི་ནི། སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདི་ནི། སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི། སྡུག་བསྔལ་ འགོག་པའོ། །འདི་ནི། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འཚོ་བྱེད། སྨན་པ་ཟུག་རྔུ་འབྱིན་ པས་ནི། སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མི་ཤེས་སོ། །རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་ མི་བདེ་བ་དང། འཁྲུག་པའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མི་ཤེས་སོ། །འཚོ་བྱེད། དེ་བཞིན་གཤེགས་པས་ནི་སྐྱེ་བའི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་ སྤོང་བའི་སྨན་མཁྱེན་ཏོ། །རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པའི་རྩ་བ་ཅན་གྱི་སྡུག་ [101B] །དེ་ལྟ་བས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ། །ཆོས་ ཀྱི་རྣམ་གྲངས་འདི་བཤད་པ་ན། འཚོ་བྱེད་གཞོན་ནུས་བསྐྱེད། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་།དེ་ནས་འཚོ་བྱེད་གཞོན་ནུས་བསྐྱེད་ཀྱིས་ཆོས་མཐོང་བ་ དང། ཆོས་ཐོབ་པ་དང། ཆོས་རིག་པ་དང། ཆོས་ཀྱི་གཏིང་སླེབ་པ་དང། སོམ་ཉི་ལས་བརྒལ་བ་དང། ཐེ་ཚོམ་ལས་བརྒལ་བ་དང་གཞན་གྱི་དྲིང་མི་འཇོག་པ་དང། གཞན་གྱིས་མི་བཀྲི་བ་ དང། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ནི་འཕགས་སོ། །མངོན་པར་འཕགས་སོ། །བདག། བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་ སྐྱབས་སུ་མཆི་ན། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་སྨན་པའི་རྒྱལ་ པོ་འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ། །རིའི་རྒྱལ་པོ་གངས་ཅན་ཁ་བས་གཡོགས་ཏེ་རྟག་ཏུ་ལྷགས་པ་ [102A]༄༅། །ཆེ་བས། བཅོམ་ལྡན་འདས་གྲང་ནད་ཀྱིས་སྙུན་གྱིས་ཐེབས་པ་དང། སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་བསམ་པ། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་བྱ་བ་ བཞིན། བདག་ཉིད་ཁོ་ནས་བཅོམ་ལྡན་འདས་ལ་རིམ་གྲོ་བྱའོ་སྙམ་མོ། །དེ་ནས་འཚོ་བྱེད་ཀྱིས་མེ་ཏོག་ཨུཏྤ་ལ་སུམ་ཅུ་རྩ་གཉིས་དང་བཀྲུ་སྨན་གྱི་རྫས་དག་སྦྱར་ནས་བཅོམ་ལྡན་འདས་ལ་ཕུལ་ ཏེ༑ བཅོམ་ལྡན་འདས། འདི་རྣམས་ཤངས་ཀྱིས་བསྣམ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བསྣམས་པ་ལས་ཐང་སུམ་ཅུ་གཉིས་ཁོ་ན་འཁྲུས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཞུས་ པ། བཅོམ་ལྡན་འདས། ཇི་ག་ལེགས་པར་ཁྲུས་ལེགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཚོ་བྱེད། སྐྱོན་གང་དག་གཡོས་ལ་མ་འཁྲུས་པ་དེ་དག་ཀྱང་ཡོད་དེ། འཁྲུས་ ལ་མ་གཡོས་པ་ཡང་ཡོད། འཁྲུས་ལ་གཡས་པ་ཡང་ཡོད། མ་འཁྲུས་ལ་མ་གཡོས་པ་ཡང་ཡོད་དོ། །འཚོ་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟ་ན་བུ་རམ་ དང། ཨ་རུ་ར་གསོལ་ལ་ཁུ་བའི་རིམ་པ་ཡང་མཛོད་ཅིག། བཅོམ་ལྡན་འདས་ཀྱིས་དེ་བཞིན་དུ་མཛད་ནས་སྙུན་གདངས་པར་གྱུར་ཏོ། །འཚོ་བྱེད་ཀྱི་ཀུན་ཏུ་སྤྱོད་པ་ནི་རྒྱལ་པོའམ། བློན་ པོ་གང་སུའི་དཔྱད་བྱས་ཀྱང་རུང་སྟེ། དེས་དེ་ལ་གྲོང་ངམ་གྲོང་མཆོག་སྦྱིན་པར་བྱེད་པ་ཡིན་ནོ། །ཇི་ཙམ་དུས་གཞན་ཞིག་ན་།འཚོ་བྱེད་ཀྱིས་ལུས་འཕགས་ཀྱི་རྒྱལ་པོའི་དཔྱད་བྱས་ [102B] དེས་དེ་ལ་བརྒྱ་སྟོང་རི་པའི་གོས་བེའུ་རས་ཡུག་པོ་ཆེ་ཞིག་བྱིན་པ་དང། དེས་དེ་བླངས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་ གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས། འཚོ་བྱེད་གཞོན་ནུས་བསྐྱེད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་ པ། བདག་གི་ཀུན་ཏུ་སྤྱོད་པ་ནི་རྒྱལ་པོའམ། བློན་པོ་གང་སུའི་དཔྱད་བགྱིས་ཀྱང་རུང་སྟེ། དེས་བདག་ལ་གྲོང་ངམ། གྲོང་མཆོག་སྩོལ་བ་ལགས་པས། བདག་གིས་ལུས་འཕགས་ཀྱི་ རྒྱལ་པོ་ལ་དཔྱད་བགྱིས་པ་དང། དེས་བདག་ལ་བརྒྱ་སྟོང་རི་བའི་རས་ཤིག་སྩལ་བ་འདི་བཅོམ་ལྡན་འདས་ལ་བདག་འབུལ་ཞིང་མཆིས་ན་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་ བས་ཉེ་བར་བཟུང་སྟེ་འདི་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་འཚོ་བྱེད་གཞོན་ནུས་བསྐྱེད་ལས་བརྒྱ་སྟོང་རི་བའི་གོས་བེའུ་རས་ཡུག་པོ་ཆེ་བཞེས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་ དགའ་བོ། བཅོམ་ལྡན་འདས་ཀྱི་གནམ་ལོགས་ན་བསིལ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ བཀའ་སྩལ་པ། ཀུན་དགའ་བོ། བརྒྱ་སྟོང་རི་བའི་གོས་བེའུ་རས་ཡུག་པོ་ཆེ་ལོངས་ལ་པའི་ཆེད་དུ་གྲིས་དྲོས་ཤིག། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བླངས་ཏེ། ས་ཕྱོགས་གསལ་ལ་ཡངས་ [103A]༄༅། །པར་སོང་ནས་གཞལ་བར་བརྩམས་པ་ལས། ཆོས་གོས་མང་དུ་ལྡང་པར་མཐོང་ངོ། །དེ་ནས་དེས་བཅོམ་ལྡན་འདས་ཀྱི་ན་བཟའ་ཆོས་གོས་གསུམ་དང། བདག་ ཉིད་ཀྱི་བླ་གོས་མཐང་གོས་དང་བཅས་པ་དང། ཚེ་དང་ལྡན་པ་སྒྲ་གཅན་འཛིན་གྱི་རས་ཆུང་དཔུང་ཆད་ཅིག་བྱས་སོ། །བཅོམ་ལྡན་འདས་ཀྱིས་དབྱར་གྱི་གནས་དེར་རས་ལྔ་བརྒྱ་བརྙེས་ ཤིང། དགེ་སློང་གི་དགེ་འདུན་གྱིས་ཀྱང་དུ་མ་ཞིག་རྙེད་ན། དགེ་སློང་རྣམས་ཀྱིས་ཇི་ལྟར་བསྒྲུབ་པར་བྱ་བ་ཤེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་རྗེས་སུ་གནང་སྟེ་དགེ་སློང་རྣམས་ཀྱིས་ཁྱིམ་པའི་གོས་གྲིས་དྲས་ཏེ་ཁ་དོག་ངན་པར་བྱས་པ་བཅང་བར་བྱའོ། །རྒྱལ་པོ་གཟུགས་ཅན་སྙིང་ པོའི་ཀུན་ཏུ་སྤྱོད་པ་ནི། དགེ་སློང་ངམ། དགེ་སློང་མ་མཐོང་ན་གླང་པོ་ཆེ་ལས་བབས་ནས་རྐང་པ་ལ་ཕྱག་བྱེད་པ་ཡིན་ནོ། །དེ་དུས་གཞན་ཞིག་ན་གླང་པོ་ཆེ་ལ་ཞོན་ནས། བཅོམ་ལྡན་འདས་ཀྱི་ ཞབས་གཉིས་ལ་མགོ་བོས་ཕྱག་བྱེད་དུ་སོང་བ་ལས། ཇི་ཙམ་ན་ལམ་གྱི་དབུས་ནས་འཚོ་བ་པ་ཞིག་མཐོང་ནས་དེ་དེ་ལ་གུས་པ་བསྐྱེད་དེ། གླང་པོ་ཆེ་ལས་བབས་ནས་རྐང་པ་གཉིས་ལ་ གཏུགས་སོ། །དེ་ན་མ་དད་པ་གང་ཡིན་པ་དེ་དག་གིས་བསམ་པ། ལྷ་དགེ་སློང་འབའ་ཞིག་ལ་མངོན་པར་དད་པ་མ་ཡིན་ནོ། །དད་པ་ཅན་གང་ཡིན་པ་དེ་དག་གིས་བསམ་པ་ནི་ [103B] དེ་གུས་པས་གླང་པོ་ཆེ་ལས་བབས་ནས་རྐང་པ་གཉིས་ལ་གཏུགས་སོ་སྙམ་ནས་དེ་རྣམས་ཡིད་གཉིས་སུ་གྱུར་ཏེ། རྒྱལ་པོ་ལ་སྨྲས་པ། ལྷ། སུ་ ལ་ཕྱག་བགྱིས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ལའོ། །ལྷ། དེ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་མ་ལགས་ཏེ། འཚོ་བ་པ་ལགས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྙམ་ དུ་སེམས་ཏེ། བདག་གིས་དོན་འདི་ཁོ་ན་གསོལ་ལོ་སྙམ་ནས། བཅོམ་ལྡན་འདས་གང་ན་པ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་ གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས། མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གི་ཀུན་ ཏུ་སྤྱོད་པ་ནི། དགེ་སློང་ངམ། དགེ་སློང་མ་མཐོང་ན་གླང་པོ་ཆེ་ལས་བབས་ནས་དེའི་རྐང་པ་ལ་ཕྱག་བགྱིད་པ་ལགས་པ་ལས། དེ་རིང་བདག་གུས་པ་སྐྱེས་ནས་གླང་པོ་ཆེ་ལས་བབས་ཏེ་ དགེ་སློང་ལགས་སྙམ་ནས་འཚོ་བ་པའི་རྐང་པ་ལ་གཏུགས་ལགས་ཀྱི་ཀྱེ་མའོ། །བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་འཕགས་པ་རྣམས་ཀྱི་ཆོས་གོས་རྣམས་ལ་མཚན་ མ་ཅུང་ཟད་ཅིག་གདབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ [104A]༄༅། །ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་སོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་ སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། འཚོ་བ་པ་གང་གིས་བདེན་པ་མཐོང་བ་ལས་ཕྱག་བདག་གིར་བྱས་པ་ནི་ཉམས་ཏེ། མི་རུང་ངོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ ལྡན་འདས་ཀྱི་གནམ་ལོགས་ན་བསིལ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་ དགའ་བོ། ཁྱོད་ཀྱིས་ལུས་འཕགས་ཀྱི་རི་བོ་མཐོང་ངམ། བཙུན་པ་མ་མཐོང་ལགས་སོ། །དེ་བཞིན་གཤེགས་པའི་ན་བཟའ་ཆོས་གོས་ཀྱི་མཐའ་ནས་ཟུངས་ཤིག། དེས་བཟུང་ བ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ནས་མི་སྣང་བར་མཛད་དེ། དེ་ཉིད་ནས་རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལ་གཤེགས་ནས་ལུས་འཕགས་ཀྱི་རི་བོ་ལ་ བཞུགས་སོ། །དེའི་ཚེ་མ་ག་དཧའི་མི་རྣམས་ཀྱི་ཞིང། མཉམ་ཞིང་ཉེ་འཁོར་མཉམ་པ། རྣང་གི་ཁྱད་པར་སྣ་ཚོགས་དག་རྣང་སྒལ་གྱིས་འབྲེལ་ཅིང་མཛེས་པ་དག་གཟིགས་ནས་ ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་ཞིང་མཉམ་ཞིང་ཉེ་འཁོར་མཉམ་ལ་རྣང་གི་ཁྱད་པར་སྣ་ཚོགས་དག་རྣང་སྒལ་གྱིས་འབྲེལ་བར་མཛེས་པ་དེ་དག་ [104B] བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། དེ་ལྟ་བས་ན། དགེ་སློང་རྣམས་ཀྱིས་འདི་ལྟ་བུར་ཆོས་གོས་རྣམས་དྲས་ཏེ་དྲུབ་པར་བྱའོ། །གནས་བརྟན་ཀུན་དགའ་བོས་ དགེ་སློང་རྣམས་ལ་སྨྲས་པ། ཁྱེད་ཀྱིས་འདི་ལྟ་བུར་ཆོས་གོས་རྣམས་དྲོས་ལ་དྲུབས་ཤིག། དགེ་སློང་རྣམས་ཀྱིས་ཆོས་གོས་དག་དྲས་ཏེ་དྲུབ་པར་བརྩམས་ན། སྣམ་བུ་རྣམས་ཁ་ཕྱོགས་ གཅིག་ཏུ་བསྟན་པས་མི་མཛེས་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བསམ་པ། བཅོམ་ལྡན་འདས་ཀྱིས་བཀའ་མ་སྩལ་མོད་ཀྱི། འདི་ཁོ་ནས་རྐྱེན་བྱས་ནས་གནང་བར་འགྱུར་བའི་གནས་ དེ་ཡོད་དོ། །སྙམ་ནས། དེས་སྣམ་བུ་རྣམས་ཁ་ཕྱོགས་གཉིས་ཀར་བསྟན་ན། འོན་ཀྱང་མཐའ་སྐོར་མེད་པས་མཛེས་པར་མ་གྱུར་ནས་མཐའ་སྐོར་བྱས་སོ། །དེ་ནས་བྱས་ཤིང་ཟིན་པ་དང་ བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཀུན་དགའ་བོ། ལེགས་སོ། །ལེགས་སོ། །ངས་གང་གི་ཕྱིར་བཀའ་སྩལ་པ་དེ་ཁྱོད་ཀྱིས་ཤེས་ཏེ། དེ་ལྟ་བས་ ན། དགེ་སློང་རྣམས་ཀྱིས་འདི་ལྟ་བུར་ཆོས་གོས་རྣམས་དྲས་ལ་དྲུབ་པར་བྱའོ། །དགེ་སློང་རྣམས་ཀྱིས་ཆོས་གོས་དྲས་ཤིང་དྲུབས་པ་རེ་རེ་བཅངས་ནས་ལྷག་མ་ནི། མ་དྲས་སོ། །དེ་ནས་ བཅོམ་ལྡན་འདས་ཡུལ་མ་ག་དཧའི་ལྗོངས་རྒྱུ་ཞིང་གཤེགས་ཏེ། འབྲོག་གནས་སུ་བྱོན་ནས་འབྲོག་གནས་ན་འབྲོག་གནས་ཀྱི་ཚལ་ན་བཞུགས་སོ་།འབྲོག་གནས་འབབ་ཆུ་དང་ཉེ་ [105A]༄༅། །བས་གྲང་ཞིང་རླུང་ལྡང་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་ཐུན་དང་པོ་ལ་མཐང་གོས་གསོལ་ཏོ། །ཐུན་བར་མ་ལ་བླ་གོས་གསོལ་ཏོ། །ཐུན་ཐ་མ་ལ་ཚེ་དང་ ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ང་ལ་སྣམ་སྦྱར་གྱིས་གཡོགས་ཤིག། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ལག་པ་གཉིས་བཀྲུས་ནས་སྣམ་སྦྱར་གྱིས་ བཅོམ་ལྡན་འདས་ཀྱི་སྟེང་དུ་གཡོགས་ཏེ། བཅོམ་ལྡན་འདས་ཀྱིས་ན་བཟའ་ཆོས་གོས་གསུམ་གྱིས་མཚན་མོ་དེ་འདས་པར་མཛད་དོ། །དེ་ནས་ནམ་ནངས་ནས་དགོངས་པ། འཇིག་ རྟེན་ན་ཤིན་ཏུ་སྐྱིད་པ། བདེ་བར་འདོད་པ་གང་ཡིན་པ་སུ་ཡང་རུང། དེ་རྣམས་ཀྱི་མཆོག་ནི། ང་ཡིན་ཏེ། ང་ཡང་ཆོས་གོས་གསུམ་གྱིས་འཚོ་བར་སྤྱོད་ན། ངའི་ཉན་ཐོས་རྣམས་ལྟ་ སྨོས་ཀྱང་ཅི་དགོས་སྙམ་དུ་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། དེ་ལྟ་བས་ན། དགེ་སློང་རྣམས་ཀྱིས་དྲས་པའི་ཆོས་གོས་གསུམ་བཅང་བར་བྱའོ། ། བཅོམ་ལྡན་འདས་ཀྱིས་དྲས་པའི་ཆོས་གོས་གསུམ་བཅང་བར་བྱའོ་།ཞེས་བཀའ་སྩལ་ན། དགེ་སློང་ཞིག་ལ་ཆོས་གོས་གསུམ་པ་མེད་ནས་དེས་ཕྱིང་པ་ཞིག་རྙེད་ནས་དེས་དྲ་བར་ བརྩམས་སོ། །བཅོམ་ལྡན་འདས་ཀྱང་ཕྱོགས་དེར་གཤེགས་ནས་སྨྲས་པ་དགེ་སློང། འདི་ཅི་ཡིན། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་དྲས་པའི་ཆོས་གོས་ [105B] །ཞེས་བཀའ་སྩལ་ན། བདག་ལ་ཆོས་གོས་གསུམ་པ་མ་མཆིས་ནས་བཙལ་བ་ལས། བདག་གིས་ཕྱིང་པ་འདི་རྙེད་དེ་དྲས་ནས་ཆོས་གོས་བགྱིའོ། །དགེ་སློང། འདི་ ནི། དྲ་བའི་འོས་མ་ཡིན་ནོ། །འོན་ཀྱང་ལྷན་ཐབས་ཀྱིས་གླན་པའི་འོས་ཡིན་པས་ལྷན་ཐབས་ཀྱིས་གླན་ནས་བཅང་བར་བྱའོ། །ཞེས་བཀའ་སྩལ་ནས་གཤེགས་ཏེ། དགེ་སློང་གི་དགེ་ འདུན་བསྡུས་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ དགེ་སློང་ཆེ་གེ་མོ་ཞེས་བྱ་བ་ལ་ཆོས་གོས་མེད་ནས་ཕྱིང་པ་ལ་འདྲ་བར་བྱེད་ཀྱི། དགེ་སློང་དག། དེ་ལྟ་བས་ན། མི་འདྲ་བ་ནི་ལྔ་སྟེ། ཕྱིང་པ་ཐམས་ཅད་དང། སྣམ་བུ་ཐམས་ཅད་དང། བེའུ་ རས་ཐམས་ཅད་དང། སེང་རས་ཐམས་ཅད་དང། གླམ་ཐམས་ཅད་དེ་ལྷན་ཐབས་ཀྱིས་གླན་ནས་བཅང་བར་བྱའོ།། །།གླེང་གཞི་ནི། མཉན་ཡོད་ནའོ། །ཀོ་ས་ ལའི་རྒྱལ་པོ་གསལ་རྒྱལ་གྱི་བློན་པོའི་མཆོག་རི་དྭགས་འཛིན་ཅེས་བྱ་བ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་ བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། ཁྱེའུ་ཞིག་བཙས་སོ། །ཞེས་བྱ་བ་ནས་དེ་བཞིན་དུ་ཁྱེའུ་བདུན་བཙས་ཏེ། དེ་ལ་དྲུག་གི་མིང་ནི། ཅི་དགའ་ [106A]༄༅། །བར་བཏགས་སོ། །ཐ་ཆུང་གང་ཡིན་པ་དེའི་མིང་ནི། ས་ག་ཞེས་བྱ་བར་བཏགས་སོ། །ཇི་ཙམ་ན། རི་དྭགས་འཛིན་གྱི་ཆུང་མ་ཤི་ནས། དེས་བུ་དྲུག་གི་ཁྱིམ་ཕུབ་པ་ དང། དེ་རྣམས་རང་རང་གི་ཆུང་མ་རྣམས་དང་ལྷན་ཅིག་བྱི་དོར་ལྷུར་ལེན་ཅིང་ཁྱིམ་གྱི་འཚོ་ནམ་མི་སེམས་པར་འདུག་གོ། ཁྱིམ་བདག་རི་དྭགས་འཛིན་འགྲམ་པ་ལ་ལག་པ་གཏད་ནས་སེམས་ཁོང་ དུ་ཆུད་ཅིང་འདུག་གོ། དེའི་འགྲོགས་བཤེས་བྲམ་ཟེ་ཞིག་ཡོད་པ་དེ་འོངས་ནས་དེས་དེ་སེམས་ཁོང་དུ་ཆུད་པ་མཐོང་ནས་དེས་སྨྲས་པ་ཁྱིམ་བདག། ཅིའི་ཕྱིར་སེམས་ཁོང་དུ་ཆུད། བདག་གི་བུ་འདི་ དག་རང་རང་གི་ཆུང་མ་དང་ལྷན་ཅིག་བྱི་དོར་ལྷུར་ལེན་ཅིང་ཁྱིམ་གྱི་འཚོ་ནམ་མི་སེམས་པར་འདུག་པས་ཁྱིམ་ཞིག་པར་འགྱུར་རོ་།དེས་སྨྲས་པ། ཅིའི་ཕྱིར་ས་ག་ཁྱིམ་མི་དབུགས། གལ་ཏེ་ན་ཡང་ ལྷག་པར་ཕུང་ཀྲོལ་བྱེད་ཀྱང་སུས་ཤེས། གལ་ཏེ་ན་འདི་ལྷག་པར་ལེགས་པར་བྱེད་ཀྱང་སུས་ཤེས། གལ་ཏེ་ཁྱོད་དད་ན། བུ་མོ་ཞིག་བཙལ་ལོ། །དེ་བཞིན་དུ་གྱིས་ཤིག། དེ་ཚོལ་ཞིང་ རིམ་གྱིས་ཡུལ་ཙམ་པར་ཕྱིན་ཏོ། །ཙམ་པ་ན་ཁྱིམ་བདག་སྟོབས་ཀྱི་བཤེས་གཉེན་ཞེས་བྱ་བ་ཡོད་དེ། དེའི་བུ་མོ་ས་ག་མ་ཞེས་བྱ་བ་གཟུགས་བཟང་བ། དར་ལ་བབ་པ། ཚུལ་དང་དུལ་ བ་དང་ལྡན་པ། མཁས་པ། གཡེར་བ་ཞིག་ཡོད་པ་དེ། བུ་མོ་ཡིད་འཕྲོག་མ་གང་འདོད་པ་རྣམས་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་གྱི་གཞིར་ཆས་པ་དང། བྲམ་ཟེ་དེ་ཡང་ཕྱོགས་དེར་ [106B] དེས་བུ་མོ་རྣམས་མཐོང་ནས། དེས་བསམ་པ། འདི་རྣམས་ཁོ་ན་ལ་རེ་ཞིག་བརྟག་པར་བྱའོ། །སྙམ་ནས། དེ་བརྟག་པ་ལྷུར་ལེན་ཅིང་དལ་བུས་འཇབ་ཅིང་དེ་རྣམས་ཀྱི་ཕྱི་བཞིན་དུ་ སོང་ངོ། །བུད་མེད་ནི། ཕལ་ཆེར་ཡང་བའི་རང་བཞིན་ཡིན་པས། དེ་རྣམས་ལས་ཁ་ཅིག་ནི། བང་རྒྱུག། ཁ་ཅིག་ནི། མཆོང་བར་བྱེད་ཁ་ཅིག་ནི། འགྲེ། ཁ་ཅིག་ནི། རྒོད། ཁ་ཅིག་ནི། ལུས་ སྒྱུར་བར་བྱེད། ཁ་ཅིག་ནི། གླུ་ལེན་པར་བྱེད་དེ། འདི་དག་དང་གཞན་ཡང་སྤྱོད་ཚུལ་ངན་པ་དག་བྱེད་དོ། །དུལ་བ་ཕུན་སུམ་ཚོགས་པ་དེ་ནི། གོམ་པ་དལ་གྱིས་དེ་དག་དང་ལྷན་ཅིག་ཏུ་འགྲོའོ།། ཇི་ཙམ་ན། སྐྱེད་མོས་ཚལ་དུ་ཕྱིན་པ་དང། བུ་མོ་དེ་རྣམས་ནི་རྫིང་གི་འགྲམ་དུ་གོས་རྣམས་བཞག་ནས་མོད་ལ་ཞུགས་ཏེ་རྩེ་བར་བརྩམས་སོ། །དེ་ནི། ཇི་ཙམ་ཇི་ཙམ་ཆུར་ནུབ་པ་དེ་ཙམ་ དེ་ཙམ་དུ་གོས་དག་བརྫེ་ཞིང་འཇུག་ལ། ཇི་ཙམ་ཇི་ཙམ་ལྡང་བ་དེ་ཙམ་དུ་གོས་དག་འབེབས་ཤིང་ལྡང་སྟེ། དེ་ལྟ་བུར་སྤྱོད་ལམ་ཞི་བ་ཡིན་ནོ། །དེ་ནས་ཁྲུས་ཀྱི་བརྩོན་པ་བྱས་ནས་གནས་ གཅིག་ཏུ་འདུག་པ་དང། བུ་མོ་དེ་རྣམས་ནི། ཐོག་མར་རང་ཟས་ཟོས་ནས་དེའི་འོག་ཏུ་འཁོར་གྱི་སྐྱེ་བོ་ལ་སྦྱིན་པར་རྩོམ་མོ། །དེ་ནི་འཁོར་གྱི་སྐྱེ་བོ་ལ་སྔར་བྱིན་ནས་དེའི་འོག་ཏུ་རང་ཟ་བར་ རྩོམ་མོ། །དེ་ནས་ཟོས་ཤིང་འཐུངས་ནས་སྐྱེད་མོས་ཚལ་གྱི་བདེ་བ་ཉམས་སུ་མྱོང་བར་བྱས་ནས་དོང་ངོ། །ཇི་ཙམ་ན། ལམ་གར་ཆུ་རྒལ་བར་བྱེད་པ་ན། བུ་མོ་དེ་རྣམས་ནི། མཆིལ་ལྷམ་ [107A]༄༅། །རྣམས་ཕུད་ནས་བརྒལ་ལོ། །དེ་ནི། མཆིལ་ལྷམ་དང་བཅས་པས་དོང་ངོ། །དེ་དག་ཀུན་དགའི་ར་པར་ཞུགས་པ་དང། དེས་ནི་གདུགས་ཐོགས་ཏེ་ཨ་མྲའི་ཚལ་ དུ་བྱུང་ངོ། །གཞན་དག་གིས་གདུགས་རྣམས་བོར་རོ། །དེ་ནས་རླུང་དང་ཆར་བབ་ནས་དེའི་ཚེ་བུ་མོ་རྣམས་ལྷ་ཁང་དུ་ཞུགས་ནས་འདུག་གོ། །དེ་ནི། བླ་གབ་མེད་པ་ནའོ། །བྲམ་ཟེ་དེ་ཡང་ དེའི་རྗེས་བཞིན་དུ་སོང་བ་ལས། དེས་དེའི་མཚན་ཉིད་དང་སྤྱོད་ཚུལ་དེ་ལྟ་བུ་མཐོང་ནས་དེ་ནས་ངོ་མཚར་སྐྱེས་ཏེ་བུ་མོ་དེ་ལ་དྲི་བར་བརྩམས་པ། བུ་མོ། ཁྱོད་སུའི། སྟོབས་ཀྱི་བཤེས་གཉེན་ གྱི་བུ་མོའོ། །བུ་མོ། ཁྱོད་ལ་ཅུང་ཟད་ཅིག་འདྲིའི། མ་ཁྲོ་ཞིག་།དེས་འཛུམ་པ་སྔོན་དུ་བཏང་ནས་སྨྲས་པ། ཁུ་གུ། འདི་ལ་ཁྲོར་ཅི་མཆིས། དྲིས་ཤིག། བུ་མོ། འདི་དག་ཐམས་ཅད་ ནི༑ རྒྱུག་པ་དང། མཆོང་པ་དང། འགྲེ་བ་དང། ལུས་སྒྱུར་བར་བྱེད་པ་དང། གླུ་ལེན་པར་བྱེད་ཅིང། འདི་དག་དང། གཞན་ཡང་སྤྱོད་ཚུལ་ངན་པ་བྱེད་ཅིང་འགྲོ་ན། ཁྱོད་ནི། ཚུལ་དང་ དུལ་བ་ཕུན་སུམ་ཚོགས་པས་དལ་བུས་རྒྱུ་ཞིང། དེ་རྣམས་དང་ལྷན་ཅིག་སྐྱེད་མོས་ཚལ་དུ་འགྲོ་བར་བྱེད་དོ། །དེས་སྨྲས་པ། བུ་མོ་ཐམས་ཅད་ནི། ཕ་དང་མས་བཙོང་པའི་རྫས་ཡིན་ན། གལ་ ཏེ་བདག་གིས་མཆོང་ངམ་འགྲེས་ནས་རྐང་པའམ། ལག་པ་ཆག་པར་གྱུར་ན། བདག་ལ་སུ་ཞིག་སློང་བར་འགྱུར་ཏེ། ངེས་པར་བདག་ཇི་སྲིད་འཚོའི་བར་དུ་ཕ་དང། མ་ཁོ་ནའི་གསོན་ [107B] །བུ་མོ། ལེགས་ཏེ། དེ་ནི། ཁོང་དུ་ཆུད་དོ་།གཞན་ཡང། འདི་འདྲི་སྟེ། བུ་མོ་འདི་དག་ནི། གོས་རྣམས་མཐའ་གཅིག་ཏུ་བཞག་ནས་གོས་གཅིག་ཀྱང་མེད་པར་མོད་ལ་ཞུགས་ ནས་རྩེ་བར་རྩོམ་ལ། ཁྱོད་ནི། ཇི་ཙམ་ཇི་ཙམ་ཆུར་ནུབ་པ་དེ་ཙམ་དེ་ཙམ་དུ་གོས་བརྫེ་བར་བྱེད་དོ། །ཁུ་གུ། བུ་མེད་ནི། ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་དང་ལྡན་པར་བྱ་དགོས་ཕས། གལ་ ཏེ་བདག་གིས་གོས་ཕུད་པ་འགའ་ཞིག་གིས་མཐོང་ན། མི་རིགས་པར་འགྱུར་རོ། །བུ་མོ། ཁྱོད་ལ་དེ་ན་སུ་ཞིག་ལྟ། ཁུ་གུ། རེ་ཞིག་ཁྱོད་ཁོ་ནས་ཀྱང་བདག་མཐོང་བར་འགྱུར་རོ། །བུ་མོ་ ལེགས་ཏེ། དེ་ཡང་ཁོང་དུ་ཆུད་དོ། །གཞན་ཡང། འདི་འདྲི་སྟེ། བུ་མོ་འདི་དག་ནི། རང་སྔར་ཟོས་ནས་དེའི་འོག་ཏུ་འཁོར་གྱི་སྐྱེ་བོ་ལ་ཟན་སྦྱིན་པར་བྱེད་ལ། ཁྱོད་ནི། འཁོར་གྱི་སྐྱེ་བོ་ ལ་སྔར་ཟན་བྱིན་ནས་དེའི་འོག་ཏུ་རང་ཟ་བར་བྱེད་དོ། །ཁུ་གུ་བདག་ཅག་ནི། བསོད་ནམས་ཀྱི་འབྲས་བུས་འཚོ་བས་བདག་ཅག་ལ་རྟག་ཏུ་དུས་སྟོན་མཆིས་ལ། འདི་དག་ནི། ཚེགས་ འབྱུང་བའི་འབྲས་བུས་འཚོ་བ་ལགས་པས། བརྒྱ་ལམ་ན་ལན་འགའ་རྒྱ་ཆེན་པོ་འཐོབ་པའི་ཕྱིར་རོ། །བུ་མོ། ལེགས་ཏེ། དེ་ཡང་ཁོང་དུ་ཆུད་དོ། །གཞན་ཡང། འདི་འདྲི་སྟེ། འཇིག་རྟེན་ ཐམས་ཅད་ནི། སྐམ་ལ་མཆིལ་ལྷམ་གྱོན་ལ། ཁྱོད་ནི། ཆུ་ལ་གྱོན་པ་དེ་ཅི། ཁུ་གུ། འཇིག་རྟེན་བླུན་མོད། ཆུ་ཁོ་ན་ལ་མཆིལ་ལྷམ་བགོ་འཚལ་ཏེ། ཅིའི་སླད་དུ་ཞེ་ན། ཐང་ལ་སྡོང་ [108A]༄༅། །དུམ་དང། ཚེར་མ་དང། རྡོ་བ་དང། ཟུག་རྡོ་དང། ཉ་ཕྱིས་ཀྱི་དུམ་བུ་དང། སྲིན་ཀོག་གི་དུམ་བུ་རྣམས་མངོན་ལ། ཆུ་ལ་ནི། དེ་དག་མི་མངོན་པས་དེས་ན། ཆུ་ཁོ་ན་ལ་ མཆིལ་ལྷམ་བགོ་བར་བགྱིའི། ཐང་ལ་ནི། མ་ལགས་སོ། །བུ་མོ། ལེགས་ཏེ། དེ་ཡང་ཁོང་དུ་ཆུད་དོ། །གཞན་ཡང། འདི་འདྲི་སྟེ། བུ་མོ་དེ་དག་ནི། ཉི་མ་ལ་གདུགས་ཐོགས་ན། ཁྱོད་ ནི༑ ཀུན་དགའི་ར་བའི་ཤིང་གི་གྲིབ་མ་ལ་ཐོགས་པར་བྱེད་ན། འདི་ལ་རིགས་པ་ཅི་ཞིག་ཡོད། ཁུ་གུ། འཇིག་རྟེན་བླུན་མོད། ཀུན་དགའི་ར་བ་ཁོ་ནར་གདུགས་བཅང་འཚལ་ཏེ། དེ་ཅིའི་སླད་ དུ་ཞེ་ན། ཀུན་དགའི་ར་བ་ནི། རྟག་ཏུ་སྤྲེའུ་དང་བྱ་རྣམས་ཀྱིས་གང་བས། བྱ་རྣམས་ནི། གཅིན་རྟུག་འཐོར་ཞིང་རུས་པའི་དུམ་བུ་དག་འཐོར་རོ། །སྤྲེའུ་རྣམས་ཀྱང་བཤང་བ་དང་གཅི་ བ་བྱེད་ཅིང། འབྲས་བུའི་ཟ་འཕྲོ་དག་འཐོར་བར་བྱེད་ལ། རང་བཞིན་གྱིས་རྒོད་བག་ཅན་ཡིན་པས་ཕན་ཚུན་ཡལ་ག་གཞན་དུ་འགྲོ་བར་བྱེད་པ་ན། ཤིང་དུམ་དག་ལྟུང་བར་བྱེད་ དོ༑ ༑བླ་གབ་མ་མཆིས་པ་ལ་ནི། དེ་དག་མ་མཆིས་སོ། །བརྒྱ་ལ་མཆིས་ན་ཡང་དེ་རེས་འགའ་ཞིག་འབབ་པར་བས་ཏེ། དེས་ན། ཀུན་དགའ་ར་བ་ཁོ་ནར་གདུགས་བཅང་བར་བགྱིའི་ བླ་གབ་མ་མཆིས་པར་ནི་མ་ལགས་སོ། །བུ་མོ། ལེགས་ཏེ། དེ་ཡང་ཁོང་དུ་ཆུད་དོ། །གཞན་ཡང། འདི་འདྲི་སྟེ། བུ་མོ་འདི་དག་ནི་རླུང་དང་ཆར་པ་བྱུང་ན། ལྷ་ཁང་དུ་ [108B] ཁྱོད་ནི། བླ་གབ་མེད་པར་འདུག་གོ། ཁུ་གུ། བླ་གབ་མ་མཆིས་པ་ཁོ་ནར་གནས་པར་བགྱིའི། ལྷ་ཁང་དུ་འཇུག་པར་ནི། མ་ལགས་སོ། །བུ་མོ། འདི་ལ་རིགས་པ་ཅི་ཡོད་ ཁུ་གུ། ལྷ་ཁང་སྟོང་པ་འདི་དག་ནི། རྟག་ཏུ་དྭ་དང། ནལ་ཕྲུག་དང། གཡོན་ཅན་རྣམས་ཀྱིས་མི་སྟོང་ལགས་ཏེ། གལ་ཏེ་བདག་ཞུགས་པའི་ཡན་ལག་དང། ཉིད་ལག་དག་ལ་ འགའ་ཞིག་གིས་རེག་ན། དེ་ལྟ་ན། བདག་གི་ཕ་མ་དག་ལ་མི་སྙན་པར་མི་འགྱུར་རམ། ཉིས་ན། བླ་གབ་མེད་པར་སྲོག་དང་བྲལ་བ་ནི་བླའི། ལྷ་ཁང་སྟོང་པར་མི་འཇུག་གོ་དེ་ ནས་བྲམ་ཟེ་དེ། དེའི་སྤྱོད་ཚུལ་གྱིས་རངས་ཤིང་ཡིད་བདེ་བ་སྐྱེས་ནས་ཁྱིམ་བདག་སྟོབས་ཀྱི་བཤེས་གཉེན་གྱི་ཁྱིམ་དུ་ཞུགས་ཏེ་བུ་མོ་ཐོབ་པར་འདོད་པའི་སྤྲོ་བ་དང་བཅས་པས་བདེ་ ལེགས་སུ་གྱུར་ཅིག། བདེ་ལེགས་སུ་གྱུར་ཅིག་ཅེས་སྨྲ་བ་དང། ཁྱིམ་འཁོར་གྱི་སྐྱེ་བོས་སྨྲས་པ། བྲམ་ཟེ། རེ་ཞིག་བསླང་བའི་དུས་ནི་མ་ཡིན་ན། ཅི་ཞིག་སློང། བུ་མོ་སློང་ ངོ༑ ༑སུ་ཞིག་གི་ཆེད་དུ། མཉན་ཡོད་ན་བློན་པོའི་མཆོག་རི་དྭགས་འཛིན་ཅེས་བྱ་བ་དེའི་བུ་ས་ག་ཞེས་བྱ་བའི་འོ། །དེ་རྣམས་ཀྱིས་སྨྲས་པ། དེ་དང། བདག་ཅག་ནི། རིགས་མཉམ་ པ་ཡིན་ན། འོན་ཀྱང་ཡུལ་ཧ་ཅང་ཡང་ཐག་རིང་ཆེས་སོ། །དེས་སྨྲས་པ། རིང་པོ་ཁོ་ན་ལ་བུ་མོ་སྦྱིན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉེ་ན་རེ་ཞིག་གལ་ཏེ་བདེ་བར་གྱུར་པ་ཐོས་པ་ [109A]༄༅། །ན༑ དགའ་བ་བསྐྱེད་པར་ཟད། ཉེ་ན་སྡུག་བསྔལ་བར་གྱུར་ན། སྦྱིན་པ་དང། མཆོད་པ་དང། བཀུར་སྟི་བྱ་བས་དུབ་པར་འགྱུར་ཞིང། ནོར་འགེད་ བར་ཡང་འགྱུར་རོ། །དེ་རྣམས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟ་ན་སྦྱིན་ནོ། །དེ་ནས་བྲམ་ཟེ་དེ། བདེ་ལེགས་སུ་གྱུར་ཅིག་ཅེས་སྨྲས་ནས་སོང་སྟེ་རིམ་གྱིས་མཉན་ཡོད་དུ་ཕྱིན་ནས་ལམ་ གྱིས་དུབ་པ་བསལ་ཏེ། བློན་པོའི་མཆོག་རི་དྭགས་འཛིན་གྱི་དྲུང་དུ་སོང་ནས་དེ་ནས་བུ་མོའི་ཟ་བ་དང། གནས་པའི་སྤྱོད་ཚུལ་དང་གཟུགས་བཟང་ཞིང་དར་ལ་བབ་པ་དང། མཛེས་ པ་དང། མཁས་པ་དག་ཇི་ལྟ་བ་བཞིན་དུ་བསྙད་ནས་སྨྲས་པ་བདག་གིས་ཉོན་མོངས་པ་ཆེན་པོས་ཡུལ་དང། ཚོང་རྡལ་སྣ་ཚོགས་སུ་རྒྱུས་པས་སྡུག་བསྔལ་གྱིས་དེ་རྙེད་ཀྱི། ད་ནི་ སོང་ལ་ལོངས་ཤིག། དེ་ནས་བློན་པོའི་མཆོག་རི་དྭགས་འཛིན་གྱིས་ཉི་མ་དང། ཚེས་གྲངས་དང། ཡུད་ཙམ་དང། རྒྱུ་སྐར་དག་བསྟུན་ནས་ཙམ་པར་འོངས་ཏེ། དཔལ་གྱི་འབྱོར་ པ་ཆེན་པོས་ས་གའི་ཆུང་མ་བླངས་སོ། །དེ་མི་ཡུལ་དུ་འགྲོ་བའི་ཚེ་མས་བསླབ་པ། བུ་མོ། ཁྱོད་ཀྱིས་ཉི་མ་དང་ཟླ་བ་གཉིས་ལ་རྟག་ཏུ་ཕྱག་བྱ། མེ་ལ་བསྙེན་བཀུར་བྱ། མེ་ལོང་དྲི་ མ་འཕྱི་བར་བྱ། གོས་དཀར་པོ་བགོ་བར་བྱ། བླང་བར་བྱའི། སྦྱིན་པར་མི་བྱ། ཚིག་བསྲུང་བར་བྱ། ལངས་ནས་སུ་ལ་ཡང་སྟན་བསྟབ་པར་མི་བྱ། ཞིམ་པོ་བཟའ་བར་བྱ། བདེ་ [109B] ཐེམ་སྐས་གཟུགས་པར་བྱའོ། །དེ་ནས་རི་དྭགས་འཛིན་གྱིས་ཐོས་ནས། དེས་བསམ་པ། བུ་མོ་འདི་ལྟ་བ་ལོག་པར་འཛིན་དུ་བཅུག་སྟེ། བདག་གིས་འདི་ལྟ་བ་ལོག་པ་ དང་ཕྲལ་ལ་ཡང་དག་པའི་ལྟ་བ་འཛིན་དུ་གཞུག་གོ། སྙམ་དུ་བསམ་ནས་དེ་བླངས་ཏེ་ཆས་སོ། །དེ་ནས་དེའི་མ་སྡུག་པས་སྙིང་དཀྲུགས་ཤིང་མིག་མཆི་མས་གང་བས་མགུལ་ནས་འཁྱུད་ནས་ ངུ་བཞིན་གྱི་ང་རོས་སྨྲས་པ། བུ་མོ། ཁྱོད་མཐོང་བའི་ཐ་མ་ནི། འདི་ཡིན་ནོ། །དེས་དེ་ལ་ཤེས་པར་བྱ་བའི་ཕྱིར་སྨྲས་པ། ཡུམ་རེ་ཞིག་ཁྱོད་འདིར་འཁྲུངས་སམ། འོན་ཏེ་ཉེ་དུའི་ཁྱིམ་དུ། བུ་མོ་ ཉེ་དུའི་ཁྱིམ་དུའོ། །ཁྱོད་ཀྱི་ཁང་པ་དེ་ཡིན་ནམ། འོན་ཏེ་འདི་ཡིན། འདི་ཡིན་ནོ། །བདག་ཀྱང་འདིར་སྐྱེས་ལ་དེར་བདག་གནས་པར་གསལ། འདུ་བ་མཆིས་ན་གདོན་མི་ཟ་བར་མཐའ་འབྲལ་ བར་འགྱུར་ན། བཤུམས་སུ་ཅི་མཆིས། ཅང་མ་གསུངས་ཤིག། དེ་ནས་རི་དྭགས་འཛིན་ནི། ཐང་ལ་སོང་ངོ། །ས་ག་མ་ནི། ཁྱིམ་ཐབ་དང་རང་གི་ཁྱིམ་ནས་ཐོབ་པའི་འཁོར་གྱི་སྐྱེ་བོ་ དང་ལྷན་ཅིག་ཏུ་གྲུར་དོང་བ་ལས། དེ་ན་རྒོད་མ་རྟེའུ་སྨད་བྱུང་ནས་རིང་པོ་མ་ལོན་པ་ཞིག་གྲུར་གཞུག་པར་བྱས་པ་དང། རྟེའུ་ཐང་ལ་མི་རྒའོ་སྙམ་ནས་བསྒྲིམས་ཀྱང་འཇུག་ཏུ་མ་བཏུབ་ པ་དང། ཀུ་ཅོ་བྱུང་བ་ས་ག་མས་ཐོས་ནས་དེས་སྨྲས་པ། ཅིའི་ཕྱིར་ཀུ་ཅོ་འདི་བྱུང། དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང། ས་ག་མས་སྨྲས་པ། རྟེའུ་སྔར་ཆུ་གཅིག་དང་ [110A]༄༅། །རང་ཉིད་འཇུག་པར་འགྱུར་རོ། །དེ་རྣམས་ཀྱིས་དེ་བཞིན་བྱས་པ་དང་ཞུགས་སོ། །དེ་ནས་རི་དྭགས་འཛིན་གྱིས་དེ་རྣམས་ལ་དྲིས་པ། ཅིའི་ཕྱིར་ཁྱེད་ཅག་ རིང་ཞིག་ལོན་ནས་འོངས། རྟ་རྒོད་མ་གྲུར་མཆོང་དུ་མ་བཏུབ་པས་སོ། །འོ་ན་ཇི་ལྟར་མཆོང། ཙམ་པ་མས་ཐབས་བཤམས་པ་ཞིག་བསྟན་ཏེ་རྟེའུ་སྔར་བཅུག་པས་སོ། །ཙམ་ པ་མོ་ནི། མཁས་པ་ཡིན་ནོ། །ཇི་ཙམ་ན་མགྲོན་པོ་རྣམས་ལམ་གར་ནུབ་མོ་བྲང་བཏབ་སྟེ་གནས་པ་ལ་རི་དྭགས་འཛིན་གྱི་མལ་བྱ་སྐྱིབས་ཤིག་ཏུ་བཅས་པ་ས་ག་མས་མཐོང་ནས་ དྲིས་པ། འདི་སུའི་མལ། རི་དྭགས་འཛིན་གྱིའོ། །སྤོས་ཤིག། ཅིའི་ཕྱིར། གལ་ཏེ་གཉིད་ཀྱིས་ལོག་པ་ལ་བྱ་སྐྱིབས་སྟེང་དུ་རྡིབ་ན་གདོན་མི་ཟ་བར་ནོན་པས་འཆི་བར་འགྱུར་ཏེ་ བདག་ལ་གང་ཞིག་བླངས་ན་གྱོས་པོ་ཁྱིམ་དུ་མ་ཕྱིན་པར་ལམ་གར་ཤི་བ་འདི་ལྟ་བུའི་བུ་མོ་བག་མར་བླང་ཞེས་ཇི་སྲིད་འཚོའི་བར་མི་སྙན་པ་འབྱུང་བར་འགྱུར་རོ། །མལ་དེ་ཡང་ སྤོས་པ་ལས་གད་པ་ཞིག་པ་དང་སྐྱེ་བོའི་ཚོགས་ཆེན་པོས་ཁྱིམ་བདག་ནོན་ཏོ་ཞེས་ཀུན་ཏུ་བརྒྱུགས་པ་དང། ཁྱིམ་བདག་གིས་སྨྲས་པ་ཤེས་ལྡན་དག། བདག་འདི་ན་འདུག་གི་ མ་སྐྲག་པར་མལ་རྟོགས་ཤིག། མལ་སྤོས་སོ། །སུས། ས་ག་མས་སོ་།ཙམ་པ་མ་ནི། མཁས་པ་ཡིན་ནོ། །ཡང་སྐྱེད་མོས་ཚལ་རྙིང་པ་ཞིག་ཏུ་ནུབ་མོ་བྲང་བཏབ་སྟེ་འཁོད་པ་ [110B] རི་དྭགས་འཛིན་གྱི་མལ་ལྷ་ཁང་སྟོང་པ་ཞིག་ཏུ་བཅས་པ་ས་ག་མས་མཐོང་ནས་དྲིས་པ། འདི་སུའི་མལ། དཔོན་པོའི་འོ་།སྤོས་ཤིག། ཅིའི་ཕྱིར། གལ་ཏེ་ལྷ་ཁང་རྡིབ་སྟེ་དེ་ནོན་ན་ ཤི་བར་འགྱུར་ཏེ། བདག་ལ་ཞེས་བྱ་བ་ནས་མི་སྙན་པ་འབྱུང་བར་འགྱུར་རོ། །ཞེས་བྱ་བའི་གོང་མ་བཞིན་དུའོ། །མལ་དེ་ཡང་སྤོས་པ་ལས། ལྷ་ཁང་ཞིག་པ་དང་སྐྱེ་བོའི་ཚོགས་ཆེན་ པོས་བརྒྱུགས་པ་དང་ཞེས་བྱ་བ་ནས་ཙམ་པ་མ་ནི། མཁས་པ་ཡིན་ནོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཇི་ཙམ་ན། རིམ་གྱིས་མཉན་ཡོད་དུ་ཕྱིན་ནས་ལམ་གྱིས་དུབ་པ་བསལ་ཏེ་ མཛའ་བཤེས་དང། ཉེ་དུ་དང། གཉེན་གྱི་སྐྱེ་བོ་སྤྲས་ནས་ས་ག་མ་རང་གི་རིགས་དང་འཚམ་པའི་ཁྱིམ་གྱི་ལས་དག་བྱེད་དོ། །རི་དྭགས་འཛིན་གྱི་མནའ་མ་དྲུག་གིས་རེས་མོས་རེས་མོས་སུ་ཁྱིམ་ མིའི་ཟན་སྦྱོར་བ་ལས། ས་ག་མ་ལ་ཡང་དེ་བཞིན་དུ་བསྒོ་སྟེ་ཁྱོད་ཀྱི་རེས་ཀྱང་ཞག་བདུན་པ་ལ་སྦྱོར་ཅིག། དེའི་རེས་ལ་འབབ་ཏུ་ཉེ་བ་དང། གྱོས་པོ་དང། སྒྱུག་མོ་དང། ཁྱིམ་བདག་ རྣམས་ཀྱི་དྲིའི་ལྷག་མ་གང་ཡིན་པ་དེ་དག་རིལ་བུར་བྱས་ནས་ཉི་མ་རེ་རེ་ཞིང་བསྐམས་སོ། །ཉི་མ་རེ་རེ་ཞིང་ནོད་པའི་ཕྱེ་གང་ཡིན་པ་དེ་ལས་ཀྱང་པྲེ་ཁ་ཕྲི་སྟེ་བཞག་ལ། ལྷག་མ་མར་དང་བསྲེས་ པས་དེ་དང་ཚད་མཉམ་པར་གྱུར་ཏོ། །སང་ལྟ་བུ་རེས་བབ་པ་ན་ཆང་བཏུང་ལ་རེག་པར་བྱ་བ་དང། ཁྱིམ་ཐབ་དང་རང་གི་མེ་ཏོག་གི་ཕྲེང་བ་རྙིང་པ་གང་ཡིན་པ་དེ་དག་བསིལ་བར་བཞག་ནས་ [111A]༄༅། །ཇི་ཙམ་ན་ནམ་ལངས་པ་དང། ལས་བྱེད་པ་རྣམས་ལ་སྒྱུ་རྩི་དང། དྲི་དང། མེ་ཏོག་དང། ཟས་དང། ཆང་དག་བྱིན་ནོ་།དེ་རྣམས་ཤིན་ཏུ་མགུ་ནས་བདག་ཅག་རིང་ ཞིག་ལོན་ནས་ཁྱིམ་བདག་གི་ཆུང་མ་རྙིང་པས་བཞིན་བལྟས་སོ་།ཞེས་དེ་རྣམས་ཀྱིས་དེའི་ཉིན་པར་ལས་ཉིས་འགྱུར་དུ་བྱས་སོ། །ཇི་ཙམ་ན། རི་དྭགས་འཛིན་གྱིས་ཕྱི་དྲོའི་དུས་སུ་ལས་ཀྱི་ མཐའ་ལ་བལྟས་པ་ན། ལས་མང་དུ་ཟིན་པ་མཐོང་ནས་དེས་དྲིས་པ་ཅི། ཁྱེད་ཅག་གིས་གླ་མི་གཞན་དག་ཅིག་བཀུག་གམ། སུས་ཀྱང་མ་བཀུག་གོ། གང་གིས་ན། ལས་ཉིས་འགྱུར་དུ་ བྱས་པ་འདི་ལ་རྒྱུ་ཅི་ཞིག་ཡོད། དེ་རྣམས་ཀྱིས་སྨྲས་པ། དཔོན་པོ་ཟས་ཅི་འདྲ་བ་དེ་འདྲ་བའི་ལས་བགྱིད་དོ། །དེ་ཇི་ལྟ་བུ་ཡིན། དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་རྒྱ་ཆེར་སྨྲས་པ་དང། རི་དྭགས་ འཛིན་གྱི་བུ་རྣམས་ཀྱིས་རང་རང་གི་ཆུང་མ་ལ་སྨྲས་པ་ལས། དེ་རྣམས་ཀྱིས་སྨྲས་པ། ས་ག་མས་ཇི་ལྟར་བགྱིས་པ་དེ་བཞིན་དུ་གལ་ཏེ་བདག་ཅག་གིས་ཀྱང་ཁྱིམ་ནས་བརྐུས་ལ་གླ་མི་ རྣམས་དགའ་བར་བགྱིས་པ་དང། བདག་ལ་ཡང་ཇོ་བོ་དང། ཁྱེད་གླ་མི་རྣམས་དགའ་བར་འགྱུར་རོ། །དེ་ནས་རི་དྭགས་འཛིན་གྱིས་ས་ག་མ་ལ་དྲིས་པ། བུ་མོ། ཁྱོད་ཀྱིས་ཁ་ཟས་རྣམས་ ཇི་ལྟར་བཤམས། དེས་རྒྱས་པར་སྨྲས་པ་དང། རི་དྭགས་འཛིན་མགུ་ནས། དེས་དེ་ཁོ་ན་ཁྱིམ་གྱི་བྱ་བ་རྣམས་བྱེད་དུ་བཅུག་སྟེ། ནང་མི་ཐམས་ཅད་ལ་སྨྲས་པ། ཁྱེད་ཅག་ལས་གང་ [111B] དེས་གནས་པར་གྱིས་ལ། དེ་དང་རྗེས་སུ་མཐུན་པར་ཡང་གྱིས་ཤིག། ཇི་ཙམ་ན། ཁྱིམ་གྱི་དཔོན་མོར་གྱུར་ནས་སྤྱོད་ཚུལ་དང། གནས་པ་དང། དེས་ པས་ནང་མི་ཐམས་ཅད་དགའ་བར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན། ས་ག་མའི་ཁྱིམ་སྟེང་ནས་ངང་པ་རྣམས་ཀྱིས་བྱང་གི་སྒྲ་མི་སྙན་གྱི་གླིང་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་དག་ ཁྱེར་ནས་དོང་པ་ལས། རྒྱལ་པོའི་ཁབ་ན་འདུག་པའི་ངང་པས་དེ་དག་མཐོང་ནས་སྐད་ཕྱུང་བ་དང། དེ་རྣམས་ཀྱིས་ཀྱང་སྐྱེ་གནས་མཐུན་པའི་གཅུགས་པས་བརྣག་མ་ཐུབ་སྟེ་སྐད་ཕྱུང་བ་དང་ རྒྱལ་པོའི་ཁབ་ཀྱི་ཁང་ཐོག་ཏུ་འབྲས་ཀྱི་སྙེ་མ་རྣམས་ལྷུང་བར་གྱུར་ཏོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་རེ་རེ་བྱིན་པ་དང། རི་དྭགས་འཛིན་གྱིས་རང་གི་སྐལ་བ་ས་ག་མ་ལ་བྱིན་ནོ་།དེས་ཟ་མ་ ཏོག་གི་ནང་དུ་བཅུག་སྟེ་ཞིང་པ་རྣམས་ལ་བསྒོ་བ་དང། དེ་རྣམས་ཀྱང་ཤིན་ཏུ་མགུ་སྟེ། དེ་རྣམས་ཀྱིས་ཞིང་ཆུང་ངུ་ཞིག་ལེགས་པར་བསྟན་ནས་དུས་ཤེས་པར་བྱས་ཏེ་བཏབ་པ་དང། ལྷས་ དུས་བཞིན་དུ་ཆར་ཕབ་པས་ས་བོན་དང་མཐུན་པར་ཕུན་སུམ་ཚོགས་པར་སྐྱེས་སོ། །ཕྱི་དེ་ལོ་ལ་རབ་ཏུ་མང་པོ་སྐྱེ་བར་གྱུར་ཏོ་།ཡང་ཕྱི་དེ་ལོ་ལ་ནི། དེ་བས་ཀྱང་མང་པོར་གྱུར་ཏེ། དེ་བཞིན་ དུ་ཇི་ཙམ་ན། བང་བ་ཐམས་ཅད་ངང་པས་ཁྱེར་ཏེ་འོངས་པའི་འབྲས་སཱ་ལུས་གང་བར་གྱུར་ཏོ། །ཇི་ཙམ་ན། ཀོ་སའི་རྒྱལ་པོ་གསལ་རྒྱལ་ནད་ཀྱིས་ཐེབས་ནས་དེས་སྨན་པ་རྣམས་བཀུག་སྟེ་ [112A]༄༅། །དྲིས་པ་དང། དེ་རྣམས་ཀྱིས་སྨྲས་པ། ལྷ། གལ་ཏེ་ངང་པས་འཚལ་ཏེ་མཆིས་པའི་སཱ་ལུ་རྙེད་ན། དེ་ལ་འཇམ་བསྒྲལ་ནས་གསོལ་ཅིག་དང། སོས་པར་འགྱུར་ ལགས་སོ། །རྒྱལ་པོས་བློན་པོ་རྣམས་བཀུག་ནས་སྨྲས་པ། ཤེས་ལྡན་དག། ཁྱེད་ལ་ངང་པས་ཁྱེར་ཏེ་འོངས་པའི་སཱ་ལུའི་སྙེ་མ་བྱིན་པ་དེ་དག་ཁྱེད་ཀྱིས་ཅི་བྱས། དེ་ན་ཁ་ཅིག་གིས་སྨྲས་ པ། ལྷ། བདག་ཅག་གིས་ནི། ལྷ་ཁང་དུ་ཕུལ་ལོ། །གཞན་དག་གིས་སྨྲས་པ། བདག་ཅག་གིས་མེའི་ནང་དུ་སྩལ་ཏོ། །གཞན་དག་གིས་སྨྲས་པ། བདག་ཅག་གིས་སྒོ་གང་དུ་བཏགས་ སོ༑ ༑རི་དྭགས་འཛིན་གྱིས་སྨྲས་པ། ལྷ། བདག་གིས་ས་ག་མ་ལ་སྩལ་ན། རེ་ཞིག་དེས་ཅིར་བགྱིས། རྨ་བར་འཚལ་ལོ། །དེས་ས་ག་མ་ལ་དྲིས་པ་དང། དེས་སྨྲས་པ། ཇོ་བོ། ཅི། ངང་ པས་འཚལ་ཏེ་མཆིས་པའི་སཱ་ལུ་འཚལ་བ་ཞིག་མཆིས་སམ། རྒྱལ་པོ་སྙུན་གྱིས་ཐེབས་པ་ལ་སྨན་པ་རྣམས་ཀྱིས་ངང་པས་ཁྱེར་ཏེ་འོངས་པའི་སཱ་ལུ་བསྟན་ཏོ། །དེ་ནས་ས་ག་མས་གསེར་ སྣོད་ཀྱི་ནང་དུ་ངང་པས་ཁྱེར་ཏེ་འོངས་པའི་འབྲས་ཀྱིས་བཀང་ནས་རྒྱལ་པོ་ལ་བསྐུར་བ་ལས། རྒྱལ་པོས་ཟོས་ནས་སོས་པར་གྱུར་ཏོ་།དུས་གཞན་ཞིག་ན། རྒྱལ་པོ་ལ་ལྗོངས་ཀྱི་མི་རྣམས་ ཀྱིས་རྟ་རྒོད་མ་མ་སྨད་གཉིས་ཤིག་ཕུལ་བ་ལས། དེ་ལ་མ་ནི་གང་ཡིན། རྟེའུ་ནི། གང་ཡིན་པ་འགས་ཀྱང་མ་ཤེས་ནས། རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ [112B] བློན་པོ་རྣམས་ཀྱིས་ཉིན་ཐོག་ཐག་ཏུ་དཔྱད་ན། དུབ་སྟེ་གཏན་ལ་མ་ཕེབས་སོ། །རི་དྭགས་འཛིན་ནི། ཕྱི་དྲོ་ཁྱིམ་དུ་སོང་བ་དང་ས་ག་མས་རྐང་པ་གཉིས་ ལ་གཏུགས་ནས་སྨྲས་པ། ཇོ་བོ། ཅི་སྟེ་དེ་རིང་རིང་ཞིག་ལོན་ནས་གཤེགས། དེས་ཇི་ལྟར་གྱུར་བ་རྣམས་རྒྱས་པར་སྨྲས་པ་དང། ས་ག་མས་སྨྲས་པ། ཇོ་བོ། འདི་ལ་དཔྱད་དུ་ཅི་ཞིག་མཆིས་ དེ་གཉིས་ཆས་མཉམ་པར་སྩལ་དང། བུ་གང་ལགས་པ་དེ་ནི། མྱུར་དུ་འཚལ་ནས་མའི་སྐལ་པ་ལ་འཚལ་ལོ། །མ་གང་ལགས་པ་དེ་ནི། མི་འཚལ་པར་མགོ་སྟེག་གེ་མཆིས་ཏེ། རྟགས་ནི། དེ་ ལགས་སོ། །རི་དྭགས་འཛིན་གྱིས་བློན་པོ་རྣམས་ལ་སྨྲས་ནས། དེ་རྣམས་ཀྱིས་ཀྱང་ཇི་སྐད་བསྟན་པ་བཞིན་བརྟགས་ནས། དེ་ནས་ནམ་ནངས་པ་དང་རྒྱལ་པོ་ལ་སྨྲས་པ། ལྷ། འདི་ནི། མ་ལགས་ སོ༑ ༑འདི་ནི། བུ་ལགས་སོ། །རྒྱལ་པོས་སྨྲས་པ། ཁྱེད་ཅག་གིས་ཇི་ལྟར་ཤེས། ལྷ། འདི་ལྟ་བུ་དང་འདི་ལྟ་བུ་ལགས་སོ། །ཁར་ཙང་ཅི་སྟེ་མ་ཤེས། ལྷ། བདག་ཅག་གིས་འཚལ་བར་རྔོ་ག་ལ་ ཐོགས། ས་ག་མས་དེ་སྐད་བསྟན་ལགས་མོད། རྒྱལ་པོས་སྨྲས་པ། ཙམ་པ་མ་ནི། མཁས་པ་ཡིན་ནོ། མི་ཞིག་ཆུ་འགྲམ་དུ་ཀླམ་བཞག་ནས་ཁྲུས་བྱེད་པ་དང། མི་གཞན་ཞིག་འོངས་ནས་ དེས་ཀླམ་དེས་མགོ་ལ་དཀྲིས་ནས་དེ་ཉིད་དུ་ཁྲུས་བྱ་བར་བརྩམས་སོ། །མི་དེ་ཁྲུས་བྱས་ནས་ལངས་ན། ཀླམ་དེ་མ་མཐོང་ངོ། །མི་དེས་སྨྲས་པ། ཀྱེ་ནང་རྗེ། ཅི་ཚོལ། ཀླམ་མོ། ཁྱོད་ཀྱི་ [113A]༄༅། །ཀླམ་ག་ལ་ཡོད། གལ་ཏེ་ཁྱོད་ཀྱི་ཀླམ་ཡོད་པར་གྱུར་ན་ཇི་ལྟར་ངས་མགོ་ལ་དཀྲིས་ནས་ཞུགས་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་ཀླམ་གྱིས་མགོ་ལ་དཀྲིས་ནས་ཞུགས་ པར་འགྱུར་རོ། །དེས་སྨྲས་པ། འོ་ནི་ཉིད། ཁོ་བོའི་ཀླམ་ཡིན་ནོ་།དེ་གཉིས་ཁྱོད་ཀྱི་ངའི་ཞེས་རྩོད་པར་གྱུར་ནས་དེ་གཉིས་རྒྱལ་པོའི་དྲུང་དུ་སོང་ངོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ་ ཤེས་ལྡན་དག། ལེགས་པར་རྟོགས་ལ་གང་གི་ཡིན་པ་དེ་ལ་བྱིན་ཅིག་དེ་རྣམས་ཀྱིས་བརྟག་པར་བརྩམས་ནས་གཅིག་ལ་དྲིས་པ་དང། དེས་སྨྲས་པ། བདག་གི་ལགས་སོ། །གཅིག་ ཤོས་ལ་ཡང་དྲིས་པ་དང། དེས་སྨྲས་པ། བདག་གི་ལགས་སོ། །ཞེས་ཁྱོད་ཀྱི་དང། ངའི་ཞེས་པ་ལ་ཉི་མ་འདས་ཏེ། བློན་པོ་རྣམས་དུབ་ནས་དགོངས་ཀ་གཏན་ལ་མ་ཕེབས་བཞིན་དུ་ཁྱིམ་ དུ་སོང་ངོ། །ས་ག་མས་རི་དྭགས་འཛིན་གྱི་ཞེས་བྱ་བ་ནས་དྲིས་ཏེ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེས་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང། ས་ག་མས་སྨྲས་པ། ཇོ་བོ། འདི་ལ་ དཔྱད་དུ་ཅི་ཞིག་མཆིས། དེ་གཉིས་ལ་གཅིག་ཀྱང་ཕྱེད་ཁྱེར་ཅིག་གཅིག་ཤོས་ཀྱང་ཕྱེད་ཁྱེར་ཅིག་ཅེས་གསུངས་ཤིག་དང། གང་གི་ལགས་པ་དེའི་མཆིད་ནས་ནི། དེ་ཅིའི་ཕྱིར་ བདག་གི་ཀླམ་དྲལ་ཞེས་མཆིའོ། །གང་གི་མ་ལགས་པ་དེའི་གློ་བ་ལ་ནི། རེ་ཞིག་བདག་གིས་བྱེད་ཐོབ་ན་ཡང་དེར་ཟད། འདིར་བདག་ལ་ཅི་ཞིག་གོད་སྙམ་སྟེ། དེ་ལྟར་བརྟག་པར་ [113B] །རི་དྭགས་འཛིན་སོང་ནས་བློན་པོ་རྣམས་ལ་སྨྲས་ནས་ཞེས་བྱ་བ་ནས་རྒྱལ་པོས་སྨྲས་པ། ཙམ་པ་མོ་ནི། མཁས་པ་ཡིན་ནོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །རྒྱལ་པོ་ལ་ཚོང་པ་གྲུ་ བས་ཙནྡན་གྱི་སྡོང་དུམ་ཞིག་སྐྱེས་སུ་ཕུལ་བ་དང། དེའི་མགོ་གང་ཡིན། མཇུག་གང་ཡིན་མ་ཤེས་ནས་རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཇི་ལྟ་བུ་ཡིན་རྟོགས་ཤིག། དེ་རྣམས་ཀྱིས་ཉིན་ ཐོག་ཐག་དཔྱད་ན། མ་ཤེས་ནས་དགོངས་ཀ་ཁྱིམ་དུ་དོང་ངོ། །ས་ག་མས་ཞེས་བྱ་བ་ནས་རི་དྭགས་འཛིན་གྱིས་དྲིས་པ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེས་ཇི་ལྟར་གྱུར་པ་རྣམས་རྒྱ་ཆེར་ སྨྲས་པ་དང། ས་ག་མས་སྨྲས་པ། ཇོ་བོ། འདི་ལ་དཔྱད་དུ་ཅི་མཆིས། ཆབ་ཏུ་འོར་ཅིག་དང། རྩ་བ་གང་ལགས་པ་ནི། འབྱིང་བར་འགྱུར་རོ། །ཐོར་ཏོ་གང་ལགས་པ་དེ་ནི། སྟེང་དུ་འབྱུང་བར་ འགྱུར་རོ། །དེ་ལ་བརྟག་པ་ནི། དེ་ལགས་སོ། །རི་དྭགས་འཛིན་གྱིས་བློན་པོ་རྣམས་ལ་སྨྲས་ནས་ཞེས་བྱ་བ་ནས་རྒྱལ་པོས་སྨྲས་པ་ཙམ་པ་མོ་ནི། མཁས་པ་ཡིན་ནོ། །ཞེས་བྱ་བའི་བར་གོང་ མ་བཞིན་དུའོ། །རི་བོར་ན་ཁྱིམ་བདག་ཅིག་ཡོད་པ་དེ། དེ་དང་རིགས་མཉམ་པ་ལས་ཆུང་མ་བླངས་པ་ལས་དེ་ལ་བུ་ཕོ་ཡང་མེད། བུ་མོ་ཡང་མེད་དེ། དེ་བུ་མངོན་པར་འདོད་པས་ཆུན་མ་ ཞིག་བླངས་པ་དང། དེ་ལ་ཆུང་མ་ཆེན་མ་ཤོས་རང་བཞིན་གྱི་ཕྲག་དོག་ཅན་ཞིག་པས། དེའི་མངལ་མ་རུང་བར་བྱ་བའི་སྦྱོར་བ་ཞིག་བྱས་པ་ལས། དེའི་མངལ་ཤིན་ཏུ་རྣམ་པར་དག་པ་ལས་ [114A]༄༅། །སེམས་ཅན་དང་ལྡན་པར་གྱུར་ནས་ཇི་ཙམ་ན། ཟླ་བ་དགུ་འདས་པ་དང། ཁྱེའུ་ཞིག་བཙས་སོ། །དེས་བསམ་པ། ཤ་འཁོན་རྣམས་ལ་ནི། འདི་ལྟ་སྟེ། ཆེན་ཆུན་འདི་ ཐ་ཆད་ཡིན་པས། གདོན་མི་ཟ་བར་མ་ཡར་མོས་ཐབས་གང་ཡང་རུང་བ་ཞིག་གིས་གསོད་པར་འགྱུར་ན། བདག་གི་ཁྱིམ་ཐབ་བམ། བདག་གིས་ཅི་བྱར་ཡོད། བདག་གིས་ནམ་དུ་ནི་ སྲུང། ཡེ་དེ་ཁོ་ན་ལ་སྦྱིན་པར་བྱའོ་སྙམ་ནས། དེ་དང་ཁྱིམ་ཐབ་ལྷན་ཅིག་གྲོས་བྱས་ཏེ་རུང་ནས་ཆེན་མ་ཤོས་ལ་སྨྲས་པ། ཆེ་ཞེ། བདག་གི་བུ་འདི། ཁྱོད་ལ་བྱིན་གྱི། གསོས་ཤིག་ དེས་བསམ་པ། ཁྱིམ་ནི། གང་ལ་བུ་ཡོད་པ་དེ་ཁོ་ནའི་ཡིན་པར་ཟད་པས། ཁྱིམ་གྱི་བདག་མོར་འགྱུར་བས་གསོའོ། །སྙམ་ནས་དེས་དེ་གསོས་པ་ལས། དེའི་ཕ་ཡང་ཤི་བར་གྱུར་ཏེ་ དེ་གཉིས་ཁྱིམ་གྱི་ཕྱིར་རྩོད་པར་གྱུར་ནས་གཅིག་གིས་སྨྲས་པ་འདི། ཁོ་མོའི་བུ་ཡིན་ནོ། །གཅིག་ཤོས་ཀྱིས་སྨྲས་པ། འདི། ཁོ་མོའི་བུ་ཡིན་ནོ། །རྒྱལ་པོའི་དྲུང་དུ་སོང་བ་དང་རྒྱལ་པོས་ བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག། དེངས་ལ་གང་ཡིན་པ་རྟོགས་ཤིག། དེ་རྣམས་ཀྱིས་དཔྱད་པ་ལས། ཉི་མ་འདས་ཀྱང་གཏན་ལ་མ་ཕེབས་ནས་དགོངས་ཀ་ཁྱིམ་དུ་དོང་པ་ དང། ས་ག་མ་རི་དྭགས་འཛིན་ལ་དྲིས་ཏེ་ཞེས་བྱ་བ་ནས་འདི་ལ་དཔྱད་དུ་ཅི་མཆིས་ཞེས་བྱ་བའི་ངར་གོང་མ་བཞིན་དུ་སྟེ། དེ་གཉིས་ལ། ཁོ་བོ་ཅག་གིས་ནི། གང་གི་བུ་ཡིན་པ་མི་ཤེས་ཀྱི་ [114B]ཤིག་ཅེས་གསུངས་ཤིག་དང། ལག་པ་གཉིས་ནས་བཟུང་ནས་འདྲེན་པར་བགྱིད་དེ། དེ་སྡུག་བསྔལ་གྱིས་དུ་བར་གྱུར་པ་དང། དེའི་མ་གང་ ལགས་པ་དེ་ནི། བརྩེ་བ་མཆིས་པས་འདི་གསོན་ན། ནམ་ཞིག་མཐོང་བར་འགྱུར་གྲང་སྙམ་ནས་གཏོང་བར་བགྱིད་དོ། །གཅིག་ཤོས་དེ་ནི་བརྩེ་བ་མ་མཆིས་པས་གང་གི་ཚེ་མི་གཏོང་བ་ དེའི་ཚེ། དེ་ལ་ལྕག་གིས་བཞུས་ཤིག་དང། ཇི་ལྟར་གྱུར་པ་སྨྲ་བར་འགྱུར་ཏེ། འདི་ལ་བརྟག་པ་ནི། འདི་ལགས་སོ། །རི་དྭགས་འཛིན་གྱིས་བློན་པོ་རྣམས་ལ་སྨྲས་པ་དང་ཞེས་བྱ་བ་ནས་ རྒྱལ་པོས་སྨྲས་པ། ཙམ་པ་མོ་ནི། མཁས་པ་ཡིན་ནོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དུས་གཞན་ཞིག་ན། རི་དྭགས་འཛིན་ནད་ཀྱིས་ཐེབས་ནས་དེ་ལ་སྨན་པས་ཉི་མ་གཅིག་ སྨན་བྱིན་པ་ལས་ཐེག་གི་བར་གྱུར་ཏོ། །ཕྱི་དེ་ཉིན་པར་སྨན་མ་ཡིན་པ་བྱིན་པས་ན་བར་གྱུར་ཏོ། །ས་ག་མས་བསམ་པ། ཇོ་བོ། ཅིའི་སླད་དུ་ཉིན་གཅིག་ནི། ཐེག་གི་བར་གྱུར་ལ། ཉིན་ གཅིག་ནི། ན་བར་གྱུར་སྙམ་ནས། དེས་སྨན་གང་དག་གིས་ཐེག་གི་བར་གྱུར་པའི་རྟགས་དེ་དག་བཟུང་ནས་དེ་ནས་དེ་སྨན་པ་རྣམས་བསྒོ་ནས་སླར་ལོག་ནས་རང་ཉིད་ཀྱིས་དཔྱད་བྱས་ པ་ལས་སོས་པར་གྱུར་ཏོ། །རི་དྭགས་འཛིན་གྱིས་བསམ་པ། གང་གིས་ན། བདག་ཉིན་གཅིག་ནི། ཐེག་གི། ཉིན་གཅིག་ནི། ན་བས་གང་གི་ཚེ་སྨན་པ་མི་འོངས་པ་དེའི་ཚེ་ཐེག་གི་བ་འདི་ལ་ [115A]༄༅། །རྒྱུ་ཅི་ཞིག་ཡོད་སྙམ་སྟེ། དེས་ས་ག་མ་ལ་དྲིས་པ་ཞེས་བྱ་བ་ནས་ཙམ་པ་མོ་ནི། མཁས་པ་ཡིན་ནོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཀོ་ས་ལའི་རྒྱལ་པོ་ གསལ་རྒྱལ་གྱི་གླང་པོ་ཆེའི་བླ་དཔལ་སྐྱེད་ཅེས་བྱ་བ་དེ་ལ་དུས་གཞན་ཞིག་ན་རྒྱལ་པོ་གཤེ་བར་གྱུར་ཏོ། །ཞེས་ས་ག་མས་ཐོས་ནས། དེ་རི་དྭགས་འཛིན་ལ་སྨྲས་པ། ཇོ་བོ། བློན་པོ་ཐམས་ ཅད་ལ་མཐར་གྱིས་བཀའ་འབབ་པར་འགྱུར་གྱི། དཔལ་སྐྱེད་ལ་ལྷ་བཟོད་པ་མཛད་དུ་སྩལ་བའི་རིགས་སོ། །དེས་སྨྲས་པ། བུ་མོ། བཟོད་པ་བྱེད་དུ་གཞུག་གོ། དེ་ནས་དེས་རྒྱལ་པོ་ལ་ སྨྲས་པ། ལྷ། དཔལ་སྐྱེད་ནི། ལྷ་ལ་གློ་བ་ཉེ་བ་ལགས་ན། དེ་ལ་བཟོད་པ་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། བཟོད་པར་བྱའོ། །ལྷ་གལ་ཏེ་བཟོད་པར་མཛད་ན། དེའི་དབང་ཐང་དེ་ དག་སྩལ་དུ་གསོལ། དེ་བཞིན་དུ་སྦྱིན་ནོ། །དཔལ་སྐྱེད་ཀྱིས་ཇི་ལྟར་ས་ག་མས་བདག་ལ་རྒྱལ་པོ་བཟོད་པ་བྱེད་དུ་བཅུག་པ་ཤེས་ནས་དེ་དེ་ལ་ལན་གླན་པའི་བསམ་པས་གནས་སོ།། དུས་གཞན་ཞིག་ན། རི་དྭགས་འཛིན་ཕོ་མཚན་ལ་ནད་བྱུང་སྟེ་དེའི་རིམ་གྲོས་ག་མ་བྱེད་པ་ལས་དེ་འཛེམ་པར་གྱུར་ཏོ། །དེས་སྨྲས་པ། ཇོ་བོ། འདི་ལ་འཛེམ་དུ་ཅི་མཆིས། ཅི། ཕའི་རིམ་ གྲོ་བུ་བུ་མོས་མི་བགྱིད་དམ། འོན་ཀྱང་དེ་འཛེམ་པར་གྱུར་ཏོ། །དེས་བསམ་པ། འདི་བདག་གིས་རིམ་གྲོ་བྱར་མི་བཏུབ་པས། དེའི་ཆུང་མ་ཞིག་བླང་ངོ་སྙམ་ནས། དེ་དཔལ་སྐྱེད་ཀྱི་ [115B] དེས་འོངས་པ་ལེགས་སོ། །ཞེས་བྱ་བའི་ཚིག་སྨྲས་ནས། སྟན་བསྟབས་ཏེ་འདུག་གོ། དཔལ་སྐྱེད་ལ་བུ་མོ་ཞིག་ཡོད་པ་དེས། དེ་ལ་སྨྲས་པ། བུ་མོ། ས་ག་མོའི་རྐང་པ་གཉིས་ལ་ ཟུངས་ཤིག། ས་ག་མས་སྨྲས་པ། བདག་གིས་འདིའི་རྐང་པ་ལ་བཟུང་བར་འགྱུར་བའི་གནས་གང་ལགས་པ་དེ་ནི། མཆིས་སོ། །ཞེས་སྨྲས་ནས་ཡང་སྨྲས་པ། བཀྲ་ཤིས་པར་གྱུར་ཅིག། བཀྲ་ ཤིས་པར་གྱུར་ཅིག། དཔལ་སྐྱེད་ཀྱིས་སྨྲས་པ། ཅི་ཞིག་སློང། བུ་མོ་སློང་ངོ། །སུ་ཞིག་གི་ཆེད་དུ། དེས་སྨྲས་པ། གྱོས་པོའི་ཆེད་དུའོ། །དེ་ཅང་མི་སྨྲ་བར་འདུག་གོ། དཔལ་སྐྱེད་ཀྱི་ཆུང་མས་ སྨྲས་པ། དགོག་ཅིག་ན། དེ་ལ་ཅི་སྟེ་སྦྱིན། ས་ག་མས་སྨྲས་པ། མི་རྣམས་ཀྱི་ལང་ཚོ་ནི། ནོར་ཡིན་པས། དཔྱད་དུ་ཅི་ཡོད། བྱིན་ཅིག་དཔལ་སྐྱེད་ཀྱིས་སྨྲས་པ། བཟང་མོ། བདག་ ཅག་ལ་ས་ག་མས་ཕན་བཏགས་ཀྱི། བྱིན་ཅིག། གལ་ཏེ་དེ་ལྟ་ན་སྦྱིན་པར་བགྱིའོ། །དེ་ནས་རི་དྭགས་འཛིན་གྱིས་དཔལ་གྱི་འབྱོར་པ་ཆེན་པོས་བག་མར་བླངས་ནས་དེ་དེའི་རིམ་གྲོ་བྱེད་པར་ གྱུར་ཏེ། ས་ག་མ་ནི། དེ་ལྟར་མི་བྱེད་དོ། །རི་དྭགས་འཛིན་གྱིས་སྨྲས་པ། བུ་མོ། བདག་ལ་ཚིག་བྱིན་ཅིག། དེས་སྨྲས་པ། ཇོ་བོ། ཅུང་ཟད་ཉམས་པར་མ་གྱུར་ཏམ། བུ་མོ། ཁྱོད་ལ་མས་ བསླབ་པ་གང་ཡིན་པ་དེ་ཅུང་ཟད་བླངས་ཏེ་མི་གནས་སམ། ཇོ་བོ་ཐམས་ཅད་བླངས་ལགས་ཏེ། ཉི་མ་དང་ཟླ་བ་གཉིས་ལ་ཕྱག་བྱོས་ཤིག་ཅེས་མཆི་བ་གང་ལགས་པ་ནི། མནའ་མའི་ [116A]༄༅། །ཉི་མ་དང་ཟླ་བ་ལྟ་བུ་ནི། གྱོས་སྒྱུག་ལགས་པས། རེ་ཞིག་བདག་གིས་ཕྱག་བགྱིས་ལགས་སོ། །མེ་ལ་བཀུར་སྟི་བྱའོ། །ཞེས་མཆི་བ་གང་ལགས་པ་ནི་ བུད་མེད་ཀྱི་ཁྱིམ་ཐབ་མེ་ལྟ་བུ་ལགས་ཏེ། ཁྱིམ་ཐབ་ལ་ཧ་ཅང་བསྙེན་པར་མི་བགྱི། ཧ་ཅང་རིང་བར་ཡང་མི་བགྱི་སྟེ། བདག་ནི་ཁྱིམ་ཐབ་ལ་མེ་ལྟ་བུར་བསྙེན་བཀུར་བགྱིད་དོ། ། མེ་ལོང་འཕྱི་བར་བྱའོ། །ཞེས་མཆི་བ་གང་ལགས་པ་ནི། སྡུམ་པ་ནི། མེ་ལོང་ལྟ་བུ་ལགས་པས་རྟག་ཏུ་ཞལ་ཞལ་བགྱི་ཞིང་ཕྱག་དར་བགྱི་བ་ལགས་ཏེ། སྡུམ་པ་དེ་ལ་བདག་ གདུགས་གཅིག་བཞིན་དུ་བྱི་དོར་བགྱིད་ལགས་སོ། །གོས་དཀར་པོ་བགོ་བར་བྱའོ། །ཞེས་མཆི་བ་གང་ལགས་པ་ནི། ཁྱིམ་གྱི་ལས་བགྱིད་པ་ན་གོས་གཞན་དག་ཁོ་ནས་སོ། ། ལྷ་མཆོད་པ་དང་ཁྱིམ་ཐབ་ཀྱི་དྲུང་དུ་མཆི་བ་ན་ནི། གོས་དཀར་པོ་རྣམས་བགོ་བར་བགྱི་བ་སྟེ། དེ་ཡང་བདག་བགྱིད་ལགས་སོ། །བླང་བར་བྱའོ། སྦྱིན་པར་མི་བྱའོ། །ཞེས་མཆི་བ་གང་ ལགས་པ་ལ། ཅི་ཞིག་བླང་བར་བགྱི་ཞེ་ན། འཇིག་རྟེན་ལས་ཚིག་ངན་པ་སྨྲས་པའོ། །ཚིག་ངན་པ་ནི། སུ་ལ་ཡང་སྨྲ་བར་མི་བགྱི་བ་སྟེ། དེ་ཡང་བདག་གིས་ཡང་དག་པར་བླངས་ཏེ་ གནས་ལགས་སོ། །ཚིག་བསྲུང་བར་བྱའོ། །ཞེས་མཆི་བ་གང་ལགས་པ་ནི། གསང་བའི་ཚིག་མི་འཕེལ་བར་བགྱི་བ་སྟེ། བདག་ལ་ངག་བསྡམ་པར་མཆིས་ལགས་སོ། །ལངས་ནས་ [116B] །ཞེས་མཆི་བ་གང་ལགས་པ་ནི། དེ་འདི་སྐད་ཅེས། ཁྱོད་རིགས་ཀྱི་མནའ་མ་ཡིན་པས་ཁྱོད་གནས་དབེན་པ་ན་འདུག་པར་བྱའོ། །ཞེས་མཆི་བ་ལགས་ཏེ། བདག་ དབེན་པ་ཁོ་ན་ན་མཆིས་ལགས་སོ། །ཞིམ་པོ་བཟའ་བར་བྱའོ། །ཞེས་མཆི་བ་གང་ལགས་པ་ནི། ཤིན་ཏུ་བཀྲེས་ནས་བཟའ་བར་བགྱི་བ་སྟེ་བདག་ནི། རྟག་ཏུ་ཁྱིམ་གྱི་སྐྱེ་བོ་ཟས་འཚལ་བའི་ འོག་ཏུ་འཚལ་ལོ། །བདེ་བར་ཉལ་བར་བྱ་ཞེས་མཆི་བ་གང་ལགས་པ་ནི། མཚན་མོ་ཁྱིམ་གྱི་དགོས་པ་ཐམས་ཅད་བགྱིས་ནས་སྣོད་བརྟུལ་ཏེ་ཅི་ནས་ཀྱང་ཡང་ལྡང་མི་དགོས་པར་ཁྱོད་ ཉལ་བར་བྱའོ། །ཞེས་བགྱི་བ་ལགས་ཏེ། འདི་ནི། ལེགས་པར་གཞག་པའོ། །འདི་ནི། ཉེས་པར་གཞག་པའོ། །ཞེས་བདག་དེ་ཁོ་ན་བཞིན་དུ་བགྱིད་དོ། །ཐེམ་སྐས་བཅའ་བར་བྱའོ།། ཞེས་མཆི་བ་གང་ལགས་པ་ནི། འདི་སྐད་ཅེས། ཁྱོད་སྔོན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་དེས་ལྷའི་འགྲོ་བ་ཐོབ་ནས་འདིར་མིའི་འཇིག་རྟེན་དུ་སྐྱེས་པ་འདི་ནི། ལས་ཀྱིས་ཡིན་པས་ འདིར་ཡང་ཁྱོད་ཀྱིས་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱ་སྟེ་སྡིག་པ་མི་བྱའོ། །འདི་ནི། དབྱིག་གི་ཡ་གད་མཐོ་རིས་ཀྱི་ཐེམ་སྐས་ལྟ་བུ་ཡིན་ནོ། །ཞེས་བགྱི་བ་ལགས་ཏེ། དེ་ཡང་བདག་ རྔོ་ཅི་ཐོགས་ཀྱིས་བགྱིད་དོ། །ས་ག་མ། ལེགས་སོ། ལེགས་སོ། །ཁྱོད་ཀྱི་མ་མཁས་པ་ཡིན་ན། གང་གི་ཕྱིར་མས་ལྡེམ་པོར་སྨྲས་པ་རྟོགས་པས་ན། ཁྱོད་ནི། ལྷག་པར་ཡང་མཁས་པ་ [117A]༄༅། །ཡིན་ནོ། །འདུལ་བ་གཞི། བམ་པོ་དྲུག་ཅུ་གསུམ་པ། དེ་ནས་རི་དྭགས་འཛིན་འདི་སྙམ་དུ་སེམས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་ གནང་ན། ས་ག་མ་ལ་བདག་གིས་མ་ཞེས་འབོད་དོ་སྙམ་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། མནའ་མ་ལ་མ་ཞེས་འབོད་དུ་རུང་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཆོས་ལྔ་དང་ ལྡན་ན་སྟེ། ལྔ་གང་ཞེ་ན། ནད་གཡོག་བྱེད་པ་དང། ཐབ་རིར་བབ་པའི་ཆུང་མ་ལེན་པ་དང། སྲོག་གི་སྐྱབས་བྱེད་པ་དང། ནོར་སྲུང་བ་དང། ཤེས་རབ་ཀྱི་བགོ་བཤའ་བྱེད་པའོ། ། བར་སྡོམ་ལྔ་ལ། ནད་གཡོག་དང་ནི་ཆུང་མ་དང། །སྲོག་དང་ནོར་ནི་སྦྱིན་པ་དང། །ཤེས་རབ་བསྒྲུབ་པར་བྱེད་པ་དང། ལྔ་པོ་འདི་དག་མར་བཤད་དོ། །དེ་ནས་རི་དྭགས་འཛིན་ཀོ་ས་ལ་ རྒྱལ་པོ་གསལ་རྒྱལ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ། བདག་ནི། ས་ག་མ་ལ་མ་ཞེས་འབོད་པར་འཚལ་ལོ། །རྒྱལ་པོས་སྨྲས་པ། ས་ ག་མས་ང་ལ་ཡང་རིམ་གྲོ་བྱས་པས། ཕྱི་མོ་ལ་དྲིས་ལ་ངས་ཀྱང་དེ་ལ་སྲིང་མོ་ཞེས་འབོད་དོ། །དེས་ཕྱི་མོ་ལ་དྲིས་པ་དང་དེས་སྨྲས་པ། ཁྱོད་ཀྱིས་བོས་ཀྱང་རུང། མ་བོས་ཀྱང་རུང། དེ་ནི། ཁྱོད་ [117B] །རིང་དུ་འཕུར་ཚངས་སྦྱིན་མངག་གཞུག་མའི་བུ་མོ་དང་འདུས་པ་ལས། དེ་ལས་བུ་ཕོ་ཞིག་བཙས་ཏེ། དེའི་མིང་སྟོབས་ཀྱི་བཤེས་གཉེན་དུ་བཏགས་པ་ལས། དེ་རྒྱལ་ པོ་མེས་ཀྱིས་ཉེས་པ་འགའ་ཞིག་གི་ཕྱིར་སྤྱུགས་པ་ལས། ཙམ་པར་སོང་ནས་གནས་པ་དེའི་བུ་མོ་ནི། འདི་ཡིན་ཏེ། དེས་ན་ཁྱོད་ཀྱི་སྲིང་མོར་འོང་ངོ། །དེ་ནས་རྒྱལ་པོ་གླང་པོ་ཆེ་ལ་ཞོན་ནས་དྲིལ་ སྒྲོག་ཏུ་བཅུག་པ། ས་ག་མ་འདི། རི་དྭགས་འཛིན་གྱི་ནི། མ། རྒྱལ་པོ་གསལ་རྒྱལ་གྱི་ནི། སྲིང་མོ་ཡིན་ནོ། །དེས་སྔོན་གྱི་ཀུན་དགའ་ར་བར་གཙུག་ལག་ཁང་བརྩིགས་ནས་ཕྱོགས་བཞིའི་ དགེ་སློང་གི་དགེ་འདུན་ལ་ཕུལ་བ་དང། དེ་བཞིན་དུ་གནས་བརྟན་རྣམས་ཀྱིས་ཀྱང་མདོ་སྡེའི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རི་དྭགས་འཛིན་གྱི་མ་ས་ག་མའི་སྔོན་གྱི་ཀུན་ དགའ་ར་བའི་ཁང་བཟང་ན་བཞུགས་སོ། །ཞེས་གདགས་པ་བྱས་སོ་།དུས་གཞན་ཞིག་ན། ས་ག་མ་ལས་སྒོ་ང་སུམ་ཅུ་རྩ་གཉིས་བྱུང་ངོ། །ཞེས་རི་དྭགས་འཛིན་གྱིས་ཐོས་ནས་ལག་པ་འགྲམ་ པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་སྟེ། ཡུལ་གྱི་བཟང་མོ་ལ་ཕུང་བ་ཅི་འདྲ་བ་དག་བྱུང་བར་གྱུར་སྙམ་ནས་རི་དྭགས་འཛིན་གྱིས་དོར་བར་བརྩམས་པ་དང། ས་ག་མས་སྨྲས་པ་ ཇོ་བོ། མ་དོར་བར་བཅོམ་ལྡན་འདས་ལ་ཞུས་ཤིག་དེས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། མ་དོར་བར་གཟེབ་བུ་སུམ་ཅུ་རྩ་གཉིས་བྱོས་ལ་ [118A]༄༅། །ཤིང་བལ་གྱིས་བཀང་སྟེ། གཟེབ་བུ་རྣམས་ཀྱིས་ནང་དུ་སྒོ་ང་རེ་རེ་ཞིག་ལ་ས་ག་མས་དུས་གསུམ་དུ་ལག་པས་བྱུགས་ཤིག་ཅེས་སྒོས་ཤིག་དང། དེ་ནས་ཉི་མ་བདུན་ པ་ལགས་ནས། གཞོན་ནུ་སུམ་ཅུ་རྩ་གཉིས་འབྱུང་བར་འགྱུར་རོ། །དེས་དེ་བཞིན་དུ་བྱས་པ་ལས། ཉི་མ་བདུན་པ་ལགས་པ་དང་གཞོན་ནུ་སུམ་ཅུ་རྩ་གཉིས་བྱུང་ནས་བསྲིང་བསྐྱེད་དེ། །དེ་ནར་ སོན་པ་དང། རྩལ་པོ་ཆེ་ཐུབ་བརླག་པ་ཤ་སྟག་ཏུ་གྱུར་ཏོ། །དུས་གཞན་ཞིག་ན། དེ་རྣམས་ཤིང་རྟར་ཞུགས་ཏེ་ཕྱིར་བྱུང་ནས་སླར་འཇུག་པ་དང། མདུན་ན་འདོན་གྱི་བུ་ཤིང་རྟར་ཞུགས་ ནས་ཕྱིར་བྱུང་བ་དང། ཇི་ཙམ་ན། ཕན་ཚུན་ཤིང་རྟའི་མདའ་གཉིས་ཐུག་པ་དང། མདུན་ན་འདོན་གྱི་བུས་སྨྲས་པ། ཟུར་ཅིག་དེ་རྣམས་ཀྱིས་ཀྱང་སྨྲས་པ། ཁྱོད་ཉིད་ཟུར་ཅིག་མདུན་ན་ འདོན་གྱི་བུས། འཇལ་ཏོ་ཞེས་བྱས་ནས་ཚིག་རྩུབ་པོ་སྨྲ་བར་བསམ་པ་དང། དེ་ནས་ས་ག་མའི་བུ་རྣམས་ཀྱིས་ཤིང་རྟའི་མདའ་ནས་བཟུང་སྟེ་འཕངས་པས་ཕྱག་དར་གྱི་ཕུང་པོའི་སྟེང་དུ་བརྡབ་ བསྣུན་ཏེ། དེ་དེ་ནས་གོས་ཀྱིས་མགོ་བསྐྱུར་ཏེ་ཕའི་དྲུང་དུ་སོང་ནས་མིག་མཆི་མས་གང་བས་སྨྲས་པ། ཡབ། ས་ག་མའི་བུ་རྣམས་ཀྱིས་བདག་འདི་འདྲ་བའི་གནས་སྐབས་སུ་བགྱིས་སོ།། བུ། ཅིའི་ཕྱིར། དེས་རྒྱས་པར་སྨྲས་པ་དང། དེས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན། ཐབས་ཤིག་བཤམ་པ་བྱས་ལ་དེ་རྣམས་མཐར་གྱིས་ཁ་གདག་གི་མྱ་ངན་མ་བྱེད་ཅིག་དེ་དེ་རྣམས་ [118B] །དུས་གཞན་ཞིག་ན། ཀོ་སའི་རྒྱལ་པོ་གསལ་རྒྱལ་ལ་རི་བོར་བ་ལོག་པར་གྱུར་ནས་རྒྱལ་པོས་དེ་ལ་དམག་ཁ་ཆེན་ཞིག་བཀྱེ་བ་ལས། རྡུགས་ རབ་ཏུ་རྡུགས་ནས་སླར་ལོག་གོ་དེ་བཞིན་དུ་ལན་བདུན་གྱི་བར་དུ་དམག་ཁ་ཆེན་པོ་བཀྱེ་བ་ལས། རྡུགས། རབ་ཏུ་རྡུགས་ཏེ་སླར་ལོག་ནས་རྒྱལ་པོ་རང་ཉིད་དཔུང་གི་ཚོགས་ཡན་ལག་ བཞི་དང་བྱུང་བ་དང། ས་ག་མའི་བུ་ནང་དུ་འཇུག་པ་དེ་རྣམས་ཀྱིས་དེ་མཐོང་ནས་སྨྲས་པ། ལྷ། གང་དུ་གཤེགས། རི་བོར་རྣམས་འབེབས་སུའོ། །ལྷ། བཞུགས་ཤིག་བདག་ཅག་མཆིའོ།། དེ་བཞིན་དུ་གྱིས་ཤིག་དེས་དེ་རྣམས་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་གཏད་ནས་དེ་རྣམས་དོང་སྟེ་རི་བོར་བ་རྣམས་ཕབ་ནས་གཏེའུ་བཟུང། དཔྱ་བླངས་ཏེ་སླར་འོངས་པ་དང། མདུན་ ན་འདོན་གྱིས་སྨྲས་པ། ལྷ། འདི་དག་ནི། འཕགས་པ་རྩལ་པོ་ཆེ་དག་ཅིག་སྟེ། རེ་ཞིག་ལྷའི་དཀའ་བས་བསྒྲུབས་པ་གང་ལགས་པ་དེ་ནི། འདི་དག་གིས་འབྲིང་གིས་བསྒྲུབས་ཀྱི། ལྷས་འདི་ ལ་དགོངས་ཤིག་རྒྱལ་པོ་རྣམས་ནི། ཁུམ་འཕྲིག་ཅན་ཡིན་པས་སྙིང་ལ་བཞག་སྟེ་སླར་མདུན་ན་འདོན་ལ་དྲིས་པ། དེ་ལ་ཇི་ལྟར་བསྒྲུབ་པར་བྱ། །དེས་སྨྲས་པ། ལྷ། དེ་ལ་ཇི་ལྟར་བསྒྲུབ་ པར་བགྱི། གལ་ཏེ་དེ་དག་འཚལ་བར་གྱུར་ན། ལྷ། རྒྱལ་སྲིད་ལས་ཕྱུང་ནས་རང་ཉིད་རྒྱལ་སྲིད་བགྱིད་པར་འགྱུར་རོ། །རྒྱལ་པོ་དེ་མི་དགའ་ནས་བསམ་པ། དེ་ལྟར་འགྱུར་སྲིད་ཀྱི། ཇི་ལྟར་ [119A]༄༅། །གསད་པར་བྱ་ཞེ་ན། ཐབས་བཤམས་པ་སེམས་ཤིང། གསང་འཕེལ་དུ་དོགས་པས་སུ་ལ་ཡང་མི་འདྲི་བར་དེ་དག་ཉིད་ཀྱིས་དཔྱད་པ་ལས། བློ་སྐྱེས་པ། འདི་ ཁོ་ནར་མགྲོན་དུ་བོས་ལ་བརྡུངས་ཏེ་གཏང་ངོ་སྙམ་ནས། དེས་ས་ག་མ་ལ་སྤྲིང་པ། ཆེ་ཞེ། བུ་རྣམས་སང་འདིར་ཟན་ཟོ་ཞིག་དེས་བསམ་པ། སང་ནི། བུ་རྣམས་ཞང་པོའི་དེར་ཟ་བར་ འགྱུར་གྱི། བདག་གིས་ཀྱང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ལོ། །སྙམ་དུ་བསམ་ནས་བཅོམ་ལྡན་འདས་གང་ན་བ་དེར་སྟོང་སྟེ་ཕྱིན་པ་དང། བཅོམ་ ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་པ་དང། བཅོམ་ལྡན་འདས་ཀྱིས་རི་དྭགས་འཛིན་གྱི་མ་ས་ག་མ་ལ་ཆོས་ དང་ལྡན་པའི་གཏམ་གྱིས་ཞེས་བྱ་བ་ནས་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་རི་དྭགས་འཛིན་གྱི་མ་ས་ག་མ་ སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་རི་དྭགས་འཛིན་གྱི་མ་ས་ག་ [119B] །ཞེས་བྱ་བ་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །རྒྱལ་པོའི་ཕོ་ཉ་དེ་རྣམས་ཀྱི་དྲུང་དུ་འོངས་ ནས། ཁྱེའུ་ཤོག་ཅིག་ཅེས་བོས་སོ། །དེ་ནས་རྒྱལ་པོས་དུག་ཧ་ལ་ལྷ་ལ་དང་ཟས་སུ་སྦྱར་བས་རྨོངས་པར་བྱས་ནས། མགོ་རྣམས་བཅད་དེ་དེ་ནས་གཟེབ་བཀང་ནས་སྟེང་དུ་ཕུ་བོ་ཤོས་ཀྱི་ མགོ་བཞག་སྟེ་རྒྱ་སྐྱེགས་ལ་རྒྱས་བཏབ་ནས་ས་ག་མ་ལ་བསྐུར་བ་དང། ས་ག་མས་བསམ་པ། གདོན་མི་ཟ་བར་ལྷས་སྲིང་མོའི་བུ་རྣམས་ལ་བགོ་བ་ཞིག་བསྐུར་བ་ཡིན་གྱི། བདག་གིས་ ཀྱང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བགོ་བར་དབུལ་ལོ། །སྙམ་ནས། དེ་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས་གཙང་ ཞིང་བསོད་པའི་བཟའ་བ་དང། བཅའ་བ་རྣམས་ཀྱིས་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུར་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གཟེབ་ ཁ་ཕྱེ་བར་བརྩམས་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་ས་ག་མས་བདེན་པ་མ་མཐོང་བར་བུ་བསད་པ་མཐོང་ན། བདེན་པ་རྣམས་ཀྱི་སྣོད་དུ་མི་འགྱུར་བའི་གནས་གང་ཡིན་པ་དེ་ཡོད་ དོ། །སྙམ་དུ་དགོངས་ནས་ས་ག་མ་ལ་བཀའ་སྩལ་པ། རེ་ཞིག་འདུག་ལ་ཆོས་ཉོན་ལ་ཕྱིས་ཅི་དགའ་བགྱིས་ཤིག་དེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཆོས་མཉན་ [120A]༄༅། །པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་བ་དང། ཁམས་དང་རང་བཞིན་མཁྱེན་ནས་ཞེས་བྱ་བ་ནས་ བདེན་པ་མཐོང་བར་མཛད་དོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བདེན་པ་མཐོང་ནས་གཟེབ་ཁ་ཕྱེ་བ་དང། བུའི་མགོ་རྣམས་མཐོང་ནས་དེ་ནས་གསོལ་བ། བཅོམ་ལྡན་འདས་ འདུ་བྱེད་ཐམས་ཅད་ནི། འདི་ལྟར་མི་རྟག་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ས་ག་ མའི་བུ་རྣམས་བརྡུངས་པ་ནི། ཉེས་སོ། །གལ་ཏེ་མ་བརྡུངས་པར་གྱུར་ན། འདི་རྣམས་ཁོ་ནས་གྲོགས་བྱས་པས་དེའི་ལག་མཐིལ་དུ་ས་མཐའ་དག་འཇོག་པར་འགྱུར་བ་ཞིག་དེ་ནས་ ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལུས་རྡུལ་གྱིས་གཡོགས་ཤིང། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་པ་དང། བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ། ཁྱོད་ ལུས་རྡུལ་གྱིས་གཡོགས་ཤིང་གང་ནས་འདིར་འོངས། བཙུན་པ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ཡུལ་གྱི་དབང་ཕྱུག་དང། མཐུ་དང་བརྩོན་འགྲུས་ཐོབ་པ། སའི་དཀྱིལ་ [120B]པོའི་བགྱི་བ་དང། རྒྱལ་པོའི་སྒྲུབ་པ་ཐ་དད་པ་གང་དག་ལགས་པ་དེ་དག་བདག་གིས་བགྱིས་ཏེ་ཡོངས་སུ་རྫོགས་ནས་ལུས་རྡུལ་ གྱིས་གཡོགས་ཤིང་མཆིས་པ་ལགས་སོ། །རྒྱལ་པོ་ཆེན་པོ། དེའི་ཕྱིར་ཁྱོད་ཉིད་ལ་དྲི་བར་བྱའི། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལན་ཐོབ་ཅིག་རྒྱལ་པོ་ཆེན་པོ། དཔེར་ན། ཁྱོད་ལ་འདིར་ ཤར་ཕྱོགས་ནས་མི་ཡིད་ཆེས་པ། ཡིད་བརྟན་དུ་རུང་བ། བརྟན་པ་འཇིག་རྟེན་ལ་མི་སླུ་བ་ཞིག་འོངས་ནས་འདི་སྐད་ཅེས། ལྷ། བདག་ད་གཟོད་འདི་ནས་ཤར་ཕྱོགས་སུ་མཆི་ན། དེ་ནས་ བདག་གིས་རི་བྲག་ཆེན་པོ་མ་ཆག་པ། སེར་ཀ་མ་མཆིས་པ། ཕྲག་མ་མཆིས་པ། ཤིན་ཏུ་མཁྲེགས་པ། གཅིག་ཏུ་སྟུག་པ་ཞིག་སའི་བར་དང་ནམ་མཁའི་བར་གྱི་སེམས་ཅན་ཐམས་ཅད་ དང། སྲོག་ཆགས་ཐམས་ཅད་དང། འབྱུང་པོ་ཐམས་ཅད་དང། རྩྭ་དང། ཤིང་དང། ཡལ་ག་དང། ལོ་མ་དང། འདབ་མ་ཇི་སྙེད་པ་ཐམས་ཅད་ཕྱེ་མར་ཀློག་ཅིང་མཆི་བ་མཐོང་གི། ལྷ་ཁྱོད་ ཀྱི་བགྱི་བའམ། སྒྲུབ་པ་གང་ལགས་པ་དེ་མཛོད་ཅིག་ཅེས་ཟེར་ལ། དེ་བཞིན་དུ་ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་ནས་མི་ཞིག་འོངས་ཏེ་ཞེས་བྱ་བ་ནས་བགྱི་བའམ། སྒྲུབ་པ་དེ་ མཛོད་ཅིག་ཟེར་ཏེ། རྒྱལ་པོ་ཆེན་པོ། འཇིགས་པ་ཆེན་པོའི་ཡང་ཆེན་པོ། མི་ཟད་པར་བྱེད་པ་མི་བཟད་པ་དེ་ལྟ་བུ་ཉེ་བར་གནས་ན། མི་ཉིད་ཐོབ་པ་ནི། རྙེད་པར་དཀའ་ན་ཁྱོད་ཀྱིས་ཅི་ཞིག་ [121A]༄༅། །བྱ༑ བཙུན་པ། འཇིགས་པ་ཆེན་པོའི་ཡང་ཆེན་པོ། མི་བས་པར་བགྱིད་པ། མི་བཟད་པ་དེ་ལྟ་བུ་ཉེ་བར་གནས་ན། མི་ཉིད་ཐོབ་པ་རྙེད་པར་དཀའ་བ་ལགས་པས་ དོན་སྤྱད་པ་དང། ཆོས་སྤྱད་པ་དང། བསོད་ནམས་སྤྱད་པ་དང་དགེ་བ་སྤྱད་པ་དང། བཟང་པོ་སྤྱད་པ་དང། སངས་རྒྱས་རྣམས་ཀྱི་བསྟན་པ་ལ་བརྩོན་པར་བྱེད་པ་མ་ལགས་པར་གཞན་ཅི་ ཞིག་བགྱིར་མཆིས། རྒྱལ་པོ་ཆེན་པོ། ཁྱོད་ཅིའི་ཕྱིར་འདི་སྐད་ཅེས། བཙུན་པ། འཇིགས་པ་ཆེན་པོའི་ཡང་ཆེན་པོ་དེ་ལྟ་བུའི་ཞེས་བྱ་བ་ནས་སངས་རྒྱས་རྣམས་ཀྱི་བསྟན་པ་ལ་བརྩོན་པར་ བགྱི་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཙུན་པ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། སའི་དཀྱིལ་འཁོར་ཆེན་པོ་ལེགས་པར་ ཕབ་སྟེ་གནས་པ་དེ་རྣམས་ཀྱིས་གླང་པོ་ཆེ་རྣམས་དང། གླང་པོ་ཆེར་འགྱེད་པ་དང། རྟ་པ་རྣམས་དང། རྟ་པར་འགྱེད་པ་དང་ཤིང་རྟ་པ་ཐམས་ཅད་དང། ཤིང་རྟ་པར་འགྱེད་པ་དང། དཔུང་ བུ་ཆུང་རྣམས་དང། དཔུང་བུ་ཆུང་དུ་འགྱེད་པ་དང། གསང་ཚིག་མཁན་རྣམས་དང། གསང་ཚིག་མཁན་དུ་འགྱེད་པ་དང། ནོར་རྣམས་ཀྱིས་ནོར་བུ་རྒྱལ་ཐ་དད་པ་གང་ལགས་པ་དེ་དག་ ཐམས་ཅད་དེའི་ཚེ་འགྱེད་པའི་མཐུ་མ་མཆིས་པ་དང། སྟོབས་མ་མཆིས་པ་དང། ཕ་རོལ་གནོན་པ་མ་མཆིས་པ་ལགས་པས། དེའི་སླད་དུ་བདག་འདི་སྐད་ཅེས། བཙུན་པ། འཇིགས་ [121B]བྱ་བ་ནས་སངས་རྒྱས་རྣམས་ཀྱི་བསྟན་པ་ལ་བརྩོན་པར་བགྱི་བ་མ་ལགས་པར་གཞན་ཅི་ཞིག་བགྱིར་མཆིས་ཞེས་བྱ་བའི་བར་གོང་མ་ བཞིན་དུའོ། །རྒྱལ་པོ་ཆེན་པོ། དེ་བཞིན་དུ་སྲོག་ཆགས་འདི་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་རྒ་བ་དང། འཆི་བས་འཇོམས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ། དེ་ལྟར་རྒ་བ་དང། འཆི་ བས་འཇོམས་པ་ན། སྐྱེས་པ་གང་དག་གི་དོན་སྤྱད་པ་དང་ཞེས་བྱ་བ་ནས་སངས་རྒྱས་རྣམས་ཀྱི་བསྟན་པ་ལ་བརྩོན་པར་བྱ་བ་མ་ཡིན་པར་གཞན་ཅི་ཞིག་བྱར་ཡོད་ཅེས་བྱ་བའི་བར་གོང་མ་བཞིན་ དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པས་བཀའ་སྩལ་པ། ཇི་ལྟར་ཆེ་ཞིང་རྒྱ་ཆེ་བ། །རི་བོ་ནམ་མཁའ་ལས་འོངས་པ། །ཀུན་ནས་ཡང་དག་འོངས་པ་ཡིས། །ས་ནི་ཕྱེ་མར་ རློག་པ་ན། །དེ་ལ་གླང་པོ་ཆེས་མི་རྫི། །དཔུང་བུ་ཆུང་དང་ཤིང་རྟ་དང། །རྟས་མིན་གསང་ཚིག་མཁན་དང་ནི། །ནོར་གྱིས་འགྱེད་པས་རྒྱལ་མི་ཐོབ། །དེ་བཞིན་རྒ་དང་འཆི་བ་ཡིས། །མི་ རྣམས་འཇོམས་པར་བྱེད་པ་ན། །རྒྱལ་རིགས་བྲམ་ཟེ་རྗེའུ་རིགས་དང་།དམངས་རིགས་གདོལ་པ་གཡུང་པོ་དང། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་ལྡན། །ཁྱིམ་པ་དེ་བཞིན་བརྟུལ་ ཞུགས་ཅན། །ལང་ཚོ་ཉིད་དང་རྒན་པོ་དང། །དེ་བཞིན་བར་མའི་མི་རྣམས་ལ། །ཅུང་ཟད་ཀྱང་ནི་འཛེམ་མེད་པར། །ཐམས་ཅད་མངོན་དུ་འཇོམས་པར་བྱེད། །དེ་ལྟ་བས་ན་མཁས་པའི་ [122A]༄༅། །མི༑ ༑བདག་གི་དོན་ལ་ལྟ་བ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ནི། །བླ་མེད་དག་ལ་དད་བྱ་ཞིང། །ལུས་དང་ངག་དང་ཡིད་དག་གིས། །དམ་པའི་ཆོས་ནི་སྤྱད་ བྱས་ན། །འདི་ན་སྨད་པར་མི་འགྱུར་ཞིང། །མཐོ་རིས་སོང་ནས་དགའ་བར་འགྱུར། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་ སྟེ་རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། སྟན་ལས་ལངས་ནས་སོང་ངོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་ སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། རི་དྭགས་འཛིན་གྱི་མ་ས་ག་མས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། སྒོ་ང་སུམ་ཅུ་རྩ་གཉིས་བྱུང་ལ། དེ་རྣམས་ ལས་ཀྱང་བུ་ཕོ་སུམ་ཅུ་རྩ་གཉིས་བྱུང་སྟེ། རྩལ་པོ་ཆེ་ཐུབ་བརླག་པ་ཤ་སྟག་ཏུ་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་གིས་སོ། །གང་དུ་སྨོན་ལམ་ བཏབ་ལགས། དགེ་སློང་དག་སྔོན་བྱུང་བ། ཝཱ་ར་ཎཱ་སིའི་གྲོང་ཁྱེར་དུ་ཁྱིམ་བདག་གཅིག་གི་བུ་ཤི་ནས། དེའི་ཆུང་མ་དེ་རྟག་ཏུ་མངོན་པར་འདོད་པར་གྱུར་ཏོ། །གང་གི་ཚེ་ཡང་དག་ བར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་མྱ་ [122B] ཝཱ་ར་ཎཱ་སིར་རྒྱལ་པོ་ཀྲི་ཀྲི་ཞེས་བྱ་བ་བྱུང་སྟེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་རིན་པོ་ཆེ་སྣ་བཞི་ལས་བརྩིགས་སོ། །དེ་ནས་ བུད་མེད་བུ་མེད་པ་བུ་མངོན་བར་འདོད་པ་གང་ཡིན་པ་དེ་ཡང་རྒས་པར་གྱུར་ནས་མཆོད་རྟེན་དེ་ལ་བྱི་དོར་བྱས་ནས་འདུག་གོ་དེས་འདུན་པའི་སློང་མོ་བྱས་ནས་མཆོད་རྟེན་དེ་ལ་མཆོད་པ་བྱས་ ཏེ་སྨོན་ལམ་བཏབ་པ། བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་བྱ་བ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་དེས། བདག་བུ་མང་པོར་གྱུར་ཅིག་ཅེས་བྱས་ཏེ་ སོང་ནས་གྲོང་ཁྱེར་དུ་ཞུགས་སོ། །དེ་ན་བུད་མེད་ཅིག་ནད་ཀྱི་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་ངུ་བ་དང། དེས་གཞན་ཞིག་ལ་དྲིས་པ། ཅིའི་ཕྱིར་འདི་ངུ་བར་གྱུར། དེས་ཇི་ལྟར་གྱུར་པ་རྣམས་ སྨྲས་པ་དང། དེས་བསམ་པ། གལ་ཏེ་བདག་ཀྱང་བུ་བྱུང་བར་གྱུར་ན། བདག་ཀྱང་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་བར་འགྱུར་རོ། །སྙམ་པ་ལས། ཇི་ཙམ་ན། སུམ་ཅུ་རྩ་གཉིས་ཀྱི་དགའ་ འདུན་གྱི་མཆོད་རྟེན་དེ་ལ་མཆོད་པ་བྱེད་པ་ན་བུད་མེད་དེ་ཡང་དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་འདུག་གོ་དེ་རྣམས་ཀྱིས་མཆོད་པ་བྱས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ བདག་ཅག་ཚན་པོ་ཆེ་ཆེན་པོའི་སྟོབས་དང་ལྡན་པར་གྱུར་ཅིག་ཅེས་བྱས་སོ། །དེ་དེ་རྣམས་ལ་དྲིས་པ། བུ་དག་ཁྱེད་ཀྱིས་སྨོན་ལམ་ཅི་ཞིག་བཏབ། དེ་རྣམས་ཀྱིས་སྨྲས་པ། ཡུམ། འདི་དང་ [123A]༄༅། །འདི་དག་གོ་དེས་སྨྲས་པ། བུ་དག་གལ་ཏེ་དེ་ལྟར་ན་ཁྱེད་ཅག་གི་མར་བདག་ཁོ་ན་གྱུར་ཅིག་ཡུམ། དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་ནས་དེ་རྣམས་ དོང་ངོ། །དེས་བསམ་པ། རེ་ཞིག་བུད་མེད་དེ་ལན་གཅིག་བཙའ་ན་ཡང་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་དེ་ལྟར་ངུ་ན། བདག་ལ་ལན་སུམ་ཅུ་རྩ་གཉིས་བཙའ་ན། ཇི་ལྟར་བྱ་ཞེས་ དེ་དེ་ལྟར་རྣམ་པར་རྟོག་པ་ན། མཆོད་རྟེན་དང་ཉེ་བ་ན་བྱ་གག་མོ་ཞིག་ཡོད་པ་སྒོ་ང་འབྱུང་བ་དེ། ཐང་གཅིག་ཙམ་གྱིས་སྒོ་ང་སུམ་ཅུ་རྩ་གཉིས་བྱུང་ལ། སྨྲེ་སྔགས་ཀྱང་མི་འདོན་ཏོ། །དེས་ བསམ་པ། འབྱུང་བའི་ཐབས་འདི་ནི། རུང་བ་ཡིན་ནོ། །སྙམ་དུ་རིག་ནས་མཆོད་རྟེན་དེ་ལ་དད་པ་དྲག་པོས་སྨོན་ལམ་གདབ་པར་བརྩམས་པ། ཇི་ལྟར་བྱ་གག་མོ་འདི་ཐང་གཅིག་ཙམ་ གྱིས་སྒོ་ང་སུམ་ཅུ་རྩ་གཉིས་བྱུང་བ་དེ་བཞིན་དུ་བདག་གི་སུམ་ཅུ་རྩ་གཉིས་ཀྱང་ཅི་སྒོ་ངར་འབྱུང་བར་གྱུར་ཅིག་ཅེས་བྱས་སོ་།དགེ་སློང་དག་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ བུད་མེད་རྒན་མོ་གང་ཡིན་པ་དེ་ནི། ས་ག་མ་འདི་ཉིད་ཡིན་ནོ། །སུམ་ཅུ་རྩ་གཉིས་ཀྱི་དགའ་འདུན་གང་ཡིན་པ་དེ་ནི། ས་ག་མའི་བུ་འདི་རྣམས་ཁོ་ན་ཡིན་ཏེ། འདིས་དེ་ན་སྨོན་ལམ་བཏབ་ པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་སྒོ་ང་སུམ་ཅུ་རྩ་གཉིས་བྱུང་ངོ། །བཙུན་པ། ས་ག་མའི་བུ་རྣམས་ཀྱིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ནོངས་པ་མ་ [123B] སྐྱོན་མ་མཆིས་པར་རྒྱལ་པོ་གསལ་རྒྱལ་གྱིས་བཀུམ་ནས་དེ་རྣམས་ཀྱི་མགོས་གཟེབ་བཀང་སྟེ། ས་ག་མ་ལ་བསྐུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ སློང་དག་འདི་དག་ཁོ་ནས་ལས་རྣམས་བྱས་ཤིང་བསགས་པ་དག་ནི་ཞེས་བྱ་བ་ནས། ལུས་ཅན་རྣམས་ལ་འབྲས་བུར་འགྱུར། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་ སྔོན་བྱུང་བ་རི་བོར་ཞིག་ན་ཆང་ཚོང་ཞིག་གནས་སོ། །ཆོམ་རྐུན་པ་རབ་ཏུ་མང་པོ་ཆང་ཚོལ་ཞིང་དེའི་དྲུང་དུ་འོངས་ནས་དྲིས་པ། ཆང་ཡོད་དམ། ཆང་ཚོང་གི་ཆུང་མས་སྨྲས་པ། ཡོད་དོ། ། ཞེས་དེ་རྣམས་ལ་ཆང་བླུད་ན། འཛར་བ་མེད་ནས། དེས་གླང་ཞིག་བསྟན་ཏེ། འདི་སོད་ཅིག་དེ་རྣམས་ཀྱིས་སྨྲས་པ། མཚོན་ཆ་མེད་དོ་།དེས་གཏའ་བླངས་ནས་མཚོན་ཆ་བྱིན་པ་དང། དེ་ རྣམས་ཀྱིས་དེ་གསོད་པར་བརྩམས་སོ། །དེ་གསོད་པ་ན་སེམས་ལ་བདག་གསོད་པ་གང་ཡིན་པ་འདི་དག་ཐམས་ཅད་ནི། ཆང་ཚོང་གི་ཆུང་མ་འདི་ཡིན་གྱི། བདག་གང་དུ་འདི་རྣམས་ཀྱི་མགོ་ བཅད་ནས་གཟེབ་བཀང་སྟེ། འདི་ལ་བསྐུར་བར་འགྱུར་བ་དེར་སྐྱེ་བར་གྱུར་ཅིག་ཅེས་བསམ་མོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་གླང་གང་ཡིན་པ་དེ་ནི། ཀོ་ས་ལའི་ རྒྱལ་པོ་གསལ་རྒྱལ་འདི་ཉིད་ཡིན་ནོ། །ཆོམ་རྐུན་པ་གང་ཡིན་པ་དེ་རྣམས་ནི། ས་ག་མའི་བུ་འདི་དག་རྣམས་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ཆང་ཚོང་གི་ཆུང་མ་གང་ཡིན་པ་དེ་ནི། ས་ག་མ་འདི་ [124A]༄༅། །ཉིད་ཡིན་ནོ། །ཞེས་རྒྱས་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལནྡ་ཀའི་གནས་ན་བཞུགས་སོ། །དེའི་ཚེ་དྲང་སྲོང་ མངོན་པར་ཤེས་པ་ལྔ་དང་ལྡན་པའི་བསྟི་གནས་ན་དྲང་སྲོང་ཞིག་ཡོད་དོ། །དེ་དེ་ན་འཆག་པ་ལས་བསྟི་གནས་དང་ཧ་ཅང་ཡང་མི་རིང་བའི་ས་རྫབ་ཅན་གྱི་ཕྱོགས་ཤིག་ཏུ་གཅིན་ཁུ་ཆུ་དང་བཅས་ པ་ཞིག་གཅིས་སོ། །གློ་བུར་དུ་རི་དྭགས་མོ་སྐོམ་པས་ཉེན་པ་ཞིག་ཕྱོགས་དེར་འོངས་ཏེ། དེ་སྐོམ་པས་ཉེན་པས་དེ་འཐུངས་ནས་མོའི་དབང་པོ་ལ་བསྣམས་སོ། །སེམས་ཅན་རྣམས་ཀྱི་ ལས་ཀྱི་རྣམ་པར་སྨིན་པ་ནི། བསམ་གྱིས་མི་ཁྱབ་པས། སེམས་ཅན་དང་ལྡན་པར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན། ཕྱོགས་དེ་ཉིད་དུ་འོངས་ནས་ཁྱེའུ་ཞིག་བྱུང་བ་དང། དེས་དེ་ བསྣམས་ན་སྐལ་བ་མི་མཐུན་པའི་སེམས་ཅན་ཡིན་ནས་བོར་ཏེ་སོང་ངོ་།ཇི་ཙམ་ན། དྲང་སྲོང་དེ་བསྟི་གནས་དེ་ན་འཆག་པ་ལས། ཁྱེའུ་དེ་མཐོང་ནས། འདི་སུའི་བུ་ཡིན་ཞེས་དེ་བསམ་ པ་ལ་ཞུགས་པ་ལས། ཇི་ཙམ་ན། བདག་གི་ཡིན་པར་མཐོང་ནས། དེས་དེ་བསྟི་གནས་སུ་བཞག་སྟེ། བསྣུན་བསྙོད་བསྐྱེད་ནས་དེའི་མགོ་རི་དྭགས་ཀྱི་འདྲ་བས་རི་དྭགས་མགོ་རི་ དྭགས་མགོ་ཞེས་བྱ་བར་གྲགས་སོ། །དུས་གཞན་ཞིག་ན་དྲང་སྲོང་ཤི་ནས། རི་དྭགས་མགོས་ཀླད་པའི་ཐོད་པ་རྡོབ་པའི་རིག་པ་བསླབ་སྟེ། དེ་ཐོད་པ་བརྡབས་ནས་ཐམས་ཅད་ལུང་ [124B] གལ་ཏེ་རེ་ཞིག་སྒྲ་དྲག་པོར་གྱུར་ན་གྱེན་དུ་འགྲོ་བ་ལྟར་སྐྱེ་བར་འགྱུར་བར་ལུང་སྟོན་པར་བྱེད་དོ་།འོན་ཏེ་འབྲིང་དུ་གྱུར་ན། གྱེན་དུ་འགྲོ་བ་མིར་སྐྱེ་བར་ལུང་སྟོན་པར་ བྱེད་དེ། དེ་ནི། བདེ་འགྲོའི་རྟགས་སོ། །ངན་འགྲོའི་རྟགས་ནི། གལ་ཏེ་རེ་ཞིག་སྒྲ་མི་གསལ་བར་གྱུར་ན། འོག་ཏུ་འགྲོ་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བར་ལུང་སྟོན་པར་བྱེད་དོ། ། འོན་ཏེ་སྒྲ་འབྲིང་དུ་གྱུར་ན། འོག་ཏུ་འགྲོ་བ་དུད་འགྲོར་སྐྱེ་བར་འགྱུར་བར་ལུང་སྟོན་པར་བྱེད་དོ། །འོན་ཏེ་སྒྲ་ཆུང་བར་གྱུར་ན་འོག་ཏུ་འགྲོ་བ་ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བྱེད་དོ། །དེ་ ནས་བཅོམ་ལྡན་འདས་ཀྱིས་དེ་འདུལ་བའི་དུས་མཁྱེན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་རྒྱུན་དུ་ཞུགས་པ་དང། ལན་གཅིག་ཕྱིར་འོང་བ་དང། ཕྱིར་མི་ འོང་བ་དང། དགྲ་བཅོམ་པའི་མགོ་བཞི་ཁྱེར་ཅིག་བཙུན་པ། བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལས་མཉན་ནས། མགོ་བཞི་ཁྱེར་ཏེ་དྲང་སྲོང་ དེའི་དྲུང་དུ་སོང་ནས་ཁྱེད་ཀྱིས་ལུང་སྟོན་ཅིག་དེས་རྒྱུན་དུ་ཞུགས་པའི་ཐོད་པ་ལ་བརྡབས་ནས་སྨྲས་པ། འདི་ནི། ལྷ་རྣམས་སུ་སྐྱེའོ། །ལན་གཅིག་ཕྱིར་འོང་བའི་ཡང་དེ་བཞིན་ནོ། །ཕྱིར་མི་ འོང་བའི་ཡང་དེ་བཞིན་ནོ། །དགྲ་བཅོམ་པའི་ཐོད་པ་ལ་ཡང་བརྡབས་ན། མ་ཤེས་རྣམས་པར་མ་ཤེས་ནས་ངོ་ཚབས་དེ་འདི་སྙམ་དུ་སེམས་ཏེ། གང་ཕྱིར་འདི་ཡི་འགྲོ་བ་མ་ཤེས་པ། །བདག་ [125A]༄༅། །ཅག་བསྟན་པ་དེ་ལས་ཉམས་གྱུར་ཏམ། །འོན་ཏེ་སློབ་དཔོན་རིགས་ལས་མ་སྐྱེས་སམ། །འོན་ཏེ་རྟགས་རྣམས་དེ་འདྲ་མ་ཡིན་ནམ་།ཚེ་དང་ལྡན་པ་ཀུན་དགའ་བོས་ སྨྲས་པ། གང་ཕྱིར་འདི་ཡི་འགྲོ་བ་མ་ཤེས་པ། །ཁྱོད་ཀྱིས་རིག་པ་ཀུན་ལེགས་གོམས་མ་བྱས། །རེ་ཞིག་རིག་པ་མཐའ་དག་རྟོགས་བྱོས་ལ། །ཁྱོད་ཀྱིས་ཕྱི་ནས་འཇིག་རྟེན་ལུང་སྟོན་ཅིག་ རི་དྭགས་མགོས་སྨྲས་པ། ཁྱོད་ཀྱིས་རིག་པ་ཐམས་ཅད་ལ་བྱང་བ་འགའ་མཐོང་བ་ཡོད་དམ། དེས་སྨྲས་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རིག་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དོ། །དེ་ནས་རི་དྭགས་མགོ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དུད་ འགྲོ་ཡི་དྭགས་དམྱལ་བ་ལྷ་མི་སྐྱེ་བོའི་འགྲོ་འཚལ་ན། །རིག་པའི་སྐྱོན་གྱིས་སེམས་ཅན་སྤྱོད་པ་དྲུག་པ་མ་འཚལ་གྱི། །གཙོ་བོ་སྲིད་པ་གསུམ་གྱི་མཚོ་ཆེན་ཕ་རོལ་བྱོན་པ་པོ། །ཕ་རོལ་སྨྲ་ ཀུན་ལས་རྒྱལ་དྲུག་པ་མ་འཚལ་དེ་ཅི་གསུང། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མེ་རུ་བསྲེགས་བ་ལྕགས་ཀྱི་མེ། །ལྕགས་ཀྱི་ཐོ་བས་བརྡུངས་བྱས་ནས། །རིམས་ཀྱིས་ཉེ་བར་ ཞི་པ་ཡི། །འགྲོ་བ་ཇི་ལྟར་མི་མངོན་པ། །དེ་བཞིན་འདོད་པའི་འདམ་ཚོགས་ལས། །བརྒལ་ཏེ་ཡང་དག་རྣམ་གྲོལ་བ། །མི་གཡོ་གོ་འཕང་ཐོབ་རྣམས་ཀྱི། །འགྲོ་བ་གདགས་སུ་ཡོད་མ་ [125B] །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་རི་དྭགས་མགོས་འདི་སྐད་ཅེས་གསལ་ཏེ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང། བསྙེན་ པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པ་ལྟ་ན། བདག་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ་།དེ་ནས་བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང། བསྙེན་པར་རྫོགས་ པར་མཛད་དེ། དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས། རྒྱལ་པོའི་ཁབ་ཏུ་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ ཞིང་གཤེགས་པ་དང། མཉན་ཡོད་དུ་བྱོན་ནས། མཉན་ཡོད་ཀྱི་རི་དྭགས་འཛིན་གྱི་མའི་སྔོན་གྱི་ཀུན་དགའ་ར་བའི་ཁང་བཟང་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བླ་གབ་མེད་པ་ ན་འཆག་ཅིང་རྒྱུ་སྐར་རྣམས་གྱུར་པ་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་རི་དྭགས་མགོ་ལ་བཀའ་སྩལ་པ། རི་དྭགས་མགོ་ཇི་སྲིད་ཅིག་ན་ལྷས་ཆར་འབེབས་པར་འགྱུར་ སོམས་ཤིག་དེས་བསམ་ནས། བཙུན་པ། འཇིག་རྟེན་འདི་མ་རུང། འདི་རབ་ཏུ་མ་རུང་ལགས་ཏེ། རྒྱུ་སྐར་རྣམས་ཇི་ལྟར་གནས་བ་དང་སྦྱར་ན། ལོ་བཅུ་གཉིས་སུ་ཆར་མི་འབབ་ ལགས། བཅོམ་ལྡན་འདས་ཀྱིས་རྒྱུ་སྐར་རྣམས་མཐུན་པར་བྱིན་གྱིས་བརླབས་ནས་བཀའ་སྩལ་པ། ཡང་ཤེས་པར་གྱིས་ཤིག་དེས་གསོལ་པ་ལོ་དྲུག་ཏུ་ལགས་སོ། །དེ་བཞིན་ [126A]༄༅། །དུ་བཅོམ་ལྡན་འདས་ཀྱིས་ཡང་སྨྲས་པ་དང་གསོལ་པ་ལྔར་ལགས་སོ། །དེ་བཞིན་དུ་ཞག་བདུན་གྱི་བར་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གནས་མལ་རྣམས་སྐྱབས་ཡོད་པར་སྤོས་ཤིག་དེ་རིང་ཁོ་ནར་ལྷས་ཕྱེ་མའི་ཚོགས་ལྟ་བུའི་ཆར་འབེབས་པར་འགྱུར་ཏེ། དེ་ལ་ཁྲུས་བྱེད་པ་ གང་ཡིན་པ་དེ་རྣམས་ལ་འབྲས་དང། ཕོལ་མིག་འབྱུང་བར་མི་འགྱུར་རོ། །རི་དྭགས་མགོ། དེ་ལྟར་ན། རྒྱུ་སྐར་རྣམས་ནི། འགྱུར་བ། གཡོ་བ། མི་བརྟན་པ་ཡིན་ཏེ། སྲོག་ཀྱང་ གཡོ་བ། མི་བརྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། རི་དྭགས་མགོ་མངོན་པར་དད་པར་གྱུར་ཏོ། །དེ་ལྟར་མངོན་པར་དད་པར་གྱུར་པས་དགྲ་ བཅོམ་པ་མངོན་སུམ་དུ་བྱས་སོ། །དེ་ནས་རྣམ་པར་གྲོལ་བའི་དགའ་བ་རབ་ཏུ་མྱོང་ནས། ཚིགས་སུ་བཅད་པས་སྨྲས་པ། རི་དྭགས་རྣམས་ནི་ནགས་ཁྲོད་བརྟེན། །འདབ་ཆགས་ རྣམས་ནི་མཁའ་ལ་བརྟེན། །རྣམ་པར་སྒོམ་པ་ཆོས་ལ་བརྟེན། །དགྲ་བཅོམ་མྱ་ངན་འདས་ལ་བརྟེན། །རི་དྭགས་འཛིན་གྱི་མ་ས་ག་མས་བཅོམ་ལྡན་འདས་ཀོ་ས་ལའི་ལྗོངས་རྒྱུ་ཞིང་ གཤེགས་ཏེ། མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་བདག་ཁོ་ནའི་ཀུན་དགའ་ར་བ་ན་བཞུགས་པོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་ [126B]ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་པ་དང། བཅོམ་ལྡན་འདས་ཀྱིས་རི་དྭགས་འཛིན་གྱི་མ་ས་ག་མ་ལ་ཆོས་ དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན་ཅེས་བྱ་བ་ནས་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་བས་གནང་ངོ་།ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་རི་ དྭགས་འཛིན་གྱི་མ་ས་ག་མ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ས་ག་མ་ལ་ཅང་མི་གསུང་བས་ གནང་ངོ། །ཞེས་བྱ་བ་ནས་ནོར་བུའི་ཆུ་སྣོད་བཞག་སྟེ། བཅོམ་ལྡན་འདས་ལ་བུ་མོ་མངག་གཞུག་མ་དུས་ཚོད་གསོལ་བ་དུས་ཚོད་གསོལ་དུ་བཅུག་གོ་ཇི་ཙམ་ན། བུ་མོ་མངག་གཞུག་མ་ དེ་སྔོན་གྱི་ཀུན་དགའ་ར་བར་སོང་ནས་སྒོ་གསེབ་ནས་བལྟས་ན། དགེ་སློང་རྣམས་སྒྲེན་མོར་ཁྲུས་བྱེད་པ་མཐོང་ངོ། །མཐོང་ནས་ཀྱང་བསམ་པ། གདོན་མི་ཟ་བར་འཕགས་པ་རྣམས་ནི་ བཞུད་ལ། འཚོ་བ་པ་ནལ་ཕྲུག་འདི་དག་གིས་གཙུག་ལག་ཁང་འདིར་བཏབ་བོ། །སྙམ་ནས། དེ་རིངས་པའི་ངས་པར་འོངས་ཏེ་སྨྲས་པ། ཇོ་མོ་མཁྱེན་པར་མཛོད་ཅིག་འཕགས་པ་ [127A]༄༅། །རྣམས་ནི། བཞུད་ལ། འཚོ་བ་པ་ནལ་ཕྲུག་རྣམས་ཀྱིས་གཙུག་ལག་ཁང་འདིར་བཏབ་ལགས་སོ། །ས་ག་མས་བསམ་པ། བཅོམ་ལྡན་འདས་ཀྱིས་གནང་ནས། གདུགས་ ཚོད་མ་གསོལ་བར་བཞུད་པར་འགྱུར་བ་གང་ཡིན་པ་དེ་ནི། གནས་མེད་ཅིང་སྐབས་མེད་དོ། །གདོན་མི་ཟ་བར་འདིས་དགེ་སློང་སྒྲེན་མོ་རྣམས་མཐོང་ངོ། །སྙམ་ནས། དེས་དུས་ཚོད་གསོལ་ པ་སྐྱེས་པ་གཞན་ཞིག་བཏང་སྟེ། དེས། བཙུན་པ། གདུགས་ཚོད་ལགས་ཤིང་མཆིས་ན། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་བྱ་བ་ནས་བཅོམ་ ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། རྒན་པའི་མཐར་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཙུན་པ། བདག་ནི། སྦྱིན་པ་ཆེན་པོ་བརྒྱད་བཅའ་བར་འཚལ་ཏེ། གློ་བུར་པ་ལ་སྩལ་པ་དང། མཆི་བར་ཆས་པ་ལ་སྩལ་པ་དང། བྲོ་འཚལ་བ་ལ་སྩལ་པ་དང། བྲོ་གཡོག་ལ་སྩལ་ བ་དང། སྩང་གནས་ཀྱི་འཇམས་ནར་མ་དང། སྨན་ནར་མ་དང། དགེ་སློང་རྣམས་ལ་དབྱར་གྱི་གོས་རས་ཆེན་དང། དགེ་སློང་མ་རྣམས་ལ་ཁྲུས་རས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ས་ག་མ་ཁྱོད་ཀྱིས་ཡོན་ཏན་ཅི་ཞིག་མཐོང་ན། གློ་བུར་དུ་འོངས་པ་ལ་སྦྱིན་པ་སྦྱིན། བཙུན་པ། གློ་བུར་དུ་མཆིས་པའི་དགེ་སློང་ནི། སྤྱོད་ཡུལ་མི་མཁས་པ་དང། ལམ་སྲང་མི་ [127B]ན། སྤྱོད་ཡུལ་ལ་མཁས་པ་དང། ལམ་སྲང་ལ་མཁས་པར་འགྱུར་ལགས་སོ། །ས་ག་མ། དེ་ཐུགས་སུ་ཆུད་དེ། ལེགས་སོ། ལེགས་ སོ། །དོན་གྱི་དབང་ཅི་ཞིག་མཐོང་ན། འགྲོ་བར་ཆས་པ་ལ་སྦྱིན་པ་སྦྱིན། བཙུན་པ། དགེ་སློང་མཆི་བར་ཆས་པ་བསོད་སྙོམས་ཚོལ་དུ་མཆིས་ན། མགྲོན་པོ་རྣམས་དང་བྲལ་བར་འགྱུར་ཞིང། ཚོགས་ དང་བྲལ་ན་ཕོངས་པར་འགྱུར་བས། དེས་བདག་གི་བསོད་སྙོམས་ལ་ལོངས་སྤྱོད་ན། ཚོགས་དང་བྲལ་བར་མི་འགྱུར་ལགས་སོ། །ས་ག་མ་དེ་ཡང་ཐུགས་སུ་ཆུད་དེ། ལེགས་སོ། །ལེགས་སོ། །དོན་ གྱི་དབང་ཅི་ཞིག་མཐོང་ན། ནད་པ་ལ་སྦྱིན་པ་སྦྱིན། བཙུན་པ་དགེ་སློང་བྲོ་འཚལ་བ་བསོད་སྙོམས་ཚོལ་དུ་མཆིས་ན། ཉོན་མོངས་པའམ་འགུམ་པར་ཡང་འགྱུར་བས། དེས་བདག་གི་བསོད་ སྙོམས་ལ་ལོངས་སྤྱད་ན། བྲོ་ནད་ལས་ལྡང་བ་དང་བདེ་བ་ལ་རེག་པར་གནས་པར་འགྱུར་ལགས་སོ། །ས་ག་མ། དེ་ཡང་ཐུགས་སུ་ཆུད་དེ་ལེགས་སོ། །ལེགས་སོ། །དོན་གྱི་དབང་ཅི་ཞིག་ མཐོང་ན། ནད་གཡོག་ལ་སྦྱིན་པ་སྦྱིན། བཙུན་པ། དགེ་སློང་བྲོ་གཡོག་བགྱིད་པ་རང་གི་ཆེད་དུ་བསོད་སྙོམས་ཚོལ་དུ་མཆིས་ན། བྲོ་འཚལ་བའི་བགྱི་བ་ཉམས་པར་འགྱུར་བས་དེས་བདག་གི་བསོད་ སྙོམས་ལ་ལོངས་སྤྱོད་ན་འགྲུབ་པར་འགྱུར་ལགས་སོ། །ས་ག་མ། དེ་ཡང་ཐུགས་སུ་ཆུད་དེ། ལེགས་སོ། །ལེགས་སོ། །དོན་གྱི་དབང་ཅི་ཞིག་མཐོང་ན། དགེ་འདུན་ལ་ནས་ཐུག་ནར་མ་སྦྱིན་ [128A]༄༅། །བཙུན་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ལ་དྲོད་ཆུང་བ་ཡང་མཆིས། དྲོད་ཆེ་བ་ཡང་མཆིས་ཏེ། དེ་ལ་རེ་ཞིག་དྲོད་ཆུང་བ་གང་ལགས་པ་དེ་རྣམས་ནི། ནས་ ཐུག་འཚལ་ན་དྲོད་སྐྱེ་བར་འགྱུར་ལ། དྲོད་ཆེ་བ་གང་ལགས་པ་དེ་རྣམས་ནི། ཉམས་སྐྱེ་བར་འགྱུར་ལགས་སོ། །ས་ག་མ། དེ་ཡང་ཐུགས་སུ་ཆུད་དེ། ལེགས་སོ། །ལེགས་སོ། །དོན་གྱི་དབང་ ཅི་ཞིག་མཐོང་ན། དགེ་འདུན་ལ་སྨན་ནར་མ་སྦྱིན། བཙུན་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ལ་བྲོ་ནད་མང་བ་དང། བྲོ་ནད་ཉུང་བ་མཆིས་ཏེ། དེ་ལ་བྲོ་ནད་མང་པོ་གང་ལགས་པ་ དེ་རྣམས་ལ་ནི། རེ་ཞིག་འཚལ་ཆེས། བྲོ་ནད་ཉུང་བ་གང་ལགས་པ་དེ་རྣམས་ཀྱིས་ལོངས་སྤྱད་ན། ལྷག་པར་ཡང་བདེ་བ་ལ་རེག་པར་གནས་པར་འགྱུར་ལགས་སོ། །ས་ག་མ། དེ་ཡང་ ཐུགས་སུ་ཆུད་དེ། ལེགས་སོ། །ལེགས་སོ། །དོན་གྱི་དབང་ཅི་ཞིག་མཐོང་ན། དགེ་སློང་རྣམས་ལ་དབྱར་གྱི་གོས་རས་ཆེན་སྦྱིན། བཙུན་པ། དེ་རིང་ཁོ་ན་བདག་གི་བུ་མོ་མངག་གཞུག་ བགྱིད་པ་དུས་ཚོད་གསོལ་བར་བཏང་བ་ལས། དེས་དགེ་སློང་རྣམས་སྒྲེན་མོར་ཁྲུས་བགྱིད་པ་མཐོང་ནས་དེ་སླར་མཆིས་ཏེ་བདག་ལ་འཕགས་པ་རྣམས་ནི། བཞུད་ལ། འཚོ་བ་པ་ནལ་ ཕྲུག་རྣམས་ཀྱིས་གཙུག་ལག་ཁང་དུ་བཏབ་པོ། །ཞེས་མཆི་བས་དེ་རྣམས་དབྱར་གྱི་གོས་རས་ཆེན་གྱིས་བཀབ་པར་འགྱུར་ལགས་སོ། །ས་ག་མ། དེ་ཡང་ཐུགས་སུ་ཆུད་དེ། ལེགས་ [128B] །ལེགས་སོ། །དོན་གྱི་དབང་ཅི་ཞིག་མཐོང་ན། དགེ་སློང་མ་རྣམས་ལ་ཁྲུས་རས་སྦྱིན། བཙུན་པ། དུས་འདི་གཅིག་ན་ཁྱིམ་པ་མོ་རབ་ཏུ་མང་པོ་དག་དགེ་སློང་མ་རབ་ཏུ་མང་པོ་རྣམས་ ཆུ་བོ་གནས་ལྡན་ལ་སྒྲེན་མོར་ཁྲུས་བགྱིད་པ་ལས། ཁྱིམ་པ་མོ་དེ་རྣམས་ཀྱིས་བགད་ཅིང་བགད་ནས་མཛུབ་ཀེར་གྱིས་དགེ་སློང་མ་རྣམས་ཀྱི་འདོམ་ཉེ་བར་སྟོན་ཏེ། དེ་དག་གིས་ཉེ་བར་ བསྟན་པ་རྣམས། པག་ཁུམས་པར་གྱུར་པས་དེ་རྣམས་བདག་གི་ཁྲུས་རས་ཀྱིས་བཀབ་ནས་ཁྲུས་བགྱིད་པར་འགྱུར་ལགས་སོ། །ས་ག་མ། ལེགས་སོ་།ལེགས་སོ། །ཁྱོད་ཀྱིས་བསོད་ ནམས་བྱ་བའི་དངོས་པོ་བརྒྱད་སྨྲས་པ་གང་ཡིན་པ་དེ་དག་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་རྣམས་ལ་ཡང་དག་པར་སྣང་ཞིང། འདི་དག་ནི། རྫས་ལས་བྱུང་ བའི་བསོད་ནམས་བྱ་བའི་དངོས་པོ་བདུན་པོ་གང་དག་ལ་བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུའམ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་ཙམ་མོ། །ཞེས་ཚད་གཟུང་ བར་མི་ནུས་ཀྱི། འོན་ཀྱང་བསོད་ནམས་མང་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་རྣམས་ཀྱི་ནང་དུ་འདུས་སོ། །བཙུན་པ། བདག་གིས་འདི་སྐད་ཅེས། བཅོམ་ ལྡན་འདས་ཀྱིས་དགེ་སློང་ཆེ་གེ་མོ་དེ། དགེ་སློང་འདི་ཡང་ཀུན་ཏུ་སྦྱོར་བ་གསུམ་སྤངས་ནས་རྒྱུན་དུ་ཞུགས་པ་རྣམ་པར་མི་ལྟུང་བའི་ཆོས་ཅན། རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གཞོལ་ [129A]༄༅། །པ་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པར་འགྱུར་ཏེ། ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་དུ་ཉིང་མཚམས་སྦྱོར་ཞིང་འཁོར་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་ རོ། །ཞེས་ལུང་བསྟན་པ་ཐོས་ཏེ། དེ་མཉན་ཡོད་དུ་རེས་འགའ་མཆི་ཞིང་སླར་ཡང་མཆི་བར་འགྱུར་ལ། དེས་བདག་གི་གློ་བུར་དུ་མཆི་བའི་ཟས་ཞེས་བྱ་བ་ནས་དབྱར་གྱི་གོས་རས་ཆེན་དང། དགེ་ སློང་མས་ཁྲུས་རས་ལོངས་སྤྱོད་པར་འགྱུར་ལགས་སོ། །ཞེས་བྱ་བའི་བར་ཏེ། ཐོས་ནས་ཀྱང་དགའ་བ་དང་རབ་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་འགྱུར་ ལགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ཆེ་གེ་མོ། དགེ་སློང་འདི་ནི། ཀུན་ཏུ་སྦྱོར་བ་གསུམ་སྤངས་ནས་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་བསྲབས་པའི་ཕྱིར་འོང་བར་ འགྱུར་ཏེ། འཇིག་རྟེན་འདིར་ལན་གཅིག་འོངས་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན་པ་དེ་ཡང་མཉན་ཡོད་དུ་རེས་འགའ་མཆི་ཞིང་སླར་མཆི་ལ། དེས་བདག་ གི་གློ་བུར་བའི་ཟས་ཞེས་བྱ་བ་ནས་དབྱར་གྱི་གོས་རས་ཆེན་དང་དགེ་སློང་མས་ཁྲུས་རས་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། ཐོས་ནས་ཀྱང་དགའ་བ་དང། རབ་ཏུ་དགའ་བ་རྒྱ་ཆེན་པོ་དགེ་ བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ཆེ་གེ་མོ། དགེ་སློང་འདི་ནི། ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་ [129B] འཇིག་རྟེན་འདིར་ཕྱིར་མི་འོང་བར་འགྱུར་རོ། །ཞེས་ལུང་བསྟན་པ་དེ་ཡང་རེས་འགའ་མཉན་ཡོད་དུ་མཆི་ཞིང་སླར་མཆི་ལ། དེས་བདག་གི་གློ་བུར་པའི་ཟས་ཞེས་བྱ་བ་ནས་ དབྱར་གྱི་གོས་རས་ཆེན་དང། དགེ་སློང་མས་ཁྲུས་རས་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཐོས་ནས་ཀྱང་དགའ་བ་དང། རབ་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་ པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ཆེ་གེ་མོ་དེ་དགེ་སློང་འདི་ནི། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ ངན་ལས་འདས་པའི་དབྱིངས་སུ་འཇུག་པར་འགྱུར་རོ། །ཞེས་ལུང་བསྟན་པ་དེ་ཡང་རེས་འགའ་མཉན་ཡོད་དུ་མཆི་ཞིང་སླར་ཡང་མཆི་ལ་དེས་བདག་གི་གློ་བུར་བའི་ཟས་ཞེས་བྱ་བ་ནས་དབྱར་གྱི་ གོས་རས་ཆེན་དང། དགེ་སློང་མས་ཁྲུས་རས་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཐོས་ནས་ཀྱང་དགའ་བ་དང། རབ་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་འགྱུར་ ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རི་དྭགས་འཛིན་གྱི་མ་ས་ག་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་འཇུག་ཡང་དག་པར་གཟེངས་བསྟོད་ ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་མཉན་ཡོད་དུ་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་ཡངས་པ་ཅན་གང་ན་བ་དེར་རྒྱུ་ཞིང་ [130A]༄༅། །གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས། ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་གྱི་ཁང་པ་བརྩེགས་པ་ན་བཞུགས་སོ། །དེ་ནས་ བཅོམ་ལྡན་འདས་སྔ་དྲོ་ན་བཟའ་བཤམ་ཐབས་མནམས། ཆོས་གོས་དང་ལྷུང་བཟེད་བསྣམས་ནས་ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་སོ་།དེའི་ཚེ་དགེ་སློང་རབ་ཏུ་མང་པོ་ཀུན་དགའ་ ར་བའི་སྒོ་ན་གནས་མལ་མི་གཙང་བས་གོས་པ་རྣམས་འཁྲུ་བ་དང་སྐེམ་པ་དང། འདིང་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རབ་ཏུ་མང་པོ་ཀུན་དགའ་ར་བའི་སྒོ་ན་གནས་མལ་ མི་གཙང་བས་གོས་པ་རྣམས་འཁྲུ་བ་དང། སྐེམ་པ་དང། འདིང་བར་བྱེད་པ་གཟིགས་སོ། །གཟིགས་ནས་ཀྱང་ཡང་འདི་སྙམ་དུ་དགོངས་ཏེ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་པགས་ པ་དང། ཤ་དང། ཁྲག་ཟད་ཟད་དུ་སྦྱིན་པར་བཏང་ཞིང་བསོད་ནམས་བྱས་པ་གང་ཡིན་པ་དེ་ལ་དགེ་སློང་རྣམས་བག་མེད་ཅིང་མ་བརྟགས་པར་སྤྱོད་པར་བྱེད་དོ། །སྙམ་དུ་དགོངས་ནས་ ཡངས་པ་ཅན་དུ་བསོད་སྙོམས་སྤྱད་དེ་ཞལ་ཟས་ཀྱི་བྱ་བ་མཛད་ནས་ཟས་ཕྱི་མའི་བསོད་སྙོམས་སྤངས་ཤིང། ལྷུང་བཟེད་དང། ན་བཟའ་ཆོས་གོས་མཁོས་སུ་ཕབས་ནས་ཞབས་བསིལ་ཏེ་ ནང་དུ་ཡང་དག་འཇོག་ལ་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་ [130B] །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདིར་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ ཐོགས་ཏེ་ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་པ་ལས། ངས་དགེ་སློང་རབ་ཏུ་མང་པོ་དག་ཀུན་དགའ་ར་བའི་སྒོ་ན་གནས་མལ་མི་གཙང་བས་གོས་པ་རྣམས་འཁྲུ་བ་དང། སྐེམ་པ་དང་ འདིང་བར་བྱེད་པར་མཐོང་ངོ། །མཐོང་ནས་ཀྱང་འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་དག་པགས་པ་དང་ཤ་དང། ཁྲག་ཟད་ཟད་དུ་སྦྱིན་པར་བཏང་ཞིང་བསོད་ ནམས་བྱས་པ་གང་ཡིན་པ་དེ་ལ་དགེ་སློང་རྣམས་བག་མེད་ཅིང་མ་བརྟགས་པར་སྤྱོད་པར་བྱེད་དོ། །དགེ་སློང་དག་དད་པས་བྱིན་པ་ལ་བག་ཡོད་པར་སྤྱོད་པ་དང། དུས་སུ་སྤྱོད་པ་དང། སྐབས་ སྐབས་སུ་སྤྱོད་པ་དང། བརྟགས་ཏེ་སྤྱོད་པ་དང། ཅུང་ཟད་སྤྱོད་པ་ནི། ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དད་པས་བྱིན་པ་ལ་བག་ཡོད་པས་སྤྱད་པར་བྱ་བའི་བསྔགས་པ་ གསུངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། དེ་ལྟ་བས་ན། དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱའོ། །གནས་མལ་མི་གཙང་བས་ གོས་ན། དེའི་མོད་ཁོ་ན་ལ་བཀྲུ་བར་བྱ་སྟེ། གཞན་དུ་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་བཟའ་ཤམ་ཐབས་མནབས། ལྷུང་བཟེད་དང་ཆོས་གོས་བསྣམས་ [131A]༄༅། །ནས་ཞབས་འབྲིང་བྱེད་པའི་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང། ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་པ་ལས་བཅོམ་ལྡན་འདས་ཀྱིས་མི་རྒྱབ་ ནག་པོར་གྱུར་པ་ཞིག་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་མི་རྒྱབ་ནག་པོ་ཕ་བི་མཐོང་ངམ་ བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། མི་ཕ་བི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བར་གྱུར་ཏེ། དེ་ནས་འདིས་དགེ་འདུན་གྱི་གནས་ མལ་ལ། མིང་ཙམ་གྱི་གདིང་བ་དང། དྲི་མ་ཅན་གྱི་གདིང་བ་དང། ཤུར་བུ་དང། རྒྱ་ཅང་དང། ལྕུག་གུའི་གདིང་བས་བཏིང་ནས་ལོངས་སྤྱད་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་ རབས་ལྔ་བརྒྱར་རྒྱབ་ནག་པོར་གྱུར་ཏོ། །ད་དུང་ཡང་འདི་རྒྱབ་ནག་པོར་གྱུར་ཏོ། །ཞེས་རིག་པར་མཛད་ནས། ཡངས་པ་ཅན་དུ་བསད་སྙོམས་མཛད་དོ་ཞེས་བྱ་བ་ནས་ནང་དུ་ཡང་ དག་འཇོག་ལས་བཞེངས་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ་།དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་རིང་ང་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་པ་ལས་ [131B] དེ་ནི་ཡང་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་དགེ་སློང་དུ་གྱུར་པ་ལས། དེ་ནས་དེས་དགེ་འདུན་གྱི་གནས་མལ་ལ་མིང་ཙམ་ གྱི་གདིང་བ་དང་ཞེས་བྱ་བ་ནས་ཚེ་རབས་ལྔ་བརྒྱའི་བར་དུ་རྒྱབ་ནག་པོར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་དེ་ལྟ་བས་ན། དགེ་སློང་རྣམས་ཀྱིས་དེང་ཕན་ཆད་མིང་ ཙམ་གྱི་གདིང་བ་དང། དྲི་མ་ཅན་གྱི་གདིང་བས་དགེ་འདུན་གྱི་གནས་མལ་ལ་ལོངས་སྤྱད་པར་མི་བྱའོ། །ལོངས་སྤྱད་ན། འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་གདིང་བ་གཉིས་ཀྱིས་ ལོངས་སྤྱད་པར་བྱ་སྟེ། སྟུག་ན་ནི། རིམ་གཅིག་གིས་སོ། །སེང་བ་ཞིག་ན་ནི་རིམ་གཉིས་ཀྱིས་སོ། །དགེ་སློང་རྣམས་གདིང་བ་བཀྲ་ཞིང་བཀྲ་བ་ཁ་ཚར་མ་བཅད་པ་དག་འཆང་བར་བྱེད་པ་ བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨོད་པར་བྱེད་གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་པོའམ། འདམ་ཁའམ་ ཁ་བསྒྱུར་བའི་གདིང་བ་གྲིས་དྲས་པ་བཅང་བར་བྱ་སྟེ། གཞན་དུ་ན། འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་ཞིག་གཡན་པའི་ནད་ཀྱིས་ཉེན་པས། དེའི་ཆོས་གོས་རྣམས་རྣག་དང་ཁྲག་ གིས་རེག་ནས་དྲི་མི་ཞིམ་པ་སྦྲང་མ་རྣམས་འདུ་ཞིང་དེ་བསོད་སྙོམས་ལ་ཞུགས་པ་དེ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་ [132A]༄༅། །བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། གཡན་ པ་དགབ་པ་བཅང་བར་བྱ་སྟེ། ཞག་ལྔའམ། དྲུག་ལོན་ནས་བཀྲུ་བར་བྱའོ། །གཞན་དུ་ན། འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་མཛེ་ནད་ཀྱིས་ཉེན་པ་དག་དགེ་འདུན་གྱི་གནས་མལ་དང་ ཁྱམས་དང། རྫིང་དང། སྒོ་ཁང་དང། བང་རིམ་དང། འཆག་ས་རྣམས་དང། ཤིང་དྲུང་གི་གནས་རྣམས་ནི་དྲི་མི་ཞིམ་པ་དང་སྦྲང་མ་རྣམས་འཁོར་བས་གནས་ཤིང་ལོངས་སྤྱོད་པར་ བྱེད་པ་དེ་དག་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨོད་པར་བྱེད། གཞོགས་འཕྱས་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མཛེ་ནད་ཀྱིས་ཐེབས་པ་རྣམས་ཀྱི་ཕྱིར་ངས་ཀུན་དུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་མཛེ་ནད་ཀྱིས་ཐེབས་པས་ དགེ་འདུན་གྱི་གནས་མལ་དང། གནས་ཁང་ལ་ལོངས་སྤྱད་པར་མི་བྱ་ཁྱམས་རྣམས་དང། ཇི་སྐད་དུ་བསྒྲགས་པའི་ཁྱམས་ལ་སོགས་པར་གནས་པར་མི་བྱ། དགེ་འདུན་གྱི་ཆབ་ ཁུངས་ས་དང། སྣམ་ཕྱི་སར་འཇུག་པར་མི་བྱ་ཞིང། དགེ་འདུན་གྱིས་དེ་ལ་གནས་དབེན་པ་བྱིན་ནས་རིམ་གྲོ་བྱའོ། །དགེ་སློང་མཛེ་ནད་ཀྱིས་ཐེབས་པས། ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་ [132B]འགལ་ཚབས་ཅན་དུ་འགྱུར་རོ།། །།འདུལ་བ་གཞི། བམ་པོ་རེ་བཞི་པ་སངས་རྒྱས་བཅོམ་ལྡན་ འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་བདེ་བར་གཤེགས་པའི་ན་བཟའ་ཆོས་གོས་ལྷག་པར་བཅང་དུ་རུང་ལགས་སམ། ཉེ་བར་འཁོར། མི་རུང་ངོ། །བཙུན་པ། མོན་ དར་གྱི་ཆོས་གོས་གསུམ་དུ་བྱིན་གྱིས་བརླབས་ནས་ཆོས་གོས་ལྷག་པར་བྱིན་གྱིས་བརླབས་ཏེ་བཅང་དུ་རུང་ལགས་སམ། ཉེ་བར་འཁོར། ཅི་དགར་ཟད་དེ། དེ་བཞིན་དུ་འདོད་པ་བཞིན་དུ་བལ་ དང་ཤ་ནའི་རས་ལ་ཡང་རུང་ངོ། །སྡོམ་ལ། གསོ་མ་སྐྲ་ཡི་ཆོས་གོས་དང། །གཅེར་བུ་སྐྲ་འབལ་ལོ་མའི་གོས། །མཐང་གོས་བཅས་དང་གཡང་གཞི་དང། །གསོ་རས་སེང་རས་པ་ཆར་སྔོ། །གླེང་ གཞི་ནི། མཉན་ཡོད་ནའོ། །དགེ་སློང་ཞིག་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་དགེ་སློང་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གསོ་མའི་ཆོས་གོས་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། སྐྱེས་བུ་གཏི་མུག་འདི་ལྟ་སྟེ། གསོ་མའི་ཆོས་གོས་འདི་ནི། མུ་སྟེགས་པའི་རྟགས་ཡིན་ནོ། །དེ་ལྟ་བས་ན། དགེ་སློང་གིས་གསོ་མའི་ཆོས་གོས་བཅང་བར་མི་བྱའོ། །བཅངས་ [133A]༄༅། །ན། འགལ་ཚབས་ཅན་དུ་འགྱུར་རོ། །ཡང་དགེ་སློང་ཞིག་འོངས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སྐྲའི་ ཆོས་གོས་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྐྱེས་བུ་གཏི་མུག་འདི་ནི། མུ་སྟེགས་པའི་རྟགས་ཡིན་ནོ། །ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་ འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གཅེར་བུ་བགྱིད་པར་འཚལ་ལོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ལྟ་སྟེ། གཅེར་བུ་འདི་ནི། མུ་སྟེགས་པའི་རྟགས་ཡིན་ནོ། །གཞན་ཡང་ངས་ཆོས་གོས་གསུམ་རྗེས་སུ་གནང་ན། ཅིའི་ཕྱིར་ཁྱོད་ གཅེར་བུ་བྱེད། དེ་ལྟ་བས་ན། དགེ་སློང་གིས་གཅེར་བུ་མི་བྱའོ་།བྱས་ན། ཉེས་པ་སྦོམ་པོར་འགྱུར་རོ། །དེ་ནས་དགེ་སློང་དེ་གཅེར་བུ་མ་གནང་བ་དང་བསླབ་པ་རྣམས་སྤངས་ཏེ་ཉམས་པར་ གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དགེ་སློང་འདི། གཅེར་བུ་མ་གནང་བ་དང་བསླབ་པ་རྣམས་ སྤངས་ཏེ་ཉམས་པར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་འདི་ཉིད་ངོ་ཚ་མེད་ [133B]དགེ་སློང་དག་སྔོན་བྱུང་བ། ངང་པའི་རྒྱལ་པོ་ཡུལ་འཁོར་སྐྱོང་ཞེས་བྱ་བ་བྱུང་སྟེ། དེའི་བུ་མོ་རང་ཁྱིམ་ཐབ་ཚོལ་ལོ། །ཞེས་ཡུལ་ཕྱོགས་སྣ་ ཚོགས་ན་གནས་པའི་བྱ་རྣམས་ཀྱིས་ཐོས་ནས་འདུས་པར་གྱུར་ཏོ། །སོ་སོ་ནས་བསམ་པ། དེའི་ཁྱིམ་ཐབ་ཏུ་བདག་འགྱུར་རོ། །སྙམ་མོ། །དེས་རྨ་བྱ་ཞིག་མཐོང་ནས་དེས་སྨྲས་པ། འདི་ནི་ བདག་གི་ཁྱིམ་ཐབ་ཏུ་འགྱུར་རོ། །དེ་ལ་གཞན་དག་གིས་འདིས་ཁྱོད་ཁྱིམ་ཐབ་ཏུ་འདམ་མོ། །ཞེས་སྨྲས་པ་དང། སོ་སོ་ནས་དེས་མཇུག་མ་བསྒྲེངས་ནས་གར་བྱེད་པར་བརྩམས་པ་དང་ ཡུལ་འཁོར་སྐྱོང་གིས་མཐོང་ནས་སྨྲས་པ། འདི་ནི། ཅི་ཞིག་གི་ཕྱིར་གར་བྱེད། གཞན་དག་གིས་སྨྲས་པ། ཁྱོད་ཀྱི་བུ་མོའི་ཁྱིམ་ཐབ་ཏུ་གྱུར་པས་སོ། །དེས་སྨྲས་པ། ངོ་ཚ་དང་ཁྲེལ་དང་མི་ ལྡན་པས། འདི་ལ་བདག་གི་བུ་མོ་མི་སྦྱིན་ནོ། །ཞེས་པ་རྨ་བྱ་དེས་ཐོས་ནས། ཡུལ་འཁོར་སྐྱོང་གི་དྲུང་དུ་སོང་ནས་ཚིགས་སུ་བཅད་དེ་སྨྲས་པ། དབྱངས་སྙན་ཡིད་འོང་ཁ་དོག་མཛེས་པ་དང། ། འདབ་མ་འདོམ་གང་ཚད་ལྡན་མགྲིན་པ་ནི། །ནོར་བུ་བཻ་ཌཱུརྱ་དང་འདྲ་གྱུར་ན། །ཅི་སླད་ཁྱོད་ཀྱི་སྲས་མོ་བདག་མི་སྩལ། །ཡུལ་འཁོར་སྐྱོང་གིས་སྨྲས་པ། དབྱངས་སྙན་ཡིད་འོང་ཁ་དོག་མཛེས་ པ་དང། །འདབ་མ་འདོམ་གང་ཚད་ལྡན་མགྲིན་པ་ནི། །ནོར་བུ་བཻ་ཌཱུརྱ་དང་འདྲ་གྱུར་ཀྱང། །འཛེམ་མེད་སྐྱོན་གྱིས་ཁྱོད་ལ་མི་སྦྱིན་ནོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ [134A]༄༅། །ཀྱི་རྨ་བྱ་གང་ཡིན་པ་དེ་ནི། དགེ་སློང་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་ངོ་ཚ་མེད་པའི་སྐྱོན་གྱིས་ཆུང་མ་མ་ཐོབ་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་བྱའི་ཚོགས་ ཀྱི་ནང་ནས་བྱུང་ངོ། །ད་ལྟའི་ཡང་འདིས་གཅེར་བུ་མ་གནང་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་བས་དགེ་སློང་གི་ཚོགས་ཀྱི་ནང་ནས་བྱུང་ངོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་སྐྲ་འབལ་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་འབྲེག་པར་རྗེས་སུ་གནང་ན། ཅིའི་ཕྱིར་ ཁྱོད་སྐྲ་འབལ། སྐྱེས་བུ་གཏི་མུག་འདི་ལྟ་སྟེ། སྐྲ་འབལ་བ་འདི་ནི། མུ་སྟེགས་པའི་བརྟུལ་ཞུགས་ཡིན་ནོ། །དེ་ལྟ་བས་ན། དགེ་སློང་གིས་སྐྲ་འབལ་བར་མི་བྱའོ། །འབལ་ ན༑ འགལ་ཚབས་ཅན་དུ་འགྱུར་རོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལོ་མའི་བགོ་བ་འཆང་བར་འཚལ་ལོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ནི། མུ་སྟེགས་པའི་བརྟུལ་ཞུགས་ཡིན་ནོ། །ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་བྱ་བའི་བར་གོང་ མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་བླ་གོས་མཐང་གོས་དང་བཅས་པས་འཚོ་བར་འཚལ་ལོ། །བཅོམ་ [134B] སྐྱེས་བུ་གཏི་མུག་ངས་ཆོས་གོས་གསུམ་རྗེས་སུ་གནང་ན། ཅིའི་ཕྱིར་ཁྱོད་བླ་གོས་མཐང་གོས་དང་བཅས་པས་འཚོ་བར་བྱེད། དེ་ལྟ་བས་ན། དགེ་སློང་གི་ བླ་གོས་མཐང་གོས་དང་བཅས་པའི་ཆོས་གོས་ཀྱིས་འཚོ་བར་མི་བྱའོ། །འཚོ་བར་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ།། །།ཡང་དགེ་སློང་ཞིག་གིས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གཡང་གཞི་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏི་མུག་།འདི་ནི། མུ་སྟེགས་པའི་རྒྱལ་ མཚན་ཡིན་ནོ། །ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་ པ༑ བདག་གསོ་མའི་སེང་རས་ཀྱི་ཆོས་གོས་འཆང་བར་འཚལ་ལོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི། མུ་སྟེགས་ཀྱི་རྒྱལ་མཚན་ཡིན་ནོ། །ཞེས་བྱ་བ་ནས་འགལ་ཚབས་ ཅན་དུ་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་པ། བཙུན་པ་བདག་པ་ཆར་འཆང་བར་འཚལ་ལོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ལྟ་སྟེ། པ་ཆར་འདི་ནི། ཁྱིམ་པའི་ཆོས་ཡིན་ཏེ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་ [135A]༄༅། །དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཆོས་གོས་ཐམས་ཅད་སྔོན་པོར་འཆང་བར་འཚལ་ལོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི། ཁྱིམ་པ་འཆང་བར་བྱེད་དོ། །དེ་ལྟ་བས་ན། དགེ་སློང་གིས་ཆོས་གོས་ཐམས་ཅད་སྔོན་པོར་བཅང་བར་མི་བྱའོ། །ཞེས་བྱ་བ་ནས་འགལ་ཚབས་ ཅན་དུ་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་བཞིན་དུ་ཐམས་ཅད་སེར་བའམ། ཐམས་ཅད་དམར་བའམ། དཀར་བ་ནི། རུང་བ་མ་ཡིན་པ་ཉིད་དོ། །སྡོམ་ལ། ཁ་ཚར་ རིང་དང་གདེངས་ཀ་དང། །རལ་ག་གཙུག་ཏོར་ཐོད་དང་ནི། །ར་བལ་གོས་དང་རྡ་བལ་ཀླམ། །མཆིན་ནད་ཀུན་དགའ་མཐང་གོས་བཅས། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཁ་ཚར་རིང་པོའི་ཆོས་གོས་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི། མུ་སྟེགས་པའི་རྟགས་ཡིན་ ནོ༑ ༑ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་ པ༑ བདག་ཁ་ཚར་གདེངས་ཀ་ལྟ་བུའི་ཆོས་གོས་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྐྱེས་བུ་གཏི་མུག་འདི་ནི། མུ་སྟེགས་པའི་རྟགས་ཡིན་ནོ། ། [135B] །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་རལ་ ག་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ནི། ཁྱིམ་པའི་རྟགས་ཡིན་ནོ། །ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་ བྱ་བའི་བར་གོང་མ་བཞིན་ནོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གཙུག་ཏོར་བགྱིད་པར་འཚལ་ལོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ནི། ཁྱིམ་པའི་རྟགས་ཡིན་ནོ། །ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཐོད་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྐྱེས་བུ་གཏི་མུག་འདི་ནི། ཁྱིམ་པའི་ རྟགས་ཡིན་ནོ། །ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ བདག་ར་བལ་གྱི་གོས་བཅང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་གཏི་མུག་འདི་ནི། ཁྱིམ་པའི་རྟགས་ཡིན་ནོ་།ཞེས་བྱ་བ་ནས་འགལ་ཚབས་ཅན་ [136A]༄༅། །དུ་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ་།ཡང་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་།བཙུན་པ། བདག་རྔ་བལ་ གྱི་ཀླམ་འཆང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྐྱེས་བུ་གཏི་མུག་འདི་ནི། ཁྱིམ་པའི་རྟགས་ཡིན་ནོ། །ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་ རོ༑ ༑ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཚེ་དང་ལྡན་པ་ཀུན་དགའ་མཆིན་ནད་ཅན། དགེ་སློང་མེད་པའི་གནས་སྒོ་འཕར་མེད་པ་ཞིག་ཏུ་དབྱར་གནས་པར་དམ་བཅས་ཏེ་ དེ་ཕྱི་རོལ་ཏུ་བྱུང་བ་དང། དེའི་སྣམ་སྦྱར་རྐུན་པོས་ཁྱེར་རོ་།ཞེས་བྱ་བའི་བར་དུ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་མེད་པའི་གནས་ སྒོ་འཕར་མེད་པར་དབྱར་གནས་པར་དམ་མི་བཅའ་ཞིང། སྣམ་སྦྱར་མེད་པར་གང་དུ་ཡང་འགྲོ་བར་མི་བྱའོ། །སོང་ན། འགལ་ཚབས་ཅན་དུ་འགྱུར་རོ། །ཚེ་དང་ལྡན་པ་ཀུན་ དགའ་བོ་མཆིན་ནད་ཅན་ན་བ་དེའི་ནད་གཡོག་ཚེ་དང་ལྡན་པ་ཀུན་དགའ་བོ་བྱེད་པ་ལས་ཆར་བབ་པ་དང། དེ་སྣམ་སྦྱར་གྱོན་ཏེ་འགྲོ་བའི་སྤྲོ་བ་མེད་ནས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། མཐང་གོས་བླ་གོས་སུ་བཅས་པས་འགྲོ་བར་བྱའོ་།གཞན་ཡང་སྣམ་སྦྱར་གཞག་ཏུ་རུང་བ་ནི། ལྔ་སྟེ། དགེ་སློང་དང་བཅས་པའི་གནས་སྒོ་འཕར་དང་བཅས་པ་ [136B] ཆར་བབ་པའམ་ཆར་འབབ་ཏུ་དོགས་པ་དང། འབབ་ཆུའི་ཕ་རོལ་ཏུ་འགྲོ་བར་འདོད་པ་དང། སྲ་བརྐྱང་བཏིང་བའི་གནས་དང། དགེ་འདུན་གྱིས་གནང་བ་བྱིན་པར་གྱུར་པའོ། །བར་སྡོམ་ གྱི་ཚིགས་སུ་བཅད་པ། དབྱར་དང་དགེ་ཚུལ་ཉིད་དག་གི་འབྱུང་བ་གཉིས་པོ་དག་དང་ནི། །རྙེད་པ་ཆུང་དང་འགྱོད་པ་དང། །དགེ་འདུན་རྙེད་དང་དེ་དེ་ཡིན། །བཅོམ་ལྡན་འདས་ཀྱིས་དགེ་ སློང་རྣམས་ཀྱིས་ཆོས་གོས་ཀྱི་རྙེད་པ་སྦྱིན་པར་བྱའོ་ཞེས་གསུངས་ན། དགེ་སློང་རྣམས་ཀྱིས་དགག་དབྱེ་བྱས་པའི་མོད་ཁོ་ན་ལ་ལྗོངས་རྒྱུར་དོང་བ་དང། དེ་རྣམས་ཀྱི་རྙེད་པ་སུས་ཀྱང་མ་བླངས་ན་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་རྙེད་པ་ལེན་དུ་གཞུག་པའི་ཕྱིར་དགེ་སློང་ལ་བཅོལ་ནས་འགྲོ་བར་བྱའོ། །མ་བཅོལ་བའི་དགེ་སློང་གཞན་དག་གིས་བླངས་པ་དང། དགེ་སློང་རྣམས་ ཕན་ཚུན་རྩོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མ་བཅོལ་བའི་དགེ་སློང་གིས་རྙེད་པ་བླང་བར་མི་བྱའོ། །བླངས་ན། འགལ་ཚབས་ཅན་དུ་འགྱུར་རོ། །བཅོལ་བའི་དགེ་ སློང་གཞན་དག་གིས་མ་བླངས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ཀྱིས་ཐམས་ཅད་མངོན་པར་བྱའོ། །དགེ་ཚུལ་རྣམས་དོང་ནས་སུས་ཀྱང་རྙེད་པ་མ་བླངས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ཀྱི་མཁན་པོ་དང། སློབ་དཔོན་དག་གིས་བླང་བར་བྱའོ། །དགེ་སློང་དག་རྙེད་པ་ཆུང་དུ་དག་འགྱེད་པར་བྱེད་པ་ན། རྙེད་པ་ཆུང་དུ་ཡིན་ནོ། ། [137A]༄༅། །སྙམ་ནས་དོང་བ་རྣམས་ཀྱི་མ་བྱིན་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་བཅོལ་བ་དེ་རྣམས་ཀྱིས་བླང་བར་བྱའོ། །གཞན་དག་གིས་མ་བཅོལ་ བར་དོང་བ་དང། དེ་རྣམས་ཀྱི་སུས་ཀྱང་མ་བླངས་ལ། དགེ་སློང་རྣམས་ཀྱིས་ཀྱང་འགྱོད་པས་མ་བླངས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་སྟེ། དེ་ལ་འགྱོད་པར་ མི་བྱའོ། །རྙེད་པ་ཆུང་དུ་གཞན་དག་བགོར་མཆོག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་དག་དང་བསྲེས་ལ་གཙུག་ལག་ཁང་ན་གནས་པ་རྣམས་ཀྱིས་བགོ་བར་བྱ་སྟེ་ དེ་ལ་འགྱོད་པར་མི་བྱའོ། །བཅོལ་བས་རྙེད་པ་ཆུང་དུ་མ་བླངས་ན། མ་ཤ་ཀ་ལྔའི་རིན་ཡན་ཆད་ནི། ངེས་པར་བདའ་བར་བྱའོ་།རི་བོར་ཞིག་ན་ཁྱིམ་བདག་ཅིག་ཡོད་པ་དེས་གཙུག་ལག་ ཁང་ཞིག་བརྩིགས་ནས། དེ་ན་གལ་ཏེ་དགེ་སློང་བརྒྱ་གནས་ན། རས་ཡུག་བརྒྱ་འབུལ་ལོ། །དེ་བཞིན་དུ་དགེ་སློང་གཅིག་གནས་ན་ཡང་རས་ཡུག་བརྒྱ་ཁོ་ན་འབུལ་ལོ། །ཞེས་བྱ་བའི་བར་ དུའོ། །ཇི་ཙམ་དུས་གཞན་ཞིག་ན། གཙུག་ལག་ཁང་དེ་ཉིད་དུ་རྒན་ཞུགས་གཉིས་ཤིག་དབྱར་གནས་པ་ལས། ཁྱིམ་བདག་དེས་རས་ཡུག་བརྒྱ་བསྐུར་བ་དེ་གཉིས་ཀྱིས་བླངས་ནས་ ཕན་ཚུན་དཔྱད་ནས་གཅིག་གིས་སྨྲས་པ། རྙེད་པ་འདི་ནི། དགེ་འདུན་གྱིར་འགྱུར་རོ། །གཅིག་ཤོས་ཀྱིས་སྨྲས་པ། བདག་ཅག་ཁོ་ནའི་འགྱུར་རོ། །གལ་ཏེ་དེ་ལྟ་ན་ལོངས་ཤིག་དེས་ [137B] ཕན་ཚུན་རྩོད་པར་མི་འགྱུར་གྲང། ཇི་ཙམ་ན་གཅིག་གིས་ཀྱང་མ་བླངས། དེ་གཉིས་ཀྱིས་ཡང་དཔྱད་པ། དེ་ལ་ཇི་ལྟར་བསྒྲུབ་པར་བྱ། གཅིག་གིས་སྨྲས་པ། དགེ་སློང་རྣམས་བོས་ལ་ དེ་རྣམས་དང་ལྷན་ཅིག་བགོའོ། །གཅིག་ཤོས་ཀྱིས་སྨྲས་པ། དེ་བཞིན་དུ་བྱས་ན་སུ་འགྲོ། གང་གཞོན་པའོ། །གོས་རྣམས་སུས་སྲུང། གང་གཞོན་པས་སོ། །དེ་ལྟར་མི་ནུས་ཀྱི། གང་ གཞོན་པ་ནི། འགྲོའོ། །གང་རྒན་པ་དེས་ནི། གོས་རྣམས་སྲུང་ངོ་།དེ་བཞིན་དུ་བྱའོ། །ཞེས་གཞོན་པ་ཤོས་དགེ་སློང་རྣམས་འབོད་པའི་ཕྱིར་མཉན་ཡོད་དུ་སོང་ངོ། །དྲུག་སྡེ་རྣམས་ཀྱི་ཀུན་ཏུ་ སྤྱོད་པ་ནི། དྲུག་སྡེ་རྣམས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་རེས་མོས་རེས་མོས་ཀྱིས་མི་སྟོངས་པར་བྱེད་པ་ཡིན་པས། ཉེ་དགའ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འདུག་པ་དེས། རྒྱང་རིང་པོ་ ཁོ་ན་ནས་མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ། སྨིན་མ་འཕྱང་བ་ཞིག་མཐོང་ནས་བསམ་པ། དགེ་སློང་གནས་བརྟན་འདི་འགའ་ཞིག་འོང་གི་དེ་བསུར་འགྲོའོ། །སྙམ་ནས། གནས་བརྟན། བྱོན་ པ་ལེགས་སོ། །བྱོན་པ་ལེགས་སོ། །སློབ་དཔོན་ཕྱག་འཚལ་ལོ། །དེས་བསམ་པ། འདི་ནི། སློབ་དཔོན་ཡང་མི་ཤེས། མཁན་པོ་ཡང་མི་ཤེས་ཏེ། འདི་ནི། རྒན་ཞུགས་ཤིག་ཡིན་ནོ། ། སྙམ་དུ་རིག་ནས་སྨྲས་པ། རྒན་ཞུགས། ཁྱོད་གང་ནས་འོངས། རི་བོར་ཆེ་གེ་མོ་ཞིག་ནས་སོ། །ཅི། དེ་ན་གཙུག་ལག་ཁང་ཡོད་དམ་གཙུག་ལག་ཁང་ཡོད་དོ། །ཅི། དེ་གཙུག་ལག་ [138A]༄༅། །གང་ཡིན་ནམ། འོན་ཏེ་ཕོངས་པ་ཡིན། དེས་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང། ཁྱོད་དོན་ཅི་ཞིག་ལ་འོངས། དགེ་སློང་རྣམས་དང་བགོ་བའི་ཕྱིར་རོ། ། གལ་ཏེ་དེ་ལྟ་ན། ང་ཁོ་ནས་ཁྱོད་ལ་སྙིང་བརྩེ་བའི་ཕྱིར་འགྲོ་བར་བྱའོ། །སློབ་དཔོན། ལེགས་སོ། །ཉེ་དགས་བསམ་པ། གལ་ཏེ་འདི་བདག་གི་ཐད་ནས་གཞན་དུ་སོང་ན། སྐྱེ་བོའི་ ཚོགས་ཆེན་པོས་ཤེས་པར་འགྱུར་གྱི། ལེགས་པར་བསྲུང་བར་བྱའོ་།སྙམ་ནས་དེས་དེ་ངལ་བསོར་བཅུག་སྟེ་དུས་མ་ཡིན་པའི་བཏུང་བ་དག་བླུད་ནས། ཅི་ནས་ཀྱང་བྲེ་མོ་གཏམ་གྱིས་ ནམ་སྲོས་ཀྱི་བར་དུ་བྲོངས་ནས་མལ་བཟང་པོ་བཤམས་ཏེ་རྐང་པ་བཀྲུ་བ་དང། རྐང་པ་བསྐུ་བ་བྱིན་ནས་ཇི་ཙམ་གཉིད་ལོག་པར་གྱུར་པ་དེ་སྲིད་དུ་བསྡད་དོ། །དེ་ནས་ཉེ་དགའ་གསང་ འཕེལ་བར་མི་འགྱུར་གྲང་སྙམ་པའི་འཚེར་བས་མཚན་མོ་དེ་འདས་བར་བྱས་སོ། །དེ་ནས་དེ་ནང་པར་སྔར་ལངས་ཏེ་རྒན་ཞུགས་ཁྲིད་ནས་རིངས་པ་རིངས་པར་སོང་སྟེ། རིམ་གྱིས་རི་བོར་དུ་ ཕྱིན་པ་དང། དེ་ནས་གཙུག་ལག་ཁང་དུ་གནས་པའི་རྒན་ཞུགས་གཅིག་ཤོས་དེས། འོངས་པ་ལེགས་སོ། །ཞེས་ཀུན་དགའ་བར་འགྱུར་པའི་ཚིག་སྨྲས་ནས། དེ་གཉིས་ངལ་ སྲོས་པ་དང། ཁོང་གསུམ་ཅན། ཡང་གནས་གཅིག་ཏུ་འཚོགས་ནས་ཉེ་དགས་སྨྲས་པ། རྙེད་པ་བགོས་ཤིག་གནས་བརྟན། བགོའོ། །ཉེ་དགས་རྒན་ཞུགས་གཅིག་ལ་སྨྲས་ [138B] རྒན་ཞུགས། ཁྱོད་ཀྱིས་བགོས་ཤིག་གནས་བརྟན། བདག་མི་བགོད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་ལ་ཉེས་པ་བྱུང་ན་མི་རུང་ངོ། །གཅིག་ཤོས་ལ་ཡང་སྨྲས་པ། རྒན་ཞུགས། ཁྱོད་ ཀྱིས་བགོས་ཤིག་དེས་ཀྱང་དེ་བཞིན་དུ་སྨྲས་པ་དང། ཉེ་དགས་སྨྲས་པ། ཁྱོད་ནི། ཉེས་པ་བྱུང་བས་འཇིགས་ཀྱི། ཉེ་དགའ་ནི་སྤྱིའུ་ཚུགས་སུ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བར་ འདོད་དམ་ཅི། ཉེ་དགས་བསམ་པ། རྒན་ཞུགས་འདི་གཉིས་བསྡོངས་ཀྱི་དབྱེན་བྱའོ། །སྙམ་ནས། དེ་ནས་དེ་གཉིས་ཀྱི་རྒྱུན་དུ་རུང་བའི་ལས་བྱེད་པའི་གཡོག་པོ་མཐོང་ནས་གཅིག་གི་དྲུང་དུ་སོང་ སྟེ་དྲིས་པ། རྒན་ཞུགས། ཁྱོད་ཀྱིས་འདིར་ཅི་དག་བྱས། གནས་བརྟན་བདག་གིས་གཙུག་ལག་ཁང་དག་ཏུ་རྟག་ཏུ་ཆག་ཆག་བཏག། ཕྱག་དར་དང། བའི་ལྕི་བ་འཇམ་པོས་བྱུག་པ་བྱས་སོ། །རྒན་ ཞུགས། གལ་ཏེ་ཆག་ཆག་དང། ཕྱག་དར་བྱས་པ་ཁོ་ནས་རྙེད་པ་ཐོབ་ན་ལྟ། ཉེ་དགས་གཙུག་ལག་ཁང་ཐམས་ཅད་ཆག་ཆག་དང་ཕྱག་དར་བྱའོ། །འོན་ཀྱང་འདིར་རྙེད་པ་བྱུང་བ་གང་ཡིན་པ་ དེ་ནི། རྒན་ཞུགས། གཅིག་ཤོས་དེའི་མཐུས་ཡིན་ཏེ། དེ་གཙུག་ལག་ཁང་དུ་དུས་དུས་སུ་ཆོས་འདོན་པའི་སྦྱིན་པ་བྱེད་པས་ཆོས་འདོན་པ་དོན་དུ་གཉེར་བའི་ལྷ་སྤྲོ་བ་དང་ལྡན་པར་གྱུར་ཏེ། དེས་ ན་རྙེད་པ་རྙེད་པར་གྱུར་གྱི། འདིས་ཅི་བྱིན་པ་དེ་བླང་བར་བྱ་སྟེ། འཁང་པར་མི་བྱའོ། །དེས་དེ་གནད་ལ་བབ་པས་སྐྱེངས་ནས་ཅང་མི་སྨྲ་བར་འདུག་གོ་དེ་ནས་གཅིག་ཤོས་ཀྱི་དྲུང་དུ་སོང་ནས་སྨྲས་ [139A]༄༅། །པ༑ རྒན་ཞུགས། ཁྱོད་ཀྱིས་འདིར་ཅི་དག་བྱས། གནས་བརྟན། བདག་གིས་འདི་རུ་དུས་དུས་སུ་ཆོས་བསྒྲགས་པའི་སྦྱིན་པ་བྱས་སོ། །རྒན་ཞུགས། གལ་ཏེ་ཆོས་བསྒྲགས་ པས་རྙེད་པ་ཐོབ་ན་ལྟ། ཉེ་དགས་འགྲེང་བ་དང། འགྲོ་བ་དང་འདུག་པ་དང། ཉལ་བས་དུས་ཐམས་ཅད་དུ་ཆོས་བཤད་དོ། །རྙེད་པ་གང་ཅུང་ཟད་གྲུབ་པ་དེ་ཐམས་ཅད་ནི། རྒན་ཞུགས་གཅིག་ ཤོས་དེའི་མཐུས་ཡིན་ཏེ། དེས་གཙུག་ལག་ཁང་འདིར་ཆག་ཆག་དང་ཕྱག་དར་དང། བའི་ལྕི་བ་འཇམ་པོས་བྱུག་པ་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཕྱག་དར་བྱེད་པ་ལ་ཡོན་ཏན་ལྔ་ཡོད་ དེ༑ ལྔ་གང་ཞེ་ན། བདག་ཉིད་ཀྱི་སེམས་དང་བར་འགྱུར་བ་དང་གཞན་གྱི་སེམས་དང་བར་འགྱུར་བ་དང། ལྷ་རྣམས་ཡིད་དགའ་བར་འགྱུར་བ་དང། མཛེས་པར་འགྱུར་བའི་དགེ་བའི་རྩ་བ་ གསོག་པར་འགྱུར་བ་དང། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །དེ་ལྟ་བས་ན། གཙུག་ལག་ཁང་ཕྱག་དར་བྱས་པས་ ཡོན་བདག་མངོན་པར་དད་པར་གྱུར་ལ། ལྷ་ཡིད་དགའ་བར་གྱུར་ཏེ། དེས་ན་དེར་རྙེད་པ་བྱུང་བར་གྱུར་ཏོ། །དེ་བས་ན་དེའི་མཐུས་འདིར་རྙེད་པ་བྱུང་བས་དེས་ཅི་བྱིན་པ་དེ་བླང་བར་བྱ་སྟེ་ འཁང་བར་མི་བྱའོ། །དེ་ཡང་གནད་ལ་ཕབ་པས་སྐྱེངས་ནས་ཅང་མི་སྨྲ་བར་འདུག་གོ་དེ་གཉིས་སྤོབས་པ་མེད་པར་བྱས་ནས་སྨྲས་པ་རྒན་ཞུགས་དག་བཅོམ་ལྡན་འདས་ཀྱིས་གསོལ་ [139B]བ་བྱས་ལ་བགོའོ། །དེ་གཉིས་ཀྱིས་སྔར་སྨྲ་ཕབ་པས་སྨྲས་པ་གནས་བརྟན། ཅི་དགྱེས་པ་དེ་བཞིན་དུ་མཛོད་ཅིག་དེ་ནས་ ཉེ་དགས་ཆ་གསུམ་དུ་བྱས་ཏེ། ཆ་གཉིས་ཀྱི་བར་དུ་ནི། རང་ཉིད་འདུག་གོ་དེ་གཉིས་ཀྱི་བར་དུ་ནི། ཆ་གཅིག་བཞག་ནས་གསོལ་བ་བྱ་བར་བརྩམས་པ། རྒན་ཞུགས། ཁྱེད་ཉོན་ཅིག་ཁྱེད་གཉིས་དང་འདི་གཅིག་ འདི་གཉིས་དང་ཁོ་བོ་གཅིག་སྟེ། དེ་ལྟར་ན་གསུམ་གསུམ་མོ། །འདི་ནི་གསོལ་བའོ། །དེ་ནས་ཆ་གཉིས་ནི། བདག་ཉིད་ཀྱིས་བླངས་སོ། །ཆ་གཅིག་ནི། དེ་གཉིས་ལ་བྱིན་པ་དང། དེ་གཉིས་ཀྱིས་ སྨྲས་པ། གནས་བརྟན། འདི་ཁོ་ན་ལས་བདག་ཅག་གཉིས་རྩོད་པར་འགྱུར་གྱི། ཁྱོད་ཁོ་ནས་བདག་ཅག་ལ་བགོས་ཤིག་དེས་བགོ་བར་བརྩམས་ནས། དེ་ནས་རས་ཡུག་གཅིག་ཁ་ཁྱེར་དུ་འདུག་ པ་དེ་ཡང་བླངས་ནས་རས་རྣམས་བམ་པོར་བཅིངས་ཏེ་སོང་ངོ། །དེ་ནས་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང། དེ་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། བཙུན་པ་ཉེ་དགའ། ཁྱོད་ཀྱིས་སུ་ཞིག་ཤི་བ་ མཐོང། དེས་ཇི་ལྟར་གྱུར་བ་རྒྱས་པར་སྨྲས་པ་དང། དེ་རྣམས་ཀྱིས་སྨྲས་པ། ཁྱོད་དེ་ལྟར་བྱེད་པ་བརྟགས་པ་ཡིན་ནམ། མི་མཛའ་བ་རྣམས་ཀྱི་མགྲིན་པ་རྡོག་པས་མནན་ནས་སོ། །སྐབས་དེ་ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་ནི། དགེ་སློང་རྣམས་གཞན་གྱི་རྙེད་པ་ལ་ཐོབ་རྒྱལ་བྱེད་པ་ལས་ [140A]༄༅། །གྱུར་གྱི། དེ་ལྟ་བས་ན། དགེ་སློང་གཞན་གྱི་རྙེད་པ་ལ་ཐོབ་རྒྱལ་མི་བྱའོ། །ཐོབ་རྒྱལ་བྱས་ན། འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ། ཚེ་དང་ལྡན་པ་ཉེ་དགས་རྒན་ཞུགས་དེ་གཉིས་ཆོས་ཀྱི་སྒོ་ནས་བསླུས་པ་ལ་གཟིགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་དེ། འདས་པའི་དུས་ན་ཇི་ལྟར་འདིས་རྒན་ཞུགས་གཉིས་བསླུས་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ། འབབ་ ཆུའི་ངོགས་ཤིག་ན་སྲམ་གཉིས་ཤིག་གནས་པ་ལས། དེ་གཉིས་གང་གི་ཚེ་ཆུའི་ནང་དུ་ཞུགས་པ་ན་ཉ་སྐམ་ལ་ཐོན་པར་འགྱུར་ཞིང་གང་གི་ཚེ་སྐམ་ལ་དོང་བ་དེའི་ཚེ་ཆུའི་ནང་དུ་དོང་ནས་ཅུང་ཟད་ ཀྱང་མི་རྙེད་དོ། །དེ་ནས་དེ་གཉིས་ཀྱིས་གྲོས་བྱས་པ། བདག་ཅག་ལས་གཅིག་ནི། ཆུའི་ནང་དུ་འགྲོའོ། །གཅིག་ཤོས་ཀྱིས་ནི། སྐམ་ལ་སྟེ། རྙེད་པ་གང་ཡིན་པ་དེ་ནི། སྤྱིར་བྱའོ། །དེ་ན་གཅིག་ ནི། ཆུར་སོང་ངོ། །གཅིག་ཤོས་ནི། སྐམ་ལ་སྟེ། དེ་ལ་ཆུར་ཞུགས་པ་གང་ཡིན་པས་ཉ་རྣམས་དཀྲོགས་ཏེ་སྐམ་ལ་བཏོན་ནས། དེ་རྣམས་སྐམ་ལ་གནས་པས་བསད་དོ། །ཆུ་ལ་གནས་པ་ནི་ ཆུ་ལ་གནས་པ་ཉིད་ཀྱིས་སོ། །ཇི་ཙམ་ན་ཉའི་ཕུང་པོ་ཆེན་པོར་གྱུར་པ་དང། གཅིག་གིས་སྨྲས་པ། ཁྱོད་ཀྱིས་བགོས་ཤིག་གཅིག་ཤོས་ཀྱིས་སྨྲས་པ། བདག་མི་བགོད་དོ། །ཅིའི་ [140B] བདག་ལ་ཉེས་པ་བྱུང་ན་མི་རུང་ངོ། །དེས་ཀྱང་སྨྲས་པ། གལ་ཏེ་དེ་ལྟ་ན། བདག་ལ་ཡང་ཉེས་པ་འདི་ཉིད་ཡིན་ནོ་།དེ་གཉིས་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལས། ཇི་ཙམ་ན་ཝ་བཞིན་ རྒྱས་ཞེས་བྱ་བ། དེ་གཉིས་ཀྱི་དྲུང་དུ་འོངས་ནས་དེས་སྨྲས་པ་ཚ་བོ་དག་ཅི་སྟེ་ཁོང་དུ་ཆུད་ཅིང་འདུག་ཞང་པོ། བདག་ཅག་ནི། ཉ་རྙེད་པས་སོ། །ཅི་སྟེ་མི་བགོད། ཞང་པོ། ཉེས་པས་འཇིགས་ སོ། །ཁྱོད་ནི། ཉེས་པས་འཇིགས་ལ། བཞིན་རྒྱས་ནི། རྐང་པས་སྤྱིའུ་ཚུགས་སུ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བར་འདོད་དམ་ཅི། བཞིན་རྒྱས་ཀྱིས་བསམས་པ། འདི་གཉིས་བསྡོངས་ཀྱི། དབྱེ་ བར་བྱའོ། །སྙམ་ནས། དེ་ནས་དེ་གཉིས་ཀྱི་རྟག་ཏུ་གཡོག་བྱེད་པ་རུས་སྦལ་ཞིག་མཐོང་ནས། གཅིག་གི་དྲུང་དུ་སོང་སྟེ་དྲིས་པ། ཚ་བོ། ཁྱོད་ཀྱིས་འདིར་ཅི་དག་བྱས། ཞང་པོ། བདག་ཆུར་ཞུགས་ ཏེ་བདག་ཆུར་ཞུགས་ནས་ཉ་རྣམས་དཀྲོགས་ཏེ་སྐམ་ལ་ཐོན་པ་དང་འདིས་བསད་དོ། །ཚ་བོ། གལ་ཏེ་ཆུར་ཞུགས་པས་ཅུང་ཟད་ཐོབ་ན་ལྟ། བཞིན་རྒྱས་རྟག་ཏུ་ཆུ་ནང་དུ་འགྲོའོ། །སྐམ་ལ་ འགྲོ་བ་དེ་ནི། སྡོང་དུམ་གྱི་འཇིགས་པ་དང། ཚེར་མའི་འཇིགས་པ་དང། གཅན་གཟན་གྱི་འཇིགས་པ་དང། མིའི་འཇིགས་པ་དང། ངམ་གྲོག་གི་འཇིགས་པ་ཡོད་དོ། །གཞན་ཡང། གལ་ཏེ་ དེས་མ་བསད་ན། ཁྱོད་ཀྱིས་དཀྲོགས་ཀྱང་ཅི་ཕན། མདོར་ན་འདིར་ཉ་རྙེད་པ་གང་ཡིན་པ་དེ་རྣམས་ནི། དེའི་མཐུ་ཡིན་པས། འདིས་ཅི་བྱིན་པ་དེ་བླང་བར་བྱ་སྟེ། འཁང་པར་མི་བྱའོ། །དེས་དེ་གནད་ [141A]༄༅། །ལ་ཕབ་པས་སྐྱེངས་ནས་ཅང་མི་སྨྲ་བར་འདུག་གོ་དེ་ནས་གཅིག་ཤོས་ཀྱི་དྲུང་དུ་སོང་ནས་སྨྲས་པ། ཚ་བོ། ཁྱོད་ཀྱིས་འདིར་ཅི་དག་བྱས། ཞང་པོ། བདག་གིས་སྐམ་ལ་ སོང་སྟེ་བདག་གིས་སྐམ་ལ་ཐོན་པའི་ཉ་རྣམས་བསད་དོ། །ཚ་བོ་གལ་ཏེ་སྐམ་ལ་སོང་ནས་ཅུང་ཟད་ཐོབ་ན་ལྟ། བཞིན་རྒྱས་རྟག་ཏུ་སྐམ་ལ་འགྲོའོ། །ཆུར་འགྲོ་བ་དེ་ནི། དབའ་ཀློང་གི་འཇིགས་ པ་དང། རུས་སྦལ་གྱི་འཇིགས་པ་དང། ཆུ་སྲིན་བྱིས་པ་གསོད་ཀྱི་འཇིགས་པ་དང། ཆུ་སྲིན་ཀུམྦྷི་རའི་འཇིགས་པ་དང། ཆུའི་འཇིགས་པ་ཡོད་དོ། །གཞན་ཡང། གལ་ཏེ་དེས་མ་དཀྲོགས་ ན༑ ཁྱོད་ཀྱིས་ཇི་ལྟར་གསད། མདོར་ན་འདིར་ཉ་རྙེད་པ་གང་ཡིན་པ་དེ་རྣམས་ནི། དེའི་མཐུ་ཡིན་པས་དེས་ཅི་བྱིན་པ་དེ་བླང་བར་བྱ་སྟེ། འཁང་པར་མི་བྱའོ། །དེས་དེ་གནད་ལ་ཕབ་པས་སྐྱེངས་ ནས་ཅང་མི་སྨྲ་བར་འདུག་གོ་བཞིན་རྒྱས་ཀྱིས་སྨྲས་པ། ཚ་བོ་དག་འདི་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་མི་གཡོ་བར་བགོ་བའི་ཐབས་ཡོད་དོ། །དེ་སྔར་སྨ་ཕབ་པས་སྨྲས་པ། ཞང་ པོ༑ ཅི་དགྱེས་པ་དེ་བཞིན་དུ་མཛོད་ཅིག་བཞིན་རྒྱས་ཀྱིས་ཆ་གསུམ་དུ་བགོས་ཏེ། ཉའི་མཇུག་མ་རྣམས་གཅིག་ཏུ་བྱས། མགོ་བོ་རྣམས་གཅིག་ཏུ་བྱས། བར་གྱི་ཆ་རྣམས་གཅིག་ ཏུ་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཐང་ལ་རྒྱུ་བས་མཇུག་མ་སྟེ། གཏིང་དུ་རྒྱུ་བས་མགོ་བོའོ། །བར་གྱི་ལུས་ནི་གང་ཡིན་པ། །དེ་ནི་ཆོས་ལ་གནས་པས་བཀུར། །བཞིན་རྒྱས་ཀྱིས་ [141B] འདི་གཉིས་བསླུས་པས་བདག་རྙེད་པ་དང་ལྡན་ནོ་།སྙམ་ནས་དེས་ཉ་ཆེན་པོ་ཞིག་གི་རྐེད་པ་ཁྱེར་ཏེ་མའི་དྲུང་དུ་སོང་བ་དང། དེ་ནས་དེའི་མ་མགུ་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས་དྲིས་པ་ བཞིན་རྒྱས་ཁྱོད་ནི་གང་ནས་འོངས། །མགོ་ཡང་མེད་ཅིང་མཇུག་མེད་པའི། །ཉ་པོ་ཆེ་ཞིག་ཐོགས་ནས་ནི། །ཤིན་ཏུ་དོན་གྲུབ་ག་ལས་འོངས། །དེས་སྨྲས་པ། གང་ཕྱིར་བླུན་པོ་རྩོད་གྱུར་ཅིང། །ཆོས་ དང་ཆོས་མིན་མི་ཤེས་པས། །རྒྱལ་པོའི་མཛོད་ནི་འཕེལ་བ་ལྟར་།དེས་ནི་ཆོག་ཤེས་འཚོ་བར་འགྱུར། །དེས་ཀྱང་ཚིགས་སུ་བཅད་པས་སྨྲས་པ། རྒྱས་པས་བལྟ་ན་སྡུག་པ་ཁྱོད། །ཕ་རོལ་མནན་ པ་ཤིན་ཏུ་ལེགས། །དེ་གཉིས་ཀྱང་ནི་མགུ་གྱུར་ལ། །ཁྱེད་ཀྱང་རྙེད་པ་ཕུན་སུམ་ཚོགས། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཝ་བཞིན་རྒྱས་གང་ཡིན་པ་དེ་ནི། ཉེ་དགའ་འདི་ ཉིད་ཡིན་ནོ། །སྲམ་གཉིས་པོ་གང་ཡིན་པ་དེ་ནི། རྒན་ཞུགས་འདི་གཉིས་ཡིན་ཏེ། དེ་ན་ཡང་དེ་གཉིས་འདིས་བསླུས་ལ། ད་ལྟར་ཡང་དེ་གཉིས་བསླུས་སོ། །གླེང་གཞི་ནི་ མཉན་ཡོད་ནའོ། །རི་པོར་ཞིག་ན་ཁྱིམ་བདག་ཅིག་ཡོད་པ་དེས་གཙུག་ལག་ཁང་ཞིག་བརྩིགས་ནས། དེར་དགེ་སློང་བརྒྱ་དབྱར་གནས་པར་དམ་བཅས་སོ། །ཁྱིམ་བདག་དེའི་བློ་སྐྱེས་པ། རས་ ཡུག་བརྒྱ་བསྒྲུབས་ཏེ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ནས་དགེ་སློང་རེ་རེ་ལ་ཡང་རས་ཡུག་རེ་རེ་བསྐོན་ནོ། །སྙམ་མོ། །ཇི་ཙམ་ན་ཉེ་དགས་ཁྱིམ་བདག་ཆེ་གེ་མོ་ཞིག་གིས་དགེ་སློང་ [142A]༄༅། །གི་དགེ་འདུན་གདུགས་ཚོད་གསོལ་ཏེ། རེ་རེ་ལ་ཡང་རས་ཡུག་རེ་རེ་བསྐོན་ནོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་བསམ་པ། གལ་ཏེ་དེ་ལས་རས་ཡུག་ཅིག་མ་གྲུབ་ ན༑ བདག་ཉེ་དྒའམ་ཡིན་ནོ། །སྙམ་ནས་དེ་མགྲོན་དུ་མ་བོས་བཞིན་དུ་སོང་ངོ། །ཁྱིམ་བདག་གིས་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ནས་རས་རྣམས་འབྲིམ་པ་ན། ཉེ་དགས་ རས་གཅིག་བླངས་ནས་མྱུར་བ་མྱུར་བར་སོང་ངོ། །ཇི་ཙམ་ན་དགེ་སློང་གཅིག་གི་རས་ཆད་དོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་དག་བདག་གིས་རས་བརྒྱ་ལེགས་པར་བགྲངས་ཏེ་ འཚལ་ཏེ་མཆིས་ན། འཕགས་པ་འགའ་ཞིག་གིས་རས་ཡུག་གཉིས་བསྣམས་པར་མ་གྱུར་གྲང། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་དེ་ལྟར་སུ་ཞིག་བྱེད། འོན་ཀྱང་བཙུན་པ་ཉེ་ དགའ་ཁྱོད་ཀྱིས་སྤྱན་དྲངས་སམ། འཕགས་པ་དག་བདག་གིས་སྤྱན་མ་དྲངས་སོ། །དེས་རས་དེ་ཁྱེར་ནས་སོང་ངོ། །དེ་ནས་ཁྱིམ་བདག་དེ་སྨོད་པར་བརྩམས་པའི་སྐབས་དེ། དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་ནི། དགེ་སློང་དག་མགྲོན་དུ་མ་བོས་པར་གཞན་གྱི་རྙེད་པ་ལ་ཐོབ་རྒྱལ་ བྱེད་པ་ལས་གྱུར་གྱི། དེ་ལྟ་བས་ན། དགེ་སློང་གིས་མགྲོན་དུ་མ་བོས་པར་གཞན་གྱི་རྙེད་པ་ལ་ཐོབ་རྒྱལ་མི་བྱའོ། །ཐོབ་རྒྱལ་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་རྣམས་ [142B] ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཚེ་དང་ལྡན་པ་ཉེ་དགའ་གཡར་མ་དྲངས་པར་གཞན་གྱི་རྙེད་པ་ལ་ཐོབ་རྒྱལ་བགྱིད་པ་ ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་ཉེ་དགས་མགྲོན་དུ་མ་བོས་པར་གཞན་གྱི་རྙེད་པ་ལ་ཐོབ་ རྒྱལ་བྱས་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ། རི་བོར་ཞིག་ན་བྲམ་ཟེ་འཁོར་ལ་དབང་བསྒྱུར་བ་ཞིག་ཡོད་དེ། དེས་བྲམ་ཟེའི་ཁྱེའུ་བརྒྱ་ཟླ་བ་གསུམ་དུ་མགྲོན་དུ་བོས་ཏེ་ཟན་བྱིན་ནས་ དེའི་བློ་སྐྱེས་པ། བྲམ་ཟེའི་ཁྱེའུ་རེ་རེ་ལ་ཡང་རས་ཡུག་རེ་རེ་བསྐོན་ནོ། །སྙམ་མོ། །དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་བྲམ་ཟེ་རྒན་པོ་ཞིག་གནས་པ་དེས་ཐོས་ནས། དེ་རྒན་པོའི་མཐར་འདུག་ སྟེ། ཐོག་མར་ཟོས་ནས་རས་ཡུག་གཅིག་ཁྱེར་ནས་སོང་ངོ། །བྲམ་ཟེས་རས་རྣམས་འབྲིམ་པར་བྱེད་པ་ན། ཇི་ཙམ་ན་བྲམ་ཟེའི་ཁྱེའུ་གཅིག་གི་རས་ཆད་ནས་དེས་དྲིས་པ། ཤེས་ལྡན་དག་བདག་ གིས་རས་ཡུག་བརྒྱ་ལེགས་པར་བགྲངས་ཏེ་འོངས་ན། བྲམ་ཟེའི་ཁྱེའུ་འགའ་ཞིག་གིས་རས་ཡུག་གཉིས་བླངས་བར་མ་གྱུར་གྲང། དེ་རྣམས་ཀྱིས་སྨྲས་པ། དེ་ལྟར་སུ་ཞིག་བགྱིད། འོན་ཀྱང་ཁྱོད་ ཀྱིས་བྲམ་ཟེ་རྒན་པོ་མགྲོན་དུ་བོས་སམ། བདག་གིས་མགྲོན་དུ་མ་བོས་སོ། །དེས་རས་ཡུག་དེ་ཐོག་མར་བླངས་ནས་སོང་ངོ། །བྲམ་ཟེ་དེས་སྨད་པར་བརྩམས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས་ [143A]༄༅། །དེའི་ཚེ་དེའི་དུས་ཀྱི་བྲམ་ཟེ་རྒན་པོ་གང་ཡིན་པ་དེ་ནི། ཉེ་དགའ་འདི་ཉིད་ཡིན་ཏེ། དེ་ན་ཡང་དེ་མགྲོན་དུ་མ་བོས་སོ་།ད་ལྟ་ན་ཡང་ངོ། །གླེང་གཞི་ ནི༑ མཉན་ཡོད་ནའོ། །རི་བོར་ཞིག་ན་ཁྱིམ་བདག་ཅིག་ཡོད་པ་དེས་གཙུག་ལག་ཁང་ཞིག་བརྩིགས་ནས་དེར་དགེ་སློང་གཅིག་དབྱར་གནས་པར་དམ་བཅས་པ་ལས། དེ་ལྡང་བ་ཕུན་ སུམ་ཚོགས་པ་ཞིག་པས། དེས་ཉི་མ་རེ་རེ་ཞིང་གཙུག་ལག་ཁང་བྱུག་པ་དང་ཕྱག་དར་བྱེད་དོ། །གཙུག་ལག་ཁང་དེ་ནི། ས་ཕྱོགས་དབེན་ཞིང་བཟང་བའི་ཕྱོགས་སུ་བརྩིགས་ལ། ཤིང་ སྣ་ཚོགས་ཀྱིས་མཛེས་པར་བྱས་པ་ངང་པ་དང། ཁྲུང་ཁྲུང་དང། རྨ་བྱ་དང། ནེ་ཙོ་དང། རི་སྐེགས་དང། ཁུ་བྱུག་རྣམས་སྐད་འབྱིན་པ། མེ་ཏོག་དང། འབྲས་བུ་སྣ་ཚོགས་ཀྱིས་མཛེས་པར་ བྱས་པ་ཡིན་ནོ། །ཇི་ཙམ་ན་དེད་དཔོན་འབྱོར་པ་རྒྱ་ཆེན་པོ་དང་ལྡན་པ་ཞིག་གཙུག་ལག་ཁང་དེར་དགོངས་བཏབ་པ་ལས། དེས་གཙུག་ལག་ཁང་དེ་མཛེས་པ་དང། ཉེ་བའི་ཚལ་མཛེས་ པ་དག་མཐོང་ནས་མངོན་པར་དད་པར་གྱུར་ཏེ། དགེ་སློང་གི་དགེ་འདུན་མ་མཐོང་ཡང་དེའི་ཆེད་དུ་རྙེད་པ་ཕལ་མོ་ཆེ་ཞིག་བསྐུར་ནས་དེ་ནང་པར་སྔར་ལངས་ཏེ་སོང་ངོ། །དགེ་སློང་དེ། འཛེམ་ བག་ཅན་ཞིག་པས། རྙེད་པ་འདི་ནི། དགེ་འདུན་གྱི་ཡིན་ནོ། །ཞེས་འགྱོད་པས་མ་བླངས་པར་བགོ་བའི་ཕྱིར་དགེ་སློང་རྣམས་ཚོལ་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ [143B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དགེ་སློང་གིས་བའི་ལྕི་བའི་ཁང་པར་དབྱར་གནས་པར་དམ་བཅས་པར་གྱུར་ཀྱང་དེར་གལ་ཏེ་བྲམ་ཟེ་དང། ཁྱིམ་ བདག་རྣམས་ཀྱིས་དགེ་འདུན་གྱི་ཆེད་དུ་རྙེད་པ་ཉུང་ངུའམ། ཕལ་མོ་ཆེར་ཕུལ་ན། དེ་ན་གནས་པ་གཅིག་གམ། གཉིས་སམ། རབ་ཏུ་མང་པོ་གང་ཡིན་པ་དེ་རྣམས་ཁོ་ནའི་སྟེ། དེ་ལ་འགྱོད་པར་ མི་བྱའོ། །སྡོམ་ལ། བྱེ་བ་རྣམས་ལ་སྐལ་བ་ནི། །སྦྱིན་དང་དྲང་སྲོང་རྒྱུ་བ་ལས། །དགེ་འདུན་དང་ནི་ཆོས་གོས་ཀྱི། །རྙེད་པ་བརྒྱད་དུ་བྱ་བའོ། །གླེང་གཞི་ནི། མཉན་ཡོད་ནའོ། །སངས་རྒྱས་བཅོམ་ ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་འདུན་བྱེ་བར་གྱུར་ན། རྙེད་པ་སྩལ་བར་བྒྱིའམ། མི་སྩལ་བར་བགྱི། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཉེ་བར་འཁོར། ཁ་ཅིག་ལ་ནི། སྦྱིན་ནོ། །ཁ་ཅིག་ལ་ནི། མི་སྦྱིན་ནོ། །གང་ལ་སྩལ་བར་བགྱི། ཆོས་དང་མཐུན་པའི་ཕྱོགས་ལའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་ སློང་གིས་བསླབ་པ་ཕུལ་ཏེ་ཉམས་པར་གྱུར་ན། རྙེད་པ་སྩལ་བར་བྒྱིའམ། མི་སྩལ་བར་བགྱི། ཉེ་བར་འཁོར། ཁ་ཅིག་ལ་ནི། སྦྱིན་ནོ། །ཁ་ཅིག་ལ་ནི། མི་སྦྱིན་ནོ། །གང་ལ་སྩལ་བར་བགྱི་ གང་ཡུན་རིང་དུ་གནས་པ་ལའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་གུམ་པར་གྱུར་ན། རྙེད་པ་སྩལ་བར་བྒྱིའམ། རྙེད་པ་སྩལ་བར་མི་བགྱི། ཉེ་བར་འཁོར། ཁ་ཅིག་ལ་ནི། སྦྱིན་ [144A]༄༅། །ནོ༑ ༑ཁ་ཅིག་ལ་ནི། མི་སྦྱིན་ནོ། །གང་ལ་སྩལ་བར་བགྱི། །གང་ཡུན་རིང་དུ་གནས་པ་ལའོ། །རི་བོར་ཞིག་ན་ཁྱིམ་བདག་ཅིག་ཡོད་པ་དེས། ཡོ་བྱད་ཐམས་ ཅད་དང་ལྡན་པའི་གཙུག་ལག་ཁང་ཞིག་བརྩིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལྗོངས་རྒྱུ་ཞིང་སོང་བ་ལས། གཙུག་ལག་ཁང་དེར་ཕྱིན་པ་དང། ཁྱིམ་བདག་དེས་ཟས་བྱིན་ནས་རས་ ཡུག་ལྔ་བརྒྱ་བྱིན་པ་དང། དེས་རས་ཡུག་ལྔ་བརྒྱ་པོ་དེ་རྣམས་གཙུག་ལག་ཁང་དེ་ཉིད་དུ་ཕུལ་ནས་སོང་ངོ། །ཇི་ཙམ་ན་དེའི་ལྷན་ཅིག་གནས་པ་དྲང་སྲོང་ལེན་དང། དྲང་སྲོང་བྱིན་གཉིས་ ལྗོངས་རྒྱུ་ཞིང་དོང་བ་ལས། རི་བོར་དེ་ཉིད་དུ་ཕྱིན་ནས་ཁྱིམ་བདག་དེས་དེ་གཉིས་ལའང་ཟན་བྱིན་ནས་རས་ཡུག་ལྔ་བརྒྱ་བྱིན་ནོ་།དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ ཀྱི་མཁན་པོས་ཁྱིམ་བདག་དེ་ལ་རས་ཡུག་ལྔ་བརྒྱ་ཐོབ་པ་དེ་རྣམས་བདག་ཅག་ཁོ་ན་ལ་བགོས་ཀྱི། དེ་རིང་གི་རྙེད་པ་འདི་རྣམས་བདག་ཅག་ཁོ་ནས་ཐོབ་པར་འགྱུར་རོ། །དེ་གཉིས་ཀྱིས་སྨྲས་ པ༑ མཁན་པོ་ནི། བསོད་ནམས་ཆེ་བ། ཤེས་རབ་དང་ལྡན་པ་ཡིན་ཏེ་དེས་ལན་འགའ་ཁྱེད་ཅག་ལ་བྱིན་པར་ཟད་དོ། །དེ་རྣམས་ཀྱིས་སླར་ལན་གླན་པར་བརྩམས་པའི་སྐབས་དེ། དགེ་ སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྙེད་པ་བརྒྱད་པོ་འདི་དག་སྟེ། བརྒྱད་གང་ཞེ་ན། མཚམས་ཀྱིས་ཐོབ་པའི་ [144B] ཁྲིམས་ཀྱིས་ཐོབ་པའི་རྙེད་པ་དང། རྟེན་གྱིས་རྙེད་པ་དང། དགེ་འདུན་གྱིར་བརྟགས་པ་དང། དགེ་སློང་གིར་བརྟགས་པ་དང། དབྱར་གྱི་དང། མངོན་སུམ་དང། སོ་སོར་བསྟན་པའོ། ། མཚམས་ཀྱིས་ཐོབ་པའི་རྙེད་པ་གང་ཞེ་ན། འདི་ལྟ་སྟེ། གནས་གཉིས་ལ་གསོ་སྦྱོང་གཅིག་པ་སྟེ། གཙུག་ལག་ཁང་དེ་གཉིས་ཀྱི་རྙེད་པ་གང་ཡིན་པ་དེ་ནི། གཙུག་ལག་ཁང་དེ་གཉིས་ཀའི་གཉུག་ མར་གནས་པའི་དགེ་སློང་རྣམས་ཀྱི་ཡིན་ནོ། །དེ་ལ་གཉུག་མར་གནས་པའི་དགེ་སློང་རྣམས་ཀྱིས་བརྒྱ་ལ་གསོ་སྦྱོང་ཐ་དད་པར་དམ་བཅས་ན། དེ་ལ་རྙེད་པ་གྲུབ་པ་གང་ཡིན་པ་དེ་ནི། གཙུག་ ལག་ཁང་དེ་ཉིད་དུ་སྦྱིན་ནོ། །གསོ་སྦྱོང་ཐ་དད་པ་ཉིད་ཀྱིས་དེའི་གཉུང་མར་གནས་པའི་དགེ་སློང་རྣམས་ཀྱི་ལོངས་སྤྱོད་པར་བྱ་སྟེ། འདི་ནི། མཚམས་ཀྱིས་ཐོབ་པའི་རྙེད་པ་ཞེས་བྱའོ། །ཁྲིམས་ ཀྱིས་ཐོབ་པའི་རྙེད་པ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་རྣམས་ཀྱིས་འདི་ལྟ་བུའི་ཁྲིམས་སུ་བཅའ་བ། ཁྱེད་ཀྱི་ནི། ཁྱིམ་ཆེ་གེ་མོ་ཞིག་གོ། ཁོ་བོ་ཅག་གི་ནི། ཁྱིམ་ཆེ་གེ་མོ་ཞིག་གོ་ལམ་པོ་ཆེ་ དང། ཚོང་འདུས་དང། བཞི་མདོ་དང། སུམ་མདོ་ནི། སྤྱིའི་ཡིན་ནོ་།ཞེས་བྱ་བ་ནས་དབྱར་གནས་པར་དམ་བཅས་པ་ལས། གལ་ཏེ་བྲམ་ཟེ་དང་ཁྱིམ་བདག་དེ་རྣམས་ཀྱིས་དམ་བཅས་པ་རྣམས་ ཀྱི་གནས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། དམ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། དམ་མ་བཅས་པ་རྣམས་ལ་ཆུ་དྲངས་ན། རྙེད་པ་གང་དབང་ [145A]༄༅། །བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། དམ་ བཅས་པ་རྣམས་ལ་ཆུ་དྲངས་ལ། དམ་མ་བཅས་པ་རྣམས་ལ་རྙེད་པར་ཕུལ་ན། རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་པ་ཁོ་ནའོ།། །།འདུལ་བ་གཞི་ བམ་པོ་རེ་ལྔ་པ། དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། དམ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། དམ་མ་བཅས་པ་ ཉིད་ལ་ཆུ་དྲངས་ན། རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་ བྱིན་ནས་རྒན་པའི་མཐར་རྙེད་པ་ཕུལ་ལ། དམ་བཅས་པ་རྣམས་ལ་ཆུ་དྲངས་ན། རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་ བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། དམ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། རྒན་པའི་མཐར་ཆུ་དྲངས་ན་རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་ པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། རྒན་པའི་མཐར་རྙེད་པ་ཕུལ་ལ། དམ་མ་བཅས་པ་རྣམས་ [145B] རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་ རྒན་པའི་མཐར་འདུག་ལ། དམ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ་དམ་མ་བཅས་པ་རྣམས་ལ་ཆུ་དྲངས་ན། རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ལ་ཁོ་ནའོ། །དམ་བཅས་པ་ རྣམས་ཀྱི་གནས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། དམ་མ་བཅས་རྣམས་ལ་རྙེད་པ་ཕུལ་ལ། རྒན་པའི་མཐར་ཆུ་དྲངས་ན། རྙེད་པ་གང་དབང་བར་འགྱུར་ ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། རྒན་པའི་མཐར་རྙེད་པ་ཕུལ་ལ། རྒན་པའི་མཐར་ ཆུ་དྲངས་ན། རྙེད་པ་གང་དབང་བར་འགྱུར་ཞེ་ན། དམ་བཅས་པ་རྣམས་ཁོ་ནའོ། །ཇི་ལྟར་དམ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་ ཞེས་བྱ་བ་རྣམ་གྲངས་དགུ་ཡིན་པ་དེ་བཞིན་དུ་དམ་མ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་ཞེས་བྱ་བ་རྣམ་གྲངས་དགུའོ། །གལ་ཏེ་བྲམ་ཟེ་དང། ཁྱིམ་ བདག་དེ་རྣམས་ཀྱིས་ལམ་པོ་ཆེ་དང། ཚོང་འདུས་དང། བཞི་མདོ་དང། སུམ་མདོ་རྣམས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། དམ་བཅས་པ་རྣམས་ [146A]༄༅། །ལ་རྙེད་པ་ཕུལ་ལ། དམ་བཅས་པ་རྣམས་ཁོ་ན་ལ་ཆུ་དྲངས་ན། རྙེད་པ་གང་དབང་བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང། ཚོང་འདུས་དང། བཞི་མདོ་དང་ སུམ་མདོ་རྣམས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ལ་ཟན་བྱིན་ནས། དམ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། དམ་མ་བཅས་པ་རྣམས་ལ་ཆུ་དྲངས་ན། རྙེད་པ་གང་ དབང་བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང། ཚོང་འདུས་དང། བཞི་མདོ་དང། སུམ་མདོ་རྣམས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། དམ་ མ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། དམ་བཅས་པ་རྣམས་ལ་ཆུ་དྲངས་ན། རྙེད་པ་གང་དབང་བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང། ཚོང་འདུས་དང། བཞི་མདོ་དང། སུམ་མདོ་རྣམས་ སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། དམ་མ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། དམ་བཅས་པ་རྣམས་ཁོ་ན་ལ་ཆུ་དྲངས་ན། རྙེད་པ་གང་དབང་བར་འགྱུར་ ཞེ་ན། གཉི་གའོ། །ལམ་པོ་ཆེ་དང། ཚོང་འདུས་དང། བཞི་མདོ་དང། སུམ་མདོ་རྣམས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། རྒན་པའི་མཐར་རྙེད་པ་ ཕུལ་ལ། དམ་བཅས་པ་རྣམས་ལ་ཆུ་དྲངས་ན། རྙེད་པ་གང་དབང་བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང། ཚོང་འདུས་དང་བཞི་མདོ་དང། སུམ་མདོ་རྣམས་སུ་དམ་བཅས་པ་དང་ [146B] དམ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། རྒན་པའི་མཐར་ཆུ་དྲངས་ན་རྙེད་པ་གང་དབང་བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང། ཚོང་ འདུས་དང། བཞི་མདོ་དང། སུམ་མདོ་རྣམས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས། རྒན་པའི་མཐའ་ལོགས་སུ་རྙེད་པ་ཕུལ་ལ། དམ་མ་བཅས་པ་རྣམས་ལ་ཆུ་ དྲངས་ན། རྙེད་པ་གང་དབང་བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང། ཚོང་འདུས་དང། བཞི་མདོ་དང། སུམ་མདོ་རྣམས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ ཟན་བྱིན་ནས་དམ་མ་བཅས་པ་རྣམས་ལ་རྙེད་པ་ཕུལ་ལ། རྒན་པའི་མཐར་ཆུ་དྲངས་ན། རྙེད་པ་གང་དབང་བར་འགྱུར་ཞེ་ན། གཉི་གའོ། །ལམ་པོ་ཆེ་དང། ཚོང་འདུས་དང། བཞི་མདོ་དང། སུམ་མདོ་ རྣམས་སུ་དམ་བཅས་པ་དང། དམ་མ་བཅས་པའི་དགེ་སློང་རྣམས་ཟན་བྱིན་ནས་རྒན་པའི་མཐར་རྙེད་པ་ཕུལ་ལ། རྒན་པའི་མཐའ་ཉིད་དུ་ཆུ་དྲངས་ན། རྙེད་པ་གང་དབང་བར་འགྱུར་ཞེ་ན་ གཉི་གའོ། །ཇི་ལྟར་དམ་བཅས་པ་རྣམས་ལ་རྣམ་པ་དགུ་ཡིན་པ་དེ་བཞིན་དུ་དམ་མ་བཅས་པ་རྣམས་ལ་ཡང་བརྗོད་པར་བྱ་སྟེ། འདི་ནི་ཁྲིམས་ཀྱིས་ཐོབ་པའི་རྙེད་པ་ཞེས་བྱའོ། །རྟེན་གྱིས་རྙེད་ པ་གང་ཞེ་ན། དགེ་སློང་སྐྱེས་པའམ། བུད་མེད་དམ། མ་ནིང་གང་ལ་བརྟེན་ཏེ་དབྱར་གནས་པར་དམ་བཅས་པ་དེས་རྙེད་པ་བྱིན་པ་གང་ཡིན་པ་དེ་ནི། དེ་ཁོ་ནའི་ཡིན་ཏེ། འདི་ནི། རྟེན་གྱིས་ཐོབ་ [147A]༄༅། །པའི་རྙེད་པ་ཞེས་བྱའོ། །དགེ་འདུན་གྱིར་བརྟགས་པའི་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག་ངེས་ལ་དམིགས་ཀྱིས་ཕྱེ་བ་སྟེ། འདི་ནི། དགེ་འདུན་གྱིར་བརྟགས་ པའི་རྙེད་པ་ཞེས་བྱའོ། །དགེ་སློང་གིར་བརྟགས་པའི་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག་ངེས་ལ་དམིགས་ཀྱིས་ཕྱེ་ནས་གནས་ཁང་པའི་འོ། །ཡང་ཐོག་པའི་འོ། །ཁང་པ་བརྩེགས་པའི་འོ། ། ཞེས་བརྟགས་པ་ནི། དེ་ན་དགེ་སློང་གནས་པ་གང་ཡིན་པ་དེ་ཁོ་ནའི་སྟེ། འདི་ནི། དགེ་སློང་གིར་བརྟགས་པའི་རྙེད་པ་ཞེས་བྱའོ་།དབྱར་གྱི་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག་དབྱར་གནས་ པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་བདག་རྣམས་ཀྱིས་བཅས་པ་སྟེ་འདི་ནི། དབྱར་གྱི་རྙེད་པ་ཞེས་བྱའོ། །མངོན་སུམ་གྱི་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག་མ་ངེས་ལ་དམིགས་ཀྱིས་མ་ ཕྱེ་བ་སྟེ། འདི་ནི། མངོན་སུམ་གྱི་རྙེད་པ་ཞེས་བྱའོ། །སོ་སོར་བསྟན་པའི་རྙེད་པ་གང་ཞེ་ན། རྙེད་པ་གང་ཞིག་བལྟམས་པ་དང། བྱང་ཆུབ་པ་དང། ཆོས་ཀྱི་འཁོར་ལོ་དང། ཡོངས་སུ་མྱ་ངན་ ལས་འདས་པ་ལ་ཕུལ་བ་སྟེ། གལ་ཏེ་མཆོད་རྟེན་ཆེན་པོ་བཞིར་འཁྱེར་མི་ནུས་ན། མཆོད་རྟེན་གཅིག་ཁོ་ན་ལ་དབུལ་གྱི། གཞན་ལ་ནི་མ་ཡིན་པ་སྟེ། འདི་ནི། སོ་སོར་བསྟན་པའི་རྙེད་པ་ ཞེས་བྱའོ། །སྡོམ་ལ། གནས་ནས་ཕྱུང་དང་ཤི་བ་དང། བགོ་བ་དང་ནི་བསྲེ་བ་དང། །གནས་ནས་ཕྱུང་དང་དགེ་ཚུལ་དང་།དབྱུང་བ་གསོལ་དང་ཤི་བའོ། །གླེང་གཞི་ནི། མཉན་ཡོད་ [147B] །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། འདི་ལྟར། གནས་གཅིག་ན་གནས་ནས་ཕྱུང་བ་རབ་ཏུ་མང་པོ་དང། རང་བཞིན་དུ་གནས་པ་རབ་ཏུ་མང་པོ་ མཆིས་པ་ལ། དེ་རྣམས་ལས་གནས་ནས་ཕྱུང་བ་ཞིག་གུམ་པ་དེའི་ཡོ་བྱད་གང་དབང་བར་འགྱུར་ལགས། ཉེ་བར་འཁོར། རང་བཞིན་དུ་གནས་པ་རྣམས་སོ། །བཙུན་པ། གནས་ནས་ཕྱུང་བ་ནི། གཉིས་ མཆིས་ལ། རང་བཞིན་དུ་གནས་པ་ནི། རབ་ཏུ་མང་པོ་ལགས་ན། གནས་ནས་ཕྱུང་བ་ཞིག་གུམ་ན། དེའི་ཡོ་བྱད་གང་དབང་བར་འགྱུར་ལགས། རང་བཞིན་དུ་གནས་པ་རྣམས་ཁོ་ནའོ། །གནས་ནས་ ཕྱུང་བ་ནི། རབ་ཏུ་མང་པོ་ཞིག་མཆིས་ལ། རང་བཞིན་དུ་གནས་པ་ནི། ཉུང་བ་ལས། གནས་ནས་ཕྱུང་བ་ཞིག་གུམ་ལགས་ན། རྙེད་པ་གང་དབང་བར་འགྱུར་ལགས། རང་བཞིན་དུ་གནས་པ་རྣམས་ ཁོ་ནའོ། །བཙུན་པ། འདི་ལྟར། གནས་གཅིག་ན་གནས་ནས་ཕྱུང་བ་རབ་ཏུ་མང་པོ་དང། རང་བཞིན་དུ་གནས་པ་རབ་ཏུ་མང་པོ་མཆིས་པ་ལ། དེ་རྣམས་ལས་རང་བཞིན་དུ་གནས་པ་ཞིག་གུམ་ལགས་ ན། རྙེད་པ་གང་དབང་བར་འགྱུར་ལགས། རང་བཞིན་དུ་གནས་པ་རྣམས་སོ། །གནས་ནས་ཕྱུང་བ་རབ་ཏུ་མང་པོ་ཞིག་མཆིས་ལ། རང་བཞིན་དུ་གནས་པ་གཉིས་མཆིས་པ་ལས། རང་བཞིན་དུ་གནས་པ་ ཞིག་གུམ་ལགས་ན། གུམ་པ་དེའི་ཡོ་བྱད་གང་དབང་བར་འགྱུར་ལགས་རང་བཞིན་དུ་གནས་པ་གཅིག་ཤོས་སོ། །གནས་ནས་ཕྱུང་བ་ནི། རབ་ཏུ་མང་ལ། རང་བཞིན་དུ་གནས་པ་ནི། གཅིག་ [148A]༄༅། །མཆིས་པ་གུམ་ན། རྙེད་པ་གང་དབང་བར་འགྱུར་ལགས་གནས་ནས་ཕྱུང་བ་རྣམས་ལས་ཐོག་མར་སྡིག་པའི་ལྟ་བར་སོང་བ་སྤངས་པ་གང་ཡིན་པའོ། །དམ་བཅས་པ་ རྣམས་ཀྱི་གནས་སུ་དམ་མ་བཅས་པའི་དགེ་ཚུལ་འོངས་ནས་ཤི་ན། དམ་བཅས་པ་རྣམས་ཀྱིས་དམ་མ་བཅས་པ་རྣམས་ལ། ཁྱེད་ཀྱི་དགེ་ཚུལ་ཤི་ཡི། དེའི་ཆོས་གོས་དང་ལྷུང་བཟེད་ལོངས་ཤིག་ཅེས་ ཕོ་ཉ་གཏང་བར་བྱའོ། །དམ་བཅས་པ་རྣམས་འགེད་པར་བྱེད་ན། མ་བགོས་པ། ཉེས་པར་བགོས་པ་ཡིན་ནོ། །དམ་མ་བཅས་པ་འགེད་པར་བྱེད་ན། བགོས་པ། ལེགས་པར་བགོས་པ་ཡིན་ནོ། །བསྲེས་ ནས་བགེད་པར་བྱེད་ན། མ་བགོས་པ། ཉེས་པར་བགོས་པ་ཡིན་ནོ་།ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་བསྔོ་བར་བྱེད་ན། ལེགས་པར་བསྔོས་པ་ཡིན་ནོ། །དམ་བཅས་པ་རྣམས་ཀྱི་གནས་སུ་ དམ་མ་བཅས་པའི་དགེ་ཚུལ་འོངས་ནས་འདི་སྐད་ཅེས། ཚེ་དང་ལྡན་པ་དག། བདག་དྲང་དུ་གསོལ། དམ་བཅའ་བར་བགྱིའོ། །ཞེས་སྨྲ་བ་ལས། དེ་ཡང་མ་བྱུང་བར་ཤི་ནས་དམ་བཅས་པ་རྣམས་ཀྱིས་ དམ་མ་བཅས་པ་རྣམས་ལ། ཁྱེད་ཀྱི་དགེ་ཚུལ་ཤི་ཡི། དེའི་ཆོས་གོས་དང་ལྷུང་བཟེད་ལོངས་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །དམ་བཅས་པ་རྣམས་འགེད་པར་བྱེད་ན། མ་བགོས་པ། ཉེས་པར་ བགོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན། བགོས་པ་ལེགས་པར་བགོས་པ་ཡིན་ནོ། །བསྲེས་ཏེ་འགེད་པར་བྱེད་ན། མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་ [148B] ལེགས་པར་བསྔོས་པ་ཡིན་ནོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་མ་བཅས་པའི་དགེ་སློང་ཞིག་འོངས་ནས་ཤི་ན། དམ་བཅས་པ་རྣམས་ཀྱིས་ དམ་མ་བཅས་པ་རྣམས་ལ། ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཤི་ཡི། དེའི་ལྷུང་བཟེད་དང་ཆོས་གོས་ལོངས་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །ཁས་བླངས་པ་རྣམས་འགེད་པར་བྱེད་ན། མ་བགོས་ པ༑ ཉེས་པར་བགོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན། བགོས་པ། ལེགས་པར་བགོས་པ་ཡིན་ནོ། །བསྲེས་ཏེ་འགེད་པར་བྱེད་ན་མ་བགོས་པ། ཉེས་པར་བགོས་པ་ཡིན་ནོ།། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་བསྔོ་བར་བྱེད་ན། ལེགས་པར་བསྔོས་པ་ཡིན་ནོ། །དམ་བཅས་པ་རྣམས་ཀྱི་གནས་སུ་དམ་མ་བཅས་པའི་དགེ་སློང་འོངས་ནས་འདི་སྐད་ཅེས། ཚེ་དང་ལྡན་ པ་དག། བདག་དྲང་དུ་གསོལ། དམ་བཅའ་བར་བགྱིའོ། །ཞེས་ཟེར་བ་ལས། དེ་ཡང་མ་བྱུང་བ་ཉིད་དུ་ཤི་ན། དམ་བཅས་པ་རྣམས་ཀྱིས་དམ་མ་བཅས་པ་རྣམས་ལ། ཁྱེད་ཀྱི་ཚངས་པ་མཚུངས་པར་ སྤྱོད་པ་ཤི་ཡི། དེའི་ལྷུང་བཟེད་དང་ཆོས་གོས་ལོངས་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །ཁས་བླངས་པ་རྣམས་འགེད་པར་བྱེད་ན། མ་བགོས་པ། ཉེས་པར་བགོས་པ་ཡིན་ནོ། །དམ་མ་བཅས་པ་ རྣམས་འགེད་པར་བྱེད་ན། བགོས་པ། ལེགས་པར་བགོས་པ་ཡིན་ནོ། །བསྲེས་ནས་འགེད་པར་བྱས་ན། མ་བགོས་པ། ཉེས་པར་བགོས་པ་ཡིན་ནོ་།ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ [149A]༄༅། །བསྔོ་བར་བྱེད་ན། ལེགས་པར་བསྔོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པའི་དགེ་ཚུལ་འོངས་ནས་ཤི་ན། དམ་མ་བཅས་པ་རྣམས་ཀྱིས་དམ་ བཅས་པ་རྣམས་ལ། ཁྱེད་ཀྱི་དགེ་ཚུལ་ཤི་ཡི། དེའི་ལྷུང་བཟེད་དང་ཆོས་གོས་ལོངས་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན། མ་བགོས་པ། ཉེས་པར་ བགོས་པ་ཡིན་ནོ། །དམ་བཅས་པ་རྣམས་འགེད་པར་བྱེད་ན། བགོས་པ་ལེགས་པར་བགོས་པ་ཡིན་ནོ། །བསྲེས་ཏེ་འགེད་པར་བྱེད་ན། མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་ བཞིའི་དགེ་སློང་གི་དགེ་འདུན་ལ་བསྔོ་བར་བྱེད་ན། ལེགས་པར་བསྔོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པའི་དགེ་ཚུལ་འོངས་ནས་འདི་སྐད་ཅེས། ཚེ་དང་ལྡན་ པ་དག། བདག་དྲང་དུ་གསོལ། དམ་མ་བཅས་པར་བགྱིའོ། །ཞེས་ཟེར་བ་ལས། དེ་ཡང་མ་བྱུང་བར་ཤི་ན། དམ་མ་བཅས་པ་རྣམས་ཀྱིས་དམ་བཅས་པ་རྣམས་ལ། ཁྱེད་ཀྱི་དགེ་ཚུལ་ཤི་ ཡི༑ དེའི་ལྷུང་བཟེད་དང་ཆོས་གོས་ལོངས་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན། མ་བགོས་པ་ཉེས་པར་བགོས་པ་ཡིན་ནོ། །དམ་བཅས་པ་རྣམས་འགེད་ པར་བྱེད་ན། བགོས་པ། ལེགས་པར་བགོས་པ་ཡིན་ནོ། །བསྲེས་ཏེ་འགེད་པར་བྱེད་ན། མ་བགོས་པ། ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་བསྔོ་བར་བྱེད་ [149B] ལེགས་པར་བསྔོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པའི་དགེ་སློང་འོངས་ཏེ་ཤི་ན། དམ་མ་བཅས་པ་རྣམས་ཀྱིས་དམ་བཅས་པ་རྣམས་ལ། ཁྱེད་ཀྱི་ཚངས་པ་མཚུངས་པར་ སྤྱོད་པ་ཤི་ཡི། དེའི་ལྷུང་བཟེད་དང་ཆོས་གོས་ལོངས་ཤིག་ཅེས་ཕོ་ཉ་གཏང་བར་བྱའོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན། མ་བགོས་པ། ཉེས་པར་བགོས་པ་ཡིན་ནོ། །དམ་བཅས་པ་རྣམས་ འགེད་པར་བྱེད་ན། བགོས་པ། ལེགས་པར་བགོས་པ་ཡིན་ནོ། །བསྲེས་ཏེ་འགེད་པར་བྱེད་ན། མ་བགོས་པ། ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་བསྔོ་བར་བྱེད་ན་ ལེགས་པར་བསྔོས་པ་ཡིན་ནོ། །དམ་མ་བཅས་པ་རྣམས་ཀྱི་གནས་སུ་དམ་བཅས་པའི་དགེ་སློང་འོངས་ནས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་བདག་དྲང་དུ་གསོལ། དམ་མ་བཅས་པར་བགྱིའོ།། ཞེས་སྨྲས་པ་ལས། དེ་ཡང་མ་བྱུང་བར་ཤི་ན། དམ་མ་བཅས་པ་རྣམས་ཀྱིས་དམ་བཅས་པ་རྣམས་ལ། ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཤི་ཡི། དེའི་ལྷུང་བཟེད་དང་ཆོས་གོས་ལོངས་ཤིག་ཅེས་ཕོ་ ཉ་གཏང་བར་བྱའོ། །དམ་མ་བཅས་པ་རྣམས་འགེད་པར་བྱེད་ན། མ་བགོས་པ། ཉེས་པར་བགོས་པ་ཡིན་ནོ། །དམ་བཅས་པ་རྣམས་འགེད་པར་བྱེད་ན། བགོས་པ། ལེགས་པར་བགོས་པ་ཡིན་ནོ། །བསྲེས་ ཏེ་འགེད་པར་བྱེད་ན། མ་བགོས་པ། ཉེས་པར་བགོས་པ་ཡིན་ནོ། །ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་བསྔོ་བར་བྱེད་ན། ལེགས་པར་བསྔོས་པ་ཡིན་ནོ། །སྡོམ་ནི། ཉེ་དགའ་དང་ནི་བྱིན་གྱིས་བརླབས།། [150A]༄༅། །བར་མ་སྦྱིན་དང་བླང་བྱ་དང། །བདག་ཤི་སྦྱིན་པ་མེད་པ་དང། །སྤང་བ་དང་ནི་མི་གསུམ་མོ། །གླེང་གཞི་ནི། མཉན་ཡོད་ནའོ། །ཉེ་དགའི་སྤྱི་བོར་ཕོལ་མིག་ཅིག་བྱུང་ ནས་དེ་སྨན་པའི་གན་དུ་སོང་ནས་བཞིན་བཟང། ཁོ་བོ་ལ་སྨན་སྟོན་ཅིག། དེས་སྨྲས་པ། འཕགས་པ། མར་ཁུ་གསོལ་ཅིག་དང་སོས་པར་འགྱུར་རོ། །ཉེ་དགས་བསམ་པ། གལ་ཏེ་དེ་རིང་ ཁོ་ན་འཐུངས་ནས་དེ་རིང་ཉིད་དུ་སོས་པར་གྱུར་ན། སང་མར་དང་གོས་བསླང་བ་ཇི་ལྟར་རུང་བར་འགྱུར་གྱི། རེ་ཞིག་བསླངས་ལ་ཕྱི་ནས་བཏུང་བར་བྱའོ། །སྙམ་དུ་ཤེས་ནས། བསོད་ནམས་ ཆེན་པོ་དང་ལྡན་པ་དེས། ལྷན་ཅིག་གནས་པ་རྣམས་ཀུན་དུ་མངགས་པ་དང་དེ་རྣམས་ཀྱིས་མར་གྱི་བུམ་པ་དང། རྨ་གཡོགས་པའི་གོས་ཕལ་མོ་ཆེ་བསླངས་སོ། །ཕྱི་དེ་ཉིན་པར་སྨན་ པས་དྲིས་པ། འཕགས་པ། ཁྱོད་སྙུན་གདངས་སམ། ཁྱོད་ཀྱིས་མར་གསོལ་ཏམ། བཞིན་བཟང། མ་འཐུངས་སོ། །འཕགས་པ། མ་ལེགས་པ་ཞིག་བགྱིས་ཀྱི། དེང་ཉིས་འགྱུར་དུ་གསོལ་ ཅིག། དེས་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ལ་སྨྲས་པ། སྨན་པས་ཇི་སྐད་སྨྲས་པ་ཐོས་སམ། མཁན་པོ། །ཐོས་པ་ལགས་སོ། །ཁོ་བོའི་ནད་འདི་ནི། ཆེར་སྐྱེས་པར་གྱུར་ཏེ། མར་ དང་རྨ་གཡོགས་པའི་གོས་མང་དུ་དགོས་ཀྱི། སློངས་ཤིག། དེ་རྣམས་ཀྱིས་མར་དང་གོས་ཕལ་མོ་ཆེ་བསླངས་སོ། །དེ་སང་གི་ཐབས་ལ་ཆགས་པར་གྱུར་པས། ཉི་མ་དེ་ལ་ཡང་མ་འཐུངས་ [150B] དེའི་ནད་རབ་ཏུ་སྐྱེས་པར་གྱུར་ཏོ། །ཇི་ཙམ་ན་ཡང་སྨན་པ་འོངས་ནས་དྲིས་པ། འཕགས་པ། མར་གསོལ་ཏམ། བཞིན་བཟང་མ་འཐུངས་སོ། །འཕགས་པ། མ་ལེགས་པ་ཞིག་བགྱིས་ སོ༑ ༑དེས་སྨྲས་པ། བཞིན་བཟང། དེ་རིང་ནི། སུམ་འགྱུར་དུ་བཏུང་ངོ། །སྨན་པས་སྨྲས་པ། འཕགས་པ། གལ་ཏེ་མར་གྱི་སྒྲོམ་གྱི་ནང་དུ་ནུབ་པར་ཞུགས་ཀྱང་ད་ནི་ཁྱོད་ལ་སྲོག་མ་མཆིས་སོ།། དེས་སྨྲས་པ། གཤིན་རྗེའི་གཡོག་འདྲ་བ་ཁྱོད་ཀྱི་མགུལ་པ་རྡོག་པས་མནན་ལ་མར་འཐུངས་དང་སོས་པར་འགྱུར་རོ། །སྨན་པ་དེས། འཇལ་ཏོ། །ཞེས་བྱས་ནས་ཁྲོས་ཏེ་སོང་ངོ། །དེ་ནས་ཉེ་དགས་ མར་ཁུས་ལྷུང་བཟེད་བཀང་སྟེ་འཐུངས་པ་ལས། མ་ཞུ་ནས་ཤིའོ་།དེ་ལ་གསེར་མང་དུ་ཡོད་དེ། ཆ་གཅིག་ནི། ཆོས་གོས་ལས་སོ། །ཆ་གཉིས་པ་ནི། ནད་ཀྱི་རྐྱེན་སྨན་ལས་སོ། །ཆ་གསུམ་པ་ནི་ བརྡུང་དུ་བྱས་པ་དང་མ་བྱས་པ་ལས་ཏེ། གསེར་སྲང་སུམ་ཁྲི་བྱུང་ངོ། །ཞེས་བློན་པོ་རྣམས་ཀྱིས་ཐོས་ནས་རྒྱལ་པོ་ལ་སྨྲས་པ། ལྷ། འཕགས་པ་ཉེ་དགའ་གུམ་པ་ལས། དེ་ལ་གསེར་མང་དུ་བྱུང་ སྟེ༑ གསེར་སྲང་སུམ་ཁྲི་མཆིས་ཀྱི། དེ་ལ་བཀའ་སྩལ་བའི་རིགས་སོ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་དེངས་ལ་དེའི་གནས་ཁང་རྒྱས་ཐོབ་ཅིག། དགེ་སློང་རྣམས་དེ་ཁྱེར་ཏེ་སྲེག་ཏུ་དོང་ ངོ༑ ༑དེ་རྣམས་ཀྱང་ལྷགས་ནས་གནས་ཁང་རྒྱས་བཏབ་བོ། །དགེ་སློང་རྣམས་ཀྱིས་དེ་དུར་ཁྲོད་དུ་བསྲེགས་ནས་གཙུག་ལག་ཁང་དུ་འོངས་པ་ན། གནས་ཁང་རྒྱལ་པོའི་རྒྱས་བཏབ་པ་མཐོང་ [151A]༄༅། །ནས་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་ དགའ་བོ། ཁྱོད་སོང་ལ་ངའི་ཚིག་གིས་རྒྱལ་པོ་གསལ་རྒྱལ་ལ་ནད་མེད་པར་གྱུར་ཅིག་ཅེས་བྱོས་ལ། འདི་སྐད་ཅེས། རྒྱལ་པོ་ཆེན་པོ་གང་གི་ཚེ་ཁྱོད་རྒྱལ་པོའི་བྱ་བ་བྱེད་པ་དེའི་ཚེ་ཁྱོད་ཀྱིས་ དགེ་སློང་ཉེ་དགའ་ལ་བལྟས་སམ། འོན་ཏེ་གང་གི་ཚེ་ཁྱོད་བག་མ་གཏོང་བའམ། བག་མ་ལེན་པ་དེའི་ཚེ་ཉེ་དགའ་ལ་ལན་འགའ་ཁྱོད་ཀྱིས་ཇི་སྲིད་འཚོ་བའི་ཆོས་གོས་དང། བསོད་སྙོམས་དང་ གནས་མལ་དང། ན་བའི་རྐྱེན་རྩི་དང། ཡོ་བྱད་རྣམས་ཀྱིས་བསྟབས་སམ། འོན་ཏེ་ན་བ་ལ་རིམ་གྲོ་བྱས་སམ་ཞེས་གྱིས་ཤིག། གལ་ཏེ་མ་བགྱིས་སོ། །ཞེས་སྨྲ་ན། དེ་ལ་རྒྱལ་པོ་ཆེན་པོ་ ཁྱིམ་པ་རྣམས་ཀྱི་ཁྱིམ་གྱི་བྱ་བ་དང། རབ་ཏུ་བྱུང་བ་རྣམས་ཀྱི་ཐ་དད་པས་སེམས་ལས་ཆུང་ངུས་གནས་པར་གྱིས་ཤིག། རྙེད་པ་འདི་ནི། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དབང་བར་འགྱུར་ བས་གཏོགས་འདོད་ཐོངས་ཤིག་ཅེས་སྨྲོས་ཤིག། བཙུན་པ། བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། ཀོ་ས་ལའི་རྒྱལ་པོ་གསལ་ རྒྱལ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཇི་སྐད་བཀའ་སྩལ་པ་བཞིན་སྨྲས་པ་དང། རྒྱལ་པོས་སྨྲས་པ། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་བཀའ་ཇི་སྐད་སྩལ་པ་དེ་བཞིན་དུ་བགྱིས་ [151B] བདག་གཏོགས་འདོད་མི་བགྱིད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱལ་པོས་ལན་གསོལ་བ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་ སྩལ་པ། དགེ་སློང་དག། ཁྱོད་ཀྱིས་དགེ་སློང་ཉེ་དགའ་ཤི་བའི་ཡོ་བྱད་བགོས་ཤིག། དགེ་སློང་རྣམས་ཀྱིས་དགེ་འདུན་གྱི་དབུས་སུ་ཕྱུང་སྟེ་བསྒྱུར་ནས་བགོས་སོ། །གནས་བཅས་ཀྱི་དགེ་སློང་རྣམས་ ཀྱིས་ཉེ་དགའ་ཤི་ནས་དེ་ལ་གསེར་མང་དུ་བྱུང་སྟེ། གསེར་སྲང་སུམ་ཁྲི་དགེ་སློང་རྣམས་ཀྱིས་བགོས་སོ། །ཞེས་ཐོས་ནས་དེ་རྣམས་མྱུར་བར་མཉན་ཡོད་དུ་ལྷགས་ནས་སྨྲས་པ། བདག་ཅག་ཀྱང་བཙུན་ པ་ཉེ་དགའི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པས་བདག་ཅག་ཀྱང་དེའི་རྙེད་པ་ལ་དབང་བར་འགྱུར་རོ། །དགེ་སློང་རྣམས་ཀྱིས་བསྡུས་ཏེ་དེ་དག་དང་ལྷན་ཅིག་ཡང་བགོས་སོ། །ཡངས་པ་ཅན་པ་དང། ཝཱ་ ར་ཎཱ་སི་པ་དང། རྒྱལ་པོའི་ཁབ་པ་དང། ཙམ་པ་པའི་དགེ་སློང་རྣམས་ཀྱིས་ཀྱང་ཡང་དང་ཡང་བསྡུས་ནས་བགོས་ཏེ། དེ་ལྟར་གྲོང་ཁྱེར་ཆེན་པོ་དྲུག་ན་གནས་པའི་དགེ་སློང་རྣམས་འདུས་སོ་།དགེ་སློང་ རྣམས་སྡུད་ཅིང་འགེད་པ་ན། ལུང་ནོད་པ་དང། ཀློག་པ་དང། འདོན་པ་དང། ཡིད་ལ་བྱེད་པ་བོར་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རྙེད་པ་བགོ་བའི་རྒྱུ་ནི། ལྔ་སྟེ། ལྔ་གང་ཞེ་ན། གཎྜི་དང། རྒྱུད་ཆགས་གསུམ་དང། མཆོད་རྟེན་དང། ཚུལ་ཤིང་དང། ལྔ་པ་ནི། གསོལ་བའོ། །ཤི་བའི་གཎྜི་བརྡུངས་པ་ན་འོངས་པ་ [152A]༄༅། །གང་ཡིན་པ་དེ་ལ་རྙེད་པ་སྦྱིན་ཏེ། རྒྱུད་ཆགས་གསུམ་འདོན་པ་དང། མཆོད་རྟེན་ལ་ཕྱག་བྱེད་པ་དང། ཚུལ་ཤིང་འབྲིམ་པ་དང། གསོལ་བ་བྱེད་པ་ན་ཡང་དེ་བཞིན་ནོ།། དགེ་སློང་དག། དེ་ལྟ་བས་ན། ཤི་བའི་ཡོ་བྱད་ཐམས་ཅད་གསོལ་བ་བྱས་ཏེ། བགོས་ན་མི་འཁྲུགས་པར་འགྱུར་རོ། །འདི་ལྟར་ཡང་བྱ་སྟེ་གནས་མལ་བཤམས་ལ་ཞེས་བྱ་བ་ནས་དགེ་འདུན་ ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཤི་བའི་ཡོ་བྱད་རྒན་པའི་མཐར་བཞག་སྟེ་དགེ་སློང་གཅིག་གིས་རྒན་པའི་མཐར་འདུག་པ་ལ་གསོལ་བ་ བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་སློང་ཉེ་དགའ་གུམ་སྟེ། གུམ་པ་དེའི་ཡོ་བྱད་གདའ་བ་དང། མི་གདའ་བ་མཆིས་པ་འདི་ལགས་ཏེ། གལ་ཏེ་དགེ་འདུན་ གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། འདི་ལྟར། དགེ་འདུན་གྱིས་དགེ་སློང་ཉེ་དགའ་གུམ་པའི་ཡོ་བྱད་ཀྱི་རྫས་གདའ་བ་དང། མི་གདའ་བ་ལ་གུམ་པའི་ཡོ་ བྱད་དུ་བྱིན་གྱིས་བརླབ་པའོ། །འདི་ནི། གསོལ་བའོ། །དགེ་སློང་དག་འདི་ནི། ཤི་བའི་ཡོ་བྱད་བགོས་ཟིན་པ་སྟེ། འདི་ལྟ་སྟེ། གསོལ་བའོ་།གསོལ་བ་བྱས་ནས་དགེ་སློང་འོངས་པ་གང་ཡིན་ པ་དེ་ལ་ནི། རྙེད་པ་མི་སྦྱིན་ནོ། །ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། གང་ན་བ་དགེ་འདུན་མི་མཐུན་པས་གསོལ་བ་བགྱིད་པ་མ་མཆིས་ [152B] བགོ་བར་མི་བགྱི་ལགས། ཉེ་བར་འཁོར། ཐོག་མ་དང་ཐ་མ་བྱས་ནས་བགོ་བར་བྱའོ་།དགེ་སློང་རྣམས་ཀྱིས་ཐོག་མ་དང་ཐ་མ་མ་ཤེས་ནས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཡོ་བྱད་གཅིག་བསྒྱུར་ཏེ་དེ་ལས་ཅུང་ཞིག་དགེ་འདུན་གྱི་རྒན་པ་དང། དགེ་འདུན་གྱི་གཞོན་པ་ལ་བྱིན་ནས་ཅི་དགའ་བར་བགོ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། ། གསོལ་བའམ། ཐོག་མ་དང་ཐ་མ་མ་བྱས་པའི་ཤི་བའི་ཡོ་བྱད་ཀྱི་རྙེད་པ་ནི། སངས་རྒྱས་ཀྱི་སློབ་མ་ཐམས་ཅད་དབང་བར་འགྱུར་རོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་ པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཚེ་དང་ལྡན་པ་ཉེ་དགའ་མ་འོས་པའི་ཆགས་པས་གུམ་པར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ ལྟར་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་མ་འོས་པའི་ཆགས་པས་ཤི་བ་དེ་ཉོན་ཅིག། དགེ་སློང་དག། སྔོན་བྱུང་བ་རྔོན་པ་ཞིག་གིས་མདའ་དུག་ཅན་གྱིས་གླང་པོ་ཆེའི་གནད་དུ་ བསྣུན་པ་དང། དེ་ནས་དེ་གནད་ལ་བབ་པའི་ཚོར་བས་ཉེན་ཅིང་མདའི་ཕྱི་རྗེས་བཞིན་དུ་སོང་ནས་རྔོན་པ་དེ་སྲོག་དང་ཕྲལ་ལོ་།ཇི་ཙམ་ན་མ་སྟེས་ཏེ། ཆོམ་རྐུན་པ་ལྔ་བརྒྱ་རི་བོར་ཞིག་བཅོམ་ནས་ ཕྱོགས་དེར་ཕྱིན་པ་དང། དེ་རྣམས་ཀྱིས་གླང་པོ་ཆེ་དེ་མཐོང་ངོ། །མུ་གེ་དང་བཅས་པའི་དུས་བྱུང་བས་དེ་རྣམས་ཀྱིས་སྨྲས་པ་ཤེས་ལྡན་དག། ཤ་འདི་རྙེད་ཀྱི། ཉིས་བརྒྱ་ལྔ་བཅུས་གླང་པོ་ཆེའི་ཤ་ [153A]༄༅། །བཅད་ལ་བཙོའོ། །ཉིས་བརྒྱ་ལྔ་བཅུས་ནི། ཆུ་བླང་ངོ། །དེ་ན་གླང་པོ་ཆེའི་ཤ་གཅོད་ཅིང་འཚེད་པ་གང་ཡིན་པ་དེ་རྣམས། འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་ བདག་ཅག་འདི་འདྲ་བའི་ལས་བྱས་པས། རྐུན་རྫས་རབ་ཏུ་མང་པོ་འདི་གྲུབ་ཀྱི། དེ་དག་ལ་ཅིའི་ཕྱིར་སྦྱིན། ཤ་ལས་ཅི་ཡོག་པ་ཟོས་ལ། ལྷག་མ་དུག་གིས་གདབ་པོ། །དེ་དག་གིས་ཤ་དུག་ ཅན་ཟོས་པ་དང་འཆི་བས་རྐུན་རྫས་བདག་གིར་འགྱུར་རོ། །ཞེས་དེ་རྣམས་ཀྱིས་ཅི་ཡོག་པའི་ཤ་ཟོས་ནས། ལྷག་མ་དུག་གིས་བཏབ་བོ་།གང་དག་ཆུ་ལ་དོང་བ་དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ དཔྱད་ནས་ཆུ་ཅི་ཡོག་པ་འཐུངས་ནས། ལྷག་མར་དུག་བླུགས་ཏེ་འོངས་ནས། གང་དག་ཤ་ཟོས་པ་དེ་རྣམས་ཀྱིས་ཀྱང་ཆུ་འཐུངས་ལ། གང་དག་ཆུ་འཐུངས་པ་དེ་དག་གིས་ཀྱང་ཤ་ཟོས་ནས་ཐམས་ཅད་ ཤི་བར་གྱུར་ཏོ། །ཇི་ཙམ་ན་ཝ་ཞིག་དུས་ཀྱི་ཞགས་པས་བཅིངས་ནས་ཕྱོགས་དེར་འོངས་ནས། དེས་རོ་དེ་དག་ཐམས་ཅད་མཐོང་ངོ། །དེ་ནས་ཆགས་པས་བསྐྱེད་པའི་ཡིད་བདེ་བས་བསམ་པ་ བདག་ལ་རྙེད་པ་ཕལ་མོ་ཆེ་ཡོད་ཀྱི། རིམ་བཞིན་དུ་བྱའོ། །སྙམ་ནས། དེས་གཞུ་མཆོག་ཁར་བཅུག་སྟེ། གཞུ་རྒྱུད་ཀྱི་རྟོད་པ་རྒྱུས་པ་བཅའ་བར་བརྩམས་ཏེ། དེ་ནས་རྒྱུས་པ་ཆོད་པ་དང་མཆོག་ མས་རྐན་ལ་ཟུག་ནས་ཤི་བར་གྱུར་ཏོ། །ལྷས་ཚིགས་སུ་བཅད་པས་སྨྲས་པ། བསག་པར་ཡང་ནི་བྱ་བ་སྟེ། །ལྷག་པར་བསག་པར་མི་བྱའོ། །གསོག་ལ་ཆགས་པའི་ཝ་ལོང་བ། །གཞུ་ཡིས་ [153B] །དགེ་སློང་དག། ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ཀྱི་ཝ་གང་ཡིན་པ་དེ་ནི། ཉེ་དགའ་འདི་ཉིད་ཡིན་ཏེ། དེ་ན་ཡང་ལྷག་པར་འདི་ཆགས་པས་ཤིའོ། །ད་ལྟར་ཡང་འདི་ལྷག་པར་ ཆགས་པས་ཤི་བར་གྱུར་ཏོ། །གླེང་གཞི་ནི། མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་ནད་ཀྱིས་ཐེབས་པ། སྡུག་བསྔལ་བ། ནད་ཚབས་ཆེ་བ་ཞིག་ཡོད་པ་དེ། དགེ་སློང་གིས་རིམ་གྲོ་བྱས་ན། འོན་ཀྱང་ཤི་ བར་གྱུར་ནས་དེའི་ལྷུང་བཟེད་དང་ཆོས་གོས་རྒན་པའི་མཐར་ཁྱེར་བ་དང། དེ་ནས་ཆོས་གོས་གཅིག་བཤང་གཅི་དག་གིས་འབགས་ཤིང་སྦྲང་མ་རྣམས་འདུ་བར་གྱུར་ཏོ། །དེ་ནས་གོས་འགེད་པས་ རིམ་གྲོ་བྱེད་པ་དེ་ལ་སྨྲས་པ། ཚེ་དང་ལྡན་པ། ཁྱོད་ཀྱིས་རྒྱུད་ངན་པ་བྱས་ཏེ་ཆོས་གོས་མ་བཀྲུས་ཀྱི། ཁྲུས་ཤིག། དེས་སྨྲས་པ། ཡོ་བྱད་ནི། ཁྱོད་འགེད་ན། ཁོ་བོས་བྐྲུའམ། ཁྱོད་ཉིད་ཀྱིས་ཁྲུས་ཤིག། སྐབས་ དེ༑ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་གཡོག་ལ་ཡོ་བྱད་དྲུག་བྱིན་ལ་ལྷག་མ་དགེ་སློང་གིས་བགོ་བར་བྱའོ། །གལ་ཏེ་ནད་ གཡོག་མང་བར་གྱུར་ན། ཐམས་ཅད་ཀྱི་སྤྱིར་ཡོ་བྱད་དྲུག་བགོ་བར་བྱའོ། །དགེ་སློང་བཤེས་གཉེན་དང་བསོད་ནམས་ཆེན་པོ་དང་ལྡན་པ་གཞན་དག་ཅིག་ཤི་ན། དེ་རྣམས་ཀྱི་ཡོ་བྱད་དང། དགེ་ཚུལ་ གྱི་ཡོ་བྱད་དང། འཚོ་བའི་ཡོ་བྱད་མང་པོ་རྒན་པའི་མཐར་སྤུངས་པ་དང། བཅོམ་ལྡན་འདས་ཀྱི་ནད་གཡོག་གིས་ཡོ་བྱད་དྲུག་བཀུར་བར་བྱའོ། །ཞེས་བཀའ་སྩལ་ཏོ། །ཞེས་དེས་འདམ་ཞིང་ [154A]༄༅། །འདམ་ཞིང་བཟང་པོ་རྣམས་བླངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་པོ་རྣམས་ལས་སྦྱིན་པར་མི་བྱའོ། །དགེ་སློང་རྣམས་ཀྱིས་ངན་པ་ལས་བྱིན་ ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངན་པ་རྣམས་ལས་སྦྱིན་པར་མི་བྱ་སྟེ། འོན་ཀྱང་བར་མ་དག་ལས་སྦྱིན་པར་བྱའོ། །ནད་པ་མ་ཚོར་བར་དགེ་འདུན་གྱི་གནས་མལ་ཁོ་ན་ལ་ཤི་བར་ གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་གཡོག་གིས་ནད་པའི་རྟགས་ལ་མཁས་པར་བྱ་སྟེ། མྱུར་བ་མྱུར་བར་བརྟག་པར་བྱའོ། །དེའི་བྱ་བ་ཉམས་པར་མི་བྱ་སྟེ། ལུས་ཀྱི་གནས་ སྐབས་ཤེས་ནས་གང་ཟག་གི་གནས་མལ་ལ་བསྙལ་བར་བྱའོ། །གླེང་གཞི་ནི། མཉན་ཡོད་ནའོ། །དགེ་སློང་ནད་པ་ཞིག་ཡོད་པ་དེས་ལུས་ཀྱི་གནས་སྐབས་ལ་བརྟགས་ནས། དགེ་སློང་ཞིག་ ལ་སྨྲས་པ། རེ་ཞིག་ཁོ་བོ་ཇི་ཙམ་འཚོའི་བར་དུ་རིམ་གྲོ་གྱིས་ཤིག། ཁོ་བོའི་ལྷུང་བཟེད་དང་ཆོས་གོས་ནི། ཁོ་བོ་ཤི་ནས་ཁྱོད་ཅི་བདེར་གྱིས་ཤིག། དེས་དེའི་རིམ་གྲོ་བྱ་བར་བརྩམས་པ་ལས། ཇི་ཙམ་ ན་དགེ་སློང་དེ་ཤིའོ། །དེ་ནས་གོས་འགེད་པས་དེ་ལ་སྨྲས་པ། དགེ་སློང་དེའི་ལྷུང་བཟེད་དང་ཆོས་གོས་བགོ་དགོས་ཀྱི། ཕུལ་ཅིག། དེས་སྨྲས་པ། དེས་ཁོ་བོ་ལ་ཅི་བདེར་བྱེད་དུ་བཅུག་གོ། ཞེས་པའི་ སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དང། དེ་གསོན་པོའི་ཚེ་ཉིད་ན་མ་བྱིན་ན། ཤི་ནས་སྦྱིན་པ་ལྟ་སྨོས་ [154B] བདག་ཤི་ནས་འདིའི་ཡིན་ནོ། །ཞེས་བྱ་བའི་སྦྱིན་པ་འདི་ནི། མེད་པ་ཡིན་པས་བླངས་ཏེ་བགོས་ལ་དགེ་སློང་དེའི་རང་གི་སྐལ་བ་སྦྱིན་པར་བྱའོ། །དེའི་ཚེ་དགེ་སློང་ནད་ཀྱིས་ཐེབས་པ། སྡུག་ བསྔལ་བ། ནད་ཚབས་ཆེ་བ་ཞིག་ཡོད་པ་དེ། ཤེས་པ་ཆུང་བས་དེའི་སྨན་མེད་ནས། དེའི་ལུས་ཀྱི་གནས་སྐབས་ལ་བརྟགས་ཏེ་རིམ་གྲོ་བྱེད་པ་ལ་སྨྲས་པ། བདག་ལ་ཅི་ཡང་མེད་ཀྱི། བདག་གི་ཆེད་དུ་མཆོད་ པ་གྱིས་ཤིག། དེས་ཁས་བླངས་པ་ལས། དེ་ཤི་ནས་ངན་སོང་རྣམས་སུ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། དགེ་སློང་ཤི་བ་གང་ཡིན་པ་དེས་རིམ་ གྲོ་བྱེད་པ་ལ་ཇི་སྐད་སྨྲས། དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་གསོལ་བ་དང། དགེ་སློང་དག། དགེ་སློང་དེ་ལོག་པར་ལྟུང་ངོ། །གལ་ཏེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་དེའི་ཆེད་དུ་དཀོན་མཆོག་ གསུམ་ལ་མཆོད་པ་བྱས་པར་གྱུར་དང། དད་པས་ལོག་པར་ལྟུང་བར་མི་འགྱུར་བ་ཞིག། དེ་ལྟ་བས་ན། དགེ་སློང་གིས་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ནམ་ཡང་ཡལ་བར་མི་གཞག་སྟེ། ནད་གཡོག་ སྦྱིན་པར་བྱའོ། །དེས་དེ་ལ་དྲིས་ཏེ། གལ་ཏེ་དེ་ལ་སྨན་མེད་ན་ཡོན་བདག་ལ་བསླང་བར་བྱའོ། །གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མ་གྲུབ་ན། དགེ་འདུན་གྱི་ལས་སྦྱིན་ནོ། །ཅི་སྟེ་ཡང་མ་གྲུབ་ན་ དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། དྲི་གཙང་ཁང་གང་གི་གདུགས་སམ། རྒྱལ་མཚན་ནམ། རྒྱན་གང་ཡིན་པ་དེ་དགེ་འདུན་གྱིས་ཕོག་ལ་སྦྱིན་པར་བྱ་ཞིང། རིམ་གྲོ་བྱེད་པས་བསྒྱུར་ནས་ [155A]༄༅། །རིམ་གྲོ་དང། སྟོན་པ་མཆོད་པར་བྱའོ། །སོས་པར་གྱུར་ན་དེ་ལ། འདི་ནི། སངས་རྒྱས་ཀྱི་ཡིན་ཏེ། ཁྱོད་ཀྱི་ཡོ་བྱད་དུ་སྤྱད་དོ། །ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་ལ་འབྱོར་པ་ ཡོད་ན། དེས་འབད་དེ་བསབ་པར་བྱའོ། །གལ་ཏེ་མེད་ན། དེའི་སྤྱད་པ་ལེགས་པར་སྤྱད་པ་ཡིན་ཏེ། ཕའི་ལ་བུ་བཞིན་དུ་རིགས་པ་ཡིན་པས་དེ་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི། མཉན་ཡོད་ ནའོ། །དགེ་སློང་ནད་ཀྱིས་ཐེབས་པ། སྡུག་བསྔལ་བ། ནད་ཚབས་ཆེ་བ། ཚོར་བས་ཉེན་པ་ཞིག་ཡོད་པ་དེ་ལ་ལྷུང་བཟེད་བཟང་པོ་ཞིག་ཡོད་དེ། དེ་དེ་ལ་ལྷག་པར་ཆགས་ནས་རིམ་གྲོ་བྱེད་པ་ལ་ སྨྲས་པ། ཁོ་བོའི་ལྷུང་བཟེད་འོན་ཅིག། དེས་མ་བྱིན་པ་དང། དེ་དེ་ལ་ངན་སེམས་སྐྱེས་ཤིང་ལྷུང་བཟེད་ལ་ལྷག་པར་ཆགས་པ་ཤི་ནས་དེ་ལྷུང་བཟེད་དེ་ཉིད་དུ་སྦྲུལ་ཞིག་ཏུ་སྐྱེས་སོ། །དགེ་སློང་ རྣམས་ཀྱིས་དེ་སྲེག་ཏུ་ཁྱེར་ནས། བསྲེགས་ཏེ་གཙུག་ལག་ཁང་དུ་ལྷགས་ནས་དགེ་སློང་གི་དགེ་འདུན་འདུས་སོ། །གོས་འགྱེད་པས་ཤི་བའི་ཡོ་བྱད་རྒན་པའི་མཐར་སྤུངས་སོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་དགེ་སློང་རྣམས་ལ་དགེ་སློང་སུས་ཀྱང་དེའི་ལྷུང་བཟེད་བཞག་པའི་སྣོད་མ་དབྱེ་ཞིང། དེ་བཞིན་ གཤེགས་པ་ཉིད་ཀྱིས་འབྱེད་པར་འགྱུར་རོ། །ཞེས་སྒོས་ཤིག། ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་བསྒོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱེ་བ་དང། སྦྲུལ་ཞིག་ [155B] དེ་ནས་བཅོམ་ལྡན་འདས་ཀྱིས་སེ་གོལ་གྱི་སྒྲས་བསླངས་ནས་བཀའ་སྩལ་པ། མི་གཏི་མུག་ཅན། ལྷུང་བཟེད་འདི་སྤོངས་ལ་སོངས་ཤིག། དགེ་ སློང་རྣམས་ཀྱིས་འགེད་པར་འགྱུར་རོ། །དེ་འཁྲུགས་ནས་ཅི་དགའ་བའི་སྤྱོད་ལམ་གྱིས་སོང་སྟེ། ནགས་སྟུག་པོ་ཞིག་ཏུ་ཞུགས་ནས། དེས་དེ་ཁྲོས་པའི་མེ་སྦར་བས་ནགས་དེ་རབ་ཏུ་འབར་ཏེ་ དེ་ཉིད་དུ་ཚིག་ནས་དགེ་སློང་རྣམས་ལ་ངན་སེམས་སྐྱེས་པས་དམྱལ་བ་རྣམས་སུ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། སྲིད་པ་ཐམས་ ཅད་ལ་སྐྲག་པར་གྱིས་ཤིག། སྲིད་པའི་ཡོ་བྱད་གང་གི་ཕྱིར་སེམས་ཅན་གཅིག་གི་ལུས་དེ། གནས་གསུམ་པོ་ནགས་སྟུག་པོར་ཁྲོས་པའི་མེ་དང། དམྱལ་བར་སེམས་ཅན་དམྱལ་བའི་མེ་ དང། དུར་ཁྲོད་དུ་མེ་ཕལ་པས་སྲེག་པར་གྱུར་བ་ཐམས་ཅད་ལས་ཡིད་བྱུང་བར་བྱའོ། །དེ་ལྟ་བས་ན། དགེ་སློང་གིས་ཡོ་བྱད་ལ་ལྷག་པར་ཆགས་པ་བསྐྱེད་པར་མི་བྱ་ཞིང། གང་ལ་སྐྱེ་བ་དེ་ ཡོངས་སུ་སྤང་བར་བྱའོ། །མ་སྤངས་ན། འགལ་ཚབས་ཅན་དུ་འགྱུར་རོ། །གཞན་ཡང། གལ་ཏེ་ནད་པ་རང་གི་ཡོ་བྱད་སློང་ན། རིམ་གྲོ་བྱེད་པས་མྱུར་བ་མྱུར་བར་སྦྱིན་པར་བྱའོ། །མ་བྱིན་ ན༑ འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི། མཉན་ཡོད་ནའོ་།དེའི་ཚེ་དགེ་སློང་ནད་པ་ཞིག་གནས་ཁང་དུ་ཤི་ནས་མི་མ་ཡིན་པ་རྣམས་ཀྱི་ནང་དུ་སྐྱེས་སོ། །གོས་འགེད་པས་ལྷུང་ [156A]༄༅། །བཟེད་དང་ཆོས་གོས་བགོའོ། །ཞེས་དགེ་སློང་དེའི་གནས་ཁང་དུ་འཇུག་པར་བརྩམས་པ་ལས། དེ་ཀུན་ནས་དཀྲིས་པ་དྲག་པོས་དབྱུག་པ་བླངས་ཏེ་ལངས་ནས་དེས་སྨྲས་ པ༑ རེ་ཞིག་ཁོ་བོ་དུར་ཁྲོད་དུ་ཡང་མ་ཕྱུང་བར་ལྷུང་བཟེད་དང་ཆོས་གོས་འགེད་པར་བྱེད་དམ། དེ་དངངས་ནས་བྲོས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རེ་ཞིག་ཐོག་མར་དགེ་སློང་གི་རོ་ཕྱུང་ནས་ཕྱི་ནས་དེའི་ལྷུང་བཟེད་དང་ཆོས་གོས་བགོ་བར་བྱའོ། །གླེང་གཞི་ནི། མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་ ཞིག་ཤི་ནས། དགེ་སློང་རྣམས་ཀྱིས་དེ་ཕྱུང་སྟེ་དུར་ཁྲོད་དུ་དེ་བཞིན་དུ་བོར་ནས་གཙུག་ལག་ཁང་དུ་ལྷགས་ཏེ་གོས་འགེད་པས་ཆོས་གོས་དང་ལྷུང་བཟེད་བགོའོ། །ཞེས་དེའི་གནས་ཁང་དུ་ ཞུགས་པ་དང། དེ་མི་མ་ཡིན་པ་རྣམས་སུ་སྐྱེས་པས། དབྱུག་པ་བླངས་ཏེ་ལངས་ནས་དེས་སྨྲས་པ། རེ་ཞིག་ཁོ་བོའི་རོ་ལ་མཆོད་པ་ཡང་མ་བྱས་པར་ཆོས་གོས་དང་ལྷུང་བཟེད་འགེད་པར་ བྱེད་དམ་ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ཀྱིས་སྔར་དེའི་རོ་ལ་མཆོད་པ་བྱས་ལ་ དེའི་འོག་ཏུ་ལྷུང་བཟེད་དང་ཆོས་གོས་བགོས་དང། ཉེས་དམིགས་འདིར་མི་འགྱུར་རོ། །གླེང་གཞི་ནི། མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་ནད་པ་ཞིག་གནས་ཁང་དུ་ཤི་ནས་དེ་དགེ་སློང་ [156B]ནས། དེ་ནས་གཙུག་ལག་ཁང་དུ་ལྷགས་པ་དང། གོས་འགེད་པས་དེའི་གནས་ཁང་དུ་ཞུགས་པ་ལས། དེས་དབྱུག་པ་བླངས་ཏེ་ལངས་ ནས་རེ་ཞིག་བདག་གི་ཆེད་དུ་ཆོས་བསྒྲགས་པ་མ་བྱས་པར་ཆོས་གོས་རྣམས་འགེད་པར་བྱེད་དམ་ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དེའི་ཆེད་དུ་ཆོས་བསྒྲགས་པ་དང། དེའི་ཆེད་དུ་ཡོན་བསྔོ་བ་བྱས་ནས་ཆོས་གོས་རྣམས་བགོ་བར་བྱའོ། །སྡོམ་ལ། ནད་པ་དང་ནི་ཚོང་དཔོན་དང། །དངོས་པོའི་སྐྱིན་པ་ ལག་གི་བླ། །མཚམས་བཞི་དག་ཏུ་བྱ་བ་དང། །ཕོ་ཉ་བརྒྱད་དུ་བྱ་བའོ། །གླེང་གཞི་ནི། མཉན་ཡོད་ནའོ། །དེའི་ཚེ་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་གདུགས་ ཚོད་ལ་སྤྱན་དྲངས་པ་ལས། དགེ་སློང་གི་དགེ་འདུན་ནི། ལྷགས་སོ་།བཅོམ་ལྡན་འདས་ནི། རྫས་ཀྱིས་བསྒྲུབས་པ་ན་བཞུགས་ནས་བསོད་སྙོམས་ཀྱི་སྐུ་སྐལ་བཞེས་སོ། །སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི། རྒྱུ་ལྔས་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ནས་བསོད་སྙོམས་ཀྱི་སྐུ་སྐལ་བཞེས་ཏེ། ལྔ་པོ་གང་ཞེ་ན། ནང་དུ་ཡང་དག་འཇོག་པར་བཞེད་པ་དང། ལྷ་རྣམས་ལ་ཆོས་འཆད་པར་བཞེད་ པ་དང། གནས་མལ་ལ་གཟིགས་པར་བཞེད་པ་དང། ནད་པ་ལ་གཟིགས་པར་བཞེད་པ་དང། ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་པ་སྟེ། སྐབས་འདིར་ནི། ནད་པ་ལ་ [157A]༄༅། །གཟིགས་པ་དང། བསླབ་པའི་གཞི་བཅའ་བར་བཞེད་ནས་སངས་རྒྱས་བཅོམ་ལྡན་འདས་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ནས་བསོད་སྙོམས་ཀྱི་སྐུ་སྐལ་ བཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་དོང་ནས་རིང་པོ་མ་ལོན་པར་མཁྱེན་ནས་ལྡེ་མིག་བསྣམས་ཏེ་ཀུན་དགའ་ར་བ་ནས་ཀུན་དགའ་ར་བ་དང། གཙུག་ལག་ཁང་ ནས་གཙུག་ལག་ཁང་དང། སྤྱིལ་པོ་ནས་སྤྱིལ་པོ་དང། འཆགས་ནས་འཆགས་རྣམས་སུ་འཆག་ཅིང་གཤེགས་པ་ན་གཙུག་ལག་ཁང་ཆེན་པོ་གང་ན་བ་དེར་ཕྱིན་པ་དང། དེ་ན་དགེ་སློང་ ནད་ཚབས་ཆེ་བ། ཤེས་པ་ཆུང་བ། རང་གི་གཅིན་དང་ངན་སྐྱུགས་ཀྱི་ནང་དུ་ནུབ་པ་ཞིག་གིས། བཅོམ་ལྡན་འདས་མཐོང་ནས་བཅོམ་ལྡན་འདས། བདག་ལ་མགོན་མ་མཆིས་སོ། །བདེ་བར་ གཤེགས་པ། བདག་ལ་མགོན་མ་མཆིས་སོ། །ཞེས་སྐད་ངན་བཏོན་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང། ང་ཁམས་གསུམ་གྱི་མགོན་པོའི་རྗེས་སུ་ཁྱོད་རབ་ཏུ་བྱུང་ ན༑ ཅིའི་ཕྱིར་དེ་སྐད་དུ། བཅོམ་ལྡན་འདས། བདག་ལ་མགོན་མ་མཆིས་སོ། །བདེ་བར་གཤེགས་པ། བདག་ལ་མགོན་མ་མཆིས་སོ། །ཞེས་ངུ་སྐད་འདོན། བཙུན་པ། བདག་ལ་ཚངས་པ་ མཚུངས་པར་སྤྱོད་པ་འགའ་ཡང་རིམ་གྲོ་བགྱིད་པའམ། ལྟ་བ་མ་མཆིས་སོ། །དགེ་སློང། ཁྱོད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་འགའ་ལ་རིམ་གྲོ་དང་ལྟ་བ་བྱས་པ་ཡོད་དམ། བཙུན་ [157B] མ་མཆིས་ལགས་སོ། །དེ་བས་ན། ཁྱོད་གནས་སྐབས་འདི་ལྟ་བུར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱེ་མའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་མཚོ་ཆེན་པོ་མ་དྲོས་པ་ནས་ཆུ་ཁྱེར་ཏེ་ འོང་ཞིང་རི་སྤོས་ཀྱི་ངད་ལྡང་ལས་ས་ཁྱེར་ཏེ་འོང་བར་གྱུར་ཅིག་ཅེས་འཇིག་རྟེན་བའི་ཐུགས་བསྐྱེད་པ་མཛད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་ བསྐྱེད་པ་མཛད་པ་དེའི་ཚེ་བརྒྱ་བྱིན་དང་ཚངས་པ་ལ་སོགས་ཏེ་ལྷ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་ཤེས་སོ་།དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་མཚོ་ཆེན་ པོ་མ་དྲོས་པ་ནས་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གསེར་གྱི་རིལ་བ་བཀང་སྟེ། རི་སྤོས་ཀྱི་ངད་ལྡང་ལས་ས་བླངས་ནས་མྱུར་བ་མྱུར་བར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་འདུག་ནས་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཞུགས་ཤིག་དང་དེའི་རིམ་གྲོ་བདག་གིས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ། འདི་ཁྱོད་ཀྱི་ཕྱིར་རབ་ཏུ་བྱུང་བ་མ་ཡིན་གྱི་ འོན་ཀྱང་ངའི་ཕྱིར་ཡིན་ནོ། །གཞན་ཡང། ཁྱོད་ཀྱིས་འདི་སྔོན་མ་མཐོང་ལ། ལྷ་རྣམས་ནི། གཙང་སྦྲ་ལ་དགའ་བ་ཡིན་པས་འདུག་ཅིག་ངས་འདིའི་རིམ་གྲོ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ ན་བཟའ་ཆོས་གོས་བརྫེས་ནས་ཕྱག་འཁོར་ལོ་དང། བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བ་ཅན། བསོད་ནམས་བརྒྱ་ཕྲག་དུ་མས་བསྒྲུབས་པ། སྐྲག་པ་རྣམས་ལ་དབུགས་འབྱིན་པར་མཛད་ [158A]༄༅། །པས་དགེ་སློང་དེ་བཟུང་སྟེ། གཅིན་དང་ངན་སྐྱུགས་ནས་ཕྱུང་ནས་མཐའ་གཅིག་ཏུ་བཞག་སྟེ། སྨྱུག་གི་ཚལ་པས་བཞར་ནས་ས་དཀར་པོས་དྲིལ་ཕྱིས་བྱས་ཏེ་བཀྲུས་ སོ༑ ༑དེ་ནས་སྐྱིལ་མོ་ཀྲུང་འཆར་བཅུག་ནས་དེའི་ཆོས་གོས་རྣམས་བཀྲུས་ཏེ་ཕྱོགས་དེ་ཡང་པའི་ལྕི་བ་འཇམ་པོས་བྱུག་པ་མཛད་དོ་།དེ་ནས་ཕྱག་དང་ཞབས་བསིལ་ནས་ལྷ་རྣམས་ཀྱི་དབང་ པོ་བརྒྱ་བྱིན་ལ་ནད་པ་ལ་རིམ་གྲོ་བྱ་བ་སྔོན་དུ་འགྲོ་བའི་ཆོས་བཤད་པས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ནས་གཙུག་ལག་ཁང་དུ་ཞུགས་སོ། །ཚེ་དང་ལྡན་པ་ཀུན་དགའ་ བོས་བསོད་སྙོམས་ཀྱི་སྐུ་སྐལ་གྱི་བསོད་སྙོམས་ཁྱེར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ། །ཆོས་ཉིད་ཀྱིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བསོད་སྙོམས་མནོས་ནས་ཁྱེར་ཏེ་འོང་ བའི་དགེ་སློང་ལ་སོ་སོ་ཡང་དག་པར་དགའ་བར་མཛད་པ་འདིས་སོ་སོ་ཡང་དག་པར་དགའ་བར་མཛད་དེ། དགེ་སློང། ཇི་ག་དགེ་སློང་གི་དགེ་འདུན་ཁ་ཟས་བསོད་པས་ལེགས་པར་ཚིམ་པར་བྱས་ སམ་ཞེས་ཡང་དག་པར་རབ་ཏུ་དགའ་བར་མཛད་པ་ཡིན་པས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཅི། དགེ་སློང་གི་དགེ་འདུན་ཁ་ཟས་བསོད་ བས་ལེགས་པར་ཚིམ་པར་བྱས་སམ། བཙུན་པ། དེ་བཞིན་དུ་ཞལ་ཟས་བསོད་པས་དགེ་སློང་གི་དགེ་འདུན་ལེགས་པར་ཚིམ་པར་བགྱིས་ལགས་སོ་།དེ་ནས་བཅོམ་ལྡན་འདས་ཀྱིས་བསོད་སྙོམས་ [158B]སྩལ་པ། ཀུན་དགའ་བོ། སོང་ལ་གཙུག་ལག་ཁང་ཆེ་གེ་མོ་ཞིག་ན་དགེ་སློང་ནད་ཚབས་ཆེ་བ་ཞིག་ཡོད་པ་དེ་ལ་བསོད་སྙོམས་ཕྱེད་པོ་འདི་ཁྱེར་ལ་ ཟོས་ནས་འདི་སྐད་ཅེས། ཚེ་དང་ལྡན་པ། ཁྱོད་ཀྱི་རིམ་གྲོ་སྟོན་པ་ཉིད་ཀྱིས་མཛད་དེ་བསོད་སྙོམས་ཀྱི་ཕྱེད་ཀྱི་བགོ་བཤའ་ཡང་མཛད་དོ། །ཞེས་གྱིས་ཤིག་བཙུན་པ། བཀའ་བཞིན་འཚལ་ཞེས་ཚེ་དང་ ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བསོད་སྙོམས་ཀྱི་ཕྱེད་ཁྱེར་ཏེ། དེ་ལ་བསོད་སྙོམས་བྱིན་ནས་ཇི་སྐད་བཀའ་སྩལ་པ་ཡང་སྨྲས་སོ།། །།འདུལ་བ་གཞི་ བམ་པོ་རེ་དྲུག་པ། དེ་ནས་དགེ་སློང་དེ། འདི་སྙམ་དུ་སེམས་ཏེ་བདག་ནི། ཁམས་གསུམ་གྱི་བླ་མ་ཉིད་ཀྱིས་རིམ་གྲོ་མཛད་དེ། བསོད་སྙོམས་ཀྱི་ཕྱེད་ཀྱང་གནང་གི། བདག་དད་པས་བྱིན་པ་ལོངས་སྤྱད་ནས་ ལེ་ལོས་དུས་འདས་པར་བྱེད་པ་ནི། བདག་ལ་རིགས་པ་མ་ཡིན་པས། མ་ལ་བདག་ནམ་གྱི་ཆ་སྟོད་དང། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བ་ལ་བརྩོན་པར་གནས་པར་བྱའོ། །སྙམ་ནས། དེ་ནམ་གྱི་ཆ་ སྟོད་དང། ཆ་སྨད་ལ་མི་ཉལ་བར་སྦྱོར་བ་ལ་བརྩོན་པར་གནས་པ་ན། འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང། ལྟུང་བ་དང། རྣམ་ པར་འཐོར་བ་དང། རྣམ་པར་འཇིག་པའི་ཆོས་ཉིད་དུ་ཟིལ་གྱིས་མནན་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པར་གྱུར་ཏོ་།དགྲ་བཅོམ་པར་གྱུར་ནས་ཁམས་གསུམ་གྱི་འདོད་ཆགས་དང་ [159A]༄༅། །བྲལ་པ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས། ཙནྡན་དང་སྟེའུ་མཉམ་པ། མ་རིག་པའི་སྒོ་ངའི་སྦུབས་དྲལ་བར་གྱུར་ ཅིང། རིག་པ་དང། མངོན་པར་ཤེས་པ་དང། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང། འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དང། དབང་པོ་དང། ཉེ་བའི་དབང་པོ་དང་ བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང། རྗེད་པར་བྱ་བ་དང། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ ནད་པ་འདི་དག་ལ་ནི། ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་ཁོ་ན་མ་གཏོགས་པར་མ་མེད། ཕ་མེད། རྩ་ལག་གཞན་མེད་དོ། །དེ་ལྟ་བས་ན། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ ཕན་ཚུན་དུ་རིམ་གྲོ་བྱ་སྟེ། མཁན་པོས་ནི། ལྷན་ཅིག་གནས་པའི་འོ། །ལྷན་ཅིག་གནས་པས་ནི། མཁན་པོའི་འོ། །སློབ་དཔོན་གྱིས་ནི། ཉེ་གནས་ཀྱིའོ། །ཉེ་གནས་ཀྱིས་ནི། སློབ་དཔོན་གྱིའོ། ། མཁན་པོ་གཅིག་པས་ནི། མཁན་པོ་གཅིག་པའི་འོ། །སློབ་དཔོན་གཅིག་པས་ནི། སློབ་དཔོན་གཅིག་པའིོ། །གཏམ་འདྲེས་པས་ནི། གཏམ་འདྲེས་པའིོ་།ཕེབས་པར་སྨྲས་པས་ནི། ཕེབས་ པར་སྨྲ་བའིོ། །སྨོས་འདྲིན་གྱིས་སྨོས་འདྲིན་གྱིའོ། །འཁོར་དང་བྲལ་བ། ཤེས་པ་ཆུང་བ་གང་ཡིན་པ་དེ་ནི། དགེ་འདུན་གྱིས་ནད་ཀྱི་གནས་སྐབས་ལ་བརྟགས་ནས་རིམ་གྲོ་པ་གཅིག་གམ་ [159B] མང་པོ་སྦྱིན་ཏེ། མཐར་ན་དགེ་འདུན་གྱིས་ཀྱང་རིམ་གྲོ་བྱའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ ལྡན་འདས་ཉིད་ཀྱིས་དགེ་སློང་དེའི་ལུས་ཀྱི་རིམ་གྲོ་མཛད་ནས། དེས་དགྲ་བཅོམ་པ་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་ངས་འདིའི་རིམ་གྲོ་བྱས་ནས་དེ་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ། བསྟི་གནས་མེ་ཏོག་དང། འབྲས་ བུ་དང། ཆུ་ཕུན་སུམ་ཚོགས་པ། ཤིང་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་ཞིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གནས་སོ། །དེས་སློབ་མའི་རིམ་གྲོ་བྱས་ནས་སོས་པ་དང། དེ་ནས་ དེས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དྲང་སྲོང་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དྲང་སྲོང་དེའི་སློབ་མ་གང་ཡིན་པ་དེ་ནི། དགེ་ སློང་འདི་ཉིད་ཡིན་ཏེ། དེ་ན་ཡང་ངས་དེའི་རིམ་གྲོ་བྱས་སོ། །ད་ལྟར་ཡང་བྱས་སོ། །གཞན་ཡང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས་ལྷག་པར་ནད་པ་ རྣམས་ལ་བྱམས་པར་མཛད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་ང་ལྷག་པར་ནད་པ་རྣམས་ [160A]༄༅། །ལ་བྱམས་པར་བྱེད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ། ཡུལ་ཤི་བི་པའི་དབྱངས་ཀྱི་རྒྱལ་པོའི་ཕོ་བྲང་ན་རྒྱལ་པོ་ཤི་བི་ཞེས་བྱ་བ་འབྱོར་པ་དང། རྒྱས་པ་དང། བདེ་བ་ དང། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་སྟེ། དེ་སློང་བ་པ་རྣམས་ལ་མི་གཏོང་བ་ཅུང་ཟད་ཀྱང་མེད་དེ། ནད་པ་རྣམས་ལ་ནི། ཁྱད་པར་དུ་བྱེད་དོ་།ཇི་ཙམ་ ན་ཁྱིམ་བདག་ནད་པ་སྨན་པ་ཐམས་ཅད་ཀྱིས་སྤངས་པ་ཞིག་རྒྱལ་པོའི་དྲུང་དུ་སོང་ནས་ལྷ། བདག་ལ་དཔྱད་མཛོད་ཅིག་རྒྱལ་པོས་སྨན་པ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དཔྱད་བྱོས་ཤིག་ དེ་རྣམས་ཀྱིས་སྨྲས་པ། ལྷ། འདིའི་སྨན་ནི། དཀོན་ལགས་སོ། །རྒྱལ་པོས་སྨྲས་པ། དཀོན་པ་དེ་དག་ཅི་འདྲ་བ་ཞིག་ཡིན། ལྷ། གང་ཞིག་བཙས་ཚུན་ཆད་སྔོན་ལན་འགའ་ཡང་སུ་ལ་ཡང་ ཁྲོ་མ་མྱོང་བ་དེའི་ཁྲག་ལས་ནས་ཐུག་བགྱིས་ཏེ་ཟླ་བ་དྲུག་ཏུ་སྩལ་ན། དེ་ལྟ་ན་འདི་སོས་པར་འགྱུར་ལགས་ཀྱི། གཞན་གྱིས་ནི། མ་ལགས་སོ། །རྒྱལ་པོས་སྨྲས་པ། དེའི་སྨན་དཀོན་པ་ནི་ བདེན་ནོ། །དེ་ནས་བདག་ཉིད་ཀྱི་སྤྱོད་པ་ལ་བརྟག་པར་བརྩམས་ན་བདག་ཉིད་ཀྱི་སྤྱོད་པ་ལ་བརྟགས་པར་དཀའ་བར་གྱུར་ནས། དེས་མ་མ་ལ་དྲིས་པར་བརྩམས་པ། མ་མ། ང་དུས་འདི་སྲིད་ ཀྱི་བར་དུ་སྔོན་ལན་འགའ་ཡང་ཁྲོས་པ་ཡོད་དམ། གཞོན་ནུ། ཁྱོད་གང་གི་ཚེ་བདག་གི་པར་དུ་བྱོན་པ་དེ་ནས་བདག་ཀྱང་སྔོན་སུ་ལ་ལན་འགའ་ཡང་ཁྲོ་མ་མྱོང་ན། ཁྱོད་ལྟ་སྨོས་ཀྱང་ཅི་འཚལ་ [160B] ཡུམ། བདག་དུས་འདི་སྲིད་ཀྱི་བར་དུ་སྔོན་སུ་ལ་ཡང་འགའ་ཡང་ཁྲོས་པ་མཆིས་སམ་གཞོན་ནུ། ཁྱོད་གང་གི་ཚེ་བདག་གི་རུམ་དུ་ཞུགས་པ་དེ་ནས་བདག་ ཀྱང་སྔོན་སུ་ལ་ཡང་ཁྲོ་མ་མྱོང་ན། ཁྱོད་ལྟ་སྨོས་ཀྱང་ཅི་དགོས། དེས་བསམ་པ། སྨན་རྙེད་དེ། །སྙམ་དུ་རིག་ནས་སྨན་པ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ངས་རང་ལ་བརྟགས་ན། ང་སྔོན་སུ་ ལ་ཡང་ཁྲོ་མ་མྱོང་བས། ངའི་ཡན་ལག་ལྔའི་རྩ་གཏོར་ཅིག་།ལྷ། བདག་ཅག་ནི། མི་ཕལ་པ་ཞིག་གི་དོན་དུ་ལྷའི་སྐུ་ལ་མཚོན་མི་འདེབས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི། བཟོའི་གནས་ དང། ལས་ཀྱི་གནས་དེ་དང་དེ་རྣམས་ལ་མཁས་པ་ཡིན་པས། རྒྱལ་པོ་རང་ཉིད་ཀྱིས་རྩ་གཏར་ཏེ། ཁྲག་དེ་ཟླ་བ་དྲུག་ཏུ་ཉི་མ་རེ་རེ་ཞིང་དེ་ལ་ནས་ཐུག་བླུད་པས་སོས་པར་གྱུར་ཏོ། །དགེ་སློང་དག་ཇི་ སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེ་ན་ཡང་ང་ནད་པ་རྣམས་ལ་བྱམས་པར་བྱེད་ན། ད་ལྟ་ལྟ་ཞིག་སྨོས་ཀྱང་ཅི་དགོས། གཞན་ཡང་ཤི་བིའི་རྒྱལ་པོའི་ བུ་གཞོགས་ཕྱེད་བསྐམས་པར་གྱུར་ནས། རྒྱལ་པོས་སྨན་པ་རྣམས་ལ་བསྒོ་བ། ཤེས་ལྡན་དག་གཞོན་ནུའི་དཔྱད་ཀྱིས་ཤིག་དེ་རྣམས་ཀྱིས་སྨྲས་པ། ལྷ། བཅུད་ཐམས་ཅད་མར་དང་སྒྲོལ་ ཅིག་ལོ་བཅུ་གཉིས་སུ་བཅུད་ཐམས་ཅད་བསགས་ན། འདིའི་ཡང་ཤང་ཤང་ཏེའུ་ཤ་མ་རྙེད་དོ། །སྨན་པ་རྣམས་ཀྱིས་བྱ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དང། མེ་ལོང་དང་བྱ་གག་ཁྱེར་ཏེ་ [161A]༄༅། །རྒྱ་མཚོའི་འགྲམ་དུ་དེངས་ལ། དེར་རྙི་ཚུགས་ཏེ་བྱ་གག་གི་མདུན་དུ་མེ་ལོང་ཞོག་ཅིག་དང། བྱ་གག་རང་གི་གཟུགས་བརྙན་མཐོང་ནས་འདི་བྱ་གག་ཡིན་ནོ། །སྙམ་ སྟེ༑ སྐད་ཕྱུང་བ་དང་ཤང་ཤང་ཏེའུ་བྱ་གག་གི་སྐད་ཐོས་ནས་ངོ་མཚར་ཆེ་བས་བྱ་གག་གི་དྲུང་དུ་འོང་བར་འགྱུར་ཏེ། དེ་གཟུང་བའི་ཐབས་ནི། འདི་ཡིན་ནོ། །དེ་རྣམས་ཀྱིས་དེ་བཞིན་དུ་ བྱས་པ་ལས། ཇི་ཙམ་ན། ལས་ཀྱི་ཞགས་པས་ཟིན་པའི་སྲོག་ཆགས་ཤང་ཤང་ཏེའུ་ཐོགས་ནས་དེ་རྣམས་ཀྱིས་དེ་ཁྱེར་ཏེ་སོང་ངོ་།འདི་ནི། ཆོས་ཉིད་ཡིན་ཏེ། འཇིག་རྟེན་གནས་པ་ཆགས་ ནས་རིང་པོ་མ་ལོན་པའི་ཚེ་དུད་འགྲོ་རྣམས་ཀྱང་སྨྲ་ཤེས་པས་སྲོག་ཆགས་ཤང་ཤང་ཏེའུ་ས་སྨྲས་པ། བདག་གར་བཀྲི། དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་སྨྲས་པ་དང། དེས་སྨྲས་པ། ཐོང་ཞིག་ ཤའི་མཐུ་ཡོད་པར་བྱེད་པ་ཞེས་བྱ་བའི་སྨན་དང། རིན་པོ་ཆེ་རྣམས་སྨྲའོ། །དེ་རྣམས་ཀྱིས་སྨྲས་པ། རེ་ཞིག་ཁྱོད་ཀྱིས་སྨན་དེ་དག་ཅི་འདྲ་བར་བལྟའི། སྟོན་ཅིག་དེས་སྨྲས་པ། བདག་གིས་ཁྲུས་ བྱས་པའི་ཆུ་ནི། ཤའི་མཐུ་ཡོད་པ་ཡིན་གྱི། དེ་ཁྱེར་ལ་དེངས་ཤིག་རིན་པོ་ཆེ་ནི། འདི་དག་ཡིན་ནོ། །དེ་དག་རྒྱལ་པོས་འཇིགས་པས་རིན་པོ་ཆེ་རྣམས་བོར་ཏེ་ཤང་ཤང་ཏེའུ་དེ་ཉིད་ཁྱེར་ ཏེ་དོང་པ་ལས། རིམ་གྱིས་ཡུལ་ཤི་བིའི་དབྱངས་ཀྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་དེ་རྣམས་ཀྱིས་སྲོག་ཆགས་ཤང་ཤང་ཏེའུ་རྒྱལ་པོ་ལ་ཕུལ་ཏེ། དེས་བསྟན་པའི་སྨན་གང་ཡིན་པ་དེ་ཡང་ [161B] །དེ་ནས་རྒྱལ་པོས་ཤང་ཤང་ཏེའུ་ལ་དྲིས་པ་དང་སྨྲས་པ། ལྷ། བདག་བཀྲུས་པའི་ཆབ་ཤ་སྟོབས་ཅན་དུ་བགྱིད་པ་ལགས་སོ། །རྒྱལ་པོས་ཆུ་སྣོད་བདུན་ཆུ་བཟང་པོས་བཀང་བར་ བཞག་གོ་ཇི་ཙམ་ན་དེ་དག་ཏུ་ཇི་སྲིད་ལེགས་པར་ངལ་སོས་པ་དེ་སྲིད་དུ་ཁྲུས་བྱས་ནས། དེ་ནས་ལུས་ཀྱི་སྟོབས་ཤེས་པ་དང་མོད་ལ་འཕུར་ཏེ་ཁང་པའི་སྟེང་དུ་འདུག་ནས། འཇིགས་པ་དང་བག་ ཚ་བ་དང་བྲལ་ཏེ་ཚིགས་སུ་བཅད་པས་སྨྲས་པ། རེ་ཞིག་ཐོག་མ་བདག་བླུན་ཏེ། །ཕྱི་ནས་བྱ་བ་འདི་དག་གོ་དེ་ནས་རྒྱལ་པོ་སྨན་པ་སྟེ། །བླུན་པོའི་དཀྱིལ་འཁོར་ལེགས་པར་རྫོགས། །ཞེས་སྨྲས་ ནས་སོང་ངོ། །དེ་ནས་རྒྱལ་པོས་སྨན་པ་རྣམས་བཀུག་སྟེ་དྲིས་པ་ཤེས་ལྡན་དག་ཤང་ཤང་ཏེའུ་ཁྲུས་བྱས་པའི་ཆུ་དེ། ཤའི་མཐུ་ཡོད་པར་བྱེད་པ་དེ་བདེན་ནམ། དེ་རྣམས་ཀྱིས་སྨྲས་པ་ ལྷ། མད་ལགས་ཀྱི། མར་དང་སྒྲོལ་ཅིག་དེ་རྣམས་ཀྱིས་བཅུད་ཐམས་ཅད་མར་དང་བཙོས་ཏེ་རྒྱལ་པོའི་བུ་ལ་བླུད་པར་ཞུགས་སོ། །ཇི་ཙམ་ན་གངས་རིའི་སུལ་ཞིག་ན་རང་སངས་རྒྱས་ལྔ་བརྒྱ་ གནས་པ་ལས། དེ་ན་གཅིག་གཞོགས་ཕྱེད་བསྐམས་པར་གྱུར་ཏོ། །དེ་ལ་རང་སངས་རྒྱས་དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ། ལྗོངས་སུ་སོང་ལ་སྨན་པ་ལ་སྨོས་ཏེ་སྨན་སྟོན་ཅིག་དང་སོས་ པར་འགྱུར་རོ། །དེས་སྨྲས་པ། ཚེ་དང་ལྡན་པ་དག་སྐྱེ་བོ་མང་པོ་ལ་མི་སྡུག་པ། སྐྱེ་བོ་མང་པོ་མི་འདོད་པ། སྐྱེ་བོ་མང་བོ་མི་དགའ་བ། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བ། སེམས་ཅན་ཐམས་ཅད་ [162A]༄༅། །ཀྱི་ཐུན་མོང་གི་ཆོས་འདི་ལྟ་སྟེ། འཆི་བ་ཞེས་བྱ་བ་གང་ཡིན་པ་དེ་འོང་སྟེ། བདག་ནད་དང་བཅས་ཏེ་ཁྱེར་བར་གྱུར་ན་ཅིའི་ཕྱིར་གྲོང་ཁྱེར་གྱི་མཐར་འགྲོ། དེ་རྣམས་ཀྱིས་ སྨྲས་པ། ཚེ་དང་ལྡན་པ། དེ་ལྟ་མོད་ཀྱི། འོན་ཀྱང་ཇི་ཙམ་དུ་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ཡུན་རིང་དུ་འཚོ་བ་དེ་ཙམ་དུ་བསོད་ནམས་མང་པོ་གསོག་གོ། ཇི་ཙམ་དུ་བསོད་ནམས་ མང་པོ་བསགས་པ་དེ་ཙམ་དུ་མཐོ་རིས་རྣམས་སུ་ཡུན་རིང་དུ་དགའ་བར་འགྱུར་རོ། །ཞེས་དེ་དེ་རྣམས་ཀྱིས་སྐུལ་མ་བཏབ་ནས་ལྗོངས་སུ་བབས་ཏེ། རིམ་གྱིས་ཡུལ་ཤི་བིའི་དབྱངས་ཀྱི་རྒྱལ་ པོའི་ཕོ་བྲང་དུ་ཕྱིན་ཏོ། །དེ་ནས་ལམ་གྱིས་དུབ་པ་ངལ་སོས་ནས་སྨན་པའི་དྲུང་དུ་སོང་སྟེ། བཞིན་བཟང། ཁོ་བོ་འདི་འདྲ་བའི་ནད་ཀྱིས་ཐེབས་ཀྱི། སྨན་སྟོན་ཅིག་དེས་སྨྲས་པ། འཕགས་ པ༑ ཁྱོད་ཀྱི་སྙུན་ནད་འདི་ཅི་འདྲ་བ་ཁོ་ན་རྒྱལ་པོའི་སྲས་ཀྱི་ཡང་དེ་ཁོ་ན་འདྲ་ནས་ལོ་བཅུ་གཉིས་ཀྱིས་བཅུད་ཐམས་ཅད་མར་དང་བཙོས་པ་མཆིས་ཀྱི། བཞུད་ལ་སློངས་ཤིག་དང། གལ་ཏེ་ སྐལ་པའི་ཁྱད་པར་གྱིས་བཅུད་དེ་ཐོབ་ན། དེས་ན་ཁྱོད་འཚོ་བར་འགྱུར་རོ། །དེ་རྒྱལ་པོའི་ཕོ་བྲང་དུ་སོང་ནས་སྒོ་གར་བསྡད་དོ་།རྒྱལ་པོ་དེའི་ཀུན་ཏུ་སྤྱོད་པ་ནི། སློང་བ་པོའི་སྐྱེ་བོ་སྦྲོན་ དུ་གཞུག་པའི་ཕྱིར་སྒོར་རྒྱུན་དུ་དྲིལ་འདོགས་ཏེ། གང་གི་ཚེ་སློང་བ་པོ་སྒོ་ན་འདུག་པ་དེའི་ཚེ་དེ་དཀྲོལ་བར་བྱེད་དོ། །ཇི་ཙམ་ན་རང་སངས་རྒྱས་འོངས་ནས་དྲིལ་དེ་དཀྲོལ་ཏོ། །དེ་ནས་ [162B] ཡབ་ཡུམ། སློང་བ་པོ་ཞིག་མཆིས་ཀྱི། ཅི་ཞིག་སློང་སྨྲོས་ཤིག་དེ་གཉིས་ཀྱིས་སྨྲས་པ། བུ། བདག་ཅག་གིས་ལོ་བཅུ་གཉིས་སུ་རྫས་རྣམས་བསགས་ཏེ་ བཙོས་ནས་བྱས་པའི་བཅུད་འདི་རེ་ཞིག་འཐུངས་ཤིག་དང། ཕྱི་ནས་སློང་བ་པོ་ནང་དུ་བཀུག་ལ་ཅི་སློང་བ་རྨའོ། །དེ་ངོ་མཚར་དང། བཀྲ་ཤིས་དང། བདེ་ལེགས་སུ་གྱུར་པ་དག་བྱས་ནས་ མར་འཐུང་བར་འདོད་ན། སློང་བ་པོའི་སྐྱེ་བོའི་རེ་བས་ལུས་ཀྱི་གནད་དུ་ཕོག་ནས་མར་དེ་མ་འཐུངས་པར་སྨྲས་པ། ཡབ་ཡུམ། རེ་ཞིག་སློང་བ་པོ་ནང་དུ་བཀུག་གི་བར་དུ་མི་འཚལ་ལོ། །རྒྱལ་ པོས་སྒོ་བ་ལ་བསྒོ་བ། སློང་བ་པོ་ནང་དུ་ཐོངས་ཤིག་དེ་ནང་དུ་ཞུགས་པ་དང། རྒྱལ་པོའི་བུས་ལུས་མཛེས་པ་དང། སེམས་དང་བ་དང། སྤྱོད་ལམ་ཞི་བས་ཞུགས་པ་མཐོང་ནས། དེས་ སྨྲས་པ། འཕགས་པ། ཅི་ཞིག་བཞེད། དེས་རྒྱས་པར་སྨྲས་པ་དང་དེས་སྨྲས་པ། འཕགས་པ། བཅུད་ནི། ཁྱོད་ཁོ་ན་ལ་འོས་ཀྱི། བདག་ལ་མ་ལགས་ཀྱི། དབུལ་གྱི། བཞེས་ཤིག་དེས་ ལྷུང་བཟེད་བཟེད་པ་དང། རྒྱལ་པོའི་བུ་བསམ་པ་དྲག་པོས་ལྷུང་བཟེད་དེར་བཅུད་བླུགས་སོ། །བདག་ཉིད་ཆེན་པོ་དེས་ཀྱང་རྒྱལ་པོའི་བུ་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་ལྡན་པའི་ སེམས་བསྐྱེད་པ་དང། ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་ནི་འགྲུབ་པར་འགྱུར་ལ། དེ་ཡང་ཚུལ་ཁྲིམས་རྣམས་རྣམ་པར་དག་པའི་ཕྱིར་གཉིས་ཀ་ཡང་སོས་པར་གྱུར་ཏོ། །དགེ་སློང་དག་ [163A]༄༅། །ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཞོན་ནུ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ཏེ། དེ་ན་ཡང་ང་ནད་པ་རྣམས་ལ་བྱམས་པར་བྱེད་ན། ད་ལྟ་ལྟ་ སྨོས་ཀྱང་ཅི་དགོས། བཙུན་པ། རྒྱལ་བུ་དང་རང་སངས་རྒྱས་དེས་ལས་ཅི་ཞིག་བགྱིས་ན། དེས་ན་གཉི་ག་མཉམ་དུ་བྲོས་ཐེབས་ལ་མཉམ་དུ་སོས་པར་གྱུར་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་གཉིས་ཁོ་ནས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་ཚོགས་བསགས་པ། རྐྱེན་ཡོངས་སུ་སྒྱུར་བ། འོད་པ་བཞིན་དུ་ཉེ་བར་ གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས། འདི་གཉིས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་ དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར་མེའི་ཁམས་ལ་མི་འགྱུར། རླུང་གི་ ཁམས་ལ་མི་འགྱུར་གྱི། འདི་ལྟར། ལས་དག་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་ རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས་།རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད་།དགེ་སློང་དག་སྔོན་བྱུང་བ། ཝཱ་ར་ཎཱ་སིའི་གྲོང་ [163B] དེ་ལ་བུ་གཉིས་ཡོད་པ་ལས། ནུ་བོ་ཤོས་གང་ཡིན་པ་དེ། རྒྱལ་སྲིད་ལ་དགའ་བར་གྱུར་ཏོ། །མདུན་ན་འདོན་ལ་ཡང་བུ་གཉིས་ཡོད་པ་ལས་ ནུ་བོ་ཤོས་གང་ཡིན་པ་དེ། མདུན་ན་འདོན་འདོད་པར་གྱུར་ཏེ། སེམས་ཅན་རྣམས་ནི། ཁམས་ཀྱི་སྒོ་ནས་ཤེད་འཕྲོད་པ་ཡིན་པས། དེ་ནས་ཕན་ཚུན་དུ་ཡིད་གཅུགས་པར་གྱུར་ནས་རྒྱལ་ བུས་སྨྲས་པ། ཐབས་ཅི་ཞིག་བྱས་ན། དེས་ན་ང་རྒྱལ་པོར་འགྱུར་དེས་སྨྲས་པ། ཁྱོད་ཀྱིས་གལ་ཏེ་བདག་མདུན་ན་འདོན་དུ་གཞུག་ན་ནི་ཐབས་མཆིས་ཀྱི། སྙན་དུ་གསོལ་བར་བགྱིའོ། ། དེས་སྨྲས་པ། དེ་ལྟར་བྱ་སྟེ། གཞུག་གི་སྨྲོས་ཤིག་དེས་སྨྲས་པ། བདག་གིས་ཁྱོད་ཀྱི་གཅེན་ཞ་བོར་བགྱིས་དང། ཁྱོད་རྒྱལ་པོར་འགྱུར་རོ། །དེས་རྗེས་སུ་ཡི་རང་ངོ། །དེ་ནས་རྒྱལ་ བུ་ཕུ་བོ་ཤོས། དེས་སྨན་མ་ཡིན་པ་བྱིན་ནས་ཞ་བོར་གྱུར་ཏོ། །དུས་གཞན་ཞིག་ན། རྒྱལ་པོ་ཤི་ནས་བློན་པོ་རྣམས་ཀྱིས། དེ་ནི། ཞ་བོར་གྱུར་ཏོ། །སྙམ་ནས། ནུ་བོ་ཤོས་རྒྱལ་པོར་དབང་ བསྐུར་ཏོ། །དེས་ཀྱང་མདུན་ན་འདོན་གྱི་ནུ་བོ་ཤོས་གང་ཡིན་པ་དེ་མདུན་ན་འདོན་དུ་བཅུག་གོ་ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་དང་མདུན་ན་འདོན་ལྷན་ཅིག་ཏུ་བྲེ་མོ་གཏམ་སྨྲ་ཞིང་ འདུག་པ་ལས། རྒྱལ་པོས་ཕུ་བོ་ཞ་བ་དེ་མཐོང་ངོ། །དེས་དེ་མཐོང་ནས་འགྱོད་པར་གྱུར་ཏེ། བདག་གིས་རྒྱལ་སྲིད་ཀྱི་ཕྱིར་ཕུ་བོ་ཞ་བར་བྱས་པ་གང་ཡིན་པ་དེ་ནི། མ་ལེགས་པ་ཞིག་བྱས་ [164A]༄༅། །སོ༑ ༑ལྷ། བདག་ཀྱང་འགྱོད་པར་གྱུར་གྱི། གལ་ཏེ་ལྷ་དགྱེས་ན། འདི་ཕྱིར་སྔོན་གྱི་ཇི་ལྟ་བ་བཞིན་དུ་བགྱིའོ། །དེས་སྨྲས་པ། གནང་གི་བྱོས་ཤིག་དེས་ དེ་ལ་སྨན་བྱིན་ནས་སོས་པར་གྱུར་ཏོ། །དེ་ནས་དེ་གཉིས་ཀྱིས་རང་སངས་རྒྱས་ཤིག་ལ་བྱར་བྱས་ནས་སྨོན་ལམ་གདབ་པར་བརྩམས་པ་གང་ཡང་བདག་གིས་ཡོན་གནས་དམ་པ་ འདི་ལྟ་བུ་ལ་བྱ་བ་བྱས་པའི་ལས་འདིའི་རྣམ་པར་སྨིན་པས། ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་ཞིང། ཞ་བོར་བྱས་པའི་སྡིག་པའི་ལས་འདིའི་རྣམ་པར་སྨིན་པ་ ཡང་ཉམས་སུ་མི་མྱོང་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོའི་བུ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །མདུན་ན་འདོན་གྱི་བུ་གང་ ཡིན་པ་དེ་ནི། རང་སངས་རྒྱས་འདི་ཉིད་ཡིན་ནོ། །དེ་གཉིས་ཀྱིས་གྲོས་བྱས་ནས་རྒྱལ་པོ་གཞོན་ནུ་ལ་སྨན་མ་ཡིན་པ་བྱིན་པ་གང་ཡིན་པ་དེས་ན། མཉམ་དུ་ཞ་བོར་གྱུར་ཏོ། །ཡང་འགྱོད་ པར་གྱུར་པས་དེ་གཉིས་ཀྱིས་གྲོས་བྱས་ཏེ་སླར་སྨན་བྱིན་པ་གང་ཡིན་པ་དེས་ན། །མཉམ་དུ་སོས་པར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན། ལས་གཅིག་ཏུ་ནག་བ་རྣམས་ཀྱི་རྣམ་ པར་སྨིན་པ་ནི། གཅིག་ཏུ་ནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་གཅིག་ཏུ་དཀར་བ་དང། འདྲེས་མ་རྣམས་ཀྱི་འདྲེས་མ་སྟེ། དགེ་སློང་དག་དེ་ལྟ་བས་ན། ལས་གཅིག་ [164B] འདྲེས་མ་རྣམས་ནི། སྤངས་ལ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ།། །། གླེང་གཞི་ནི། མཉན་ཡོད་ནའོ། །དེའི་ཚེ་མཉན་ཡོད་ན། ཁྱིམ་བདག་ཚོང་དབོན་ཞེས་བྱ་བ། ཕྱུག་ཅིང་ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་ བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་སོ། །དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་བུ་མེད་ཅིང་བུ་མངོན་པར་འདོད་པས་ཞི་བ་དང། ཆུ་ལྷ་དང་ ལུས་ངན་དང། བརྒྱ་བྱིན་དང། ཚངས་པ་ལ་སོགས་པ་ལ་གསོལ་བ་འདེབས་ཤིང། ལྷའི་བྱེ་བྲག་གཞན་ཡང། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དག་དང། ཚལ་གྱི་ལྷ་དག་དང། བཞི་ མདོའི་ལྷ་དག་དང། སུམ་མདོའི་ལྷ་དག་དང། གཏོར་མ་ལེན་པའི་ལྷ་དང། ལྷན་ཅིག་སྐྱེས་པ་དང། ཆོས་མཐུན་པའི་ལྷ་དག་དང། རྟག་ཏུ་རྗེས་སུ་འབྲང་བའི་ལྷ་དག་ལ་ཡང་གསོལ་བ་ འདེབས་སོ། །འཇིག་རྟེན་ན་གང་དག་གསོལ་བ་འདེབས་པའི་རྒྱུ་ལས། བུ་ཕོ་དང། བུ་མོ་དག་སྐྱེའོ་ཞེས་བྱ་བའི་གཏམ་དེ་ལྟ་བུ་ཡོད་དོ་།དེ་ནི། དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ ཟིན་ན། རེ་རེ་ལ་ཡང། འདི་ལྟ་སྟེ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞིན་དུ་བུ་སྟོང་སྟོང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་གསུམ་པོ་དག་མངོན་དུ་གྱུར་པ་ལས། བུ་ [165A]༄༅། །ཕོ་དང། བུ་མོ་དག་སྐྱེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། ཕ་དང་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་དང་མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་ པ་དང། དྲི་ཟ་ཉེ་བར་གནས་པར་གྱུར་པ་སྟེ། གནས་གསུམ་པོ་དག་མངོན་དུ་གྱུར་པ་ལས། བུ་ཕོ་དང་བུ་མོ་དག་སྐྱེ་བར་འགྱུར་རོ་།དེས་གང་གི་ཚེ་ལྷ་རྣམས་ལ་གསོལ་བ་བྱས་ཀྱང་བུ་ཕོ་ དང་བུ་མོ་མེད་པ་དེའི་ཚེ། ལྷ་ཐམས་ཅད་སྤངས་ཏེ་བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ཏོ། །ཇི་ཙམ་ན་དགེ་སློང་ཞིག་གི་དྲུང་དུ་སོང་སྟེ། འཕགས་པ། ལེགས་པར་གསུངས་ པའི་ཆོས་འདུལ་བ་ལ་བདག་རབ་ཏུ་འབྱུང་བར་འཚལ་ལོ། །བཞིན་བཟང། དེ་བཞིན་དུ་གྱིས་ཤིག། ཅེས་དེས་དེ་རིམ་གྱིས་སྐྲ་བྲེགས་ནས་བསླབ་པའི་གཞི་རྣམས་སྦྱིན་པར་བརྩམས་ པ་ལས། རིམས་ཆེན་པོས་ཐེབས་ནས་རབ་ཏུ་བྱུང་བའི་བར་ཆད་དུ་གྱུར་པའི་སྐབས་དེ། བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རེ་ཞིག་སོས་ཀྱི་བར་དུ་བསླབ་པའི་གཞི་རྣམས་མི་སྦྱིན་ཞིང། དེའི་རིམ་གྲོ་བྱའོ། །བཅོམ་ལྡན་འདས་ཀྱིས་དེའི་རིམ་གྲོ་བྱའོ། །ཞེས་བཀའ་སྩལ་ན། དགེ་སློང་རྣམས་ཀྱིས་སུས་ བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་དང། སྨན་པས་སོ། །སྨན་པ་རྣམས་ཉིན་པར་སྨན་བྱས་ན་མཚན་མོ་ནད་ལ་བབ་པར་གྱུར་ཏོ། །དེ་རྣམས་ [165B] འཕགས་པ། འདིའི་དཔྱད་བདག་ཅག་གིས་གདུགས་ལ་བགྱིས་ན། མཚན་མོ་བྲོ་ལ་བབ་པར་གྱུར་གྱི། གལ་ཏེ་འདི་ཁྱིམ་དུ་བསྐྱལ་ན། བདག་ཅག་གིས་ཉིན་མཚན་དུ་འདིའི་དཔྱད་ བགྱིའོ། །ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་དུ་སྐྱོལ་ལ་དེར་ཡང་དེའི་རིམ་གྲོ་བྱེད་པར་སྦྱིན་པར་བྱའོ། ། དེའི་ནད་དེ་ཡུན་རིང་པོར་གྱུར་ནས། སྐྲ་རིང་པོར་རིང་པོར་སྐྱེས་ནས། ཁྱིམ་བདག་དེ། ཁྱིམ་བདག་མགོ་རེག་ཅེས་བྱ་བར་གྲགས་སོ། །དེ་གང་གི་ཚེ་རྩ་བ་དང། སྡོང་བུ་དང། འདབ་མ་དང། མེ་ཏོག་ དང། འབྲས་བུའི་སྨན་གྱིས་བསྙེན་བཀུར་བྱས་པ་ལས་སླར་ལ་ན་བར་གྱུར་པ་དེའི་ཚེ། དེས་བདག་ནི། འཆིའོ་ཞེས་བྱ་བར་རང་གིས་ཆ་ཆོད་ནས། དེ་ན་དེས་འཆི་ཁའི་ཚེ་རང་གི་ནོར་ཐམས་ཅད་ གླེགས་བུ་ལ་བྲིས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་བསྐུར་རོ་།དེ་ནི། ཤིའོ། །བློན་པོ་རྣམས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། ལྷ། ཁྱིམ་བདག་མགོ་རེག་བུ་མ་མཆིས་པར་གུམ་སྟེ་ དེ་ལ་དབྱིག་དང། གསེར་དང། གླང་པོ་ཆེ་དང། རྟ་དང། བ་ལང་དང། མ་ཧེ་དང། གོ་ཆ་ལ་སོགས་ཏེ། ཕལ་མོ་ཆེ་ཞིག་མཆིས་པ་དེ་ཐམས་ཅད་གླེགས་བུ་ལ་བྲིས་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ ཚལ་དུ་འཕགས་པའི་དགེ་འདུན་ལ་ཕུལ་ལོ། །རྒྱལ་པོས་སྨྲས་པ་འཕགས་པ་ཉེ་དགའ་དབང་བ། གླེགས་བུ་ལ་མ་བྲིས་པ་ཡང་མ་ཐོབ་ན། གླེགས་བུ་ལ་བྲིས་པ་ལྟ་སྨོས་ཀྱང་ཅི་དགོས། འོན་ [166A]༄༅། །ཀྱང་བཅོམ་ལྡན་འདས་ཀྱིས་གནང་བ་གང་ཡིན་པ་དེ་ལོངས་ཤིག་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་ལ་ཅི་དག་ཡོད། བར་སྡོམ་ལ་གཞི་དང་གནས་མལ་གོས་དང་ནི། །ལྕགས་ནག་ལྕགས་དང་ལྷམ་མཁན་དང། །རྫ་མཁན་འབྲེག་མཁན་ཤིང་མཁན་ སོགས། །ཚོན་རྩི་མདུང་ཤིང་བར་བུར་དང། །རྐང་གཉིས་རྣམས་དང་རྐང་བཞི་དང། །ཟས་དང་བཏུང་བ་སྨན་དང་ནི། །བྲན་དང་གདང་བ་དབང་རྒྱ་དག་ཅི་རིགས་པར་ནི་བགོ་བར་བྱ། ། དབྱིག་རྣམས་དང་ནི་གསེར་རྣམས་དང། །གཞན་ཡང་བརྡུངས་བྱས་བརྡུངས་མ་བྱས། །དགེ་འདུན་འདུས་ནས་བགོ་འོ་ཞེས། །དྲང་སྲོང་ཆེན་པོས་བཀའ་སྩལ་ཏོ། །དགེ་སློང་རྣམས་ཀྱིས་ གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་རིགས་པར་བགོ་བར་བྱ་སྟེ། དེ་ལ་ཞིང་གི་གཞི་དང། ཁྱིམ་གྱི་གཞི་དང། ཚོང་ཁང་གི་གཞི་དང། གནས་མལ་དང། ལྕགས་ནག་ གི་མགར་བའི་ལག་སྤྱད་དང། ལྕགས་མགར་གྱི་ལག་སྤྱད་དང། རྫ་མཁན་གྱི་ལག་སྤྱད་དང། ཤིང་མཁན་གྱི་ལག་སྤྱད་དང། སྨྱུག་མ་མཁན་གྱི་ལག་སྤྱད་དང། བྲན་ཕོ་དང། བྲན་ མོ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་དང། ཁ་ཟས་དང་བཏུང་བ་དང། འབྲུ་རྣམས་ནི། མི་བགོ་བར་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཕྱིར་སྤྱིར་གཞག་པར་བྱའོ། །རས་ཡུག་ [166B] རས་ཡུག་ཆེན་དང། ཀོ་སྒྲོ་དང། མཆིལ་ལྷམ་དང་འབྲུ་མར་གྱི་སྣོད་དང། རིལ་བ་དང། བྱ་མ་བུམ་རྣམས་ནི། དགེ་འདུན་ཚོགས་པས་བགོ་བར་བྱའོ། །མདུང་ཤིང་རིང་པོ་གང་ཡིན་པ་དེ་ དག་ནི། འཛམ་བུ་ལྟ་བུའི་སྐུའི་གཟུགས་བརྙན་གྱི་རྒྱལ་མཚན་གྱི་ཤིང་བྱའོ། །ཐུང་ངུ་གང་ཡིན་པ་དེ་དག་ནི། འཁར་གསིལ་གྱི་ཡུ་བར་བྱས་ལ་དགེ་སློང་རྣམས་ལ་སྦྱིན་པར་བྱའོ། །ཁྱེའུ་དང་བུ་མོ་ ནི། དགེ་འདུན་གྱིས་མི་བསྒྱུར་ཏེ། ཅི་རིགས་པ་ཞིག་བླངས་ནས་ཅི་བདེ་བར་གཏང་བར་བྱའོ། །རྐང་བཞི་པ་རྣམས་ལས། གླང་པོ་ཆེ་དང་རྟ་དང། རྔ་མོ་དང། བོང་བུ་དང། དྲེའུ་རྣམས་ནི། རྒྱལ་པོ་ ལ་དབུལ་བར་བྱའོ། །བ་ལང་དང། མ་ཧེ་དང། ར་དང། ལུག་རྣམས་ནི། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཕྱིར་སྤྱིར་གཞག་སྟེ། མི་བགོའོ། །འཐབ་སྟན་དང། གོ་ཆ་དང། གཞན་ཡང། རྒྱལ་ པོ་ལ་འོས་པ་གང་ཡིན་པ་དེ་ཐམས་ཅད་ནི། རྒྱལ་པོ་ལ་དབུལ་བར་བྱའོ། །མཚོན་ཆ་རྣམས་ནི། གཞག་ལ། དེ་རྣམས་གྲིའུ་དང། ཁབ་དང། འཁར་གསིལ་དུ་བརྡུངས་ཏེ་དགེ་འདུན་ལ་བྲིམ་པར་ བྱའོ། །ཚོན་རྣམས་ལས། ཚོན་རྩི་ཆེན་པོ་གང་ཀུས་དང། མཚལ་དང། མཐིང་ཤིང་ལ་སོགས་པ་དེ་དག་ནི། སྐུའི་གཟུགས་བརྙན་གྱི་དྲི་གཙང་ཁང་དུ་གཞག་པར་བྱའོ། །ཐོད་ལེ་ཀོར་དང། བཙག་ དང། རམས་ནི། དགེ་འདུན་གྱིས་བགོ་བར་བྱའོ། །ཆང་ནི། ཡོངས་བླུགས་ལས་དོང་དུ་གཞུག་པར་བྱ་སྟེ། ཚར་གྱུར་ན་ལོངས་སྤྱད་པར་བྱའོ། །ཚར་མ་གྱུར་ན་དོར་བར་བྱའོ། །དགེ་སློང་དག་ང་ [167A]༄༅། །སྟོན་པ་ཡིན་པར་ཁས་ལེན་པ་རྣམས་ཀྱི་ཆང་མི་སྦྱིན་ཞིང། ཐ་ན་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ། །སྨན་རྣམས་ནི་ནད་ཁང་རུང་བར་གཞག་པར་བྱ་ཞིང། དེ་ནས་དགེ་ སློང་རྣམས་ཀྱིས་ལོངས་སྤྱད་པར་བྱའོ། །རིན་པོ་ཆེ་རྣམས་ལས་མུ་ཏིག་མ་གཏོགས་པར་ནོར་བུ་དང། བཻ་ཌཱུརྱ་དང། དུང་གཡས་སུ་འཁྱིལ་བ་ལ་སོགས་པ་ནི། ཆ་གཉིས་སུ་བྱས་ཏེ། གཅིག་ ནི། ཆོས་ལའོ། །གཅིག་ཤོས་ནི། དགེ་འདུན་ལའོ། །ཆོས་ཀྱི་གང་ཡིན་པ་དེས་ནི། སངས་རྒྱས་ཀྱི་གསུང་བྲི་བར་བྱའོ། །སེང་གེའི་ཁྲི་བརྒྱན་པར་བྱའོ། །དགེ་འདུན་གྱི་གང་ཡིན་པ་དེ་ནི། དགེ་ སློང་རྣམས་ཀྱིས་བགོ་བར་བྱའོ། །གླེགས་བམ་རྣམས་ལས་སངས་རྒྱས་ཀྱི་གསུང་རབ་ཀྱི་གླེགས་བམ་རྣམས་ནི། མི་བགོ་བར་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཆེད་དུ་སྤྱིར་མཛོད་ དུ་བཞུགས་པར་བྱའོ། །ཕྱི་རོལ་པའི་བསྟན་བཅོས་ཀྱི་གླེགས་བམ་རྣམས་ནི། བཙོངས་ལ་བགོ་བར་བྱའོ། །ཆགས་རྒྱ་ནི། མྱུར་དུ་འགྲུབ་པར་ནུས་པ་གང་ཡིན་པ་དེ་ནི། རྫས་འགེད་པའི་ ཚེ་དགེ་སློང་རྣམས་ཀྱིས་བགོ་བར་བྱའོ། །མི་ནུས་པ་གང་ཡིན་པ་དེ་ནི། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཆེད་དུ་སྤྱིར་མཛོད་དུ་གཞག་པར་བྱའོ། །གསེར་དང། དབྱིག་དང། གཞན་ ཡང་རྡུངས་སུ་བྱས་པ་དང། རྡུངས་སུ་མ་བྱས་པ་གང་ཡིན་པ་དེ་ནི། ཆ་གསུམ་དུ་བྱས་ཏེ། གཅིག་ནི། སངས་རྒྱས་ལའོ། །གཉིས་པ་ནི་ཆོས་ལའོ། །གསུམ་པ་ནི། དགེ་འདུན་ལའོ། །སངས་ [167B] དྲི་གཙང་ཁང་དང། དབུ་སྐྲ་སེན་མོའི་མཆོད་རྟེན་རྣམས་ཀྱི་རལ་པ་དང། འདྲུམས་པ་སླར་བཅོས་པར་བྱའོ། །ཆོས་ཀྱི་གང་ཡིན་པ་དེས་ནི། སངས་རྒྱས་ཀྱི་གསུང་བྲི་པར་བྱའོ།། སེང་གེའི་ཁྲི་བརྒྱན་པར་བྱའོ། །དགེ་འདུན་གྱི་གང་ཡིན་པ་དེ་ནི་དགེ་སློང་རྣམས་ཀྱིས་བགོ་བར་བྱའོ། །གླེང་གཞི་ནི། མཉམ་ཡོད་ནའོ། །གང་གི་ཚེ་ཀོ་ས་ལའི་རྒྱལ་པོ་གསལ་ རྒྱལ་གྱིས་ཆུ་བཟང་གི་དུས་སྟོན་བཙུགས་པ་དེའི་ཚེ། དེ་ན་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་རྣམས་མང་དུ་ཚོགས་པར་གྱུར་ཏོ། །དེའི་ཚེ་དགེ་སློང་ཁྲུམས་སྟོད་དགེ་ སློང་མས་བཀུར་བ་ཡིན་པས་ཆུ་བཟང་གི་དུས་སྟོན་བཙུགས་པའི་དགེ་སློང་མ་རབ་ཏུ་མང་པོས། ཚེ་དང་ལྡན་པ་ཁྲུམས་སྟོད་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ། ཆུ་བཟང་གི་དུས་སྟོན་ལ་སྤྱན་ འདྲེན་གྱི། གཤེགས་སོ། །དེས་སྨྲས་པ། བདག་གི་ཆོས་གོས་དང་ལྷུང་བཟེད་ཕྱིར་སུ་ལ་བཅོལ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་སྨྲས་པ། འཕགས་པ། ཐུགས་ལས་ཆུང་ངུར་མཛོད་ཅིག་ བདག་ཅག་གིས་གཞག་པར་བགྱིའོ། །དེས་དེ་རྣམས་ལ་གཞག་པ་དང། དེ་རྣམས་ཀྱིས་ཀྱང་སྐྱེ་རྒུའི་བདག་མོ་ཆེན་མོ་ལ་གཏད་དོ། །ཆེན་མོས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལའོ། །ཚེ་དང་ ལྡན་པ་ཀུན་དགའ་བོས་ཀྱང་གཙུག་ལག་ཁང་ཞིག་ཏུ་བཞག་གོ་དེ་ནས་དེའི་ཚེ་ཚེ་དང་ལྡན་པ་ཁྲུམས་སྟོད་ཆུ་བཟང་གི་དུས་སྟོན་ལ་འོངས་པ་དང། དེ་ན་དགེ་སློང་མ་རྣམས་ཀྱིས་མགྲོན་དུ་བོས་པ་ [168A]༄༅། །ཡིན་པས། གཅིག་གིས་སྨྲས་པ། འཕགས་པ། དེང་བདག་གིས་ཞལ་ཚུས་བགྱིའོ། །གཞན་དང་གཞན་དག་གིས་ཀྱང་གཡར་ཚུས་ལ་བོས་སོ། །གཞན་ཞིག་གིས་སྨྲས་ པ། འཕགས་པ། བདག་གི་གདུགས་ཚོད་གསོལ་ཅིག་དེ་བཞིན་དུ་གཞན་དང་གཞན་དག་གིས་ཀྱང་སྨྲས་སོ། །གཞན་ཞིག་གིས་སྨྲས་པ་འཕགས་པ། བདག་གི་དུས་མ་ལགས་པའི་བཏུང་བ་ གསོལ་ཅིག་དེ་བཞིན་དུ་གཞན་དང་གཞན་དག་གིས་ཀྱང་སྨྲས་ནས་དེས་དེ་རྣམས་ཀྱི་སེམས་བསྲུང་བའི་ཕྱིར་གཡར་ཚུས་རྣམས་ལས་ཅུང་ཟད་ཅུང་ཟད་བླངས། དེས་དེ་བཞིན་དུ་དྲོ་ཡང་ ཟོས། དུས་མ་ཡིན་པའི་བཏུང་བ་བླུད་པ་ཡང་འཐུངས་པ་དང། དེ་དག་ཙེག་ཙེག་པ་ཡོར་ལངས་ནས་དེ་ཡང་ལམ་གྱིས་དུབ་པ་དེས་མང་པོར་ཟོས་ནས་མ་ཞུ་བར་གྱུར་ཏེ། བསུང་དེ་ཤིའོ། །དེ་ དགེ་སློང་རྣམས་ཀྱིས་དུར་ཁྲོད་དུ་བསྲེགས་ནས་ཆོས་བསྒྲགས་པ་བྱས་ནས་རིམ་གྱིས་གཙུག་ལག་ཁང་དུ་ལྷགས་སོ། །གོས་འགེད་པས་ནད་གཡོག་ལ་སྨྲས་པ། དེའི་ལྷུང་བཟེད་དང་ཆོས་ གོས་འོན་ཅིག་དེས་སྨྲས་པ། དེས་བཅུ་གཉིས་སྡེ་རྣམས་ཀྱི་ལག་ཏུ་བཞག་གོ། །དེ་རྣམས་ལ་དྲིས་པ་དང། སྨྲས་པ། བདག་གིས་སྐྱེ་རྒུའི་བདག་མོ་ཆེན་མོའི་ལག་ཏུ་བཞག་གོ། དེ་ནས་སྐྱེ་ རྒུའི་བདག་མོ་ཆེན་མོས་སྨྲས་པ། བདག་གིས་འཕགས་པ་ཀུན་དགའ་བོ་ལ་གཏད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བདག་གིས་གཙུག་ལག་ཁང་ཆེ་གེ་མོ་ཞིག་ཏུ་བཞག་གོ་ [168B] བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤི་བའི་ཡོ་བྱད་ཀྱི་སྐྱིན་པར་དགེ་སློང་ཀུན་དགའ་བོ་བྱིན་གྱིས་བརླབ་ པར་བྱའོ། །བྱིན་གྱིས་བརླབ་པ་ཡང་འདི་ལྟར་བྱ་སྟེ། གཎྜཱི་བརྡུངས་ལ་དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་དགེ་སློང་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ་ གནས་མལ་བཤམས་པ་བྱས་ལ། གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་རྣམས་ཚོགས་ཤིང་མཐུན་པར་གྱུར་པ་དང། དགེ་སློང་གཅིག་གིས་ གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་གནས་འདིར་དགེ་སློང་ཁྲུམས་སྟོད་གུམ་ན། དེའི་ལྷུང་བཟེད་དང་ཆོས་གོས་དང། གོས་ཀྱི་རིན་དང་བཅས་པ་ ཀུན་དགའ་བོའི་སུག་བ་ན་མཆིས་ཀྱི། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། འདི་ལྟར། དགེ་འདུན་གྱིས་དགེ་སློང་ཁྲུམས་སྟོད་གུམ་པའི་ ཡོ་བྱད་ལྷུང་བཟེད་དང། ཆོས་གོས་དང། གོས་ཀྱི་རིན་དུ་བཅས་པའི་དངོས་པོའི་སྐྱིན་པར་དགེ་སློང་ཀུན་དགའ་བོ་བྱིན་གྱིས་བརླབ་པར་བགྱིའོ། །འདི་ནི། གསོལ་བའོ། །སངས་རྒྱས་བཅོམ་ལྡན་ འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་དགེ་སློང་ཡང་གཞན་དུ་གུམ། ལྷུང་བཟེད་དང་ཆོས་གོས་ཀྱང་གཞན་ན་མཆིས། དངོས་པོའི་སྐྱིན་པའང་གཞན་ན་མཆིས་ན་ [169A]༄༅། །དེའི་ཆོས་གོས་དང་ལྷུང་བཟེད་གང་དབང་བར་འགྱུར་ལགས། ཉེ་བར་འཁོར། དངོས་པོའི་སྐྱིན་བའི་དགེ་སློང་ངམ། ཁྱིམ་པ་གང་ན་ཡོད་པའོ། ། གླེང་གཞི་ནི། མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་ལག་གི་བླ་ཞིག་ཤིའོ། །དགེ་སློང་རྣམས་དེའི་ལྷུང་བཟེད་དང་ཆོས་གོས་ལ་འགྱོད་པས་མ་བགོས་པའི་སྐབས་དེ། བཅོམ་ལྡན་འདས་ལ་ དགེ་སློང་རྣམས་ཀྱིས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ཐམས་ཅད་བསོགས་ལ། ཅི་འདྲེས་སམ་མ་འདྲེས་པར་གྱུར་པ་དེ། བརྟག་པར་བྱའོ། །གལ་ཏེ་ འདྲེས་ཏེ་དགེ་འདུན་གྱི་ནི། མཆོད་རྟེན་གྱིར་བྱས་ལ། མཆོད་རྟེན་ནི་དགེ་འདུན་གྱིར་གྱུར་ན། དེ་ལྟ་བུ་ཆོས་དང་མི་མཐུན་པ་ཡིན་པས་དེའི་ལྷུང་བཟེད་དང། ཆོས་གོས་དང། གོས་ཀྱི་རིན་ དང་བཅས་པ་ཆ་གསུམ་དུ་བྱས་ཏེ། སངས་རྒྱས་དང། ཆོས་དང་དགེ་འདུན་ནོ། །དགེ་འདུན་གྱི་ནི། དགེ་སློང་རྣམས་ཀྱིས་བགོ་བར་བྱའོ། །སངས་རྒྱས་ཀྱི་ནི། སངས་རྒྱས་ལ་མཆོད་པ་དང་དྲི་ གཙང་ཁང་དང། མཆོད་རྟེན་གྱི་ལག་གི་བླའི་སར་སྤྱད་པར་བྱའོ། །དམ་པའི་ཆོས་ཀྱི་ནི། སངས་རྒྱས་ཀྱི་གསུང་བྲི་བར་བྱ་སེང་གེའི་ཁྲི་བརྒྱན་པར་བྱའོ། །གལ་ཏེ་འདྲེས་པར་མ་གྱུར་ན་ ཐམས་ཅད་དགེ་སློང་རྣམས་ཁོ་ནས་བགོ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི། མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག་ལྗོངས་རྒྱུ་ཞིང་ [169B] རིམ་གྱིས་མཉན་ཡོད་ཀྱི་གྲོང་ཁྱེར་དང་ཉེ་བ་ཞིག་ཏུ་ཕྱིན་པ་དང། དེ་རྣམས་ཀྱི་ནང་ནས་དགེ་སློང་ཞིག་ཤིའོ། །དེ་རྣམས་ཀྱིས་བསམ་པ། གཙུག་ལག་ཁང་ན་འདུག་པའི་ཚངས་པ་མཚུངས་ པར་སྤྱོད་པ་རྣམས་ཀྱང་སྐལ་པ་འདོད་པར་འགྱུར་དུ་འོང་གི། གཙུག་ལག་ཁང་གི་ཕྱི་རོལ་ཏུ་བགོ་བར་བྱའོ། །སྙམ་པ་ལས། མཉན་ཡོད་དེ་ན་གནས་པའི་བ་ལང་གི་རྫི་དང། ཕྱུགས་རྫི་དང། རྩྭ་ ཐུན་དང། ཤིང་ཐུན་དང། ལམ་གྱིས་འཚོ་བ་དང། ལམ་གོལ་བས་འཚོ་བའི་མི་རྣམས་ཀྱིས་ཀུན་ནས་གང་ཞིང། དེ་རྣམས་གང་དང་གང་དུ་འདུག་ནས་འགེད་པར་བྱེད་པ་དེ་དང་དེར་སྐྱེ་བོའི་ ཚོགས་ཆེན་པོས་ཡོངས་སུ་བསྐོར་བར་གྱུར་ནས། དེ་རྣམས་ཀྱིས་བསམ་པ། གཙུག་ལག་ཁང་དང་ཉེ་བ་ཞིག་ཏུ་བགོའོ། །སྙམ་ནས། དེ་རྣམས་ཀྱིས་གཙུག་ལག་ཁང་དང་ཉེ་བ་ཞིག་ཏུ་བགོ་བར་ བརྩམས་པ་དང། དགེ་བསྐོས་ཀྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་དག་ཅི་ཞིག་བྱེད། དེ་རྣམས་ཀྱིས་ཇི་ལྟར་གྱུར་བ་སྨྲས་པ་དང། དེས་སྨྲས་པ། བདག་ཀྱང་མཚམས་སུ་འོངས་པ་ཡིན་ན་ ཞེས་དེས་འཁངས་ཀྱང་དེ་རྣམས་ཀྱིས་མ་བྱིན་པའི་སྐབས་དེ། བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་ཀྱི་ནང་ལ་མཚམས་ ཀྱི་ནང་དུ་ཤེས་ཏེ་ཤི་བའི་ཡོ་བྱད་འགེད་པར་བྱེད་ན། མ་བགོས་པ། ཉེས་པར་བགོས་པ་ཡིན་ཏེ། སླར་ཡང་མཚམས་ན་འདུག་པ་རྣམས་དང་ལྷན་ཅིག་བགོ་བར་བྱ་སྟེ། གཞན་དུ་ན། འགལ་ [170A]༄༅། །ཚབས་ཅན་དུ་འགྱུར་རོ། །དེ་བཞིན་དུ་མཚམས་ཀྱི་ནང་ལ་ཡིད་གཉིས་ཀྱིས་འགེད་པར་བྱེད་ན། མ་བགོས་པ། ཉེས་པར་བགོས་པ་ཡིན་ཏེ། སླར་ཡང་མཚམས་ ན་འདུག་པ་རྣམས་དང་ལྷན་ཅིག་བགོ་བར་བྱ་སྟེ། གཞན་དུ་ན། འགལ་ཚབས་ཅན་དུ་འགྱུར་རོ། །མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་གི་འདུ་ཤེས་ཀྱིས་འགེད་པར་བྱེད་ན། མ་བགོས་ པ། ཉེས་པར་བགོས་པ་ཡིན་ཏེ། སླར་ཡང་མཚམས་ན་འདུག་པ་རྣམས་དང་ལྷན་ཅིག་བགོ་བར་བྱ་སྟེ། གཞན་དུ་ན། འགལ་ཚབས་ཅན་དུ་འགྱུར་རོ། །མཚམས་ཀྱི་ཕྱི་རོལ་ལ་ཡིད་གཉིས་ ཀྱིས་འགེད་པར་བྱེད་ན། མ་བགོས་པ། ཉེས་པར་བགོས་པ་ཡིན་ཏེ། སླར་ཡང་མཚམས་ན་འདུག་པ་རྣམས་དང་ལྷན་ཅིག་བགོ་བར་བྱ་སྟེ། གཞན་དུ་ན། འགལ་ཚབས་ཅན་དུ་འགྱུར་རོ། ། གླེང་གཞི་ནི། མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་གིས་དགེ་སློང་ལ་དགེ་སློང་གི་ལག་ནས་ཆོས་གོས་དག་བསྐུར་བ་ན། དགེ་སློང་དེས་གང་གིས་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ པའི་སྐབས་དེ། བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དགེ་སློང་དེས་ཡིད་གཅུགས་པར་བྱ་བ་ མ་ཡིན་པ་ལ་ཡིད་གཅུགས་པར་བསྐྱེད་དེ། འདི་ལྟར། དེས་གང་གིས་བསྐུར་བ་དེ་ལ་ཡིད་གཅུགས་པར་སྤྱད་དོ། །འོན་ཀྱང་དགེ་སློང་གིས་དགེ་སློང་ལ་དགེ་སློང་གི་ལག་ནས་ཆོས་ [170B] གང་ལ་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ན། ལེགས་པར་སྤྱད་པ་ཡིན་ནོ། །གང་གིས་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ན། ཉེས་པར་སྤྱད་པ་ཡིན་ནོ། །དགེ་ སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་བར་བྱེད་ན། གང་ལ་བསྐུར་བ་དེ་ནི། ཤི་ལ། གང་གིས་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ན། ཉེས་པར་སྤྱད་པ་ཡིན་ནོ། །གང་ལ་བསྐུར་ བ་དེའི་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན་ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་བར་བྱེད་པ་ན། གང་གིས་བསྐུར་ བ་དེ་ནི། ཤི་ལ། གང་གིས་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན། ཉེས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་བར་ བྱེད་པ་ན། གང་ལ་བསྐུར་བ་དེས་སླར་བཟློག་ལ། གང་གིས་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ན། ལེགས་པར་སྤྱད་པ་ཡིན་ནོ། །གང་ལ་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ན། ཉེས་ པར་སྤྱད་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་བ་ན། གང་ལ་བསྐུར་བ་དེ་ནི། ཤི་ལ། གང་ལ་བསྐུར་བ་དེའི་ཤི་པའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན་ ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །གང་གིས་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་བྱིན་གྱིས་རློབ་པར་བྱེད་ན། ཉེས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་ [171A]༄༅། །གོས་དག་བསྐུར་བར་བྱེད་པ་ན། གང་ལ་བསྐུར་བ་དེས་སླར་བཟློག་ལ། གང་གིས་བསྐུར་བ་དེ་ཡང་ཤི་ནས་གང་ལ་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱོད་ན། ཉེས་ པར་སྤྱད་པ་ཡིན་ནོ། །གང་ལ་བསྐུར་བ་དེའི་ཤི་བའི་ཡོ་བྱད་རུང་བར་བྱིན་གྱིས་རློབ་པར་བྱེད་ན། ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་ པར་བྱེད་པ་ན། གང་ལ་བསྐུར་བ་དེས་སླར་བཟློག་ནས་དེ་ཤི་ལ་གང་གིས་བསྐུར་བར་བྱེད་པ་དེའང་ཤི་ན། དེའི་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན། ཉེས་པར་བྱིན་གྱིས་བརླབས་ པ་ཡིན་ནོ། །གང་གིས་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན། ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ་།གོས་ཀྱི་གཞི་རྫོགས་སོ།། །། སྲ་བརྐྱང་གི་གཞིའི་སྡོམ་ནི། གནས་བཅས་པ་དང་ཁ་ཅིག་དང་།རྡོལ་པ་དང་ནི་བླངས་པ་དང། །དུས་དང་གང་ཟག་མ་མོའི་གཞི་།ཉི་ཤུ་དག་ཏུ་བྱས་པ་དང། །བགོས་པ་དག་ནི་བཅུ་གཉིས་ ཏེ༑ ༑གནས་བཅས་དབྱར་གནས་དམ་བཅས་པ། །སྟོན་པ་བལྟ་བར་འདོད་པ་ནའང། །འདམ་རྫབ་ཀྱིས་ནི་ངལ་གྱུར་པ། །དེ་ལ་དེར་ནི་ཆོས་གོས་གནང། །སངས་རྒྱས་བཅོམ་ལྡན་འདས་ རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དབྱར་བཞུགས་པར་ཞལ་གྱིས་བཞེས་སོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག་གནས་བཅས་སུ་དབྱར་གནས་པར་ [171B] དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ནས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྩྭ་སྟུག་པོ་དང་རྫབ་ཆེན་པོར་ཚ་བས་ངལ་བར་ གྱུར་ཅིང། རྡུལ་གྱིས་ལུས་གཡོགས་བཞིན་དུ་མཉན་ཡོད་གང་ན་བདེར་རྒྱུ་ཞིང་སོང་སྟེ། རིམ་གྱིས་རྒྱུ་ཞིང་སོང་བ་དང་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་ཆོས་གོས་ དང་ལྷུང་བཟེད་མཁོས་སུ་ཕབ་ནས་རྐང་པ་བཀྲུས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་དོང་ནས་ལྷགས་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ ཏུ་འདུག་གོ་ཆོས་ཉིད་ཀྱིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གློ་བུར་དུ་ལྷགས་པའི་དགེ་སློང་རྣམས་ལ་སོ་སོ་ཡང་དག་པར་དགའ་བར་མཛད་པ་འདིས་སོ་སོ་ཡང་དག་པར་དགའ་བར་ མཛད་དེ། དགེ་སློང་དག་ཁྱེད་ད་གཟོད་གནས་འོངས། གནས་གང་དུ་དབྱར་གནས་གནས། བཙུན་པ། བདག་ཅག་ནི། གནས་བཅས་ནས་ད་གཟོད་མཆིས་ལགས་ཏེ། བདག་ཅག་གནས་ བཅས་ན་དབྱར་མཆིས་མཆིས་ལགས་སོ། །དགེ་སློང་དག་ཁྱེད་ཅག་གནས་སུ་ཇི་གང་ཞེས་ལ་རེག་པར་དབྱར་གནས་སམ། བསོད་སྙོམས་ཀྱིས་བྲེལ་བར་མ་གྱུར་མོད། བཙུན་པ། མད་ པར་གསོལ་ཏོ། །བདག་ཅག་གནས་བཅས་ན་བདེ་བ་ལ་རེག་པར་དབྱར་གནས་ཤིང། བདག་ཅག་བསོད་སྙོམས་ཀྱིས་ཀྱང་བྲེལ་བ་མ་མཆིས་ལགས་སོ་།འོན་ཀྱང་བདག་ཅག་ལྷུང་བཟེད་དང་ཆོས་གོས་ [172A]༄༅། །ཐོགས་ཏེ་རྩྭ་སྟུག་པོ་དང་རྫབ་ཆེན་པོར་ཚ་བས་ངལ་བར་གྱུར་ཅིང། རྡུལ་གྱིས་ལུས་གཡོགས་པས་ལྗོངས་རྒྱུ་ཞིང་མཆིས་ཏེ་རིམ་གྱིས་རྒྱུ་ཞིང་མཆི་བ་ན། ཚེགས་ཆེན་པོས་འདིར་ མཆིས་ལགས་སོ།། །།འདུལ་བ་གཞི། བམ་པོ་རེ་བདུན་པ། བཅོམ་ལྡན་འདས་ཀྱིས་དགོངས་བ། ཀྱེ་མ། ངའི་ཉན་ཐོས་རྣམས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྩྭ་སྟུག་བོ་ དང་རྫབ་ཆེན་པོར་ཚ་བས་ངལ་བར་གྱུར་ཅིང། ལུས་རྡུལ་གྱིས་གཡོགས་པས་ལྗོངས་རྒྱུ་ཞིང་འགྲོ་བ་ནི། ཉོན་མོངས་ཀྱི། མ་ལ་ངས་དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་དང་ སྦྱིན་པ་པོ་རྣམས་ཀྱི་སྦྱིན་པའི་ཆོས་ལོངས་སྤྱད་པར་བྱ་བའི་ཕྱིར་དགེ་སློང་རྣམས་ལ་སྲ་བརྐྱང་གནང་བར་བྱའོ། །འདི་ལྟར་སྲ་བརྐྱང་བཏིང་ན། ཕན་ཡོན་ལྔ་ཡོད་དེ། ཞག་བཅུ་ལས་ཐལ་ན་ མ་ཡིན་པ་དང། ཟླ་བ་ལས་ཐལ་ན་མ་ཡིན་པ་དང། ནུབ་མོ་བྲལ་ན་མ་ཡིན་པ་དང། བློ་གོས་མཐང་གོས་དང་བཅས་པའི་ཆོས་གོས་ཀྱིས་ལྗོངས་རྒྱུར་འགྲོ་བ་དང། ཆོས་གོས་རུང་བ་མ་ཡིན་པ་ཇི་ ཙམ་འདོད་པ་འཆང་བ་ན་མ་ཡིན་པའོ། །གཞན་ཡང། ཕན་ཡོན་ལྔ་ཡོད་དེ། ཚོགས་ཤིང་ཟ་ན་མ་ཡིན་པ་དང། ཡང་ཡང་ཟ་ན་མ་ཡིན་པ་དང། ཁྱིམ་རྣམས་སུ་མགྲོན་དུ་མ་བོས་པར་འགྲོ་ན་ མ་ཡིན་པ་དང། ཇི་ཙམ་འདོད་པའི་ཆོས་གོས་བཙལ་བ་དང། སྟོན་ཟླ་འབྲིང་བོ་ནས་དཔྱིད་ཟླ་ར་བའི་བར་གྱི་ནང་དེར་སྲ་བརྐྱང་བཏིང་བ་རྣམས་ཀྱི་རྙེད་པ་ཡིན་ནོ། །སྙམ་དུ་དགོངས་ཞེས་ [172B] དགེ་སློང་དག་དེ་ལྟ་བས་ན། ངས་རྗེས་སུ་གནང་སྟེ། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་དང། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པའི་ཆོས་ལོངས་སྤྱོད་ པར་བྱ་བའི་ཕྱིར་དབྱར་གནས་པའི་དགེ་སློང་རྣམས་ཀྱིས་སྲ་བརྐྱང་གདིང་བར་བྱའོ། །འདི་ལྟར། སྲ་བརྐྱང་ལ་ཕན་ཡོན་ལྔ་ཡོད་དེ། ཞག་བཅུ་ཐལ་ན་མ་ཡིན་པ་དང་ཞེས་བྱ་བ་ནས་སྲ་བརྐྱང་བཏིང་བ་ རྣམས་ཀྱི་རྙེད་པ་ཡིན་ནོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ་།བཅོམ་ལྡན་འདས་ཀྱིས་སྲ་བརྐྱང་གདིང་བར་བྱའོ། །ཞེས་བཀའ་སྩལ་ན། དགེ་སློང་རྣམས་ཀྱིས་སྲ་བརྐྱང་ཇི་ལྟར་གདིང་བ་མ་ཤེས་ ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་ཀྱི་རྙེད་པ་ཡོད་པ་གང་ཡིན་པ་དེ་ལས་གདིང་བར་བྱའོ། །གདིང་བ་ནི། འདི་ལྟར་བྱ་སྟེ། རེ་ཞིག་ཐོག་མར་མཐུན་ པའི་གོ་བ་བྱ་སྟེ། ཆོས་གོས་འདི་ནི། དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་ཀྱི་རྙེད་པ་བྱུང་བ་ལགས་ཏེ། གལ་ཏེ་དགེ་འདུན་བཞེད་ན་ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་གདིང་བར་བྱའོ། །དེ་ནས་ ཕྱི་དེ་ཉིན་གནས་མལ་བཤམས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། དགེ་སློང་གཅིག་གིས་ གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཆོས་གོས་འདི་ནི། དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་ཀྱི་རྙེད་པ་བྱུང་བ་ལགས་ཏེ། དགེ་འདུན་གྱི་ཆོས་གོས་འདིས་སྲ་ [173A]༄༅། །བརྐྱང་བགྱིད་ནས་སྲ་བརྐྱང་གདིང་བར་བཞེད་ན། དེས་ན་སྲ་བརྐྱང་བཏིང་བའི་གནས་ནས་ཆས་བ་ལ་ཆོས་གོས་རྙིང་པ་རྣམས་དང་འབྲལ་བ་ཡང་མི་འབྱུང་ན། གསར་པ་རྣམས་དང་ ལྟ་སྨོས་ཀྱང་ཅི་འཚལ་བར་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། འདི་ལྟར། དགེ་འདུན་གྱིས་ཆོས་གོས་འདི་སྲས་བརྐྱང་དུ་མཛད་དེ། ཆོས་ གོས་འདིས་དགེ་འདུན་གྱི་སྲ་བརྐྱང་འདིང་ངོ། །དེས་ན་སྲ་བརྐྱང་བཏིང་བའི་གནས་ཆས་པ་ལ་ཆོས་གོས་རྙིང་པ་རྣམས་དང་འབྲལ་བ་ཡང་མི་འབྱུང་ན། གསར་པ་རྣམས་དང་ལྟ་སྨོས་ཀྱང་ཅི་འཚལ་ འདི་ནི། གསོལ་བའོ། །ལས་ནི་འདིར་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམ་གསན་དུ་གསོལ། ཆོས་གོས་འདི་ནི། དབྱར་གནས་པའི་དགེ་འདུན་གྱི་རྙེད་པ་བྱུང་བ་ལགས་ལ། དགེ་འདུན་ཡང་ སྲ་བརྐྱང་བགྱི་བར་བཞེད་དེ། དགེ་འདུན་གྱིས་ཆོས་གོས་འདི་སྲ་བརྐྱང་དུ་མཛད་པས་ཆོས་གོས་འདིས་དགེ་འདུན་གྱིས་ར་བརྐྱང་འདིང་ངོ། །དེས་ན་སྲས་བརྐྱང་བཏིང་བའི་གནས་ནས་ཆས་པ་ལ་ ཆོས་གོས་རྙིང་པ་རྣམས་དང་འབྲལ་བ་ཡང་མི་འབྱུང་ན། གསར་པ་རྣམས་དང་ལྟ་སྨོས་ཀྱང་ཅི་འཚལ། ཚེ་དང་ལྡན་པ་རྣམས་ལས་གང་དག་ཆོས་གོས་འདི་སྲས་བརྐྱང་དུ་བགྱི་ཞིང། ཆོས་གོས་འདིས་ དགེ་འདུན་གྱི་སྲ་བརྐྱང་བཏིང་སྟེ། དེས་ན་སྲ་བརྐྱང་བཏིང་བའི་གནས་ནས་ཆས་པ་ལས་ཆོས་གོས་རྙིང་པ་རྣམས་དང་འབྲལ་བ་ཡང་མི་འབྱུང་ན། གསར་པ་རྣམས་དང་ལྟ་སྨོས་ཀྱང་ཅི་འཚལ་བར་ [173B] ཅང་མ་གསུངས་ཤིང། གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག་དགེ་འདུན་གྱིས་ཆོས་གོས་སྲས་བརྐྱང་དུ་མཛད་ནས་ཆོས་གོས་འདིས་དགེ་འདུན་གྱི་སྲས་བརྐྱང་འདིང་སྟེ་ དེས་ན་སྲ་བརྐྱང་བཏིང་བའི་གནས་ནས་ཆས་པ་ལས་ཆོས་གོས་རྙིང་པ་རྣམས་དང་འབྲལ་བ་ཡང་མི་འབྱུང་ན། གསར་པ་རྣམས་དང་ལྟ་སྨོས་ཀྱང་ཅི་འཚལ་བར་དགེ་འདུན་གྱིས་བཟོད་ཅིང་གནང་ནས་འདི་ ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེའི་འོག་ཏུ་སྲ་བརྐྱང་འདིང་བའི་དགེ་སློང་བསྐོ་བར་བྱ་སྟེ། ཆོས་ལྔ་དང་ལྡན་པའི་དགེ་སློང་ནི། སྲ་བརྐྱང་འདིང་པར་མ་བསྐོས་པ་ནི་བསྐོ་བར་མི་ བྱ་ཞིང། བསྐོས་པ་ནི། དབྱུང་བར་བྱའོ། །ལྔ་གང་ཞེ་ན་དབྱར་གྱི་མ་ཡིན་པ་དང། དབྱར་རལ་བ་དང། དབྱར་ཕྱི་མར་གནས་པར་དམ་བཅས་པ་དང། དབྱར་ཐ་དད་པར་གནས་པ་དང། བསླབ་པ་བྱིན་པའོ། ། གཞན་ཡང། ཆོས་ལྔ་དང་ལྡན་ན། བསྐོ་བར་མི་བྱ་སྟེ། སྤོ་བ་པ་དང། གཞི་ནས་སྤོ་བ་པ་དང། མགུ་བར་བྱ་བ་སྤྱོད་པ་དང་གཞི་ནས་མགུ་བར་བྱ་བ་སྤྱོད་བ་དང། གནས་ནས་ཕྱུང་བའོ་།གཞན་ཡང། ཆོས་ལྔ་ དང་ལྡན་ན། བསྐོ་བར་མི་བྱ་སྟེ། འདུན་པས་འགྲོ་བ་དང། ཞེ་སྡང་གིས་འགྲོ་བ་དང། གཏི་མུག་གིས་འགྲོ་བ་དང། འཇིགས་པས་འགྲོ་བ་དང། སྲས་བརྐྱང་བཏིང་བ་དང་མ་བཏིང་བ་མི་ཤེས་པའོ་།ཡང། །ཆོས་ ལྔ་དང་ལྡན་པའི་དགེ་སློང་ནི། སྲས་བརྐྱང་འདིང་པར་མ་བསྐོས་པ་ནི། བསྐོ་བར་བྱ་ཞིང། བསྐོས་པ་ནི། དབྱུང་བར་མི་བྱའོ་།ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང། ཞེ་སྡང་གིས་མི་འགྲོ་བ་དང། གཏི་མུག་ [174A]༄༅། །གིས་མི་འགྲོ་བ་དང། འཇིགས་པས་མི་འགྲོ་བ་དང། སྲ་བརྐྱང་བཏིང་བ་དང་མ་བཏིང་བ་ཤེས་པའོ། །བསྐོ་བ་ནི། འདི་ལྟར་བྱ་སྟེ། གནས་མལ་བཤམས་ཏེ་ཞེས་བྱ་བ་ནས་དགེ་ འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། རེ་ཞིག་ཐོག་མར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད། དགེ་འདུན་གྱི་སྲ་བརྐྱང་འདིང་བར་སྤྲོའམ་ གལ་ཏེ་སྤྲོ་ན། དེས་སྤྲོའོ། །ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། སྲ་བརྐྱང་འདིང་བའི་དགེ་སློང་ མིང་འདི་ཞེས་བགྱི་བ་འདི། དགེ་འདུན་གྱིས་སྲས་བརྐྱང་འདིང་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་པར་མཛོད་ཅིག་དང། འདི་ལྟར་དགེ་འདུན་གྱིས་ དགེ་སློང་མིང་འདི་ཞེས་བགྱི་བ་སྲ་བརྐྱང་འདིང་བར་བསྐོས་ཏེ་སྲ་བརྐྱང་འདིང་པ་མིང་འདི་ཞེས་བགྱི་བ། དགེ་འདུན་གྱི་སྲ་བརྐྱང་འདིང་པར་འགྱུར་རོ། །འདི་ནི། གསོལ་བའོ། །ལས་ནི། འདི་ལྟར་ བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། སྲ་བརྐྱང་འདིང་པ་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་གྱི་སྲ་བརྐྱང་འདིང་པར་སྤྲོ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ སྲ་བརྐྱང་འདིང་པར་བསྐོས་ཏེ། སྲ་བརྐྱང་འདིང་པ་མིང་འདི་ཞེས་བགྱི་བས་དགེ་འདུན་གྱི་སྲ་བརྐྱང་འདིང་བར་འགྱུར་ན། ཚེ་དང་ལྡན་པ་རྣམས་ལས། གང་དག་མིང་འདི་ཞེས་བགྱི་བ་སྲ་བརྐྱང་འདིང་ [174B] ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག་དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་སྲ་བརྐྱང་འདིང་པ་མིང་འདི་ཞེས་བགྱི་བ། དགེ་ འདུན་གྱི་སྲ་བརྐྱང་འདིང་བར་བསྐོས་ཏེ། འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནས་གསོལ་བས་སྲས་བརྐྱང་འདིང་པའི་དགེ་སློང་ལ་སྲ་བརྐྱང་སྦྱིན་པར་བྱའོ། །དགེ་འདུན་བཙུན་པ་རྣམས་ གསན་དུ་གསོལ། དགེ་འདུན་གྱིས་ཆོས་གོས་འདི་ནི། སྲ་བརྐྱང་དུ་མཛད་ལགས་ལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཡང་སྲ་བརྐྱང་འདིང་པར་བསྐོས་ལགས་ཏེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། འདི་ལྟར་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆོས་གོས་འདི་སྲ་བརྐྱང་གི་སླད་དུ་སྩལ་ཏོ། །འདི་ནི། གསོལ་བའོ། །ངས་དགེ་སློང་ སྲ་བརྐྱང་འདིང་བའི་ཀུན་ཏུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་སྲས་བརྐྱང་འདིང་པས་སྲ་བརྐྱང་ལ་ཐམས་ཅད་དུ་ཐོག་མར་འགྲོ་བར་བྱ་སྟེ། བཀྲུའོ། །བརྐྱང་ངོ། །དྲའོ། །དྲུབ་བོ། །ཁ་སྒྱུར་རོ། །ཆུང་ངུ་ན་ ཁབ་ཀྱིས་སྲུབ་གཉིས་སམ། གསུམ་ཡང་བཙེམ་པར་བྱའོ། །ལན་གཉིས་སམ་གསུམ་དུ་སེམས་བསྐྱེད་པར་བྱའོ། །དེ་ནས་སྟོན་ཟླ་འབྲིང་པོ་ཟླ་བ་ཡར་གྱི་ངོའི་ཚེས་བཅོ་ལྔ་ལ་གོ་བར་བྱ་སྟེ། ཚེ་དང་ལྡན་པ་ དག་སང་ཁོ་བོས་སྲ་བརྐྱང་འདིང་གི་ཁྱེད་ཅག་སོ་སོའི་ཆོས་གོས་སྔགས་ཕྱུང་ཞིག་དེ་ནས་སྲ་བརྐྱང་འདིང་པའི་དགེ་སློང་གིས། སྲ་བརྐྱང་དྲི་དང་མེ་ཏོག་གིས་གཏོར་ཞིང། དྲི་ཞིམ་པོའི་བདུག་པས་ [175A]༄༅། །བདུགས་ནས་གནས་མལ་བཤམས་ཏེ། གཎྜི་བརྡུངས་ནས་དྲཾས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་ པ་དང་རྒན་པའི་མཐར་གཞག་པར་བྱའོ། །དེ་ནས་རྒན་པའི་མཐར་འདུག་ནས་སྲ་བརྐྱང་བླངས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་གྱིས་ཆོས་གོས་འདི་ནི། སྲ་བརྐྱང་དུ་མཛད་ ལ༑ བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཡང། སྲ་བརྐྱང་འདིང་བར་བསྐོས་ཏེ། སྲ་བརྐྱང་འདིང་པ་བདག་མིང་འདི་ཞེས་བགྱི་བས་ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་འདིང་བར་འགྱུར་རོ། །གདིང་ ངོ༑ ༑བཏིང་ངོ། །དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ་།དེ་ནས་བཏིང་ནས་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ་འདི་སྐད་ཅེས། །གནས་བརྟན་དགོངས་སུ་གསོལ་ ཆོས་གོས་འདི་ནི། དགེ་འདུན་གྱིས་སྲས་བརྐྱང་དུ་མཛད་ལ། བདག་མིང་འདི་ཞེས་བགྱི་བ་ཡང། སྲ་བརྐྱང་འདིང་བར་བསྐོས་པ་ལགས་ཏེ། བདག་གིས་ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་བཏིང་ ལགས་སོ། །ཞེས་བརྗོད་པར་བྱའོ། །དེས། ལེགས་པར་བཏིང་ངོ། །ཤིན་ཏུ་བཏིང་སྟེ། འདི་ལ་རྙེད་པ་དང། ཕན་ཡོན་ཡོད་པ་གང་ཡིན་པ་དེ་ནི། བདག་ཅག་གི་ཡིན་ནོ། །ཞེས་བརྗོད་པར་བྱ་ཞིང། དེ་བཞིན་ དུ་ལན་གཉིས་ལན་གསུམ་དུ་དགེ་འདུན་གསར་བུའི་བར་དུ་ཐམས་ཅད་ཀྱིས་ལེགས་པར་བཏིང་ངོ། །ཤིན་ཏུ་བཏིང་སྟེ། འདི་ལ་རྙེད་པ་དང་ཕན་ཡོན་ཡོད་པ་གང་ཡིན་པ་དེ་ནི། བདག་ཅག་གི་ཡིན་ [175B] ༑ཞེས་བརྗོད་པར་བྱའོ། །སྲ་བརྐྱང་འདིང་བའི་དགེ་སློང་གིས་སྲ་བརྐྱང་ཐོགས་ཏེ། ཆབ་ཁུང་སར་མ་ཡིན། སྣམ་ཕྱི་སར་མ་ཡིན་ཏེ། ཚང་བང་དུ་འཇུག་པར་མི་བྱའོ། །མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ་ གལ་ཏེ་སོང་ན། དེར་གནས་པར་མི་བྱའོ། །སྲ་བརྐྱང་འདིང་བའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན། འགལ་ཚ་བས་ཅན་དུ་འགྱུར་རོ། ། དེ་ནས་སྲ་བརྐྱང་འདིང་བའི་དགེ་སློང་གིས་དཔྱིད་ཟླ་ར་བ་ཟླ་བ་ཡར་གྱི་ངོའི་ཚེས་བཅོ་ལྔ་ལ་ཡང་གོ་བར་བྱ་སྟེ། ཚེ་དང་ལྡན་པ་དག་སང་ཁོ་བོ་སྲ་བརྐྱང་འབྱིན་གྱི། ཁྱེད་ཅག་སོ་སོའི་ཆོས་གོས་རྣམས་བྱིན་གྱིས་ རློབས་ཤིག་དེ་ལ་རྙེད་པ་བྱུང་བ་གང་ཡིན་པ་དེ་ནི། དགེ་འདུན་གྱིས་བགོ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། དུ་ཞིག་གི་སྲ་བརྐྱང་མ་བཏིང་ ལགས། ཉེ་བར་འཁོར། ལྔའི་སྟེ། དབྱར་གྱི་མ་ཡིན་པ་དང། དབྱར་རལ་བ་དང། དབྱར་ཕྱི་མར་གནས་པར་དམ་བཅས་པ་དང། དབྱར་ཐ་དད་པར་གནས་པར་དམ་བཅས་པ་དང། སྲ་བརྐྱང་དེ་འདིང་བ་ ན་མངོན་སུམ་དུ་མ་གྱུར་པའིོ། །གཞན་ཡང། འདི་ལྔའི་མ་བཏིང་བ་ཡིན་ཏེ། སྤོ་བ་པ་དང། སྤོ་བ་སྤྱད་ཟིན་པ་དང། མགུ་བར་བྱ་བ་སྤྱོད་པ་དང། མགུ་བར་བྱ་བ་སྤྱད་ཟིན་པ་དང། བསླབ་པ་བྱིན་པའིོ། ། བཙུན་པ། དུ་ཞིག་གི་རྙེད་པ་མཆིས་ལ། ཕན་ཡོན་མ་མཆིས་ལགས་ཉེ་བར་འཁོར། ལྔའི་སྟེ། དབྱར་གྱི་མ་ཡིན་པ་དང། དབྱར་རལ་བ་དང། དབྱར་ཕྱི་མར་གནས་པར་དམ་བཅས་པ་དང། དབྱར་ཐ་དད་པར་བཅས་ [176A]༄༅། །པ་དང། སྲ་བརྐྱང་དེ་འདིང་བ་ན་མངོན་སུམ་དུ་མ་གྱུར་པའིོ། །གཞན་ཡང། ལྔ་པོ་འདི་དག་གི་སྟེ། སྤོ་བ་པ་དང་སྤོ་བ་སྤྱད་ཟིན་པ་དང། མགུ་བར་བྱ་བ་སྤྱོད་པ་དང། མགུ་བར་ བྱ་བ་སྤྱད་ཟིན་པ་དང། བསླབ་པ་བྱིན་པའིོ། །བཙུན་པ། དུ་ཞིག་གི་རྙེད་པ་ཡང་མ་མཆིས་ལ། ཕན་ཡོན་ཡང་མ་མཆིས་ལགས་ཉེ་བར་འཁོར། ལྔའི་སྟེ། མ་མཐོང་བས་གནས་ནས་ཕྱུང་བ་དང་ ཕྱིར་མི་བྱེད་པས་གནས་ནས་ཕྱུང་བ་དང། སྡིག་པའི་ལྟ་བར་སོང་བ་མ་བོར་བས་གནས་ནས་ཕྱུང་བ་དང། དབྱར་ཐ་དད་པར་གནས་པ་དང། དགེ་འདུན་དབྱེ་ན་ཆོས་མ་ཡིན་པའི་ཕྱོགས་པའིོ། །དགེ་ སློང་རབ་ཏུ་མང་པོ་དག་ལྗོངས་རྒྱུ་ཞིང་དོང་བ་ན་ཆོམ་རྐུན་པ་རྣམས་ཀྱིས་བཅོམ་ནས། དེ་དག་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང། དགེ་སློང་རྣམས་ཀྱིས་མཐོང་ནས་ཚེ་དང་ལྡན་པ་དག་འོངས་པ་ ལེགས་སོ། །འོངས་པ་ལེགས་སོ། །ཇི་ག་བདེ་བར་སྤྱད་དམ། ཚེ་དང་ལྡན་པ་དག་བདེ་བར་སྤྱད་པ་ནི། ཅི་འདྲ་བ་ཞིག་བདག་ཅག་ནི་ཆོམ་རྐུན་པ་རྣམས་ཀྱིས་བཅོམ་མོ། །ཚེ་དང་ལྡན་པ་དག་ བདག་ཅག་ལ་རྙེད་པ་མང་དུ་བྱུང་སྟེ། གལ་ཏེ་སྲ་བརྐྱང་ཕྱུང་ན། ཁྱེད་ལ་ཆོས་གོས་ཀྱི་བགོ་བཤའ་བྱ་བ་ཞིག་ཅེས་པའི་སྐབས་དེ། བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། རྗེས་སུ་གནང་སྟེ་ཆོམ་རྐུན་པ་དག་གིས་བཅོམ་པའི་དགེ་སློང་རྣམས་ཀྱི་ཕྱིར་སྲ་བརྐྱང་དབྱུང་བར་བྱའོ། །དབྱུང་བ་ནི། འདི་ལྟར་བྱ་སྟེ། གནས་ [176B]རྣམས་ལ་ཡང་དག་པར་བསྒེ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ་ དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་འདུན་མཐུན་པས་འདི་སྲིད་དུ་སྲ་བརྐྱང་བཏིང་བ་ལས། དགེ་སློང་རབ་ཏུ་མང་པོ་ཆོམ་རྐུན་པ་དག་གིས་བཅོམ་ནས་ལྷགས་ན། གལ་ཏེ་དགེ་འདུན་ གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། འདི་ལྟར། དགེ་འདུན་གྱིས་དགེ་སློང་ཆོམ་རྐུན་གྱིས་བཅོམ་པ་རྣམས་ཀྱི་སླད་དུ་སྲ་བརྐྱང་འབྱིན་པར་མཛད་དོ། །འདི་ནི། གསོལ་ བའོ། །ལས་ནི། འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་འདུན་མཐུན་པས་འདི་སྲིད་དུ་སྲ་བརྐྱང་བཏིང་བ་ལས། དགེ་སློང་རབ་ཏུ་མང་པོ་ཆོམ་རྐུན་པ་དག་གིས་བཅོམ་ ནས་ལྷགས་ཏེ། དགེ་འདུན་གྱིས་དགེ་སློང་ཆོམ་རྐུན་པ་དག་གིས་བཅོམ་པ་རྣམས་ཀྱི་སླད་དུ་སྲ་བརྐྱང་འབྱིན་པར་མཛད་ན། ཚེ་དང་ལྡན་པ་དག་ལས། གང་དག་དགེ་སློང་ཆོམ་རྐུན་པ་དག་གིས་བཅོམ་པ་ རྣམས་ཀྱི་ཕྱིར་སྲ་བརྐྱང་འབྱིན་པར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་ ཆོམ་རྐུན་པ་དག་གིས་བཅོམ་པ་རྣམས་ཀྱི་སླད་དུ་སྲ་བརྐྱང་འབྱིན་པར་མཛད་དེ། གང་གི་སླད་དུ་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནས་རྙེད་པ་བྱུང་བ་གང་ཡིན་པ་དེ། བགོ་བར་བྱ་སྟེ་ [177A]༄༅། །བགོས་ནས་གང་འདོད་པ་དེས་རང་གི་སྐལ་པ་ལས་ཆོམ་རྐུན་པ་དག་གིས་བཅོམ་པའི་དགེ་སློང་རྣམས་ལ་བགོ་བཤའ་བྱའོ། །སྡོམ་ལ། རྡོལ་པ་དང་ནི་སྲིལ་ཟོས་དང་ མཐའ་སྐོར་ལྷན་རློ་ལྷན་རིང་དང། །གསོ་མའི་སེང་རས་ཟེགས་པ་དང། །རྙིང་དང་སྤངས་དང་དེངས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་ པ༑ ཆོས་གོས་རྡོལ་པས་སྲ་བརྐྱང་གདིང་དུ་རུང་ལགས་སམ། ཉེ་བར་འཁོར། མི་རུང་ངོ། །བཙུན་པ། ཆོས་གོས་སྲོག་ཆགས་ཀྱིས་འཚལ་པ་དང། ཆོས་གོས་ཆ་ག་བཏབ་པ་དང། ཆོས་གོས་ ལྷན་པ་རློ་བོས་བཏབ་པ་དང། ཆོས་གོས་ལྷན་རིང་ཅན་དང། གསོ་མའི་སེང་རས་ཀྱི་ཆོས་གོས་དང། ཆོས་གོས་ཟེགས་པ་དང། ཆོས་གོས་རྙིང་པ་དང། ཆོས་གོས་སྤངས་པ་དང། ཆོས་གོས་ དེངས་པས་སྲ་བརྐྱང་གདིང་དུ་རུང་ལགས་སམ། ཉེ་བར་འཁོར། མི་རུང་ངོ། །སྡོམ་ལ། བླིངས་དང་དུས་མ་ཡིན་པ་དང། །གང་ཟག་གི་ནི་ཆོས་གོས་གསུམ། །མི་རུང་བ་དང་མ་དྲས་དང། ། ཁྲུ་ལྔར་མ་ཆོག་མི་བྱ་དང། །བློ་མཐུན་མིན་དང་མི་གདིང་དང། །མཚམས་ཀྱི་ཕྱི་རོལ་མི་སྐྱེའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་ བླིངས་པའི་ཆོས་གོས་ཀྱིས་སྲ་བརྐྱང་གདིང་དུ་རུང་ལགས་སམ། ཉེ་བར་འཁོར། མི་རུང་ངོ། །བཙུན་པ། དུས་མ་ལགས་པའི་ཆོས་གོས་དང། གང་ཟག་གི་སྣམ་སྦྱར་དང། བླ་གོས་དང་ [177B] མི་རུང་བའི་ཆོས་གོས་དང། མ་དྲས་པ་དང། ཁྲུ་ལྔ་མ་མཆིས་པ་དང། བློ་མཐུན་པར་མ་བགྱིས་པའི་ཆོས་གོས་དང། སྲ་བརྐྱང་འདིང་བ་མ་བསྐོས་པ་དང། མཚམས་ཀྱི་སླད་ རོལ་དུ་བློ་མཐུན་པར་བགྱིས་པའི་ཆོས་གོས་ཀྱི་སྲ་བརྐྱང་དང་མཚམས་ཀྱི་སླད་རོལ་ཏུ་བསྐོས་པའི་སྲ་བརྐྱང་འདིང་བས། སྲ་བརྐྱང་གདིང་དུ་རུང་ལགས་སམ། ཉེ་བར་འཁོར། མི་རུང་ངོ། །སྡོམ་ ལ༑ དུས་ཀྱི་དང་ནི་ཟླ་བ་གསུམ། །གསར་པ་དང་ནི་བརྟགས་པ་ཉིད་།ཕོངས་པ་དང་ནི་གསོ་མའི་རས། །གང་ཟག་གི་ནི་ཆོས་གོས་གསུམ་།བཙུན་པ། དུས་ཀྱི་ཆོས་གོས་ཀྱིས་དགེ་འདུན་གྱི་སྲ་བརྐྱང་ གདིང་དུ་རུང་ལགས་སམ། ཉེ་བར་འཁོར། རུང་ངོ། །བཙུན་པ། དགུང་ཟླ་གསུམ་འདས་ནས་དགེ་འདུན་གྱི་ཆོས་གོས་ཀྱི་རྙེད་པ་གང་ལགས་པ་དེས། སྲ་བརྐྱངས་གདིང་དུ་རུང་ལགས་སམ། ཉེ་བར་འཁོར་ རུང་ངོ། །ཆོས་གོས་གསར་པ་རུང་ངོ། །གསར་པ་བརྟགས་པ་རུང་ངོ། །ཕོངས་པའི་ཆོས་གོས་རུང་ངོ། །གསོ་མའི་སེང་རས་སྣམ་སྦྱར་མི་རུང་ངོ། །བཙུན་པ། གང་ཟག་གི་སྣམ་སྦྱར་གྱིས་སྲ་བརྐྱང་ གདིང་དུ་རུང་ལགས་སམ། ཉེ་བར་འཁོར། གལ་ཏེ་དགེ་འདུན་ལ་ཕུལ་བར་གྱུར་ན་རུང་ངོ། །བླ་གོས་དང་མཐང་གོས་ཀྱང་དེ་བཞིན་ནོ་།སྡོམ་ལ། གང་ཟག་གི་དང་ཁྱིམ་པ་དང། ཁྲུ་ལྔ་པ་དང་ཁྲུ་ ལྔའི་ལྷག་བློ་མཐུན་བྱས་པའི་གདིང་བ་དང། །མཚམས་ཀྱི་ནང་ཉིད་སྐྱེ་བའོ། །བཙུན་པ། གང་ཟག་གི་ཆོས་གོས་ཀྱིས་སྲ་བརྐྱང་གདིང་དུ་རུང་ལགས་སམ། མི་རུང་ངོ། །གལ་ཏེ་དགེ་འདུན་ལ་ [178A]༄༅། །ཕུལ་བར་གྱུར་ནའོ། །ཁྱིམ་པའི་གོས་ཀྱིས་མི་རུང་ངོ་།གལ་ཏེ་དགེ་འདུན་ལ་ཕུལ་བར་གྱུར་ན་རུང་ངོ། །ཁྲུ་ལྔ་པས་རུང་ངོ། །ཁྲུ་ལྔ་ལས་ལྷག་པས་རུང་ངོ། །བློ་མཐུན་ པར་བྱས་པའི་སྲ་བརྐྱང་གི་ཆོས་གོས་དང་སྲ་བརྐྱང་འདིང་བས་རུང་ངོ། །མཚམས་ཀྱི་ནང་དུ་བློ་མཐུན་པར་བྱས་པའི་སྲ་བརྐྱང་གི་ཆོས་གོས་ཀྱིས་རུང་ངོ། །མཚམས་ཀྱི་ནང་དུ་སྲ་བརྐྱང་ འདིང་པ་བསྐོས་པས་རུང་ངོ། །མ་མོ་བརྒྱད་ཀྱི་གཞིས་སྲ་བརྐྱང་ཕྱུང་བར་འགྱུར་ཏེ། བརྒྱད་གང་ཞེ་ན། སོང་བ་དང། རྫོགས་པ་དང། ངེས་པ་དང། ཉམས་པ་དང། ཐོས་པ་དང། མཚམས་ འདས་པ་དང། རེ་ཐག་ཆད་པ་དང། བརྒྱད་པ་ནི། སྲ་བརྐྱང་ཕྱུང་བ་ཉིད་དེ། སོང་བའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་དང། རྫོགས་པའི་མཐའ་ཅན་དང། ངེས་པའི་མཐའ་ཅན་དང། ཉམས་ པའི་མཐའ་ཅན་དང། ཐོས་པའི་མཐའ་ཅན་དང། མཚམས་འདས་པ་དང། རེ་ཐག་ཆད་པ་དང། བརྒྱད་པ་ནི། སྲ་བརྐྱང་ཕྱུང་ཟིན་པ་ཉིད་ཡིན་ནོ། །སོང་བའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་ བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་ཕྱིར་མི་འོང་བར་མཚམས་ཀྱི་ཕྱི་རོལ་ ཏུ་སོང་བ་དེའི་ནི། སོང་བའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་ [178B] ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་ཕྱིར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དེ་འདི་སྙམ་དུ་སེམས་ཏེ། བདག་སླར་མི་འོང་སྟེ། འོན་ཀྱང་ཆོས་གོས་བྱའོ།། སྙམ་པ་དེའི་ནི། རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་ བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ། །སྙམ་པ་དེའི་ ནི༑ ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་ གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དེ་འདི་སྙམ་དུ་སེམས་ཏེ། སླར་ཡང་མི་འོང་ལ་ཆོས་གོས་ཀྱང་མི་བྱའོ། །སྙམ་ནས་ དེས་དེ་རྩོམ་ཞིང་བརྩམས་པ་དང་ཉམས་པ་དེའི་ནི། ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་གང་ཞེ་ན། འདི་ལྟ་སྟེ། དགེ་ སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོངས་ཏེ་ཆོས་གོས་བྱའོ། །སྙམ་པ་ལས། དགེ་འདུན་མཐུན་པས་སྲ་ [179A]༄༅། །བརྐྱང་ཕྱུང་ལ། དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་ལེགས་པར་ཕྱུང་ངོ་།ཤིན་ཏུ་ཕྱུང་ངོ། །ཞེས་རྗེས་སུ་ཡི་རང་བ་བྱས་ པ་དེའི་ནི། ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ་།མཚམས་འདས་པ་པའི་སྲ་བརྐྱང་ཕྱུང་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་ བྱས། ཆོས་གོས་མ་ཟིན་པར་ཕྱིར་འོང་ངམ་མི་འོད་སྙམ་པ་ལས་མཚམས་ཀྱི་ཕྱི་རོལ་ཏུ་སོང་བ་དེའི་ནི། མཚམས་འདས་པ་པའི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །རེ་ཐག་ཆད་པ་པའི་སྲ་བརྐྱང་ ཕྱུང་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་ པ་ལས། དེའི་ཆོས་གོས་རེ་བ་གང་ཡིན་པ་དེ། ཐམས་ཅད་ཀྱི་ཐམས་ཅད་དུ་ཆད་པ་དེའི་ནི། རེ་ཐག་ཆད་པ་པའི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །བརྒྱད་པ་སྲ་བརྐྱང་ཕྱུང་བ་ཉིད་གང་ཞེ་ན་ འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་བ་ལས་དེ་ཡང་སླར་འོངས་ཤིང་སྲ་བརྐྱང་ཕྱུང་བ་ཉམས་ སུ་མྱོང་བ་དེའི་ནི། བརྒྱད་པ་སྲ་བརྐྱང་ཕྱུང་བ་ཉིད་ཡིན་ནོ་།སྡོམ་ལ། མ་བྱས་པ་ནི་ཉི་ཤུ་དང། །བརྩམས་པ་དག་ནི་ཉི་ཤུ་དང། །རེ་བ་ཡོད་པ་ཉི་ཤུ་དང། །རེ་བ་མེད་པ་ཉི་ཤུ་ཡིན། ། [179B] དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དེ་འདི་སྙམ་ དུ་སེམས་ཏེ། སླར་མི་འོང་མོད་ཀྱི། འོན་ཀྱང་ཆོས་གོས་བྱའོ་།སྙམ་པ་དེའི་ནི། རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ། ། སྙམ་པ་དེའི་ནི། ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་ སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དེས་དེ་རྩོམ་ཞིང་དེའི་བརྩམས་པ་ཉམས་པ་དེའི་ནི། ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་ བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་།སྙམ་པ་ལས། དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ ལ༑ དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ། །ཞེས་ཐོས་སོ་།ཐོས་ནས་ཀྱང་ལེགས་པར་ཕྱུང་ངོ། །ཤིན་ཏུ་ཕྱུང་ངོ། །ཞེས་རྗེས་སུ་ཡི་རང་བ་བྱས་པ་དེའི་ནི། ཐོས་པའི་མཐའ་ཅན་གྱི་སྲ་ [180A]༄༅། །བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དེ་དེར་སོང་ནས་དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང། འོན་ཀྱང་ཆོས་གོས་ནི་བྱའོ་།སྙམ་པ་དེའི་ནི། རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས་ དེ་དེར་སོང་ནས་དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ། །སྙམ་པ་དེའི་ནི། ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་ བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དེ་དེར་སོང་ནས་རྩོམ་ཞིང་དེའི་བརྩམས་པ་ཉམས་པ་ དེའི་ནི། ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ་།འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ལ། དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་ལེགས་ [180B] །ཤིན་ཏུ་ཕྱུང་ངོ། །ཞེས་རྗེས་སུ་ཡི་རང་བ་བྱས་པ་དེའི་ནི། ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་གིས་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་ གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །ཞེས་སེམས་ལ་བཞག་པ་ལས། དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང། འོན་ཀྱང་ཆོས་གོས་བྱའོ། །སྙམ་པ་དེའི་ནི་ རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་དེ་སླར་འོང་ཞིང་ཆོས་ གོས་བྱའོ། །ཞེས་སེམས་ལ་བཞག་པ་ལས། དེ་དེར་སོང་ནས་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ། །སྙམ་པ་དེ་ནི། ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་ སྟེ༑ དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །ཞེས་སེམས་ལ་བཞག་པ་ལས། དེས་དེ་རྩོམ་ཞིང་ དེའི་བརྩམས་པ་ཉམས་པ་དེའི་ནི། ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་ རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །ཞེས་སེམས་ལ་བཞག་པ་ལས། དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ལ། དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ། །ཞེས་ཐོས་སོ། །ཐོས་ [181A]༄༅། །ནས་ཀྱང་ལེགས་པར་ཕྱུང་ངོ། །ཤིན་ཏུ་ཕྱུང་ངོ་།ཞེས་རྗེས་སུ་ཡི་རང་བ་བྱས་པ་དེའི་ནི། ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་ བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་།ཞེས་སེམས་ལ་བཞག་པ་ལས། དེ་དེར་སོང་ནས་འདི་སྙམ་ དུ་སེམས་ཏེ། སླར་མི་འོང་སྟེ། འོན་ཀྱང་ཆོས་གོས་བྱའོ། །སྙམ་པ་དེའི་ནི། རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ་།འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་ བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །ཞེས་སེམས་ལ་བཞག་པ་ལས། དེ་དེར་སོང་ནས་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་ གོས་ཀྱང་མི་བྱའོ། །སྙམ་པ་དེའི་ནི། ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །ཞེས་སེམས་ལ་བཞག་པ་ལས། དེ་དེར་སོང་ནས་རྩོམ་ཞིང་དེའི་བརྩམས་པ་ཉམས་པ་དེའི་ནི། ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །ཞེས་སེམས་ལ་བཞག་ [181B] དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ལ། དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་ལེགས་པར་ཕྱུང་ངོ། །ཤིན་ཏུ་ཕྱུང་ངོ། །ཞེས་རྗེས་སུ་ཡི་རང་བ་བྱས་པ་དེའི་ནི་ ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་ཅི་སླར་འོང་ངམ། འོན་ཏེ་སླར་མི་འོང་ཞེས་སེམས་ ལ་ཐེ་ཚོམ་ཟ་བཞིན་མཚམས་ཀྱི་ཕྱི་རོལ་ཏུ་སོང་བ་ལས། དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་སྟེ། འོན་ཀྱང་ཆོས་གོས་ནི་བྱའོ་།སྙམ་པ་འདིའི་ནི། རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། ། འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་ཅི་སླར་འོང་ངམ། འོན་ཏེ་སླར་མི་འོང་ཞེས་སེམས་ལ་ཐེ་ཚོམ་ཟ་བཞིན་དུ་མཚམས་ཀྱི་ཕྱི་རོལ་ཏུ་སོང་བ་ ལས། དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ། །སྙམ་པ་དེའི་ནི། ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་ཅི་སླར་འོང་ངམ། འོན་ཏེ་སླར་མི་འོང་ཞེས་སེམས་ལ་ཐེ་ཚོམ་ཟ་བཞིན་མཚམས་ཀྱི་ཕྱི་རོལ་ཏུ་སོང་བ་ལས། དེས་དེ་རྩོམ་ཞིང་དེའི་བརྩམས་པ་ཉམས་པ་དེའི་ ནི༑ ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་ཅི་སླར་འོང་ངམ། འོན་ཏེ་སླར་མི་འོང་ [182A]༄༅། །ཞེས་སེམས་ལ་ཐེ་ཚོམ་ཟ་བཞིན་མཚམས་ཀྱི་ཕྱི་རོལ་ཏུ་སོང་བ་ལས། དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ལ། དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ། ། ཞེས་ཐོས་སོ། །ཐོས་ནས་ཀྱང་ལེགས་པར་ཕྱུང་ངོ། །ཤིན་ཏུ་ཕྱུང་ངོ། །ཞེས་རྗེས་སུ་ཡི་རང་བ་བྱས་པ་དེའི་ནི། ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་ བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་ཞེས་བྱ་བ་ཐམས་ཅད་བརྗོད་པར་བྱའོ་།འོན་ཀྱང་སྔ་མའི་ཉི་ཤུ་ལ་ནི་ཆོས་གོས་མ་བྱས། ཆོས་གོས་ མ་ཟིན་པར་ཞེས་བྱའོ། །འདིར་ནི། ཆོས་གོས་མ་ཟིན་པར་ཞེས་བྱ་བ་བོར་ཏེ། ཆོས་གོས་བརྩམས་པ་ཞེས་བྱ་བ་བཅུག་སྟེ། རྣམ་པ་འདིས་ཉི་ཤུ་པ་གཞན་བྱའོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་ བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པའི་རེ་བ་ཡོད་པ་ལས། དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་སྟེ། འོན་ ཀྱང་ཆོས་གོས་ནི་བྱའོ། །སྙམ་པ་དེའི་ནི། རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ཏེ། རེ་བ་ཡོད་པ་ཞེས་བྱ་བའི་ཁྱད་པར་འདིས་སྔ་མ་བཞིན་དུ་ཉི་ཤུ་པ་གཞན་བྱའོ། །འདི་ལྟ་སྟེ། དགེ་ སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པའི་རེ་བ་མེད་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་བ་ལས། དེ་འདི་སྙམ་དུ་སེམས་ཏེ་ [182B] །སྙམ་པ་དེའི་ནི། རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ཏེ་རེ་བ་མེད་པ་ཞེས་བྱ་བའི་ཁྱད་པར་འདིས། སྔ་མ་བཞིན་དུ་ཉི་ཤུ་པ་གཞན་བྱའོ། །སྔོམ་ལ། བྱ་ བ་དག་ནི་བཅུ་གཉིས་དང། །བཙལ་བ་དང་ནི་དེ་བཞིན་གཞན། །ཡུལ་ལ་ལྔར་ནི་བྱ་བ་སྟེ། །གནས་མལ་ཡང་ནི་ལྔ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་ གོས་མ་ཟིན་པར་བྱ་བ་ཞིག་ལ་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་སྟེ། འོན་ཀྱང་ཆོས་གོས་ནི་བྱའོ། །སྙམ་པ་དེའི་ནི། རྫོགས་ པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་བྱ་བ་ཞིག་ལ་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་ གོས་བྱའོ། །སྙམ་པ་ལས། དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ། །སྙམ་པ་དེའི་ནི། ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་ བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་བྱ་བ་ཞིག་ལ་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དེས་དེ་རྩོམ་ཞིང་དེ་བརྩམས་པ་ཉམས་པ་དེའི་ནི། ཉམས་ བའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་བྱ་བ་ཞིག་ལ་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་ [183A]༄༅། །གོས་བྱའོ། །སྙམ་པ་ལས། དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ལ། དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ་།ཞེས་ཐོས་སོ། །ཐོས་ནས་ཀྱང་ལེགས་པར་ཕྱུང་ངོ། ། ཤིན་ཏུ་ཕྱུང་ངོ། །ཞེས་རྗེས་སུ་ཡི་རང་བ་བྱས་པ་དེའི་ནི་ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ ཟིན་པར་བྱ་བ་ཞིག་ལ་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དེ་དེར་སོང་ནས་འདི་སྙམ་དུ་སེམས་ཏེ། སླར་མི་འོང་སྟེ། འོན་ཀྱང་ཆོས་གོས་ནི་བྱའོ། །སྙམ་ པ་དེའི་ནི། རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །དེར་སོང་ནས་ཞེས་བྱ་བའི་ཁྱད་པར་འདིས་རྫོགས་པའི་མཐའ་ཅན་གྱི་གསུངས་པ་ཇི་ལྟ་བ་བཞིན་དུ་ངེས་པའི་མཐའ་ཅན་དང་ཉམས་ པའི་མཐའ་ཅན་དང། ཐོས་པའི་མཐའ་ཅན་ཡང་དེ་བཞིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་བྱ་བ་ཞིག་གི་ཆེད་ལ་མཚམས་ཀྱི་ཕྱི་ རོལ་ཏུ་སོང་ནས། ཅི་སླར་འོང་ངམ། འོན་ཏེ་སླར་མི་འོང་ཞེས་སེམས་ལ་ཐེ་ཚོམ་ཟ་བ་ལས། དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་སྟེ་འོན་ཀྱང་ཆོས་གོས་བྱའོ་སྙམ་པ་དེའི་ནི། རྫོགས་པའི་མཐའ་ ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །སེམས་ལ་ཐེ་ཚོམ་ཟ་བས་རྫོགས་པའི་མཐའ་ཅན་གསུངས་པའི་ཇི་ལྟ་བར་ངེས་པའི་མཐའ་ཅན་དང། ཉམས་པའི་མཐའ་ཅན་དང། ཐོས་པའི་མཐའ་ [183B] །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་བརྩལ་བ་ཞིག་ལ་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་ སླར་འོང་ཞིང་ཆོས་གོས་བྱའོ། །སྙམ་པ་ལས། དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་སྟེ། འོན་ཀྱང་ཆོས་གོས་ནི་བྱའོ་སྙམ་པ་དེའི་ནི། རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ ཕྱུང་བ་ཡིན་ནོ། །བཙལ་བའི་ཞེས་བྱ་བའི་ཁྱད་པར་འདིས་སྔ་མ་བཞིན་དུ་བཅུ་གཉིས་པ་གཞན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས། ཆོས་ གོས་མ་ཟིན་པར་སླར་མི་འོང་བར་ཡུལ་བལྟར་མཚམས་ཀྱི་ཕྱི་རོལ་ཏུ་སོང་བ་དེའི་ནི། སོང་བའི་མཐའ་ཅན་ཀྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་ གནས་ནས་ཆོས་གོས་མ་བྱས། ཆོས་གོས་མ་ཟིན་པར་ཡུལ་བལྟར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས། ཅི་སླར་འོང་ངམ། འོན་ཏེ་སླར་མི་འོང་ཞེས་སེམས་ལ་ཐེ་ཚོམ་ཟ་བ་ལས། དེ་འདི་ སྙམ་དུ་སེམས་ཏེ། སླར་མི་འོང་སྟེ། འོན་ཀྱང་ཆོས་གོས་བྱའོ་།སྙམ་པ་དེའི་ནི། རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ཏེ། ངེས་པའི་མཐའ་ཅན་དང། ཉམས་པའི་ མཐའ་ཅན་དང། ཐོས་པའི་མཐའ་ཅན་ཡང་དེ་བཞིན་ནོ། །ཡུལ་ལྟ་བའི་ལྔ་ཇི་ལྟ་བར་གནས་ལྟ་བའི་ལྔ་ཡང་དེ་བཞིན་ནོ། །སྲ་བརྐྱང་གི་གཞི་རྫོགས་སོ།། །། [184A]༄༅། །འདུལ་བ་གཞི། བམ་པོ་རེ་བརྒྱད་པ། ཀོའུ་ཤམྦྷིའི་གཞིའི་སྡོམ་ནི། ཀོའུ་ཤམྦྷིར་ནི་འཐབ་ཀྲོལ་གྱི། དགེ་སློང་རྩོད་པ་སྣ་ཚོགས་དང། །ཁྱེའུ་དང་ རྩོད་པར་བྱེད་པ་དང། །རིང་པོ་ལེན་གྱི་སྤྱོད་པ་དང། །ངན་སྤོང་ལན་ཆ་ཁང་པ་དང། །བསྲུངས་དང་ཚལ་སྟུག་གླང་ཆེན་དང། །མ་འགག་པས་ནི་དེ་བྱས་དང། །མཉན་ཡོད་དུ་ནི་ཞི་བར་བྱས། ། སངས་རྒྱས་བཅོམ་ལྡན་འདས་ཀོའུ་ཤམྦྷིའི་དབྱངས་ལྡན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཀོའུ་ཤམྦྷིའི་དགེ་སློང་གདུག་པ་རྣམ་པར་གནོན་པ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ་ མ་མོ་འཛིན་པ་ཞིག་ཡོད་དེ། དེའི་གྲོགས་བྱེད་པའི་དགེ་སློང་མང་པོ་ཡང་གདུག་པ་རྣམ་པར་གནོན་པ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ཡིན་ནོ། །ཡངས་པ་ཅན་ན། ཡངས་ པ་ཅན་གྱི་དགེ་སློང་གདུག་པ་རྣམ་པར་གནོན་པ། མདོ་སྡེ་འཛིན་པ་འདུལ་བ་འཛིན་པ། མ་མོ་འཛིན་པ་ཞིག་ཡོད་དེ། དེའི་གྲོགས་བྱེད་པའི་དགེ་སློང་མང་པོ་ཡང་གདུག་པ་རྣམ་པར་གནོན་ པ༑ མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ཡིན་ནོ་།དེ་ནས་ཡངས་པ་ཅན་གྱི་དགེ་སློང་དུས་གཞན་ཞིག་ན། ལྗོངས་རྒྱུ་ཞིང་སོང་བ་དང། ཀོའུ་ཤམྦྷིར་ཕྱིན་ཏེ། དེ་ལམ་གྱིས་ དུབ་པ་ངལ་སོས་ནས། ཀོའུ་ཤམྦྷིའི་དགེ་སློང་གི་དྲུང་དུ་སོང་སྟེ་སོན་བ་དང། ཕན་ཚུན་སོ་སོ་ཡང་དག་པར་དགའ་བར་བྱས་ནས་མདོ་སྡེ་དང། འདུལ་བ་དང། ཆོས་མངོན་པ་རྣམས་གཏན་ [184B] དེ་ན་གཅིག་གིས་སྨྲས་པ། མདོ་སྡེ་འདི་ནི། འདི་སྐད་དུ་གདོན་པར་བྱ་སྟེ། མདོ་སྡེ་འདིའི་དོན་ནི། འདི་ཡིན་ནོ། །གཅིག་ཤོས་ཀྱིས་སྨྲས་པ། མདོ་སྡེ་འདི་ནི། དེ་སྐད་དུ་གདོན་ པར་མི་བྱ་སྟེ། མདོ་སྡེ་འདིའི་དོན་ནི། འདི་མ་ཡིན་ནོ། །ཁོ་བོའི་ནི། རིགས་སོ། །ཁྱོད་ཀྱི་ནི། མི་རིགས་སོ། །ཁོ་བོའི་ནི། འབྲེལ་བ་ཡིན་ནོ། །ཁྱོད་ཀྱི་ནི། འབྲེལ་བ་མ་ཡིན་ནོ། །ཞེས་དེ་གཉིས་ཕན་ཚུན་དུ་མ་ མཐུན་པར་གྱུར་ནས། ཀོའུ་ཤམྦྷིའི་དགེ་སློང་གིས་ཡངས་པ་ཅན་གྱི་དགེ་སློང་ལ་ཀླན་ཀ་ཚོལ་བ་ལྷུར་ལེན་ཅིང་འདུག་གོ། དགེ་འདུན་གྱིས་ཀྱང་འདི་ལྟ་བུའི་ཁྲིམས་སུ་བཅའ་བ་བྱས་ཏེ། གང་གིས་ཁྲུས་ཀྱི་ བུམ་པ་ཆུ་འགྲིབ་པ་དང། ཉུང་བ་དང། ཆུ་མེད་པ་མཐོང་བ་དེས་ཆུས་བཀང་སྟེ་གནས་ཇི་ལྟ་བ་བཞིན་དུ་གཞག་པར་བྱ་བའམ། དགེ་བསྐོས་ལ་ཁྲུས་ཀྱི་བུམ་པ་སྟོང་པར་འདུག་གོ། ཞེས་བསྒོ་བར་བྱའོ་།གལ་ ཏེ་བདག་ཉིད་ཀྱིས་མ་བཀང་ངམ། དགེ་བསྐོས་ལ་མ་བསྒོ་བར་གྱུར་ན། དེ་ནི། མ་གུས་པ་ཡིན་ཏེ། མ་གུས་པའི་ཕྱིར་དེ་བདག་ཅག་གིས་ལྟུང་བྱེད་ཀྱི་ལྟུང་བ་འཆག་སུ་གཞུག་གོ་ཞེས་བཅས་སོ། །ཇི་ཙམ་ ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་དགེ་སློང་གི་དགེ་འདུན་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་སོ། །དེ་ན་དགེ་སློང་ཁ་ཅིག་ནི། ཟས་ལ་དོང་ངོ། །ཁ་ཅིག་ནི། འགྲོ་བར་ཆས་སོ། །ཡངས་པ་ཅན་ གྱི་དགེ་སློང་ཁྲུས་ཀྱི་བུམ་པ་བླངས་ནས་སྣམ་ཕྱི་སར་ཞུགས་པ་དང། དེའི་ལྷན་ཅིག་གནས་པས་རིངས་རིངས་ལྟར་འོངས་ནས་སྒྲ་ཕྱུང་བ། མཁན་པོ། དགེ་སློང་ཁ་ཅིག་ནི། ཟས་ལ་དོང་ལགས་སོ། ། [185A]༄༅། །ཁ་ཅིག་ནི། འདོང་བར་ཆས་ཀྱི། ཚུར་སྤྱོན། བཞུད་དོ་།དེ་དེ་དང་ལྷན་ཅིག་ཁྲུས་ཀྱི་བུམ་པ་གནས་གཅིག་ཏུ་བཞག་སྟེ་ཆས་སོ། །ཀོའུ་ཤམྦྷིའི་དགེ་སློང་དེ་ཡང་ཕྱོགས་ དེ་ཉིད་དུ་ཕྱིན་པ་དང། དེ་ནས་ཡངས་པ་ཅན་གྱི་དགེ་སློང་དེས་ཁྲུས་ཀྱི་བུམ་པ་བླངས་ཏེ། གཙུག་ལག་ཁང་དུ་འཇུག་པར་བརྩམས་པ་དང། ལྷན་ཅིག་གནས་པས་སྨྲས་པ། མཁན་པོ་གར་བཞུད། དེས་ སྨྲས་པ། བུ། ཁོ་བོ་ལ་ཀོའུ་ཤམྦྷིའི་དགེ་སློང་འདི་ཀླན་ཀ་ཆོག་པས་ཁྲུས་ཀྱི་བུམ་པ་འགངས་སུ་འགྲོའོ། །ཅི། འདི་ཐམས་ཅད་ཀྱི་ཐམས་ཅད་དུ་སྟོང་ངམ། ཐམས་ཅད་ཀྱི་ཐམས་ཅད་དུ་སྟོང་པ་ མ་ཡིན་མོད་ཀྱི། འོན་ཀྱང་ཆུ་འདིས་ཆུའི་བྱ་བ་བྱེད་མི་ནུས་སོ་།མཁན་པོ། ཐམས་ཅད་ཀྱི་ཐམས་ཅད་དུ་སྟོང་པར་མ་གྱུར་པས་འཚལ་ཏེ། བདག་ཅག་ནི། མཁན་པོའི་ཕྱོགས་དང། དཔུང་དང། གྲོགས་ བགྱིད་པ་ལགས་ཀྱི། ཚུར་སྤྱོན། བཞུད་དོ། །དེས་དེ་ཉིད་དུ་བཞག་ནས་དེ་དང་ལྷན་ཅིག་ཏུ་དོང་ངོ། །ཀོའུ་ཤམྦྷིའི་དགེ་སློང་གིས་མཐོང་ནས། ཁྲུས་ཀྱི་བུམ་པ་དེ་ལ་མནམས་སོ། །དེ་ནས་མི་བཟོད་པ་ སྐྱེས་ཏེ། འཇལ་ཏོ་ཞེས་བྱས་ནས་ཁྲུས་ཀྱི་བུམ་པ་བཀང་སྟེ་ཆུའི་བྱ་བ་བྱས་ནས་སོང་ངོ། །དེ་ནས་ཟན་ཟོས་ནས་དགེ་སློང་གི་དགེ་འདུན་གཙུག་ལག་ཁང་དུ་ལྷགས་པ་དང། དགེ་སློང་རྣམས་ལ་བསྒྲགས་ པ༑ ཚེ་དང་ལྡན་པ་དག། ཡངས་པ་ཅན་གྱི་དགེ་སློང་དེས། དགེ་འདུན་གྱི་ནང་ཁྲིམས་དྲལ་ཏོ། །དེ་ནས་རྒན་རིམ་ཇི་ལྟ་བ་བཞིན་དུ་འདུད་པ་བྱས་ནས་རིམ་གྱིས་དེའི་དྲུང་དུ་སོན་པ་དང་སྨྲས་པ། ཚེ་དང་ [185B] ལྟུང་བ་རིས་ལྔ་ལ་སྐབས་ཕྱེའོ་།ཁྱོད་ལ་དེ་རིང་ལྟུང་བ་བྱུང་གི། ལྟུང་བ་ཡང་སླར་ཆོས་བཞིན་དུ་གྱིས་ཤིག། ལྟུང་བ་མ་མཐོང་ངོ། །དགེ་འདུན་གྱིས་ཁྲིམས་སུ་བཅའ་བ་ གང་གིས་ཁྲུས་ཀྱི་བུམ་པ་ཆུ་འགྲིབ་པ་དང། ཆུ་ཉུང་བ་དང་ཆུ་མེད་པ་མཐོང་ན། བདག་ཉིད་ཀྱིས་ཆུས་བཀང་སྟེ། གནས་ཇི་ལྟ་བ་བཞིན་དུ་གཞག་པར་བྱ་བའམ། དགེ་བསྐོས་ལ་ཚེ་དང་ལྡན་པ་ ཁྲུས་ཀྱི་བུམ་པ་སྟོང་པར་འདུག་གོ་ཞེས་བསྒོ་བར་བྱའོ། །བདག་ཉིད་ཀྱིས་ཀྱང་མ་བཀང་ལ་དགེ་བསྐོས་ལ་ཡང་མ་བསྒོ་ན། དེ་ནི་མ་གུས་པ་ཡིན་ཏེ། མ་གུས་པའི་ཕྱིར་དེ་བདག་ཅག་གིས་ལྟུང་བྱེད་ ཀྱི་ལྟུང་བ་འཆགས་སུ་གཞུག་གོ། ཞེས་བཅས་པ་མ་ཡིན་ནམ། དེས་སྨྲས་པ། དེ་ཧ་ཅང་སྟོང་པ་མ་ཡིན་ནོ། །སྟོང་པར་མ་གྱུར་ཀྱང་རུང་སྟེ། ཆུ་དེས་ཆུའི་བྱ་བ་བྱེད་མི་ནུས་སོ། །དེ་ཅང་མི་སྨྲ་བར་ འདུག་གོ། ཀོའུ་ཤམྦིའི་དགེ་སློང་ནི། ཀོའུ་ཤམྦྷི་ན་གཉུག་མ་པ་དང། འཁོར་མང་པོ་ཡིན་པས། དེས་དེ་ལ་ནན་གྱིས་གནས་ནས་དབྱུང་བའི་ལས་བྱས་པ་དང། ཡངས་པ་ཅན་གྱི་དགེ་སློང་རྣམས་ འཁྲུགས་པར་གྱུར་ནས། དེ་ན་ཀོའུ་ཤམྦྷིའི་དགེ་སློང་རྣམས་དང་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་བར་གྱུར་ཏེ། འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ་ ལྟུང་བ་མ་བྱུང་ངོ་ཞེའམ། གནས་ནས་དབྱུང་བ་ཡིན་ཞེའམ། གནས་ནས་དབྱུང་བ་མ་ཡིན་ནོ། །ཞེས་གང་ཡང་ལྟུང་བ་བྱུང་བ་དང་ལྟུང་བ་མེད་པ་དང། གནས་ནས་དབྱུང་བ་དང་ [186A]༄༅། །གནས་ནས་དབྱུང་བ་མ་ཡིན་པ་ལ། གནས་ནས་ཕྱུང་བ་གང་ཡིན་པ་ནི། ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་ཕྱུང་ངོ་ཞེས་པའི་སྐབས་དེ། དགེ་ སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། དེ་ནས་བཅོམ་ལྡན་འདས་ཀྱིས། གནས་ནས་ཕྱུང་བའི་དགེ་སློང་དང། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་ གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་ཕོ་ཉས་བཀུག་སྟེ། འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ཁྱེད་འཐབ་ཀྲོལ་དང། མཚང་འདྲུ་བ་དང་ རྩོད་པ་དང། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ་ཞེས་བྱ་བ་ནས་འཁྲུགས་པ་གཞག་པར་འོས་པས་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བདེན་ནམ། བཙུན་པ་ མད་ལགས་སོ། །དགེ་སློང་དག་འཐབ་ཀྲོལ་མ་བྱེད་ཅིག་མཚང་མ་འདྲུ་ཞིག་མ་རྩོད་ཅིག་མ་འགྱེད་ཅིག་གཞན་ཡང། ངས་གནས་ནས་ཕྱུང་བའི་དགེ་སློང་གི་ཀུན་ཏུ་ སྤྱད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་གནས་ནས་ཕྱུང་བས་འདི་སྙམ་དུ་སེམས་བསྐྱེད་པར་བྱའོ། །གནས་ནས་འབྱིན་པའི་དགེ་སློང་འདི་ནི། གདུག་པ་རྣམ་པར་གནོན་པ། མདོ་ སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ཡིན་ལ། དེའི་གྲོགས་བྱེད་པའི་དགེ་སློང་མང་པོ་ཡང་གདུག་པ་ཕ་རོལ་གནོན་པ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་ [186B] གལ་ཏེ་བདག་གིས་ལྟུང་བ་ཆོས་བཞིན་སླར་མ་བྱས་ན། དེས་ན་དགེ་འདུན་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་བས་གནས་པར་འགྱུར་གྱི། མ་ལ་བདག་ གིས་ལྟུང་བ་ཕྱིར་ཆོས་བཞིན་དུ་བྱའོ། །གནས་ནས་ཕྱུང་བའི་དགེ་སློང་གི་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན། འགལ་ཚབས་ཅན་དུ་འགྱུར་ རོ༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས། གནས་ནས་ཕྱུང་བའི་དགེ་སློང་དང། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ ཕྱོགས་པ་རྣམས་གཟེངས་བསྟོད་ནས། གནས་ནས་འབྱིན་པའི་དགེ་སློང་དང། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་ཡང་ རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་ཕོ་ཉས་བཀུག་སྟེ། འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ཁྱེད་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ནས། འདི་ ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ་ཞེས་བྱ་བ་ནས་གཞག་པར་འོས་པ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བདེན་ནམ། བཙུན་པ་མད་ལགས་སོ། །དགེ་སློང་དག་འཐབ་ཀྲོལ་མ་བྱེད་ ཅིག་མཚང་མ་འདྲུ་ཞིག་མ་རྩོད་ཅིག་མ་འགྱེད་ཅིག་གཞན་ཡང་ངས་གནས་ནས་འབྱིན་པའི་དགེ་སློང་གི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། གནས་ནས་འབྱིན་པའི་ [187A]༄༅། །དགེ་སློང་གིས་འདི་སྙམ་དུ་སེམས་བསྐྱེད་པར་བྱའོ། །གནས་ནས་ཕྱུང་བའི་དགེ་སློང་འདི་ནི། གདུག་པ་རྣམ་པར་གནོན་པ། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་ དང། མ་མོ་འཛིན་པ་ཡིན་ལ། འདིའི་གྲོགས་བྱེད་པའི་དགེ་སློང་མང་པོ་ཡང་གདུག་པ་རྣམ་པར་གནོན་པ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ཡིན་གྱི། གལ་ཏེ་བདག་གིས་དེ་ ལ་མི་འདོད་པ་གླེང་ངམ་དྲན་པར་བྱས་ན། དེས་ན་དགེ་འདུན་འཐབ་ཀྲོལ་དང། རྩོད་པ་དང། མཚང་འདྲུ་བ་དང། འགྱེད་པ་བྱུང་བས་གནས་པར་འགྱུར་གྱི། མ་ལ་བདག་གིས་འདི་ལ་མི་ འདོད་པ་གླེང་བར་མི་བྱ། དྲན་པར་མི་བྱའོ། །གནས་ནས་འབྱིན་པའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་དུ་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན། འགལ་ ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ན། འོན་ཀྱང་དགེ་སློང་དེ་རྣམས་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ བས་གནས་ཤིང། ད་དུང་གསོ་སྦྱོང་ལ་ཡང་གསོ་སྦྱོང་མ་ཡིན་པར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་ གནས་ནས་ཕྱུང་བའི་དགེ་སློང་དང། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་ཕོ་ཉས་ [187B] འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ཁྱེད་ལ་ངས་དེ་སྐད་ཅེས་བཀའ་སྩལ་ཀྱང། འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་བས་གནས་ ཤིང། ད་དུང་གསོ་སྦྱོང་ལ་ཡང་གསོ་སྦྱོང་མ་ཡིན་པར་བྱེད་པ་བདེན་ནམ། བཙུན་པ། མད་ལགས་སོ། །དགེ་སློང་དག་འཐབ་ཀྲོལ་མ་བྱེད་ཅིག་མཚང་མ་འདྲུ་ཞིག་མ་རྩོད་ཅིག་མ་ འགྱེད་ཅིག་དགེ་སློང་དག་ཁྱེད་ཅག་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ཞིང་གནས་ནས། ལས་སུ་བྱ་བ་གང་དག་ཡིན་པ་གསོ་སྦྱོང་དང། དགག་དབྱེ་ དང། གསོལ་བ་དང། གསོལ་བ་དང་གཉིས་དང། གསོལ་བ་དང་བཞིའི་ལས་བྱས་པ་རྣམས་མ་བྱས་པ་དང་འཁྲུགས་པར་འགྱུར་ཞིང། དགེ་སློང་དག་ཁྱེད་དང་དགེ་སློང་དེ་རྣམས་སུ་དེ་རྣམས་ དང་ཁྱེད་དུ་ཐ་དད་དུ་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་གཉིས་པོ་འདི་དག་ནི། ཐ་དད་པར་གནས་པ་ཡིན་ཏེ། གང་ཞིག་བདག་ཉིད་ཀྱིས་བདག་ཉིད་ཐ་དད་པའི་ གནས་སུ་བཞག་པ་དང། གང་ཞིག་དགེ་འདུན་གྱིས་ཆོས་ཀྱིས་བཞག་པའོ། །བདག་ཉིད་ཀྱིས་བདག་ཉིད་ཐ་དད་པའི་གནས་སུ་བཞག་པ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང། དགེ་སློང་ རྣམས་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ཞིང་ཕྱོགས་དང་ཕྱོགས་གཞན་དུ་གནས་པ་ན་ཆེད་དུ་བསམ་སྟེ། ཆོས་ཀྱི་ཕྱོགས་ནས་ཆོས་མ་ཡིན་པའི་ཕྱོགས་ [188A]༄༅། །སུ་འགྲོ་བ་སྟེ། དེ་ལྟ་བུ་ནི། བདག་ཉིད་ཀྱིས་བདག་ཉིད་ཐ་དད་པའི་གནས་སུ་བཞག་པ་ཡིན་ནོ། །དགེ་འདུན་གྱིས་ཆོས་ཀྱིས་བཞག་པ་གང་ཞེ་ན། འདི་ལྟ་སྟེ། དགེ་འདུན་ གྱིས་མ་མཐོང་བས་གནས་ནས་ཕྱུང་བ་དང། ཕྱིར་མི་བྱེད་པ་དང། སྡིག་པ་ཅན་གྱི་ལྟ་བར་སོང་བ་མི་འདོར་བར་གནས་ནས་དབྱུང་བ་སྟེ། འདི་ནི། དགེ་འདུན་གྱིས་ཆོས་ཀྱིས་ཡིན་ནོ། །དགེ་ སློང་དག་གཉིས་པོ་འདི་དག་ནི། མཐུན་པར་གནས་པ་ཡིན་ཏེ། གཉིས་གང་ཞེ་ན། གང་ཞིག་བདག་ཉིད་ཀྱིས་བདག་ཉིད་མཐུན་པའི་གནས་སུ་བཞག་པ་དང། གང་ཞིག་དགེ་འདུན་གྱིས་ ཆོས་ཀྱིས་བཞག་པའོ། །བདག་ཉིད་ཀྱིས་བདག་ཉིད་མཐུན་པའི་གནས་སུ་བཞག་པ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང། དགེ་སློང་རྣམས་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་ དང། འགྱེད་པ་བྱུང་ཞིང་ཕྱོགས་དང་ཕྱོགས་གཞན་དུ་གནས་པ་ན། ཆེད་དུ་བསམ་སྟེ། ཆོས་མ་ཡིན་པའི་ཕྱོགས་ནས་ཆོས་ཀྱི་ཕྱོགས་སུ་འགྲོ་བ་སྟེ། འདི་ནི། བདག་ཉིད་ཀྱིས་བདག་ཉིད་ མཐུན་པའི་གནས་སུ་བཞག་པ་ཡིན་ནོ། །དགེ་འདུན་གྱིས་ཆོས་ཀྱིས་བཞག་པ་གང་ཞེ་ན། འདི་ལྟ་སྟེ། དགེ་འདུན་གྱིས་མ་མཐོང་བས་གནས་ནས་ཕྱུང་བ་འབྱིན་པ་དང། ཕྱིར་མི་བྱེད་པ་ དང། སྡིག་པ་ཅན་གྱི་ལྟ་བར་སོང་བ་མི་འདོར་བ་དང། གནས་ནས་ཕྱུང་བ་འབྱིན་པ་ནི། དགེ་འདུན་གྱིས་ཆོས་ཀྱིས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས། གནས་ནས་ཕྱུང་བའི་ [188B] གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་གཟེངས་བསྟོད་ནས་གནས་ནས་འབྱིན་པའི་ དགེ་སློང་དང། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་ཕོ་ཉས་བཀུག་ནས། འདི་སྐད་ཅེས་བཀའ་སྩལ་ ཏོ། །དགེ་སློང་དག་ངས་དེ་སྐད་ཅེས་བཀའ་སྩལ་ན། འོན་ཀྱང་ཁྱེད་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་བས་གནས་ཤིང། ད་དུང་གསོ་སྦྱོང་ལ་ཡང་གསོ་སྦྱོང་ མ་ཡིན་པར་བྱེད་པ་བདེན་ནམ། བཙུན་པ། མད་ལགས་སོ། །ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ཀྱང་དགེ་སློང་དེ་རྣམས་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་ དང༑ འགྱེད་པ་བྱུང་བས་གནས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་འདུན་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་པ་ལས། དགེ་སློང་གི་ དགེ་འདུན་ནི། དོང་ངོ། །བཅོམ་ལྡན་འདས་ནི། རྫས་ཀྱིས་བསྒྲུབས་པ་ན་བཞུགས་ཏེ། བསོད་སྙོམས་ཀྱི་སྐུ་སྐལ་ནོད་པར་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རྒྱུ་ལྔས་རྫས་ ཀྱིས་བསྒྲུབས་པ་ན་བཞུགས་ཤིང་བསོད་སྙོམས་ཀྱི་སྐུ་སྐལ་ནོད་པར་མཛད་པ་ཡིན་ཞེས་བྱ་བ་ནས་སྐབས་འདིར་ནི། བཅོམ་ལྡན་འདས་ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་ [189A]༄༅། །བཞེད་ནས། རྫས་ཀྱིས་བསྒྲུབས་པ་ན་བཞུགས་ཤིང་བསོད་སྙོམས་ཀྱི་སྐུ་སྐལ་ནོད་པར་མཛད་དོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ན་རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་ རྣམས་ཟས་ཀྱི་ཕྱིར་ཁྱིམ་གྱི་ནང་དུ་ཞུགས་པ་དང། འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་བར་གྱུར་ཏེ། འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ། ། ཞེས་བྱ་བ་ནས་གཞག་པར་འོས་པའོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ནི། ཕན་ཚུན་རྡེག་པ་ལ་ཞུགས་སོ། །དེ་ནས་དགེ་སློང་བསོད་སྙོམས་ནོད་པས་བསོད་སྙོམས་ཁྱེར་ནས་བཅོམ་ལྡན་ འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བསོད་སྙོམས་མཐའ་གཅིག་ཏུ་བཞག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། སྤྱན་སྔར་འདུག་གོ་ཆོས་ཉིད་ཀྱིས་ སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བསོད་སྙོམས་ནོད་པའི་དགེ་སློང་ལ་སོ་སོར་ཡང་དག་པར་དགའ་བར་མཛད་པ་འདིས་སོ་སོར་ཡང་དག་པར་དགའ་བར་མཛད་དེ། དགེ་སློང་ ཇི་ག་དགེ་སློང་གི་དགེ་འདུན་ལ་བསོད་པའི་ཁ་ཟས་ཀྱིས་ཚིམ་པར་བྱས་སམ། ཞེས་གསུངས་པ་ཡིན་པས། བཅོམ་ལྡན་འདས་ཀྱིས་བསོད་སྙོམས་ནོད་པའི་དགེ་སློང་ལ་སོ་སོ་ཡང་ དག་པར་དགའ་བར་མཛད་པ་འདིས་སོ་སོ་ཡང་དག་པར་དགའ་བར་མཛད་དེ། དགེ་སློང། ཇི་ག་དགེ་སློང་གི་དགེ་འདུན་ལ་ཁ་ཟས་བསོད་པས་ཚིམ་པར་བྱས་སམ། བཙུན་པ་མེད་ [189B]བགྱིས་ན། འོན་ཀྱང་རྒོལ་བ་དང། ཕྱིར་རྒོལ་བའི་དགེ་སློང་རྣམས་སྡུམ་པའི་ནང་དུ་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་ དང། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ་ཞེས་བྱ་བ་ནས་གཞག་པར་འོས་པ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནི། ཕན་ཚུན་དུ་རྡེག་པ་ལ་ཞུགས་ལགས་སོ། །དེ་ ནས་བཅོམ་ལྡན་འདས་ཀྱིས་ཞལ་ཟས་ཀྱི་བྱ་བ་མཛད་ནས་གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་གཉིས་བཀྲུས་ཏེ། ནང་དུ་ཡང་དག་པར་འཇོག་གི་ཕྱིར་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་བཅོམ་ ལྡན་འདས་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ་།བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཁ་ཟས་ལ་ཁྱིམ་དུ་ཞུགས་པ་ན་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང་འགྱེད་པ་བྱུང་བར་གྱུར་ནས། འདི་ལྟ་སྟེ། ལྟུང་ བ་བྱུང་ངོ་ཞེའམ་ཞེས་བྱ་བ་ནས་དེ་ནི་ཕན་ཚུན་དུ་རྡེག་པ་ལ་ཞུགས་སོ་ཞེས་བྱ་བའི་བར་དུ་བདེན་ནམ། བཙུན་པ། མད་ལགས་སོ་།དགེ་སློང་དག་འཐབ་ཀྲོལ་མ་བྱེད་ཅིག་མཚང་མ་འདྲུ་ ཞིག་མ་རྩོད་ཅིག་མ་འགྱེད་ཅིག་གཞན་ཡང། ངས་རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་ཁང་པའི་ནང་དུ་འཇུག་པའི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། རྒོལ་བ་དང་ [190A]༄༅། །ཕྱིར་རྒོལ་བའི་དགེ་སློང་རྣམས་ཀྱིས་ཁང་པའི་ནང་དུ་ཞུགས་ནས་གང་དུ་ལུས་ཀྱི་ཀུན་དུ་སྤྱོད་པར་རུང་བ་མ་ཡིན་པ་དེ་ལྟ་བུའི་སྐབས་མི་འབྱུང་བར་སྟན་པར་ཆད་ཡོད་པར་ འདུག་པར་བྱའོ། །རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་ཀྱིས་ཁང་པའི་ནང་དུ་ཞུགས་ནས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་ འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ན། འོན་ཀྱང་དགེ་སློང་རྣམས་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་བས་ གནས་པའི་སྐབས་དེ། བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཐབ་ཀྲོལ་མ་ བྱེད་ཅིག་མཚང་མ་འདྲུ་ཞིག་མ་རྩོད་ཅིག་མ་འགྱེད་ཅིག་དགེ་སློང་དག་ཁྱེད་ཅག་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་བས་གནས་ནས་ རྩོད་པ་བྱུང་ཞིང་བྱུང་བ་སྟོན་པའི་བསྟན་པ་ཆོས་འདུལ་བས་དུལ་བར་བྱ་བ་དང། ཞི་བར་བྱ་བ་དང། ཉེ་བར་ཞི་བར་བྱ་བའི་གནས་འདི་མེད་དོ། །དགེ་སློང་དག་ཁྱེད་ཅག་འཐབ་ཀྲོལ་ མེད་པ་དང། མཚང་འདྲུ་བ་མེད་པ་དང། རྩོད་པ་མེད་པ་དང་འགྱེད་པ་མེད་པར་གྱུར་ཅིང་གནས་ན་རྩོད་པ་བྱུང་ཞིང་བྱུང་བ་སྟོན་པའི་བསྟན་པ་ཆོས་འདུལ་བས་དུལ་བར་བྱ་བ་དང་ [190B] ཉེ་བར་ཞི་བར་བྱ་བའི་གནས་འདི་ཡོད་དོ། །དགེ་སློང་དག། སྔོན་བྱུང་བ། ཡུལ་ཀ་ཤིའི་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་དང། ཡུལ་ཀོ་ས་ལའི་རྒྱལ་པོ་རིང་པོ་ལེན་གཉིས་ཕན་ ཚུན་རྩོད་པར་གྱུར་ཏེ། རྒྱས་པར་ནི། ལུང་བར་མའི་ཏིང་ངེ་འཛིན་དང་ལྡན་པའི་ལེའུ་ལས་རིང་པོ་ལེན་གྱི་མདོ་འབྱུང་བ་བཞིན་ནོ། །དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་ཏེ། བཅོམ་ལྡན་འདས་ཀྱིས་ འདི་སྐད་ཅེས། ཚངས་སྦྱིན་རྒ་བ་སྡུག་བསྔལ་ཏེ། །ནོར་རྣམས་ཡོངས་སུ་གཏུགས་པ་དང། །གཉེན་རྣམས་ཀྱང་ནི་མ་མཐོང་དང། ཡུལ་གཞན་ཤི་བ་སྡུག་བསྔལ་ལོ། །ཞེས་བཀའ་སྩལ་པ་ ཞིག་ཀྱང་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཚིག་མི་མཐུན་ལ་ཕྱོགས་མཉམ་ཡང་།འདི་གཙོ་མིན་ཞེས་སེམས་བྱེད་པ། །དགེ་འདུན་ དབྱེ་བར་གྱུར་ན་ཀོ། མཐུ་ཆུང་ཅུང་ཟད་ཅིས་མི་བསམ། །སྲོག་ཆགས་རུས་པ་གཅོག་པ་དང། །རྟ་དང་བ་ལང་ནོར་འཕྲོག་དང། །ཡུལ་འཁོར་ཕུང་བར་བྱས་རྣམས་ཀྱང། །འདུམ་པར་ འགྱུར་བ་ཉིད་ཡོད་ན། །ཆོས་འདི་རྣམ་པར་ཤེས་གྱུར་པ། །ཁྱེད་ཅག་ཅི་ཡི་ཕྱིར་མི་འགྱུར། སྤྱོད་ཡུལ་སྟོན་པར་བྱེད་པའི་གསུང། །ཆགས་ལས་ལྡོག་པ་ལྷུར་ལེན་པ། །བརྟགས་ ན་མཁས་པར་སྣང་བ་ནི། །གང་ལ་རྩོད་པ་དེ་མ་ཤེས། །གཞན་དག་བདག་ཅག་འདི་ལ་ནི། །བརྩོན་ཞེས་བྱ་བར་མི་ཤེས་ཀྱི། །གང་དག་གིས་ནི་འདི་ཤེས་པ། །དེ་ལ་གཟུ་བོ་མི་ [191A]༄༅། །དགོས་སོ། །བདག་སྤྱོས་བདག་ལ་ཁ་བྱས་དང། །བདག་རྒྱལ་བདག་ནི་ཕམ་གྱུར་པ། །དེ་ལ་གང་དག་འཁོན་འཛིན་པ། །དེ་དག་ཤ་འཁོན་ཞི་མི་འགྱུར།། བདག་སྤྱོས་བདག་ལ་ཁ་བྱས་དང། །བདག་རྒྱལ་བདག་ནི་ཕམ་གྱུར་པ། །དེ་ལ་གང་དག་འཁོན་མི་འཛིན། །དེ་དག་ཤ་འཁོན་ཞི་བར་འགྱུར། །འཁོན་དུ་འཛིན་པས་ཤ་འཁོན་དག་ འདིར་ནི་གཞན་ཡང་ཞི་མི་འགྱུར། །བཟོད་པས་ཤ་འཁོན་ཞི་འགྱུར་བ། །འདི་ནི་གཡུང་དྲུང་ཆོས་ཡིན་ནོ། །འཁོན་དུ་འཛིན་པས་ཤ་འཁོན་ནམ་ཡང་ཞི་མི་འགྱུར། །འཁོན་དུ་འཛིན་ མེད་རྣམས་ཀྱི་ཤ་འཁོན་ཞི་བར་འགྱུར། །འཁོན་ལ་ཆགས་པ་ལུས་ཅན་རྣམས་ལ་ཕན་མི་འགྱུར། །དེ་ལྟ་བས་ན་མཁས་པ་འཁོན་དུ་འཛིན་མི་བྱེད། གལ་ཏེ་གྲོགས་པོ་འགྲུས་སྐྱོང་ལྷན་ ཅིག་སྤྱོད་པ་དང། །ལེགས་པར་གནས་པ་བརྟན་པ་རྙེད་པར་གྱུར་ན་ནི། །ཟག་པར་འགྱུར་བ་ཐམས་ཅད་ཟིལ་གྱིས་མནན་བྱས་ནས། །དེ་དང་ཡིད་དགའ་དྲན་དང་ལྡན་ཞིང་སྤྱད་པར་བྱ།། གལ་ཏེ་གྲོགས་པོ་འགྲུས་སྐྱོང་ལྷན་ཅིག་སྤྱོད་པ་དང། །ལེགས་པར་གནས་པ་བརྟན་པ་རྙེད་པར་མ་གྱུར་ན། །རྒྱལ་པོས་ཡུལ་འཁོར་རྒྱ་ཆེན་སྤངས་པར་གྱུར་བ་བཞིན། །གཅིག་པུར་ འདུག་པར་བྱ་ཞིང་སྡིག་པ་རྣམས་མི་བྱ། །གལ་ཏེ་བཙལ་ཏེ་བདག་འདྲ་བའམ། །ལྷག་པར་རྙེད་པར་མ་གྱུར་ན། །བྱིས་པ་སྟོངས་མོར་འགྱུར་མེད་པས། །གཅིག་པུར་སྤྱད་པ་བརྟན་ [191B] །གཅིག་པུ་སྤྱོད་པ་ལེགས་འགྱུར་གྱི། །བྱིས་པ་བསྟངས་པ་ལེགས་མིན་པས། །མ་ཏང་དགོན་པའི་གླང་ཆེན་ལྟར་།སེམས་ལས་བསྙུངས་ཏེ་གཅིག་པུས་སྤྱད། །དེ་སྐད་ཅེས་ བཀའ་སྩལ་པ་དང། ཀོའུ་ཤམྦྷིའི་དགེ་སློང་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི། ཆོས་ཀྱི་རྗེ་ལགས་།བདེ་བར་གཤེགས་པ་ནི། ཆོས་ཀྱི་རྗེ་ ལགས་ན། འདི་རྣམས་བདག་ཅག་ལ་ཚིག་ངན་པ་དང། མི་སྙན་པ་མཆི་ན། བདག་ཅག་གིས་དེ་རྣམས་ལ་ཅིའི་སླད་དུ་བཟོད་པར་བགྱི་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་ སློང་དེ་རྣམས་ཀྱི་སྤྱོད་ཚུལ་དང་ལོག་པར་སྒྲུབ་པ་དེས། ཐུགས་མི་དགྱེས་ཤིང་ཐུགས་ལ་མ་བབ་པས་དེ་ཉིད་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ་མཉན་ཡོད་གང་ན་བ་དེར་རྒྱུ་ ཞིང་གཤེགས། རིམ་གྱིས་རྒྱུ་ཞིང་གཤེགས་པ་དང་མཉན་ཡོད་དུ་བྱོན་ནས། མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ ལྡན་འདས་དེར་གཤེགས་པ་དང། ཀོའུ་ཤམྦྷིའི་དགེ་སློང་རྣམས་དང་ཡངས་པ་ཅན་གྱི་དགེ་སློང་རྣམས་འདི་ལྟ་བུའི་སྤྱོད་ལམ་དུ་གྱུར་ཏེ། སྔ་དྲོ་ནི། ཟས་ཀྱི་ཕྱིར་བསོད་སྙོམས་ལ་འཇུག་ ཟས་ཀྱི་འོག་ཏུ་ནི། སྒོ་བཅད་ནས་འཐབ་མོ་འགྱེད་པར་གྱུར་ཏོ། །དེ་རྣམས་ཀྱི་ཚུལ་དང། སྤྱོད་པ་དང། ལོག་པར་སྒྲུབ་པ་དེས་ལོ་བཅུ་གཉིས་འདས་སོ། །ཀོའུ་ཤམྦྷིའི་བྲམ་ཟེ་ [192A]༄༅། །དང་ཁྱིམ་བདག་རྣམས་འདུན་ཁང་དུ་འདུས་ནས་ཕན་ཚུན་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག། བདག་ཅག་ནི། བཅོམ་ལྡན་འདས་ལ་ན་བཟའ་ཆོས་གོས་ དང། བསོད་སྙོམས་དང། གཟིམས་ཆ་དང། སྙུན་དཔྱད་ཀྱི་རྐྱེན་སྨན་དང། ཡོ་བྱད་རྣམས་དབུལ་བར་ཤིན་ཏུ་དད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་སྤྱོད་ཡུལ་འདི་ལོ་བཅུ་ གཉིས་ཀྱི་བར་དུ་སྤངས་ཏེ། ད་དུང་ཡང་མ་བྱོན་ནོ། །ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག། བཅོམ་ལྡན་འདས་འདིར་གཤེགས་པར་ག་ལ་འགྱུར། འདི་ན་ད་ལྟར་ཀོའུ་ཤམྦྷིའི་ དགེ་སློང་རྣམས་ཀྱི་ཚུལ་དང། སྤྱོད་པ་དང། ལོག་པར་སྒྲུབ་པ་འདི་ལྟ་བུར་བྱེད་དེ། སྔ་དྲོ་ཟས་ཀྱི་ཕྱིར་བསོད་སྙོམས་ལ་ཞུགས་ལ། ཟས་ཀྱི་འོག་ཏུ་སྒོ་བཅད་ནས་འཐབ་མོ་འགྱེད་ དོ༑ ༑ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག། དེ་རྣམས་ལ་ཉེས་པ་ཡོད་པ་མ་ཡིན་གྱི། འོན་ཀྱང་བདག་ཅག་གིས་ལན་ཏེ། བདག་ཅག་གིས་དེ་རྣམས་ལ་བསོད་སྙོམས་བྱིན་ པའམ། ཚིག་སྨྲས་པས་སོ། །ཚུར་བདག་ཅག་གིས་ཁྲིམས་ཤིག་བཅས་ལ་གཞག་སྟེ། སུས་ཀྱང་དེ་རྣམས་ལ་བསོད་སྙོམས་མི་སྦྱིན་ཞིང་ཚིག་ཀྱང་མི་སྨྲའོ་ཞེས་དེ་རྣམས་ ཀྱིས་ཁྲིམས་སུ་བཅས་ནས་བཞག་གོ། དེ་ནས་ཕྱི་དེ་ཀོའུ་ཤམྦྷིའི་དགེ་སློང་རྣམས་བསོད་སྙོམས་ལ་ཞུགས་པ་དང། སུས་ཀྱང་མ་སྨྲས་ལ་བསོད་སྙོམས་ཀྱང་མ་བྱིན་ཏེ། དེ་ [192B]ཞུགས་པ་དེ་ལྟར་བཀྲུས་པ་ཉིད་ཀྱིས་སྒོར་བྱུང་སྟེ། བསོད་སྙོམས་གཅིག་ཀྱང་མ་རྙེད་དོ། །དེ་ནས་དེ་རྣམས་འདུས་ནས་ཀོའུ་ཤམྦྷིའི་བྲམ་ ཟེ་དང་ཁྱིམ་བདག་རྣམས་ལ་སྨྲས་པ། ཤེས་ལྡན་དག། རེ་ཞིག་ནོར་ཟད་པར་གྱུར་ན་བསོད་སྙོམས་མི་སྟེར་བ་ནི། རིགས་ན། བདག་ཅག་གིས་ཉེས་པ་ཅི་བྱས་ན། ཚིག་ཀྱང་མི་སྟེར། དེ་རྣམས་ ཀྱིས་སྨྲས་པ། གང་དག་གིས་ཚུལ་དང། སྤྱོད་པ་དང། ལོག་པར་སྒྲུབ་པས་སྟོན་པ་ཐུགས་མི་དགྱེས་ཤིང་ཐུགས་ལ་མ་བབ་ན། སྟེང་གི་ནམ་མཁའ་ལས་གཤེགས་ཏེ་ལོ་བཅུ་གཉིས་འདས་ན་ ད་དུང་ཡང་སླར་མ་གཤེགས་པར་ཁྱེད་ཅག་ཀྱང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ཡིན་པར་བདག་ཉིད་ཁས་འྖེའམ། དེ་རྣམས་ཅང་མི་སྨྲ་བར་འཁོད་ནས། དེ་རྣམས་ཀྱི་དྲུང་ནས་དོང་སྟེ་སྨྲས་པ། ཚེ་དང་ ལྡན་པ་དག། དེ་རྣམས་ཀྱིས་བདག་ཅག་བརྒྱད་པ་ནི། ཐོག་ཏུ་བབ་སྟེ། གང་ཞིག་ས་ལ་འགྱེལ་བ་དེ། དེ་ཉིད་ལ་བརྟེན་ཏེ་ལྡང་བས་མདོར་ན་མཉན་ཡོད་དུ་དོང་ལ། བཅོམ་ལྡན་འདས་དང་དགེ་ སློང་གི་དགེ་འདུན་ལ་བཟོད་པ་གསོལ་ལོ། །དེ་ནས་ཀོའུ་ཤམྦྷིའི་དགེ་སློང་རྣམས་དེ་ཉིད་ཀྱི་ནུབ་མོ་འདས་པས། ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ་ཀོའུ་ཤམྦྷིར་མ་ཞུགས་པར་མཉན་ཡོད་གང་ ན་བ་དེར་རྒྱུ་ཞིང་དོང་ངོ། །ཚེ་དང་ལྡན་པ་ཀུན་དགའ་བོས་ཀོའུ་ཤམྦྷིའི་དགེ་སློང་འཐབ་ཀྲོལ་བྱེད་པ། མཚང་འདྲུ་བར་བྱེད་པ། རྩོད་པར་བྱེད་པ། འགྱེད་པར་བྱེད་པ། རྩོད་པའི་ [193A]༄༅། །གཞི་བྱེད་པ་རྣམས་འོང་ངོ་ཞེས་ཐོས་ནས། གང་དག་གིས་བཅོམ་ལྡན་འདས་ཐུགས་ཕྱུང་བར་བགྱིས་ཏེ་འདིར་གཤེགས་པ་དེ་དག་ངོ་ཚ་མེད་པས་མཐོ་འཚམ་པའི་ ཕྱིར་བདག་ཅག་ལ་གླེང་བར་འགྱུར་གྱི། མ་ལ་བདག་གིས་བཅོམ་ལྡན་འདས་ལ་གསོལ་ལོ་སྙམ་དུ་བསམ་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ བདག་གིས་ཀོའུ་ཤམྦྷིའི་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་འདིར་མཆིའོ། །ཞེས་ཐོས་ ལགས། གང་དག་གིས་བཅོམ་ལྡན་འདས་ཐུགས་ཕྱུང་བར་བགྱིས་ཏེ་འདིར་བྱོན་པ་དེ་དག་ངོ་ཚ་མ་མཆིས་པས་མཐོ་འཚམ་པ་ཉིད་དུ་བདག་ཅག་ལ་གླེང་བར་བགྱིད། དྲན་པར་བགྱིད་ན། དེ་ རྣམས་ལ་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། ཀུན་དགའ་བོ། དེ་དག་ལ་དགེ་སློང་རྣམས་ཀྱིས་ལག་བརྡས་གནས་མལ་ཐ་མ་ཞིག་བསྟན་པ་མ་གཏོགས་པར་གཏམ་འདྲེ་བར་མི་བྱ་ ཕེབས་པར་སྨྲ་བར་མི་བྱ། བལྟ་བར་མི་བྱ། རྣམ་པར་བལྟ་བར་མི་བྱ། གལ་ཏེ་བདག་ཅག་ནི། རྒན་ན། ཅིའི་ཕྱིར་གནས་མལ་གྱི་ཐ་མ་སྦྱིན་ཞེས་སྨྲ་ན། གང་དག་གིས་ཚུལ་དང་ [193B] ལོག་པར་སྒྲུབ་པས། སྟོན་པ་ཐུགས་མི་དགྱེས་ཤིང་ཐུགས་ལ་མ་བབ་ནས་འདིར་གཤེགས་ཤིང་ཁྱོད་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ཡིན་པར་བདག་ཉིད་ཁས་འྖེའམ། སྟོན་པ་ ཐུགས་རྗེ་ཅན་དེས་འདི་གནང་བ་ཉིད་ཀྱང་ཁྱེད་དབང་བར་མི་འགྱུར་རོ། །ཞེས་སྨྲོས་ཤིག་སྐྱེ་རྒུའི་བདག་མོ་ཆེན་མོ་གོའུ་ཏ་མིས། ཀོའུ་ཤམྦྷིའི་དགེ་སློང་འཐབ་ཀྲོལ་བྱེད་པ་མཚང་འདྲུ་བར་ བྱེད་པ། རྩོད་པར་བྱེད་པ། འགྱེད་པར་བྱེད་པ། རྩོད་པའི་གཞི་བྱེད་པ་རྣམས་འོང་ངོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། སོང་ལ་དེ་རྣམས་ལ་བདག་གིས་ཇི་ལྟར་བསྒྲུབ་ པར་བྱ། བཅོམ་ལྡན་འདས་ལ་ཞུའོ་སྙམ་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་སྐྱེ་རྒུའི་བདག་མོ་ཆེན་མོ་གོའུ་ཏ་མིས། འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གིས་ཀོའུ་ཤམྦྷིའི་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་ བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་མཆིའོ། །ཞེས་ཐོས་ལགས་ན། བདག་གིས་དེ་རྣམས་ལ་ཇི་ལྟར་བསྒྲུབ་པར་བགྱི། གོའུ་ཏ་མི་ཁྱོད་ ཀྱིས། ཀོའུ་ཤམྦྷིའི་དགེ་སློང་རྣམས་ལ་འཁོར་གྱི་གཙོ་བོ་ཡིན་པས་མཐོང་མ་ཐག་ཏུ་སྟན་དོར་བ་མ་གཏོགས་པར་གཏམ་འདྲེ་བར་མི་བྱ་ཕེབས་པར་སྨྲ་བར་མི་བྱ། བལྟ་བར་མི་བྱ། རྣམ་པར་ [194A]༄༅། །བལྟ་བར་མི་བྱའོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀོའུ་ཤམྦྷིའི་དགེ་སློང་འཐབ་ཀྲོལ་བྱེད་པ། མཚང་འདྲུ་བར་བྱེད་པ། རྩོད་པར་བྱེད་པ། འགྱེད་ པར་བྱེད་པ། རྩོད་པའི་གཞི་བྱེད་པ་རྣམས་འོང་ངོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་འདི་སྙམ་དུ་སེམས་ཏེ། སོང་ལ་བདག་གིས་དེ་རྣམས་ལ་ཇི་ལྟར་བསྒྲུབ་པར་བྱ། བཅོམ་ལྡན་འདས་ལ་ ཞུའོ། །སྙམ་དུ་བསམ་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་ གཅིག་ཏུ་འདུག་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གིས་ཀོའུ་ཤམྦྷིའི་དགེ་སློང་འཐབ་ཀྲོལ་བགྱིད་པ་ མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ་རྩོད་པའི་གཞི་བགྱིད་པ་རྣམས་མཆིའོ། །ཞེས་ཐོས་ལགས་ན། བདག་གིས་དེ་རྣམས་ལ་ཇི་ལྟར་བསྒྲུབ་ པར་བགྱི། ཁྱིམ་བདག། ཁྱོད་ཀྱིས་ཀོའུ་ཤམྦྷིའི་དགེ་སློང་རྣམས་ལ་སྦྱིན་པ་དང། མི་མཐུན་པ་མེད་པས་བསོད་སྙོམས་ནི་སྦྱིན་གྱི་གཏམ་འདྲི་བར་མི་བྱ། ཕེབས་པར་སྨྲ་བར་མི་བྱ་ བལྟ་བར་མི་བྱ། རྣམ་པར་བལྟ་བར་མི་བྱའོ། །དེ་ནས་ཀོའུ་ཤམྦྷིའི་དགེ་སློང་རྣམས་རིམ་གྱིས་མཉན་ཡོད་དུ་ཕྱིན་ནས་དེར་ལྷུང་བཟེད་དང། ཆོས་གོས་མཁོས་སུ་ཕབ་སྟེ། རྐང་པ་ [194B] གནས་མལ་འགྱེད་པ་སུ་ཡིན། ཕྱག་ཚང་དག་གིས་སྨྲས་པ། འཕགས་པ་ཀུན་དགའ་བོ་ལགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་སོང་སྟེ། ཕྱིན་ན་ཚེ་དང་ ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བདག་ཅག་ལ་གནས་མལ་བྱིན་ཅིག། ཚེ་དང་ལྡན་པ་ཀུན་དགའ་བོས་དེ་རྣམས་ལ་ལག་བརྡས་གནས་མལ་ཐ་མ་ཞིག་ བསྟན་པར་བརྩམས་པ་དང། དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ། བདག་ཅག་རྒན་པ་ཡིན་ན། ཅིའི་ཕྱིར་བདག་ཅག་ལ་གནས་མལ་ཐ་མ་དག་སྦྱིན། དེ་སྨྲས་པ། ཁྱེད་ ཅག་ཀྱང་ཤཱཀྱའི་སྲས་ཀྱི་དགེ་སློང་ཡིན་པར་ཞེས་བྱ་བ་ནས་དེ་ཡང་ཁྱེད་དབང་བར་མི་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་རྣམས་ཡིད་ཆད་ཅིང་སྡུག་བསྔལ་བས་མཚན་མོ་ འདའ་བར་བྱེད་དོ། །དེ་ནས་གནས་ནས་ཕྱུང་བའི་དགེ་སློང་གིས་ནམ་གྱི་ཆ་སྨད་ཀྱི་དུས་སུ་རང་གི་རྒྱུད་ལ་བརྟགས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ཅག་འཐབ་ཀྲོལ་དང། མཚང་འདྲུ་ བ་དང། རྩོད་པ་དང། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ་ཞེའམ། གནས་ནས་དབྱུང་བ་ཡིན་ནོ་ཞེའམ། གནས་ནས་དབྱུང་བ་མ་ཡིན་ནོ་ཞེས་ བྱ་བ་བདག་ནི་ལྟུང་བ་མ་བྱུང་བ་མ་ཡིན་ཏེ། ལྟུང་བ་བྱུང་བ་ཡིན་ཞིང་གནས་ནས་མི་དབྱུང་བ་མ་ཡིན་ཏེ། གནས་ནས་དབྱུང་བ་ཡིན་ལ། གནས་ནས་ཕྱུང་བ་གང་ཡིན་པ་དེ་ཡང་ཆོས་དང་མཐུན་ [195A]༄༅། །པའི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ཕྱུང་གི་མ་ལ་བདག་གིས་མཐུན་པའི་སྡུམ་བྱའོ། །སྙམ་དུ་བསམ་ནས། ནང་པར་སྔར་ལངས་ཏེ་གནས་ནས་ ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་གང་ན་བ་དེར་སོང་སྟེ་ཕྱིན་ནས། གནས་ནས་ཕྱུང་བའི་རྗེས་སུ་ ཕྱོགས་པའི་དགེ་སློང་རྣམས་དང་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་འདིར་མདང་སུམ་ནམ་གྱི་ཆ་སྨད་ཀྱི་ དུས་སུ་བདག་གིས་རང་གི་རྒྱུད་ལ་བརྟགས་ནས་འདི་སྙམ་དུ་སེམས་ཏེ་གླེང་གཞི་གང་ལས་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ནས་འདི་ལྟ་སྟེ་ ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ་ཞེའམ། གནས་ནས་དབྱུང་བ་ཡིན་ནོ་ཞེའམ། གནས་ནས་དབྱུང་བ་མ་ཡིན་ནོ་ཞེས་བྱ་བ། བདག་ནི་ལྟུང་བ་མ་བྱུང་བ་མ་ཡིན་ཏེ། ལྟུང་བ་ བྱུང་བ་ཡིན་ཞིང། གནས་ནས་མ་དབྱུང་བ་མ་ཡིན་ཏེ། གནས་ནས་དབྱུང་བ་ཡིན་ལ། གནས་ནས་ཕྱུང་བ་གང་ཡིན་པ་ཡང་ཆོས་དང་མཐུན་པའི་ལས་མི་འཁྲུགས་པ། གཞག་པར་མི་ འོས་པས་ཕྱུང་གི། མ་ལ་བདག་གིས་མཐུན་པར་སྡུམ་བྱའོ། །སྙམ་ན། ཁྱེད་ཅག་ཅི་སྨྲ། དེ་རྣམས་ཀྱིས་སྨྲས་པ། ལེགས་ཀྱི། དེ་བཞིན་དུ་བགྱིའོ། །དེ་ནས་གནས་ [195B] གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས། གནས་ ནས་འབྱིན་པའི་དགེ་སློང་དང། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པ་རྣམས་གང་ན་བ་དེར་ དོང་སྟེ་ཕྱིན་ནས། གནས་ནས་འབྱིན་པའི་དགེ་སློང་དང། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་དགེ་སློང་ རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག། འདིར་མདང་སུམ་ནམ་གྱི་ཆ་སྨད་ཀྱི་དུས་སུ་བདག་གིས་རང་གི་རྒྱུད་ལ་བརྟགས་ནས་འདི་སྙམ་དུ་སེམས་ཏེ། གླེང་གཞི་གང་ བས་འཐབ་ཀྲོལ་དང། མཚང་འདྲུ་བ་བྱུང་ནས་ཞེས་བྱ་བ་ནས་འདུམ་པར་སྡུམ་བྱ་བར་སེམས་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཁྱེད་ཅག་ཅི་སྨྲ། དེ་རྣམས་ཀྱིས་སྨྲས་པ། ལེགས་ ཀྱི༑ དེ་བཞིན་དུ་བྱའོ། །དེ་ནས་གནས་ནས་ཕྱུང་བའི་དགེ་སློང་དང། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་ རྗེས་སུ་ཕྱོགས་པ་རྣམས་དང། གནས་ནས་འབྱིན་པའི་དགེ་སློང་དང་གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་ [196A]༄༅། །པའི་ཡང་རྗེས་སུ་ཕྱོགས་པ་རྣམས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་ གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། གནས་ནས་ཕྱུང་བའི་དགེ་སློང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་མདང་སུམ་ནམ་གྱི་ཆ་ སྨད་ཀྱི་དུས་སུ་བདག་གིས་རང་གི་རྒྱུད་ལ་བརྟགས་ནས་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནས་མཐུན་པར་སྡུམ་བགྱི་བར་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བདག་གིས་དགེ་སློང་འདི་དག་ཐམས་ ཅད་ལ་མཐུན་པར་བགྱི་བ་སྤྲོ་བར་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལེགས་སོ་ལེགས་སོ། །གང་ཞིག་དགེ་སློང་རྣམས་འཐབ་ཀྲོལ་དང། མཚང་ འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་བས་གནས་ཤིང་ཕྱོགས་དང་ཕྱོགས་གཞན་ལ་གནས་པ་རྣམས་ཀྱི་སྡུམ་བྱེད་པ་དེ་ནི་བསོད་ནམས་མང་པོ། ཚད་མེད་པ། གྲངས་མེད་པ། གཞལ་དུ་མེད་ པར་སྐྱེད་པར་འགྱུར་རོ། །གང་འགའ་ཞིག་གིས་སྐྲ་དུམ་བུ་བརྒྱར་གཏུབས་པ་ཐོག་མ་དང་ཐོག་མར་སྦྱོར་བ་བྱེད་པ་དེ་བཞིན་དུ་གང་ཞིག་དགེ་སློང་རྣམས་འཐབ་ཀྲོལ་དང་ཞེས་བྱ་བ་ནས་མཐུན་ པར་སྡུམ་བྱེད་པ་དེ་ནི། བསོད་ནམས་མང་ངོ། ཚད་མེད་པ། གྲངས་མེད་པ། གཞལ་དུ་མེད་པ་སྐྱེད་པར་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་འོན་ཀྱང་ངས་ [196B]བཅའ་བར་བྱ་སྟེ། གནས་ནས་ཕྱུང་བའི་དགེ་སློང་གིས་དགེ་འདུན་ལ་དབྱུང་བ་གསོལ་བར་བྱའོ། །གསོལ་བ་ནི། འདི་ལྟར་བྱ་སྟེ། གནས་མལ་ བཤམས་ལ་གཎྜཱི་བརྡུངས་ནས་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། རྒན་རིམ་ཇི་ལྟ་བ་བཞིན་དུ་གུས་པ་ དང་བཅས་པས་འདུད་པ་བྱས་ལ། རྒན་རིམ་གྱིས་མདུན་དུ་ཐལ་མོ་སྦྱར་ཏེ། ཙོག་ཙོག་པོར་འདུག་ལ་འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་གི་གླེང་གཞི་གང་ལས་ འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ་ཞེས་བགྱི་བའམ། གནས་ནས་དབྱུང་བ་ལགས་སོ་ཞེའམ་ གནས་ནས་ཕྱུང་བ་མ་ལགས་སོ་ཞེས་བགྱི་བ། བདག་ནི། ལྟུང་བ་མ་བྱུང་བ་མ་ལགས་ཏེ། ལྟུང་བ་མ་བྱུང་བ་ལགས་ཤིང། གནས་ནས་མི་དབྱུང་བ་མ་ལགས་ཏེ། གནས་ནས་དབྱུང་བ་ལགས་ ལ༑ གནས་ནས་ཕྱུང་བ་གང་ལགས་པ་ཡང་ཆོས་དང་མཐུན་པའི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ཕྱུང་སྟེ། གནས་ནས་ཕྱུང་བའི་དགེ་སློང་བདག་མིང་འདི་ཞེས་བགྱི་བ་ དགེ་འདུན་ལས་དབྱུང་བ་གསོལ་ན། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དབྱུང་དུ་གསོལ། ཆོས་ཇི་ལྟ་བ་བཞིན་དང། འདུལ་བ་ཇི་ལྟ་བ་ [197A]༄༅། །བཞིན་ཕྱིར་བགྱིའོ། །ཞེས་དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་ རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདིའི་གླེང་གཞི་གང་ལས་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ནས། འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་ བྱུང་ངོ་ཞེའམ། གནས་ནས་དབྱུང་བ་ལགས་ཞེའམ། གནས་ནས་དབྱུང་བ་མ་ལགས་སོ་ཞེས་བགྱི་བ། འདི་ནི་ལྟུང་བ་མ་བྱུང་བ་མ་ལགས་ཏེ། ལྟུང་བ་བྱུང་བ་ལགས་ཤིང་གནས་ནས་མི་དབྱུང་ བ་མ་ལགས་ཏེ། གནས་ནས་དབྱུང་ལགས་ལ། གནས་ནས་དབྱུང་བ་གང་ལགས་པ་ཡང་ཆོས་དང་མཐུན་པའི་ལས་མི་འཁྲུགས་པ། གཞག་པར་མི་འོས་པས་ཕྱུང་སྟེ། གནས་ནས་ཕྱུང་ བའི་དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་ འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འབྱིན་པར་མཛད་དོ་།འདི་ནི་གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདིའི་གླེང་ གཞི་གང་ལས་འཐབ་ཀྲོལ་བྱུང་བ་ཞེས་བྱ་བ་ནས། དགེ་སློང་གནས་ནས་ཕྱུང་བ་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་ལས་དབྱུང་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་ [197B] ཚེ་དང་ལྡན་པ་རྣམས་ལས་གང་དག་གནས་ནས་ཕྱུང་བའི་དགེ་སློང་མིང་འདི་ཞེས་བགྱི་བ་འབྱིན་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ ཤིག་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག་འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལས་བརྗོད་པ་གཉིས་དང་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་ བཟོད་ཅིང་གནང་ནས། དགེ་འདུན་གྱིས་གནས་ནས་བྱུང་བའི་དགེ་སློང་མིང་འདི་ཞེས་བགྱི་བ་ཕྱུང་ལགས་ཏེ། འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་དག་ངས་དགེ་ སློང་དབྱུང་བའི་ལས་བྱས་པའི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དབྱུང་བའི་ལས་བྱས་པའི་དགེ་སློང་གིས། དགེ་འདུན་ལས་མཐུན་པ་གསོལ་བར་བྱའོ། །གསོལ་བ་ནི་འདི་ལྟར་བྱ་ སྟེ༑ གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་ཞེས་བྱ་བ་ནས། ཐུགས་ བརྩེ་བ་ཅན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་སྐད་ལན་གཉིས་ལན་གསུམ་དུ་བཟླས་སོ། །དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་ དུ་གསོལ། ཚེ་དང་ལྡན་པ་འདིའི་གླེང་གཞི་གང་ལས་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ་ [198A]༄༅། །ཞེའམ། གནས་ནས་དབྱུང་བ་ལགས་སོ་ཞེའམ། གནས་ནས་དབྱུང་བ་མ་ལགས་སོ། །ཞེས་བགྱི་བ་འདི་ནི། ལྟུང་བ་མ་བྱུང་བ་མ་ལགས་ཏེ། ལྟུང་བ་བྱུང་བ་ ལགས་ཤིང། གནས་ནས་མ་དབྱུང་བ་མ་ལགས་ཏེ། གནས་ནས་དབྱུང་བ་ལགས་ལ། གནས་ནས་ཕྱུང་བ་གང་ལགས་པ་དེ་ཡང་ཆོས་དང་མཐུན་པའི་ལས་མི་འཁྲུགས་པ་གཞག་པར་མི་ འོས་པས་ཕྱུང་སྟེ། གནས་ནས་ཕྱུང་བའི་དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་ལས་དབྱུང་བ་གསོལ་ནས། དགེ་འདུན་གྱིས་དབྱུང་བའི་འཕྲིན་ལས་མཛད་ལགས་ཏེ། དབྱུང་བའི་ འཕྲིན་ལས་མཛད་ལགས་པའི་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་མཐུན་པ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ ཅིག་དང། དགེ་འདུན་གྱིས་དབྱུང་བའི་འཕྲིན་ལས་མཛད་ལགས་པའི་དགེ་སློང་མིང་འདི་ཞེས་བགྱི་བ་ལ་མཐུན་པ་སྩོལ་བར་མཛད་དོ་།འདི་ནི། གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་ བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདིའི་གླེང་གཞི་གང་ལས་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང་འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ་ ཞེས་བྱ་བ་ནས་དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དབྱུང་བའི་འཕྲིན་ལས་མཛད་ལགས་པའི་དགེ་སློང་མིང་འདི་ཞེས་བགྱི་བ་ལ་མཐུན་པ་སྩལ་ལགས་ཏེ། འདི་ལྟར་ [198B]གོང་མ་བཞིན་དུའོ། །དགེ་འདུན་གྱིས་དབྱུང་བའི་ལས་བྱས་ཟིན་པ་གང་ཡིན་པ་དེ་ལ། དགེ་འདུན་གྱིས་མཐུན་པ་སྦྱིན་པར་བྱ་སྟེ། དེ་ལ་འགྱོད་ བར་མི་བྱའོ། །ངས་དགེ་འདུན་གྱིས་མཐུན་པ་བྱིན་པའི་དགེ་སློང་གི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་འདུན་གྱིས་མཐུན་པ་བྱིན་པའི་དགེ་སློང་གིས་གསོ་སྦྱོང་གསོལ་བའོ། །གསོལ་བ་ནི་ འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་ཞེས་བྱ་བ་ནས་དགེ་འདུན་གྱིས་མཐུན་པ་སྩལ་བ་བདག་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་མཐུན་པའི་གསོ་སྦྱོང་གསོལ་ན། དགེ་འདུན་བཙུན་པ་ཐུགས་ བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། མཐུན་པ་སྩལ་བའི་དགེ་སློང་བདག་མིང་འདི་ཞེས་བགྱི་བ་ལ་མཐུན་པའི་གསོ་སྦྱོང་སྩལ་དུ་གསོལ། དེ་སྐད་ལན་གཉིས་ལན་གསུམ་དུ་བཟླས་ཞེས་ བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདིའི་གླེང་གཞི་གང་ལས་འཐབ་ ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ་ཞེས་བྱ་བ་ནས་དགེ་འདུན་གྱིས་མཐུན་པ་སྩལ་པ་མིང་འདི་ཞེས་བགྱི་བའི་བར་གོང་མ་ བཞིན་དུ་སྟེ། དགེ་འདུན་ལས་མཐུན་པའི་གསོ་སྦྱོང་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་མཐུན་པ་ [199A]༄༅། །སྩལ་བ་དགེ་སློང་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་མཐུན་པའི་གསོ་སྦྱོང་སྩོལ་བར་མཛད་དོ། །འདི་ནི། གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་ གསན་དུ་གསོལ། ཚེ་དང་ལྡན་པ་འདིའི་གླེང་གཞི་གང་ལས་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ་ ཞེའམ་ཞེས་བྱ་བ་ནས་མཐུན་པ་སྩལ་བ་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་ལས་མཐུན་པའི་གསོ་སྦྱོང་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་མཐུན་པ་སྩལ་བའི་དགེ་སློང་མིང་འདི་ཞེས་ བགྱི་བ་ལ་མཐུན་པའི་གསོ་སྦྱོང་གསོལ་བར་མཛད་ན། ཚེ་དང་ལྡན་པ་དག་ལས། གང་དག་ལས་མཐུན་པ་སྩལ་བའི་དགེ་སློང་མིང་འདི་ཞེས་བགྱི་བ་ལ། འཇུག་པའི་གསོ་སྦྱོང་སྩལ་བར་བཟོད་ པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག་འདི་ནི། ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལས་བརྗོད་པ་གཉིས་དང་གསུམ་གྱི་བར་དུ་ བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་མཐུན་པ་སྩལ་བའི་དགེ་སློང་མིང་འདི་ཞེས་བགྱི་བ་ལ་མཐུན་པའི་གསོ་སྦྱོང་སྩལ་ལགས་ཏེ། འདི་ལྟར། ཅང་མི་ གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་མཐུན་པ་བྱིན་པའི་དགེ་སློང་གང་ལ་མཐུན་པའི་གསོ་སྦྱོང་བྱིན་པ་དེ་དང་དགེ་འདུན་ལྷན་ཅིག་གཅིག་ཏུ་འདུག་ལ་གསོ་སྦྱོང་དང་ [199B] གསོལ་བ་དང། གསོལ་བ་དང་གཉིས་དང། གསོལ་བ་དང་བཞིའི་ལས་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །མི་མཐུན་པར་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། ། དགེ་སློང་གིས་བཀྲ་ཤིས་ཀྱི་གསོ་སྦྱོང་དང། མཐུན་པའི་གསོ་སྦྱོང་དང། མི་བདེ་བ་ལ་གསོ་སྦྱོང་བྱ་བ་མ་གཏོགས་པར་གསོ་སྦྱོང་མ་ཡིན་པར་གསོ་སྦྱོང་མི་བྱའོ། །བྱེད་ན། འགལ་ཚབས་ཅན་ དུ་འགྱུར་རོ། །ཀོའུ་ཤམྦྷིའི་གཞི་རྫོགས་སོ།། །།འདུལ་བ་གཞི། བམ་པོ་རེ་དགུ་པ། ལས་ཀྱི་གཞིའི་སྡོམ་ནི། ཀ་ཤིའི་གནས་པའི་གྲོང་ཁྱེར་ན། །སྡེ་འཇོམས་ཀྱིས་ནི་ དངོས་པོ་དང། །ཙམ་པར་སངས་རྒྱས་བཅོམ་ལྡན་འདས། །ལས་མ་ཡིན་དང་སླར་ལོག་པའོ། །ཡུལ་ཀ་ཤིའི་གནས་པ་ཞེས་བྱ་བའི་གྲོང་ཁྱེར་ན། དགེ་སློང་སྡེ་འཇོམས་ཞེས་བྱ་བ་ གནས་ཏེ། དེ་ལ་བརྟེན་ནས་གནས་པའི་གྲོང་ཁྱེར་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བྱ་བ་བྱེད་དེ། དགེ་སློང་གློ་བུར་བ་གང་དག་གནས་པའི་ གྲོང་ཁྱེར་དུ་ལྷགས་ན། དེ་རྣམས་དེས་ངལ་བསོར་བཅུག་སྟེ། ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ནས། ལམ་གྱིས་དུབ་པ་ངལ་སོས་པ་དང། དགེ་སློང་རྣམས་ལ་བསོད་སྙོམས་ སྦྱོར་བའི་ཁྱིམ་གང་ཡིན་པ་དེ་རྣམས་སུ་ཟས་ལ་གཏོང་བར་བྱེད་དོ། །ཇི་ཙམ་ན། རྒན་ཞུགས་ཤིག་གནས་པའི་གྲོང་ཁྱེར་དུ་དབྱར་གནས་ནས་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ [200A]༄༅། །པ་དང། ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ནས་དེ་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ། མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་དོང་སྟེ། རིམ་གྱིས་ རྒྱུ་ཞིང་དོང་བ་དང་མཉན་ཡོད་དུ་ཕྱིན་ཏོ། །དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་དྲུག་སྡེ་གང་ཡང་རུང་བས་སྟོང་པར་མི་འཇོག་པ་ཡིན་པས། རྒྱལ་བུ་རྒྱལ་བྱེད་ ཀྱི་ཚལ་གྱི་སྒོ་ན། ཉེ་དགའ་འདུག་པ་དེས་རྒྱང་རིང་པོ་ཁོ་ན་ནས་མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ། སྨིན་མ་འཕྱང་བ་ཞིག་མཐོང་ནས་བསམ་པ། འདི་ནི། དགེ་སློང་གནས་བརྟན་ཞིག་ཡིན་ ཏེ་འོང་གི། བསུར་འགྲོའོ་ཞེས་དེས་བསུ་ནས་གནས་བརྟན་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ། །དེས་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ་།དེས་བསམ་པ། ཀྱེ་མ། འདི་ནི། རྒན་ ཞུགས་ཤིག་ཡིན་ཏེ། སློབ་དཔོན་ཡང་མི་ཤེས། མཁན་པོ་ཡང་མི་ཤེས་སོ། །སྙམ་ནས་རྒན་ཞུགས། ཇི་སྲིད་ཅིག་ནས་འོངས། གནས་པའི་གྲོང་ཁྱེར་ནས་སོ། །ཅི། དེ་ན་གཙུག་ ལག་ཁང་ཡོད་དམ། གཙུག་ལག་ཁང་ཡོད་དོ། །དེ་ཅི། གཙུག་ལག་ཁང་ཡིན་ནམ། འོན་ཏེ་ཕོངས་པ་ཞིག་ཡིན། གཙུག་ལག་ཁང་ནི། ཇི་ལྟ་བུ། གང་ན་ཡོ་བྱད་ཐམས་ཅད་ཕུན་ སུམ་ཚོགས་པ་དེ་ནི། གཙུག་ལག་ཁང་ཡིན་ནོ། །གང་ན་ཡོ་བྱད་མེད་པ་དེ་ནི། ཕོངས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན། དེ་ནི། གཙུག་ལག་ཁང་ཡིན་ཏེ། དེ་ན་དགེ་སློང་སྡེ་འཇོམས་ [200B] །དེ་ལ་བརྟེན་ནས་གནས་པའི་གྲོང་ཁྱེར་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བྱ་བ་བྱེད་དེ། དགེ་སློང་གློ་བུར་བ་གང་དག་དེར་ལྷགས་པ་དེ་རྣམས་ལ་ དེས་ངལ་བསོར་བཅུག་སྟེ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ནས་ལམ་གྱིས་དུབ་པ་ངལ་སོས་པ་དང། དགེ་སློང་རྣམས་ལ་བསོད་སྙོམས་སྦྱོར་བའི་ཁྱིམ་གང་ཡིན་པ་དེ་རྣམས་སུ་ཟས་ལ་གཏོང་བར་བྱེད་དོ། ། དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི། ཉིན་པར་ཅུང་ཟད་ཅི་ཐོས་པ་དེ་དག་དགོངས་ཀ་འདུག་ནས་ཕན་ཚུན་སྨྲ་བར་བྱེད་པ་ཡིན་པས་དགའ་བོ་ཉེ་དགའ། བདག་ཅག་གིས་ཇི་སྲིད་དུ་སྡུག་བསྔལ་ ཕོག་སྙམ་བྱ། ཁྱེད་ལས་འགའ་ཞིག་གིས་གང་ན་རྒྱ་ཆེ་བ་སྣང་བ་ཡོད་པ་ལྟ་ཅུང་ཟད་ཅི་ཐོས། ཉེ་དགས་སྨྲས་པ། ཡུལ་ཀ་ཤིར་གནས་པའི་གྲོང་ཁྱེར་ན་དགེ་སློང་སྡེ་འཇོམས་ཞེས་བྱ་བ་གནས་ཏེ་དེ་ ལ་བརྟེན་ནས་གནས་པའི་གྲོང་ཁྱེར་གྱི་བྲམ་ཟེ་དང། ཁྱིམ་བདག་རྣམས་ཞེས་བྱ་བ་ནས་ཟས་ལ་གཏོང་བར་བྱེད་དོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གལ་ཏེ་འདོད་ན་དེར་འདོང་ངོ་ཞེས། དེ་ རྣམས་ལྷུང་བཟེད་དང་ཆོས་གོས་བླངས་ནས་གནས་པའི་གྲོང་ཁྱེར་གང་ན་བ་དེར་རྒྱུ་ཞིང་དོང་སྟེ། རིམ་གྱིས་རྒྱུ་ཞིང་དོང་བ་ལས་གནས་པའི་གྲོང་ཁྱེར་དུ་ཕྱིན་པ་དང་དེ་རྣམས་རྒྱང་རིང་པོ་ཁོ་ན་ནས་སྡེ་ འཇོམས་ཀྱིས་མཐོང་ནས་དེས་བསམ་པ། གནས་ངན་ལེན་ཀུན་དུ་སྤྱོད་པ་འདི་དག་འོང་གི་ངལ་བསོར་བཅུག་སྟེ་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྟབ་པར་བྱའི། ཁྱིམ་རྣམས་སུ་ཟས་ལ་ [201A]༄༅། །ནི་གཏང་བར་མི་བྱའོ་སྙམ་ནས། དེས་དེ་རྣམས་ངལ་བསོར་བཅུག་ནས་ཡོ་བྱད་ཐམས་ཅད་ཀྱིས་ནི་བསྟབས་ཀྱི། ཁྱིམ་རྣམས་སུ་ཟས་ལ་ནི་མ་བཏང་ངོ། །དེ་ རྣམས་ལས་ཁ་ཅིག་གིས་སྨྲས་པ། དགའ་བོ་ཉེ་དགའ། བདག་ཅག་ལ་རྒན་ཞུགས་འདིས་ཡོ་བྱད་ཐམས་ཅད་ཀྱིས་ནི་བསྟབས་ཀྱི། ཁྱིམ་རྣམས་སུ་ཟས་ལ་ནི་མ་བཏང་ངོ། །གཞན་ དག་གིས་སྨྲས་པ། རེ་ཞིག་ཅིག་གྲུབ་ཟིན་པས། ཁྱིམ་རྣམས་སུ་ཡང་གཏོང་བར་བྱེད་གྲང། ཇི་ཙམ་ན། དགེ་སློང་གསར་བུ་ཞིག་འོངས་པ་དང། དེས་དེ་ངལ་བསོར་བཅུག་སྟེ་ ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ནས་ལམ་གྱིས་དུབ་པ་ངལ་སོས་པ་དང། ཁྱིམ་རྣམས་སུ་ཟས་ལ་བཏང་ངོ། །དྲུག་སྡེ་རྣམས་ཁྲོས་ནས་སྨྲས་པ། དགའ་བོ་ཉེ་དགའ། རྒན་ཞུགས་ འདིའི་འདུན་པ་དང། ཞེ་སྡང་ཅི་འདྲ་བ་ལྟོས། རེ་ཞིག་གལ་ཏེ་སྔར་འོངས་པ་ཞིག་ཡིན་ན་ཡང་བདག་ཅག་ཡིན་ལ། ཡང་ན་རྒན་པ་ཡིན་ན་ཡང་བདག་ཅག་ཡིན་ལ། འོན་ཏེ་མང་དུ་ཐོས་ པ་ཡིན་ན་ཡང་བདག་ཅག་ཡིན་ན། དགེ་སློང་འདི་ནི། འོངས་ནས་རིང་པོ་མ་ལོན་པ་གསར་བུ་ཤེས་པ་དང་མི་ལྡན་པ་ཡིན་ན། འདིས་དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ནས་ ཁྱིམ་རྣམས་སུ་ཟས་ལ་བཏང་ལ་བདག་ཅག་ལ་ནི་མ་ཡིན་ནོ་ཞེས་དེ་རྣམས་ཀྱིས་དེ་ལ་སྤྱོས་པ། རྒན་ཞུགས། ཁྱོད་ཀྱི་འདུན་པ་དང་ཞེ་སྡང་ནི། དེ་འདྲའོ། །རེ་ཞིག་གལ་ཏེ་ [201B]ཁྱོད་ཀྱིས་དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ནས། ཁྱིམ་རྣམས་སུ་ཟས་ལ་བཏང་ལ། ཁོ་བོ་ཅག་ལ་ནི་མ་ཡིན་ནོ་ཞེས་བྱ་ བའི་བར་གོང་མ་བཞིན་དུའོ། །གནས་བརྟན་དག། ཅུང་ཟད་ཉམས་པར་མ་གྱུར་ཏམ། དྲུག་སྡེ་རྣམས་མི་བཟོད་པ་སྐྱེས་ནས་སྨྲས་པ། ཅང་མི་སྨྲ་བར་འདུག་པར་བྱ་བ་གང་ཡིན་པ་དེས་སླར་ སྨྲའམ་ཞེས་དེ་རྣམས་ཀྱིས་དེ་སྨྲར་བཅུག་ནས་ཅང་མི་སྨྲ་བར་འདུག་གོ། དེ་རྣམས་ཀྱིས་དེ་ལ་གླེང་བ་མ་བྱས། དྲན་པར་མ་བྱས་ཤིང་ཁས་བླངས་པ་མེད་པར་ནན་གྱིས་གཞི་མེད་པར་གནས་ནས་ དབྱུང་བའི་ལས་བྱས་སོ། །དེས་བསམ་པ། བྲམ་ཟེ་དང། ཁྱིམ་བདག་རྣམས་དད་པར་བྱ་བ་ནི། དཀའ་ལ། མ་དད་པར་འགྱུར་བ་ནི། སླ་བས་གལ་ཏེ་འདུག་ན། གནས་པའི་གྲོང་ཁྱེར་གྱི་ བྲམ་ཟེ་དང་ཁྱིམ་བདག་རྣམས་དད་པ་མ་ཡིན་པར་སྐྱེ་བར་འགྱུར་བས། བདག་ནི། རྣམ་པ་ཐམས་ཅད་དུ་འགྲོ་བར་བྱའོ་སྙམ་ནས། དེས་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ། མཉན་ཡོད་གང་ན་ བ་དེར་རྒྱུ་ཞིང་སོང་སྟེ། རིམ་གྱིས་རྒྱུ་ཞིང་སོང་བ་ལས་མཉན་ཡོད་དུ་ཕྱིན་པ་དང། དེ་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་སྡེ་འཇོམས་ལ། འོངས་པ་ལེགས་སོ། ། འོངས་པ་ལེགས་སོ། །ཁྱོད་ངོ་མཐོང་བ་ནི། བདག་ཅག་དགའ་ན་འོངས་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ལ་བརྟེན་ནས་གནས་པའི་གྲོང་ཁྱེར་གྱི་བྲམ་ཟེ་དང་ཁྱིམ་བདག་ [202A]༄༅། །རྣམས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བྱ་བ་བྱེད་ལ། དགེ་སློང་གློ་བུར་པ་གང་དག་ལྷགས་པ་དེ་རྣམས་ཀྱང་གནས་པའི་གྲོང་ཁྱེར་དུ་བརྟེན་ཏོ། །དེ་ནི། བདེན་ན་ བདག་ལ་དྲུག་སྡེ་རྣམས་ཀྱིས་གླེང་བམ་བྱས། དྲན་པར་མ་བྱས་ཤིང་ཁས་བླངས་པ་མེད་པར་ནན་གྱིས་གཞི་མེད་པའི་གནས་ནས་དབྱུང་བའི་ལས་བྱས་སོ། །ཅིའི་ཕྱིར། དེས་ཇི་ལྟར་གྱུར་པ་ རྣམས་སྨྲས་པ་དང། དེ་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་ལྟ་བས་ན། དེང་ཕྱིན་ཆད་དགེ་སློང་གིས་གླེང་བ་མ་བྱས། དྲན་པར་མ་བྱས་ཤིང་ཁས་བླངས་པ་མེད་པར་ནན་གྱིས་གཞི་མེད་པའི་གནས་ དབྱུང་བའི་ལས་མི་བྱའོ། །བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ་།སངས་རྒྱས་བཅོམ་ལྡན་འདས་ཙམ་པའི་དྲང་སྲོང་གར་གའི་རྫིང་གི་འགྲམ་ན་བཞུགས་སོ། །དེའི་ཚེ་དགེ་སློང་ དྲུག་སྡེ་རྣམས་ཆོས་མ་ཡིན་པའི་ལས་འདི་ལྟ་བུ་དག་བྱེད་དེ། འདི་ལྟ་སྟེ། ཆོས་མ་ཡིན་པས་མི་མཐུན་པར་བྱེད་པ་དང། ཆོས་མ་ཡིན་པས་མཐུན་པར་བྱེད་པ་དང། ཆོས་ཀྱིས་མི་མཐུན་ པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་ཆོས་མ་ཡིན་ [202B] ཆོས་མ་ཡིན་པས་མཐུན་པ་དང། ཆོས་མ་ཡིན་པས་མི་མཐུན་པ་དང། ཆོས་ཀྱིས་མི་མཐུན་པ་མི་བྱའོ་།བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། སྡོམ་ལ། གཅིག་གིས་ གཅིག་མིན་གཉིས་མིན་ཏེ། །མང་པོ་རྣམས་ཀྱི་བྱ་བ་མིན། །ཚོགས་ཀྱིས་ཚོགས་ཀྱི་ལས་མིན་ཏེ། །དགེ་འདུན་ལྔ་ནི་ལས་ལ་དབང། །སངས་རྒྱས་བཅོམ་ལྡན་འདས་ཙམ་པའི་དྲང་སྲོང་གར་གའི་ རྫིང་འགྲམ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དྲུག་སྡེ་རྣམས་ཆོས་མ་ཡིན་པའི་ལས་འདི་ལྟ་བུ་དག་བྱེད་དེ། འདི་ལྟ་སྟེ། གཅིག་གིས་གཅིག་གི་དང། གཅིག་གིས་གཉིས་ཀྱི་དང། གཅིག་གིས་ མང་པོའི་དང། གཉིས་ཀྱིས་གཉིས་ཀྱི་དང། གཉིས་ཀྱིས་གཅིག་གི་དང། གཉིས་ཀྱིས་མང་པོའི་དང། མང་པོས་གཅིག་གི་དང། མང་པོས་གཉིས་ཀྱི་དང། ཚོགས་ཀྱིས་ཚོགས་ཀྱི་བྱེད་པའི་ སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། གཅིག་གིས་གཅིག་གི་ལས་མི་བྱ་སྟེ། གཅིག་གིས་གཉིས་ ཀྱི་མ་ཡིན། གཅིག་གིས་མང་པོའི་མ་ཡིན། གཉིས་ཀྱིས་གཉིས་ཀྱི་མ་ཡིན། གཉིས་ཀྱིས་གཅིག་གི་མ་ཡིན། གཉིས་ཀྱིས་མང་པོའི་མ་ཡིན། མང་པོས་མང་པོའི་མ་ཡིན། མང་པོས་ གཅིག་གི་མ་ཡིན། མང་པོས་གཉིས་ཀྱི་མ་ཡིན་ཏེ། ཚོགས་ཀྱིས་ཚོགས་ཀྱི་མི་བྱའོ། །བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་དག། འོན་ཀྱང་ལས་ལ་དབང་བའི་དགེ་ [203A]༄༅། །འདུན་ལྔ་ཡོད་དེ། ལྔ་གང་ཞེ་ན། དགེ་སློང་བཞིའི་དགེ་འདུན་དང། དགེ་སློང་ལྔའི་དགེ་འདུན་དང། དགེ་སློང་བཅུའི་དགེ་འདུན་དང། དགེ་སློང་ཉི་ཤུའི་དགེ་ འདུན་དང། ལྷག་པའི་དགེ་འདུན་ནོ། །གང་ན་དགེ་སློང་བཞི་གནས་པ་དེ་ན་དགེ་འདུན་གྱི་ཆོས་ཀྱི་ལས་བྱ་བ་ཐམས་ཅད་རུང་སྟེ། ལྔའི་དགག་དབྱེ་དང། བཅུའི་བསྙེན་པར་རྫོགས་པ་ དང༑ ཉི་ཤུའི་དབྱུང་བ་ནི། མ་གཏོགས་སོ། །གང་ན་དགེ་སློང་ལྔ་གནས་པ་དེ་ན། དགེ་འདུན་གྱི་ལས་བྱ་བ་ཐམས་ཅད་རུང་སྟེ་བཅུའི་བསྙེན་པར་རྫོགས་པ་དང། ཉི་ཤུའི་དབྱུང་བ་ ནི༑ མ་གཏོགས་སོ། །གང་ན་དགེ་སློང་བཅུ་གནས་པ་དེ་ན། དགེ་འདུན་གྱི་ལས་བྱ་བ་ཐམས་ཅད་རུང་སྟེ། ཉི་ཤུའི་དབྱུང་བ་ནི། མ་གཏོགས་སོ། །གང་ན་དགེ་སློང་ཉི་ཤུའམ། ལྷག་ པར་གནས་པ་དེ། དགེ་འདུན་གྱི་ཆོས་ཀྱི་ལས་བྱ་བ་ཐམས་ཅད་རུང་ངོ། །སྡོམ་ལ། བཞི་ཡི་ཚོགས་ཀྱི་བྱ་བ་ལ། །གང་ཟག་སོ་སོས་བྱེད་པ་དང། །སྤོབས་པ་དག་དང་བཞི་ཡིས་ནི། ། ལས་བཞི་རྣམ་པ་གཉིས་དྲན་བྱ། །བཞིའི་ཚོགས་ཀྱི་བྱ་བ་དགེ་སློང་སོ་སོ་ནས་བྱེད་ན། དེ་ནི་ཆོས་མ་ཡིན་པའི་ལས་དང། འདུལ་བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི། དེ་ལྟ་བུར་མི་ བྱ་སྟེ༑ དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ་།བཞིའི་ཚོགས་ཀྱི་བྱ་བ་བཞི་བ་ཁྱིམ་པ་དང་བྱེད་ན། དེ་ནི་ཆོས་མ་ཡིན་པའི་ལས་དང། འདུལ་བ་མ་ཡིན་ [203B] །དེ་ནི། དེ་ལྟ་བུར་མི་བྱ་སྟེ། དེས་ནི་དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །དེ་བཞིན་དུ་བཞི་པ་དགེ་ཚུལ་དང། ཟ་མ་དང། མ་ནིང་དང། དགེ་སློང་མ་སུན་ཕྱུང་བ་ དང། མ་གསོད་པ་དང། ཕ་གསོད་པ་དང། དགྲ་བཅོམ་པ་གསོད་པ་དང། དགེ་འདུན་གྱི་དབྱེན་བྱེད་པ་དང། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང། མུ་སྟེགས་ཅན་ དང༑ མུ་སྟེགས་ཅན་དུ་ཞུགས་པ་དང། རྐུ་ཐབས་སུ་གནས་པ་དང་ཐ་དད་དུ་གནས་པ་དང། གནས་པར་མི་བྱ་བ་དང། སྤོ་བ་དང་ལས་བྱེད་ན། དེ་ནི། ཆོས་མ་ཡིན་པའི་ལས་དང། འདུལ་ བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི། དེ་ལྟ་བུར་མི་བྱ་སྟེ། དེས་ནི་དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །བཞིའི་ཚོགས་ཀྱི་བྱ་བ་བཞི་ཚང་བས་ཆོས་ཀྱི་ལས་བྱེད་ན། དེ་ནི་ཆོས་ ཀྱི་ལས་དང། འདུལ་བའི་ལས་ཡིན་ནོ། །དེ་ནི། དེ་ལྟ་བུར་བྱ་སྟེ་དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །བཞིའི་ཚོགས་ཀྱིས་བྱས་པའི་ལས་བཞི་པ་ཁྱིམ་པ་མ་ཡིན་ དགེ་ཚུལ་མ་ཡིན་ཞེས་བྱ་བ་ནས་བཞི་པ་གནས་པར་མི་བྱ་བ་མ་ཡིན་པ་དང། སྤོ་བ་མ་ཡིན་པས་བྱེད་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ནི། ཆོས་ཀྱི་ལས་དང། འདུལ་བའི་ལས་ ཡིན་ནོ། །དེ་ནི། དེ་ལྟ་བུར་བྱ་སྟེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །ལྔའི་ཚོགས་ཀྱི་བྱ་བ་ལྔར་མ་ཚང་བས་ལས་བྱེད་ན། དེ་ནི། ཆོས་མ་ཡིན་པའི་ལས་ [204A]༄༅། །དང། འདུལ་བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི། དེ་ལྟ་བུར་མི་བྱ་སྟེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ་།ལྔའི་ཚོགས་ཀྱི་བྱ་བའི་ལས་ ལྔ་པ་ཁྱིམ་པ་དང་ཞེས་བྱ་བ་ནས་ལྔ་པ་སྤོབས་བྱེད་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ནི། ཆོས་མ་ཡིན་པའི་ལས་དང། འདུལ་བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི། དེ་ལྟ་བུར་བྱ་སྟེ་ དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྔའི་ཚོགས་ཀྱི་བྱ་བའི་ལས་ལྔར་ཚང་བས་བྱེད་ན། དེ་ནི། ཆོས་ཀྱི་ལས་དང། འདུལ་བའི་ལས་ཡིན་ནོ། །དེ་ནི། དེ་ལྟ་ བུར་བྱ་སྟེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ་།ལྔའི་ཚོགས་ཀྱི་བྱ་བའི་ལས་ལྔ་པ་ཁྱིམ་པ་མ་ཡིན་པ་དང་དགེ་ཚུལ་མ་ཡིན་པ་དང་ཞེས་བྱ་བ་ནས་ལྔ་པ་སྤོ་བ་མ་ ཡིན་པས་བྱེད་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཆོས་ཀྱིས་བྱེད་ན། དེ་ནི། ཆོས་ཀྱི་ལས་དང་འདུལ་བའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་བྱ་སྟེ། དེས་ནི། དགེ་འདུན་ཡང་ འགལ་ཚབས་ཅན་དུ་མི་འགྱུར་རོ། །བཅུའི་ཚོགས་ཀྱི་བྱ་བའི་ལས་བཅུར་མ་ཚང་བས་བྱེད་ན། དེ་ནི། ཆོས་མ་ཡིན་པའི་ལས་དང། འདུལ་བ་མ་ཡིན་པའི་ལས་ཡིན་ཏེ། དེ་ནི་ དེ་ལྟ་བུར་མི་བྱ་སྟེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །བཅུའི་ཚོགས་ཀྱི་བྱ་བའི་ལས་བཅུ་པ་ཁྱིམ་པ་དང་ཞེས་བྱ་བ་ནས་བཅུ་པ་སྤོ་བས་བྱེད་ན་ཞེས་བྱ་བའི་བར་ [204B] དེ་ནི། ཆོས་མ་ཡིན་པའི་ལས་དང་འདུལ་བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི། དེ་ལྟ་བུར་མི་བྱ་སྟེ་དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །བཅུའི་ ཚོགས་ཀྱི་བྱ་བའི་ལས་ཚོགས་བཅུར་ཚང་བས་ལས་བྱེད་ན། དེ་ནི་ཆོས་ཀྱི་ལས་དང། འདུལ་བའི་ལས་ཡིན་ནོ། །དེ་ནི། དེ་ལྟ་བུར་བྱ་སྟེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་ མི་འགྱུར་རོ། །བཅུའི་ཚོགས་ཀྱི་བྱ་བའི་ལས་བཅུ་པ་ཁྱིམ་པ་མ་ཡིན་པ་དང་ཞེས་བྱ་བ་ནས་བཅུ་པ་སྤོ་བ་མ་ཡིན་པས་ཆོས་ཀྱི་ལས་བྱེད་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ནི། ཆོས་ཀྱི་ ལས་དང། འདུལ་བའི་ལས་ཡིན་ནོ། །དེ་ནི། དེ་ལྟར་བྱ་སྟེ། དེས་ནི་དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །ཉི་ཤུའི་ཚོགས་ཀྱི་བྱ་བའི་ལས་ཉི་ཤུར་མ་ཚང་བས་བྱེད་ན་ དེ་ནི། ཆོས་མ་ཡིན་པ་དང། འདུལ་བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི། དེ་ལྟ་བུར་མི་བྱ་སྟེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ཉི་ཤུའི་ཚོགས་ཀྱི་བྱ་བའི་ ལས་ཉི་ཤུ་པ་ཁྱིམ་པ་དང་དགེ་ཚུལ་དང་ཞེས་བྱ་བ་ནས་ཉི་ཤུ་པ་སྤོ་བས་བྱེད་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ནི། ཆོས་མ་ཡིན་པའི་ལས་དང། འདུལ་བ་མ་ཡིན་པའི་ལས་ཡིན་ ནོ། །དེ་ནི། དེ་ལྟ་བུར་མི་བྱ་སྟེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ཉི་ཤུའི་ཚོགས་ཀྱི་བྱ་བ་ཉི་ཤུ་ཚང་བས་ཆོས་ཀྱི་ལས་བྱེད་ན། དེ་ནི། ཆོས་ཀྱི་ལས་དང་ [205A]༄༅། །འདུལ་བའི་ལས་ཡིན་ནོ། །དེ་ནི། དེ་ལྟ་བུར་བྱ་སྟེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །ཉི་ཤུའི་ཚོགས་ཀྱི་བྱ་བའི་ལས་ཉི་ཤུ་པ་ཁྱིམ་པ་མ་ཡིན་ པ་དང། དགེ་ཚུལ་མ་ཡིན་པ་དང་ཞེས་བྱ་བ་ནས་ཉི་ཤུ་པ་སྤོ་བ་མ་ཡིན་པས་ཆོས་ཀྱི་ལས་བྱེད་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ནི། ཆོས་ཀྱི་ལས་དང། འདུལ་བའི་ལས་ཡིན་ནོ། །དེ་ནི་ དེ་ལྟ་བུར་བྱ་སྟེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །སྡོམ་ལ། ཆོས་དང་ཆོས་མིན་ལས་གང་དང། །གསོལ་པ་གང་ཡིན་དེས་བྱས་པ་དང། །མངོན་སུམ་དང་ནི་ཁས་ བླངས་དང། །འཁོར་ལོ་ལྟ་བུར་བསྒྲེ་བས་འབྲེལ། །ཆོས་མ་ཡིན་པའི་ལས་དང། ཆོས་ཀྱི་ལས་ཏེ། ཆོས་མ་ཡིན་པའི་ལས་གང་ཞེ་ན། མི་འོས་པ་ལས་བསླང་བ་ལ་མ་ཐུག་པར་སློང་ཞིང་ བསླང་བར་བྱ་བ་ལ་ཇི་ལྟར་རྗེས་སུ་བསྒྲག་པ་ཡིན་པ་དེ་བཞིན་དུ་མི་སློང་བ་ནི། ཆོས་མ་ཡིན་པའི་ལས་སོ། །འོས་པ་ལ་བསླང་བ་ལ་ཐུག་པའི་ཚེ་སློང་ཞིང་བསླང་བར་བྱ་བ་ལ་ཇི་ལྟར་བསྒྲག་པ་ ཡིན་པ་དེ་བཞིན་དུ་སློང་བ་ནི། ཆོས་ཀྱི་ལས་སོ། །མི་འོས་པ་བསླང་བ་ལ་མ་ཐུག་པར་སློང་ཞིང། བསླང་བར་བྱ་བ་ལ་ཇི་ལྟར་བསྒྲག་པ་ཡིན་པ་དེ་བཞིན་དུ་མི་སློང་བ་ནི། ཆོས་མ་ཡིན་པའི་ལས་ སོ༑ ༑འོས་པ་ལ་བསླང་བ་ལ་ཐུག་པའི་ཚེ་སློང་ཞིང། བསླང་བར་བྱ་བ་ལ་ཇི་ལྟར་རྗེས་སུ་བསྒྲག་པ་ཡིན་པ་དེ་བཞིན་དུ་བསླང་བ་ནི། ཆོས་ཀྱི་ལས་སོ། །གསོལ་པ་མ་བྱས་པར་བྱེད་པ་ནི་ [205B] །གསོལ་པ་བྱས་ནས་བྱེད་པ་ནི། ཆོས་ཀྱི་ལས་སོ། །གསོལ་པ་དང་གཉིས་ཀྱི་ལས་ལ། གསོལ་པ་མ་བྱས་པར་ལན་གཅིག་རྗེས་སུ་སྒྲོག་པར་བྱེད་པ་ནི། ཆོས་མ་ཡིན་པའི་ལས་ སོ༑ ༑གསོལ་པ་དང་གཉིས་ཀྱི་ལས་ལ། གསོལ་བ་བྱས་ནས་ལན་གཅིག་རྗེས་སུ་སྒྲོག་པར་བྱེད་པ་ནི། ཆོས་ཀྱི་ལས་སོ། །གསོལ་བ་དང་བཞིའི་ལས་ལ། གསོལ་བ་མ་བྱས་པར་ལན་གསུམ་དུ་རྗེས་སུ་ སྒྲོག་པར་བྱེད་པ་ནི། ཆོས་མ་ཡིན་པའི་ལས་སོ། །གསོལ་བ་དང་བཞིའི་ལས་ལ། གསོལ་བ་བཏབ་ནས་ལན་གསུམ་དུ་རྗེས་སུ་སྒྲོག་པར་བྱེད་པ་ནི། ཆོས་ཀྱི་ལས་སོ། །ལས་གཞན་གྱིས་གསོལ་བ་བྱས་ ལ་ལས་གཞན་གྱིས་རྫོགས་པར་བྱེད་པ་ནི། ཆོས་མ་ཡིན་པའི་ལས་སོ་།ལས་དེ་ཉིད་ཀྱིས་གསོལ་བ་བྱས་ནས་རྫོགས་པར་བྱེད་པ་ནི། ཆོས་ཀྱི་ལས་སོ། །མངོན་སུམ་དུ་བྱ་བའི་ལས་མངོན་སུམ་པ་མ་ ཡིན་པ་ལ་བྱེད་པ་ནི། ཆོས་མ་ཡིན་པའི་ལས་སོ། །མངོན་སུམ་དུ་བྱ་བའི་ལས་མངོན་སུམ་པ་ལ་བྱེད་པ་ནི། ཆོས་ཀྱི་ལས་སོ། །ཁས་བླང་བར་བྱ་བའི་ལས་ཁས་མི་ལེན་པར་བྱེད་པ་ནི། ཆོས་མ་ཡིན་པའི་ ལས་སོ། །ཁས་བླང་བར་བྱ་བའི་ལས་ཁས་ལེན་པར་བྱེད་པ་ནི་ཆོས་ཀྱི་ལས་སོ། །མངོན་སུམ་གྱིས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་པ་ནི། ཆོས་མ་ཡིན་པའི་ལས་སོ། །མ་མྱོས་ པས་འདུལ་བ་དང། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང། གང་ཚུལ་ཤིང་མང་པོ་བྲིམ་པ་དང། ཁས་བླང་བར་འོས་པ་དང་རྩྭ་བཀྲམ་པ་ལྟ་བུ་དང། བསྡིགས་པ་དང། སྨད་པ་དང་ [206A]༄༅། །བསྐྲད་པ་དང། སྤང་བ་དང། མ་མཐོང་བ་གནས་ནས་དབྱུང་བ་དང། ཕྱིར་མི་བྱེད་པས་གནས་ནས་དབྱུང་བ་དང། སྡིག་པའི་ལྟ་བར་སོང་བ་སྤངས་པས་གནས་ ནས་དབྱུང་བའི་ལས་དང། སྤོ་བ་དང། གཞི་ནས་སྤོ་བ་དང། ཡང་གཞི་ནས་བསླང་སྟེ་སྤོ་བ་དང། མགུ་བར་བྱ་བ་དང། གཞི་ནས་མགུ་བར་བྱ་བ་དང། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་ བ་དང། འབྱིན་པར་བྱེད་པ་ནི། ཆོས་མ་ཡིན་པའི་ལས་སོ། །མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་ཉིད་སྦྱིན་གྱི། དྲན་པས་འདུལ་བ་མ་ཡིན་པ་ཞེས་བྱ་བ་ནས་འབྱིན་ པར་བྱེད་པ་མ་ཡིན་ཞེས་བྱ་བའི་བར་དུ་ཆོས་ཀྱི་ལས་སོ། །དྲན་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་པ་ནི། །ཆོས་མ་ཡིན་པའི་ལས་སོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་ཞེས་ བྱ་བ་ནས་འབྱིན་པར་བྱེད་པ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། མངོན་སུམ་གྱིས་འདུལ་བ་སྦྱིན་པ་ནི། ཆོས་མ་ཡིན་པའི་ལས་སོ་།དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་ ཉིད་སྦྱིན་གྱི། མ་མྱོས་པས་འདུལ་བ་མ་ཡིན། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་མ་ཡིན་ཞེས་བྱ་བ་ནས་མངོན་སུམ་གྱིས་འདུལ་བ་མ་ཡིན་ཞེས་བྱ་བའི་བར་ནི། ཆོས་ཀྱི་ལས་སོ། །མ་མྱོས་པས་ འདུལ་བར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པ་ནི་ཆོས་མ་ཡིན་པའི་ལས་སོ། དེ་བཞིན་དུ་གང་ཚུལ་ཤིང་མང་པོ་སྦྱིན་པ་ཞེས་བྱ་བ་ནས་མངོན་སུམ་གྱིས་འདུལ་བ་དང་དྲན་ [206B] ཆོས་མ་ཡིན་པའི་ལས་སོ། །མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་ཉིད་སྦྱིན་གྱི་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་མ་ཡིན་ཞེས་བྱ་བ་ནས་དྲན་པས་འདུལ་བ་ མ་ཡིན་ཞེས་བྱ་བའི་བར་ཆོས་ཀྱི་ལས་སོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་གང་ཚུལ་ཤིང་མང་པོ་སྦྱིན་པ་ནི། ཆོས་མ་ཡིན་པའི་ལས་སོ། །བསྡིགས་པ་ཞེས་བྱ་བ་ནས་མ་མྱོས་པས་འདུལ་ བ་སྦྱིན་པ་ནི་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཆོས་མ་ཡིན་པའི་ལས་སོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་ཚུལ་དུ་གཞུག་པ་ཉིད་སྦྱིན་གྱི། གང་ཚོལ་དུ་གཞུག་པ་ཉིད་ སྦྱིན་གྱི། གང་ཚུལ་ཤིང་མང་པོ་སྦྱིན་པ་མ་ཡིན་ཞེས་བྱ་བ་ནས་མ་མྱོས་པས་འདུལ་བ་མ་ཡིན་ཞེས་བྱ་བའི་བར་ནི། ཆོས་ཀྱི་ལས་སོ། །གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་བསྡིགས་པའི་ལས་བྱེད་པ་ ནི། ཆོས་མ་ཡིན་པའི་ལས་སོ། །སྨད་པ་ཞེས་བྱ་བ་ནས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་ནི་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ་ཆོས་མ་ཡིན་པའི་ལས་སོ། །གང་ཚུལ་ཤིང་མང་པོ་ཉིད་ སྦྱིན་པར་འོས་པ་ལ་གང་ཚུལ་ཤིང་མང་པོ་ཉིད་སྦྱིན་གྱི་བསྡིགས་པ་མ་ཡིན་ཞེས་བྱ་བ་ནས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་མ་ཡིན་ཞེས་བྱ་བའི་བར་ནི། ཆོས་ཀྱི་ལས་སོ། །བསྡིགས་པར་འོས་ པའི་ལས་ལ་སྨད་པའི་ལས་བྱེད་པ་དང། སྤང་བའི་ལས་དང་ཞེས་བྱ་བ་ནས་གང་ཚུལ་ཤིང་མང་པོ་སྦྱིན་པར་བྱེད་པ་ནི་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཆོས་མ་ཡིན་པའི་ལས་སོ། ། [207A]༄༅། །བསྡིགས་པར་འོས་པའི་ལས་ལ་བསྡིགས་པ་ཉིད་ཀྱི་ལས་བྱེད་ཀྱི། ལྷག་མ་གཞན་མ་ཡིན་པ་སྟེ། བསྒྲེ་བ་འདིས་འཁོར་ལོ་བཞིན་དུ་བསྒྲེ་བ་ནི། ཆོས་ཀྱི་ལས་སོ། །སྨད་ པར་འོས་པའི་ལས་ལ་སྤང་བའི་ལས་བྱེད་པ་ནི། ཆོས་མ་ཡིན་པའི་ལས་ཞེས་བྱ་བ་གོང་མ་བཞིན་ནོ། །སྨད་པར་འོས་པའི་ལས་ལ་སྨད་པའི་ལས་ཉིད་བྱེད་པ་ནི། ཆོས་ཀྱི་ལས་ཏེ། གོང་མ་ བཞིན་ནོ། །བསྐྲད་པར་འོས་པའི་ལས་ལ་སྤང་བའི་ལས་བྱེད་པ་ནི་ཆོས་མ་ཡིན་པའི་ལས་ཏེ། གོང་མ་བཞིན་ནོ། །བསྐྲད་པར་འོས་པའི་ལས་ལ་བསྐྲད་པའི་ལས་ཉིད་བྱེད་པ་ནི། ཆོས་ ཀྱི་ལས་ཏེ། གོང་མ་བཞིན་ནོ། །སྤང་བར་འོས་པའི་ལས་ལ་མ་མཐོང་བས་གནས་ནས་དབྱུང་བའི་ལས་བྱེད་པ་ནི། ཆོས་མ་ཡིན་པའི་ལས་ཏེ། གོང་མ་བཞིན་ནོ། །སྤང་བར་འོས་པའི་ ལས་ལ་སྤང་བ་ཉིད་ཀྱི་ལས་བྱེད་པ་ནི། ཆོས་ཀྱི་ལས་ཏེ། གོང་མ་བཞིན་ནོ། །མ་མཐོང་བས་གནས་ནས་དབྱུང་བར་འོས་པའི་ལས་ལ་ཕྱིར་མི་བྱེད་པས་གནས་ནས་དབྱུང་བའི་ལས་བྱེད་པ་ ནི། ཆོས་མ་ཡིན་པའི་ལས་ཏེ། གོང་མ་བཞིན་ནོ། །མ་མཐོང་བས་གནས་ནས་དབྱུང་བར་འོས་པའི་ལས་ལ་མ་མཐོང་བས་གནས་ནས་དབྱུང་བ་ཉིད་ཀྱི་ལས་བྱེད་པ་ནི། ཆོས་ཀྱི་ལས་ ཏེ། གོང་མ་བཞིན་ནོ། །ཕྱིར་མི་བྱེད་པས་གནས་ནས་དབྱུང་བར་འོས་པའི་ལས་ལ་སྡིག་པ་ཅན་གྱི་ལྟ་བར་སོང་བ་མ་སྤངས་པས་གནས་ནས་དབྱུང་བའི་ལས་བྱེད་པ་ནི། ཆོས་མ་ [207B] གོང་མ་བཞིན་ནོ། །ཕྱིར་མི་བྱེད་པས་གནས་ནས་དབྱུང་བར་འོས་པའི་ལས་ལ་ཕྱིར་མི་བྱེད་པས་གནས་ནས་དབྱུང་བ་ཉིད་ཀྱི་ལས་བྱེད་པ་ནི། ཆོས་ཀྱི་ལས་ཏེ། གོང་མ་བཞིན་ ནོ། །སྡིག་པའི་ལྟ་བར་སོང་བ་མ་སྤངས་པས་གནས་ནས་དབྱུང་བར་འོས་པའི་ལས་ལ་སྤོ་བ་སྦྱིན་པ་ནི། ཆོས་མ་ཡིན་པའི་ལས་ཏེ། གོང་མ་བཞིན་ནོ། །སྡིག་པའི་ལྟ་བར་སོང་བ་མ་སྤངས་པས་ གནས་ནས་དབྱུང་བར་འོས་པའི་ལས་ལ་སྡིག་པའི་ལྟ་བར་སོང་བ་མ་སྤངས་པས་གནས་ནས་དབྱུང་བ་ཉིད་ཀྱི་ལས་བྱེད་པ་ནི། ཆོས་ཀྱི་ལས་ཏེ། གོང་མ་བཞིན་ནོ། །སྤོ་བར་འོས་པའི་ལས་ལ་གཞི་ནས་ སྤོ་བ་སྦྱིན་པ་ནི། ཆོས་མ་ཡིན་པའི་ལས་ཏེ། གོང་མ་བཞིན་ནོ་།སྤོ་བར་འོས་པའི་ལས་ལ་སྤོ་བ་ཉིད་སྦྱིན་པ་ནི། ཆོས་ཀྱི་ལས་ཏེ། གོང་མ་བཞིན་ནོ། །གཞི་ནས་སྤོ་བར་འོས་པའི་ལས་ལ་ ཡང་གཞི་ནས་བསླང་སྟེ་སྤོ་བ་སྦྱིན་པ་ནི། ཆོས་མ་ཡིན་པའི་ལས་ཏེ། གོང་མ་བཞིན་ནོ། །གཞི་ནས་སྤོ་བར་འོས་པའི་ལས་ལ་གཞི་ནས་སྤོ་བ་ཉིད་སྦྱིན་པ་ནི། ཆོས་ཀྱི་ལས་ཏེ། གོང་ མ་བཞིན་ནོ། །སྤོ་བ་མ་སྤྱད་པ་ལ་མགུ་བར་བྱ་བ་སྦྱིན་པ་ནི་ཆོས་མ་ཡིན་པའི་ལས་ཏེ། གོང་མ་བཞིན་ནོ། །སྤོ་བ་སྤྱད་པ་ལ་མགུ་བར་བྱ་བ་སྦྱིན་པ་ནི། ཆོས་ཀྱི་ལས་ཏེ། གོང་མ་བཞིན་ ནོ༑ ༑མགུ་བར་བྱ་བ་མ་སྤྱད་པ་ལ་འབྱིན་པ་ནི། ཆོས་མ་ཡིན་པའི་ལས་ཏེ། གོང་མ་བཞིན་ནོ། །མགུ་བར་བྱ་བ་སྤྱད་པ་ལ་འབྱིན་པ་ནི། ཆོས་ཀྱི་ལས་ཏེ། གོང་མ་བཞིན་ནོ། །དབྱུང་ [208A]༄༅། །བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་པ་ནི་ཞེས་བྱ་བ་ནས་མགུ་བར་བྱ་བ་ནས་མགུ་བར་བྱ་བ་དང་མི་འབྱིན་པ་ཞེས་བྱ་བའི་བར་ནི། ཆོས་མ་ཡིན་པའི་ལས་ཏེ། གོང་ མ་བཞིན་ནོ། །དབྱུང་བར་འོས་པ་ལ་དབྱུང་བ་ཉིད་བྱེད་ཀྱི། མངོན་སུམ་གྱིས་འདུལ་བ་སྦྱིན་པ་མ་ཡིན་ཞེས་བྱ་བ་ནས་མགུ་བར་བྱ་བ་མ་ཡིན་ཞེས་བྱ་བའི་བར་ནི། ཆོས་ཀྱི་ལས་ཏེ། གོང་མ་ བཞིན་ནོ། །དེ་བཞིན་དུ་རེ་རེས་མགོ་བཟུང་ནས་འཁོར་ལོ་བཞིན་དུ་བསྒྲེ་བ་རྒྱས་པར་ཁོང་དུ་ཆུད་པར་བྱའོ། །སྡོམ་ནི། མི་མཐུན་མཐུན་དང་འོས་པ་དང། ཆོས་དང་ཆོས་མིན་གནས་ ནས་འབྱིན། །བསླང་བ་ཉིད་དེ་འདི་དག་ནི། །ལས་ཀྱི་གཞིར་ནི་བསྡུས་པ་ཡིན། །མི་མཐུན་པའི་ལས་དང། མཐུན་པའི་ལས་སོ། །མི་མཐུན་པའི་ལས་གང་ཞེ་ན། མཚམས་ན་གནས་ པའི་དགེ་སློང་བྱ་བར་འོས་པ་ཇི་སྙེད་པ་ཐམས་ཅད་མ་འདུས་ཤིང་མངོན་སུམ་དུ་མ་གྱུར་པ་དང། འདུན་པ་བླང་བར་འོས་པ་རྣམས་ལས་འདུན་པ་མ་བླངས་པར་གྱུར་པ་དང། དགེ་སློང་རྣམས་འདུས་ ཤིང་མངོན་སུམ་དུ་གྱུར་ཀྱང་མི་བཏུབ་ཅིང་ཕྱིར་འདོད་པ་གང་གིས་གཤེ་བར་འོས་པ་རྣམས་མི་བཏུབ་ཅིང་ཕྱིར་དོང་ལ་ལས་དག་ཀྱང་བྱེད་ན། འདི་ནི། མི་མཐུན་པའི་ལས་ཞེས་བྱའོ། །མཐུན་ པའི་ལས་གང་ཞེ་ན། མཚམས་ན་གནས་པའི་དགེ་སློང་བྱ་བར་འོས་པ་ཇི་སྙེད་པ་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་དང་འདུན་པ་བླང་བར་འོས་པ་རྣམས་ལས་འདུན་པ་ [208B] དགེ་སློང་རྣམས་འདུས་ཤིང་མངོན་སུམ་དུ་གྱུར་ཀྱང་མི་བཏུབ་ཅིང་ཕྱིར་འདོང་བ་གང་དག་གཤེ་བར་འོས་པ་རྣམས་བཏུབ་ཅིང་མི་གཤེ་བ་ལས་དག་བྱེད་པ་འདི་ནི། མཐུན་པའི་ ལས་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། དུ་ཞིག་གི་གཤེ་བར་མི་འོས་པ་ལགས། ཉེ་བར་འཁོར། བཅུ་སྟེ། ངོ་ཚ་མེད་པ་དང་ ཀླན་ཀ་ཚོལ་བ་དང། བུས་པ་དང། བླུན་པོ་དང། མི་གསལ་བ་དང་མི་མཁས་པ་དང། མཚམས་ཀྱི་ཕྱི་རོལ་ན་གནས་པ་དང། བར་སྣང་ལ་གནས་པ་དང། སྤྱོད་ལམ་ལས་ལྡང་བ་དང་ ཚིག་མ་བསྡམས་པའི་འོ། །བཙུན་པ། དུ་ཞིག་གི་གཤེ་བར་འོས་པ་ལགས། ཉེ་བར་འཁོར། བཞི་སྟེ། རང་བཞིན་དུ་གནས་པ་དང། མཚམས་ཀྱི་ནང་ན་གནས་པ་དང། སྤྱོད་ལམ་ ལས་མ་ལངས་པ་དང། ཚིག་བསྡམས་པའི་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་གནས་ནས་དབྱུང་བའི་ལས་དུ་ཞིག་ མཆིས་ལགས། ཉེ་བར་འཁོར། བཞི་སྟེ། མི་མཐུན་པ་དག་གིས་ཆོས་མ་ཡིན་པས་གནས་ནས་འབྱིན་པ་དང། མཐུན་པ་དག་གིས་ཆོས་མ་ཡིན་པ་དང། མི་མཐུན་པ་དག་གིས་ཆོས་ ཀྱིས་དང། མཐུན་པ་དག་གིས་ཆོས་ཀྱིས་འབྱིན་པའོ། །དེ་ལ་གནས་ནས་འབྱིན་པའི་ལས་ནི། གཅིག་ཡིན་ཏེ། འདི་ལྟ་སྟེ། མཐུན་པ་དག་གིས་ཆོས་ཀྱིས་གནས་ནས་འབྱིན་ [209A]༄༅། །པའི་འོ། །བཙུན་པ། བསླང་བའི་ལས་དུ་མཆིས་ལགས། ཉེ་བར་འཁོར། བཞི་སྟེ། མི་མཐུན་པ་དག་གིས་ཆོས་མ་ཡིན་པས་སློང་བ་དང། མཐུན་པ་དག་ གིས་ཆོས་མ་ཡིན་པས་དང། མི་མཐུན་པ་དག་གིས་ཆོས་ཀྱིས་དང་མཐུན་པ་དག་གིས་ཆོས་ཀྱིས་སློང་བའོ། །དེ་ལ་སློང་བའི་ལས་ནི་གཅིག་ཡིན་ཏེ། འདི་ལྟ་སྟེ། མཐུན་བ་དག་ གིས་ཆོས་ཀྱིས་སློང་བར་བྱེད་པའོ། ལས་ཀྱི་གཞི་རྫོགས་སོ།།།།ཕྱིར་བཅོས་པའི་གཞིའི་སྡོམ་ནི། དམར་སེར་ཅན་གྱི་གཞི་དང་ནི་།དེ་བཞིན་གང་ཟག་དག་དང་ ནི༑ ༑དེ་ནས་སྤོ་བ་བྱ་བ་དང། །གསོ་སྦྱོང་གཞག་པར་བྱ་བ་དང། །གནས་མལ་དང་ནི་རྩོད་པ་དང། །དགེ་འདུན་འབྱེད་པ་ཕྱི་མ་ཡིན། །དམར་སེར་ཅན་གྱི་གཞིའི་སྡོམ་ནི། ། དམར་སེར་ཅན་དག་བསྡིགས་པ་དང། །ལེགས་ལྡན་སྨད་པར་བྱ་བ་དང་འགྲོ་མགྱོགས་དང་ནི་ནབ་སོ་གཉིས། །བསྐྲད་དང་ཆུ་སྟོད་ཕྱིར་བགྱིད་དང། །འདུན་པ་ཡི་ནི་མ་མཐོང་ དང། །དེ་བཞིན་སླར་ནི་མ་འཆོས་དང། །འཆི་ལྟས་སྡིག་པའི་ལྟ་བ་ཅན། །འཆར་ཀ་དང་ནི་ལས་ལྔའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་ན་དགེ་སློང་དམར་སེར་ཅན། འཐབ་ཀྲོལ་བྱེད་པ། །མཚང་འདྲུ་བར་བྱེད་པ། རྩོད་པར་བྱེད་པ། །འགྱེད་པར་ [209B] རྩོད་པའི་གཞི་བྱེད་པ་རྣམས་གནས་ཏེ། དེ་རྣམས་དགེ་འདུན་ལ་ཡང་དང་ཡང་དུ་རྩོད་པའི་གཞི་སྐྱེད་པས། དེས་ནས་དགེ་འདུན་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང་ འགྱེད་པ་བྱུང་ཞིང་གནས་སོ། །སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དམར་སེར་ཅན་ གྱི་དགེ་སློང་འཐབ་ཀྲོལ་བྱེད་པ། མཚང་འདྲུ་བར་བྱེད་པ། རྩོད་པར་བྱེད་པ། འགྱེད་པར་བྱེད་པ། རྩོད་པའི་གཞི་བྱེད་པ་རྣམས་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་ བ་ལ་བསྡིགས་པའི་ལས་བྱོས་ཤིག་རྒྱུ་ལྔས་བསྡིགས་པའི་ལས་བྱས་ན། དེ་ནི། ཆོས་མ་ཡིན་པའི་ལས་དང། འདུལ་བ་མ་ཡིན་པའི་ལས་ཡིན་ཏེ། དེས་ནི། དགེ་འདུན་ཡང་འགལ་ ཚབས་ཅན་དུ་འགྱུར་རོ། །ལྔ་གང་གིས་ཤེ་ན། གླེང་བར་མ་བྱས་པ་དང། དྲན་པར་མ་བྱས་པ་དང། གཞི་མེད་པ་དང། ཁས་མ་བླངས་པ་དང། མངོན་སུམ་དུ་མ་གྱུར་པར་བྱེད་པའོ།། ཡང། རྒྱུ་ལྔས་བསྡིགས་པའི་ལས་བྱས་ན། དེ་ནི། ཆོས་ཀྱི་ལས་དང། འདུལ་བའི་ལས་ཡིན་ཏེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། ལྔ་གང་ གིས་ཤེ་ན། གླེང་བར་བྱས་པ་དང། དྲན་པར་བྱས་པ་དང། གཞི་དང་བཅས་པ་དང། ཁས་བླངས་པ་དང། མངོན་སུམ་དུ་གྱུར་པར་བྱེད་པའོ། །འདི་ལྟར་ཡང་བྱ་སྟེ། གནས་མལ་ [210A]༄༅། །བཤམས་ལ་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། དགེ་ སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་དམར་སེར་ཅན་འདི་དག་ནི། འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ་ རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་དག་ལགས་ཏེ། འདི་དག་གིས་དགེ་འདུན་ལ་ཡང་དང་ཡང་དུ་རྩོད་པའི་གཞི་སྐྱེད་པར་བགྱིད་དེ། དེས་ན་དགེ་འདུན་ འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ཞིང་གནས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་ དགེ་འདུན་གྱིས་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། །རྩོད་པའི་གཞི་བགྱིད་པ་རྣམས་ལ་བསྡིགས་ པའི་འཕྲིན་ལས་མཛད་དོ། །འདི་ནི། གསོལ་བའོ། །དེ་ནས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་དམར་སེར་ཅན་འདི་དག་ནི། འཐབ་ཀྲོལ་བགྱིད་ པ༑ མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་ལགས་ཏེ། འདི་དག་གིས་དགེ་འདུན་ལ་ཡང་དང་ཡང་དུ་རྩོད་པའི་གཞི་སྐྱེད་པར་ [210B] དེས་ན་དགེ་འདུན་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ཞིང་གནས་པས། དེའི་སླད་དུ་དགེ་འདུན་གྱིས། དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་ པ༑ མཚང་འདྲུ་བ་བགྱིད་པ། །རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་ལ་བསྡིགས་པའི་འཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་ དམར་སེར་ཅན་རྣམས་ལ་ཞེས་བྱ་བ་ནས་བསྡིགས་པའི་འཕྲིན་ལས་མཛད་པར་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ ནི། གསུངས་ཤིག་འདི་ནི། ལས་བརྗོད་པ་དང་པོ་ཡིན་ཏེ། དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང། གསུམ་པའི་བར་དུ་བརྗོད་པར་བྱའོ་།དགེ་འདུན་གྱིས་བཟོད་ཅིང་གནང་ནས། །དགེ་འདུན་ གྱིས་དགེ་སློང་དམར་སེར་ཅན་ཞེས་བྱ་བ་ནས་བསྡིགས་པའི་འཕྲིན་ལས་མཛད་ལགས་ཏེ། འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དགེ་སློང་ དག་ངས་བསྡིགས་པའི་ལས་བྱས་པའི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། བསྡིགས་པའི་ལས་བྱས་པའི་དགེ་སློང་གིས་རབ་ཏུ་འབྱུང་བར་མི་བྱ་སྟེ། བསྙེན་པར་རྫོགས་པར་མི་བྱ་ གནས་མི་སྦྱིན། དགེ་ཚུལ་གཞག་པར་མི་བྱ། དགེ་སློང་མ་རྣམས་ལ་གདམས་པར་མི་བྱ། དགེ་སློང་མ་རྣམས་ཀྱི་གདམས་ངག་དབབ་པར་བསྐོ་བར་མི་བྱ། སྔར་བསྐོས་ན་ཡང་དགེ་ [211A]༄༅། །སློང་མ་རྣམས་ལ་གདམས་པར་མི་བྱའོ། །དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་དང། ལྟ་བ་ཉམས་པ་དང། སྤྱོད་པ་ཉམས་པ་དང། འཚོ་བ་ཉམས་པས་གླེང་བ་དང་ དྲན་པར་མི་བྱ། གདམས་ངག་སྦྱིན་པར་མི་བྱ་སྟེ། གསོ་སྦྱོང་མ་ཡིན། དགག་དབྱེ་མ་ཡིན། གསོལ་བ་དང། གསོལ་བ་དང་གཉིས་པ་མ་ཡིན། གསོལ་བ་དང་བཞིའི་ལས་མ་ཡིན་ནོ། ། བསྡིགས་པའི་ལས་བྱས་པའི་དགེ་སློང་གིས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ལྟར་བསྡིགས་པའི་ ལས་བྱས་པ་དེ་རྣམས་སྐྲ་གྱེན་དུ་བསྒྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུ་དང། དགེ་འདུན་ལ་སྤུས་ལ་ལྟུང་བ་ལྟ་བུར་བྱེད་འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ། མཚམས་ཀྱི་ ནང་དུ་འདུག་ནས་བསླང་བ་གསོལ་ཏེ། འཐབ་ཀྲོལ་བྱེད་པ་ཉིད་སྤོང་ངོ་ཞེས་པའི་སྐབས་དེ། བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ དགེ་སློང་དག། ཁྱེད་ཀྱིས་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བྱེད་པ། བསྡིགས་པའི་ལས་བྱས་པ་རྣམས་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་བསླང་བར་ གྱིས་ཤིག། བསྡིགས་པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་ནི་བསླང་བར་མི་བྱའོ། །ལྔ་གང་ཞེ་ན། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་བལྟ་བུ་དང། དགེ་འདུན་ལ་སྤུ་ས་ལ་ལྟུང་ [211B] འབྱུང་བར་མི་བསྐྱོད་པ་དང་མཚུངས་པར་ཉེ་བར་མི་སྟོན་པ་དང། མཚམས་ཀྱི་ནང་དུ་འདུག་སྟེ་བསླང་བ་མི་གསོལ་བ་དང། འཐབ་ཀྲོལ་བྱེད་པ་དེ་མི་སྤོང་བ་སྟེ་ཆོས་འདི་ ལྔ་དང་ལྡན་པ་དེ་ནི་ཞེས་བྱ་བ་གོང་མ་བཞིན་དུའོ། །གཞན་ཡང་བསྡིགས་པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་ནི། བསླང་བར་མི་བྱ་སྟེ། ལྔ་གང་ཞེ་ན། ཕོ་བྲང་འཁོར་དུ་རྟོན་པ་དང། བསྐོས་པ་ འདུས་པའི་སར་རྟོན་པ་དང། མུ་སྟེགས་ཅན་ལ་རྟོན་པ་དང། གང་ཟག་ལ་རྟོན་པ་དང། དགེ་འདུན་ལ་མི་རྟོན་པ་སྟེ། ཆོས་འདི་ལྔ་དང་ལྡན་པ་ནི་ཞེས་བྱ་བ་གོང་མ་བཞིན་དུའོ། །གཞན་ཡང་ བསྡིགས་པའི་ལས་བྱས་པ། ཆོས་ལྔ་དང་ལྡན་པ་ནི། བསླང་བར་མི་བྱ་སྟེ། ལྔ་གང་ཞེ་ན། ཁྱིམ་པའི་རྟགས་འཆང་བ་དང། མུ་སྟེགས་ཅན་གྱི་རྟགས་འཆང་བ་དང། མུ་སྟེགས་ཅན་ ལ་བརྟེན་ཅིང་བསྙེན་ལ་བསྙེན་བཀུར་བྱེད་པ་དང། སྤྱད་པར་བྱ་བ་མ་ཡིན་པ་སྤྱོད་པ་དང། དགེ་སློང་གི་བསླབ་པ་ལ་མི་སློབ་པ་སྟེ། ཆོས་འདི་ལྔ་ཞེས་བྱ་བ་གོང་མ་བཞིན་དུའོ། །གཞན་ཡང་བསྡིགས་ པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་ནི། བསླང་བར་མི་བྱ་སྟེ། ལྔ་གང་ཞེ་ན། དགེ་སློང་རྣམས་ལ་གཤེ་བར་བྱེད་པ་དང་ཁྲོ་བར་བྱེད་པ་དང། ཁ་ཟེར་བར་བྱེད་པ་དང། དགེ་འདུན་གྱི་རྙེད་པ་ མེད་པར་བྱེད་པ་དང། གནས་མེད་པར་བརྩོན་པར་བྱེད་པ་སྟེ། ཆོས་འདི་ལྔ་དང་ཞེས་བྱ་བ་གོང་མ་བཞིན་དུའོ། །ཡང་བསྡིགས་པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་ནི། བསླང་བར་བྱ་སྟེ་ [212A]༄༅། །ལྔ་གང་ཞེ་ན། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང་སྐྲ་ཞིག་པ་ལྟ་བུ་དང། དགེ་འདུན་ལ་སྤུ་ས་ལ་ལྟུང་བ་ལྟ་བུར་བྱེད་པ་དང། འབྱུང་བར་བསྐྱོད་པ་དང། མཚུངས་པར་ཉེ་བར་ སྟོན་པ་དང། མཚམས་ཀྱི་ནང་དུ་འདུག་སྟེ་བསླང་པར་གསོལ་བ་དང། འཐབ་ཀྲོལ་བྱེད་པ་ཉིད་སྤོང་བ་སྟེ། ཆོས་འདི་ལྔ་དང་ཞེས་བྱ་བ་གོང་མ་བཞིན་དུའོ། །གཞན་ཡང། བསྡིགས་པའི་ ལས་བྱས་པ། ཆོས་ལྔ་དང་ལྡན་པ་ནི། བསླང་བར་བྱ་སྟེ། ལྔ་གང་ཞེ་ན། ཕོ་བྲང་འཁོར་དུ་མི་རྟོན་པ་དང། བསྐོས་པ་འདུས་པའི་སར་མི་རྟོན་པ་དང། མུ་སྟེགས་ཅན་ལ་མི་རྟོན་པ་དང་ གང་ཟག་ལ་མི་རྟོན་པ་དང། དགེ་འདུན་ལ་རྟོན་པ་སྟེ། ཆོས་འདི་ལྔ་དང་ལྡན་པ་ནི་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གཞན་ཡང། བསྡིགས་པའི་ལས་བྱས་པ། ཆོས་ལྔ་དང་ལྡན་ པ་ནི༑ བསླང་བར་བྱ་སྟེ། ལྔ་གང་ཞེ་ན། ཁྱིམ་པའི་རྟགས་མི་འཆང་བ་དང། མུ་སྟེགས་ཀྱི་རྟགས་མི་འཆང་བ་དང། མུ་སྟེགས་ཅན་ལ་མི་རྟོན་ཅིང་མི་བསྙེན་ལ་བསྙེན་བཀུར་མི་ བྱེད་པ་དང། སྤྱད་པར་བྱ་བ་སྤྱོད་པ་དང། དགེ་སློང་གི་བསླབ་པ་ལ་སློབ་པ་སྟེ། ཆོས་འདི་ལྔ་དང་ཞེས་བྱ་བ་གོང་མ་བཞིན་དུའོ། །གཞན་ཡང། བསྡིགས་པའི་ལས་བྱས་པ། ཆོས་ལྔ་ དང་ལྡན་པ་ནི། བསླང་བར་བྱ་སྟེ། ལྔ་གང་ཞེ་ན། དགེ་སློང་རྣམས་ལ་མི་གཤེ་བ་དང། མི་ཁྲོ་བ་དང། ཁ་མི་ཟེར་བ་དང་དགེ་འདུན་གྱི་རྙེད་པའི་ཕྱིར་དང། གནས་པའི་ཕྱིར་བརྩོན་ [212B] ཆོས་འདི་ལྔ་དང་ཞེས་བྱ་བ་གོང་མ་བཞིན་དུའོ་།བསླང་བ་ནི། འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་ བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་དགེ་སློང་དམར་སེར་ཅན་རྣམས་ཀྱིས་རྒན་རིམ་ཇི་ལྟ་བ་བཞིན་དུ་འདུད་པ་བྱས་ལ། རྒན་རིམ་གྱི་མདུན་དུ་ཙོག་ཙོག་པོར་ འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་ཚིག་འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་ཅག་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ་ རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་ལགས་པས། བདག་ཅག་གིས་དགེ་འདུན་ལ་ཡང་དང་ཡང་དུ་རྩོད་པའི་གཞི་བསྐྱེད་དེ། དེ་ནས་དགེ་འདུན་འཐབ་ཀྲོལ་ དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ཞིང་གནས་པས་དགེ་འདུན་གྱིས་བདག་ཅག་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་ བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་ལ་བསྡིགས་པའི་འཕྲིན་ལས་མཛད་ལགས་ཏེ། བདག་ཅག་བསྡིགས་པའི་འཕྲིན་ལས་མཛད་ལགས་པ་རྣམས་སྐྲ་ གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུ་དང། དགེ་འདུན་ལ་སྤུ་ས་ལྟུང་བ་ལྟ་བུར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན། མཚམས་ཀྱི་ནང་དུ་ [213A]༄༅། །མཆིས་ནས་བསླང་བར་གསོལ་ཏེ། འཐབ་ཀྲོལ་བགྱིད་པ་ཉིད་ཀྱང་སྤོང་ན། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་ནས། བདག་ཅག་དགེ་ སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ་རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་བསྡིགས་པའི་འཕྲིན་ལས་མཛད་ལགས་ པ་བསླང་བར་གསོལ། དེ་སྐད་ལན་གཉིས་ལན་གསུམ་དུ་བཟླའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ དམར་སེར་ཅན་འདི་དག་ནི། འཐབ་ཀྲོལ་བགྱིད་པ་ནས། རྩོད་པའི་གཞི་བགྱིད་པའི་བར་དུ་སྟེ། དེ་དག་གིས་དགེ་འདུན་ལ་ཡང་དང་ཡང་དུ་རྩོད་པའི་བཞི་བསྐྱེད་དེ། དེས་ན་དགེ་འདུན་འཐབ་ ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང། འགྱེད་པ་བྱུང་ཞིང་གནས་པས། དགེ་འདུན་གྱིས་འཐབ་ཀྲོལ་བགྱིད་པ་འདི་རྣམས་ལ་བསྡིགས་པའི་འཕྲིན་ལས་མཛད་ལགས་ཏེ། བསྡིགས་པའི་ འཕྲིན་ལས་མཛད་ལགས་པ་འདི་རྣམས། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུ་དང། དགེ་འདུན་ལ་སྤུས་ལ་ལྟུང་བ་ལྟ་བུར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་ སྟོན། མཚམས་ཀྱི་ནང་དུ་མཆིས་ནས་བསླང་བ་གསོལ་ཏེ། འཐབ་ཀྲོལ་བགྱིད་པ་ཉིད་ཀྱང་སྤོང་ངོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་ [213B] དགེ་འདུན་གྱིས་དགེ་སློང་དམར་སེར་ཅན་རྣམས་བསླང་བར་མཛད་དོ། །འདི་ནི། གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་ གསོལ། དགེ་སློང་དམར་སེར་ཅན་འདི་དག་ནི། འཐབ་ཀྲོལ་བགྱིད་པ་ཞེས་བྱ་བ་ནས། རྩོད་པའི་གཞི་བགྱིད་པའི་བར་དུ་སྟེ། དེ་དག་གིས་དགེ་འདུན་ལ་རྩོད་པའི་གཞི་བསྐྱེད་དེ། དེས་ན་ དགེ་འདུན་འཐབ་ཀྲོལ་དང། མཚང་འདྲུ་བ་དང། རྩོད་པ་དང་འགྱེད་པ་བྱུང་ཞིང་གནས་པས། དགེ་འདུན་གྱིས་འཐབ་ཀྲོལ་བགྱིད་པ་འདི་རྣམས་ལ་བསྡིགས་པའི་འཕྲིན་ལས་མཛད་དེ་ བསྡིགས་པའི་འཕྲིན་ལས་མཛད་ལགས་པ་འདི་རྣམས། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུ་དང། དགེ་འདུན་ལ་སྤུ་ས་ལ་ལྟུང་བ་ལྟ་བུར་བགྱིད། འབྱུང་བར་བསྐྱོད། མཚུངས་ བར་ཉེ་བར་སྟོན། མཚམས་ཀྱི་ནང་དུ་མཆིས་ནས་བསླང་བ་གསོལ་ཏེ་འཐབ་ཀྲོལ་བགྱིད་པ་ཉིད་ཀྱང་སྤོང་ངོ་ཞེས་མཆི་ནས། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་དམར་སེར་ཅན་འཐབ་ ཀྲོལ་བགྱིད་པ། བསྡིགས་པའི་འཕྲིན་ལས་མཛད་ལགས་པ་རྣམས་བསླང་བར་མཛད་ན། ཚེ་དང་ལྡན་པ་གང་དག། དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ། བསྡིགས་ བའི་འཕྲིན་ལས་མཛད་ལགས་པ་རྣམས་བསླང་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག། གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག་འདི་ནི། ལས་བརྗོད་པ་ [214A]༄༅། །དང་པོ་སྟེ། དེ་བཞིན་དུ་ལས་བརྗོད་པ་གཉིས་དང་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་དམར་སེར་ ཅན་འཐབ་ཀྲོལ་བགྱིད་པ། བསྡིགས་པའི་འཕྲིན་ལས་མཛད་ལགས་པ་རྣམས་བསླང་བར་མཛད་ལགས་ཏེ། འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། །།འདུལ་ བ་གཞི་བམ་པོ་བདུན་ཅུ་པ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་འདུན་སློང་ལེགས་ལྡན་ཡང་དང་ ཡང་དུ་ལྟུང་བ་འབྱིན་བ་ཞིག་སྟེ། དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པས། དེ་ལ་དགེ་སློང་རྣམས་ཀྱིས་སྤོ་བ་དང། གཞི་ནས་སྤོ་བ་དང། མགུ་བར་བྱ་བ་སྦྱིན་པ་དང། འབྱིན་པས་ བྱ་བ་མང་ཞིང་བྱེད་པ་མང་པོར་གྱུར་པས། ལུང་ནོད་པ་དང་ཀློག་པ་དང། འདོན་པ་དང། རྣལ་འབྱོར་དང། ཡིད་ལ་བྱ་བ་དང་ནང་གི་སེམས་ཞི་གནས་སུ་བྱ་བ་ཤོར་བར་གྱུར་ བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་དགེ་སློང་ལེགས་ལྡན་ཡང་ དང་ཡང་དུ་ལྟུང་བ་འབྱིན་པ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བལ་སྨད་པའི་ལས་བྱོས་ཤིག། རྒྱུ་ལྔས་སྨད་པའི་ལས་བྱས་ན། དེ་ནི། ཆོས་མ་ཡིན་ [214B] འདུལ་པ་མ་ཡིན་པའི་ལས་ཡིན་ཏེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྔ་གང་ཞེ་ན། གླེང་བ་མ་བྱས་པ་དང། དྲན་པར་མ་བྱས་པ་དང། གཞི་མེད་པ་དང་ ཁས་མ་བླངས་པ་དང། མངོན་སུམ་དུ་མ་གྱུར་པར་བྱེད་པའོ་།ཡང། རྒྱུ་ལྔས་སྨད་པའི་ལས་བྱས་ན། དེ་ནི། ཆོས་ཀྱི་ལས་དང། འདུལ་བའི་ལས་ཡིན་ཏེ། དེས་ནི། དགེ་འདུན་ཡང་འགལ་ ཚབས་ཅན་དུ་མི་འགྱུར་རོ། །ལྔ་གང་གིས་ཤེ་ན། གླེང་བ་བྱས་པ་དང། དྲན་པར་བྱས་པ་དང། གཞི་དང་བཅས་པ་དང། ཁས་བླངས་པ་དང། མངོན་སུམ་དུ་གྱུར་པའི་འོ། །འདི་ལྟར་ཡང་བྱ་ སྟེ༑ གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། དགེ་སློང་གཅིག་ གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལེགས་ལྡན་འདི། ལྟུང་བ་ཡང་དང་ཡང་དུ་བགྱིད་དེ། ཡང་དང་ཡང་དུ་དགེ་འདུན་ལྷག་མའི་ལྟུང་ པ་འབྱིན་པས། དགེ་སློང་རྣམས་འདི་ལ་སྤོ་བ་དང། གཞི་ནས་སྤོ་བ་དང། མགུ་བ་སྩོལ་བ་དང། འབྱིན་པར་མཛད་པས་བགྱི་བ་མང་ཞིང། བགྱིད་པ་མང་པས། ལུང་ནོད་པ་དང། ཀློག་པ་ དང༑ འདོན་པ་དང། རྣལ་འབྱོར་དང། ཡིད་ལ་བགྱིད་པ་དང། ནང་དུ་སེམས་ཞི་གནས་སུ་བགྱི་བ་ཤོར་བར་གྱུར་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་ [215A]༄༅། །འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་འབྱིན་པ་སྨོད་པའི་འཕྲིན་ལས་མཛད་དོ། །འདི་ནི། གསོལ་ བའོ། །ལས་ནི། འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལེགས་ལྡན་འདི་ཡང་དང་ཡང་དུ་ལྟུང་བ་བགྱིད་དོ། །ཡང་དང་ཡང་དུ་དགེ་འདུན་ལྷག་མའི་ ལྟུང་བ་འབྱིན་ནས། དགེ་སློང་རྣམས་འདི་ལ་སྤོ་བ་དང། གཞི་ནས་སྤོ་བ་དང། མགུ་བར་བགྱི་བ་སྩལ་བ་དང། འབྱིན་པར་མཛད་པས་བགྱི་བ་མང་ཞིང་བགྱིད་པ་མང་པས། ལུང་ནོད་པ་ དང། ཀློག་པ་དང། འདོན་པ་དང། རྣལ་འབྱོར་དང། ཡིད་ལ་བགྱིད་པ་དང། ནང་དུ་སེམས་ཞི་གནས་སུ་བགྱི་བ་ཤོར་ནས་དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་ལེགས་ལྡན་ཡང་ དང་ཡང་དུ་ལྟུང་བ་བགྱིད་པ་ལ་སྨད་པའི་འཕྲིན་ལས་མཛད་ན་ཚེ་དང་ལྡན་པ་གང་དག། དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ལ་སྨད་པའི་འཕྲིན་ལས་མཛད་པར་བཟོད་ པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི། ལས་བརྗོད་པ་དང་པོ་ཡིན་ཏེ། དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང་གསུམ་ གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ལ་སྨད་པའི་འཕྲིན་ལས་མཛད་ [215B] འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་དག། ངས་དགེ་སློང་སྨད་པའི་ལས་བྱས་པའི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་སྨད་པའི་ལས་བྱས་ པས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་སྦྱིན་པར་མི་བྱ། དགེ་ཚུལ་གཞག་པར་མི་བྱ་ཞེས་བྱ་བ་གོང་མ་བསྡིགས་པའི་ལས་བྱས་པ་ལ་གསུངས་པ་དེ་བཞིན་དུ་བརྗོད་ པར་བྱའོ། །སྨད་པའི་ལས་བྱས་པའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །དེ་ ལྟར་སྨད་པའི་ལས་བྱས་པ་དེ། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུ་དང། དགེ་འདུན་ལ་སྤུ་ས་ལ་ལྟུང་བ་ལྟ་བུར་བྱེད་ཅེས་བྱ་བ་ནས་མཚམས་ཀྱི་ནང་དུ་འདུག་ནས་བསླང་བ་གསོལ་ཏེ་ ཡང་དང་ཡང་དུ་ལྟུང་བ་དེ་ལྟ་བུ་བྱེད་པ་ཉིད་ཀྱང་སྤོང་ངོ་ཞེས་བྱ་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ དགེ་སློང་དག། ཁྱོད་ཀྱིས་དགེ་སློང་ལེགས་ལྡན་སྨད་པའི་ལས་བྱས་པ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་བསླང་བའི་ལས་བྱོས་ཤིག། སྨད་པའི་ལས་ བྱས་པ་ཆོས་ལྔ་དང་ལྡན་པ་བསླང་བར་བྱ་སྟེ། ལྔ་གང་ཞེ་ན། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུ་དང་དགེ་འདུན་ལ་སྤུས་ལ་ལྟུང་བ་ལྟ་བུར་བྱེད་པ་དང། འབྱུང་ [216A]༄༅། །བར་བསྐྱོད་པ་དང། མཚུངས་པར་ཉེ་བར་སྟོན་པ་དང་མཚམས་ཀྱི་ནང་དུ་འདུག་ནས་བསླང་བ་གསོལ་བ་དང། ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ཡང་སྤོང་བའོ།། བསླང་བ་ནི། འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ་དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་ པར་གྱུར་པ་དང། དགེ་སློང་ལེགས་ལྡན་གྱིས་རྒན་རིམས་ཀྱི་མདུན་དུ་ཙོག་ཙོག་པོར་འདུག་ལ། ཐལ་མོ་སྦྱར་བ་བཏུད་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་ གསན་དུ་གསོལ། བདག་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་བགྱིད་དེ། ཡང་དང་ཡང་དུ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པས། དེའི་སླད་དུ་བདག་ལ་དགེ་སློང་རྣམས་ཀྱིས་ སྤོ་བ་དང། གཞི་ནས་སྤོ་བ་དང། མགུ་པར་བགྱི་བ་སྩོལ་པ་དང་འབྱིན་པས་བགྱི་བ་མང་ཞིང་བགྱིད་པ་མང་པས། ལུང་ནོད་པ་དང་ཀློག་པ་དང། འདོན་པ་དང། རྣལ་འབྱོར་དང་ ཡིད་ལ་བགྱིད་པ་དང། ནང་དུ་སེམས་ཞི་གནས་སུ་བགྱི་བ་ཤོར་ནས་དགེ་འདུན་གྱིས་བདག་ལ་སྨད་པའི་འཕྲིན་ལས་མཛད་ལགས་ཏེ། སྨད་པའི་འཕྲིན་ལས་མཛད་ལགས་པས་ བདག་སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུ་དང། དགེ་འདུན་ལ་སྤུ་ས་ལ་ལྟུང་བ་ལྟ་བུར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན། མཚམས་ཀྱི་ནང་དུ་མཆིས་ [216B] ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ཡང་སྤོང་བར་བགྱིད་ན། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་ལེགས་ལྡན་ཡང་དང་ ཡང་དུ་ལྟུང་བ་འབྱིན་པ། སྨད་པའི་འཕྲིན་ལས་མཛད་ལགས་པ་བསླང་བར་གསོལ། དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ་།དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་ བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་འབྱིན་ཏེ་ཞེས་བྱ་བ་ནས། ནང་དུ་སེམས་ཞིག་གནས་སུ་བགྱི་བའི་ཞེས་བྱ་བའི་བར་གོང་མ་ བཞིན་དུ་སྟེ། དགེ་འདུན་གྱིས་འདི་ཡང་དང་ཡང་དུ་ལྟུང་བ་བགྱིད་པས། སྨད་པའི་འཕྲིན་ལས་མཛད་པ་དེར། སྨད་པའི་འཕྲིན་ལས་མཛད་ལགས་པ་འདི། སྐྲ་ གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུ་དང། དགེ་འདུན་ལ་སྤུས་ལ་ལྟུང་བ་ལྟ་བུར་བགྱིད་ཅེས་བྱ་བ་ནས་ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ཉིད་ཀྱང་སྤོང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་ དུ་སྟེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ སྨད་པའི་འཕྲིན་ལས་མཛད་ལགས་པ་སློང་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་དགེ་སློང་ལེགས་ལྡན་ཡང་ [217A]༄༅། །དང་ཡང་དུ་ལྟུང་བ་འབྱིན་པ། སྨད་པའི་འཕྲིན་ལས་མཛད་ལགས་པ་འདི། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུ་དང། དགེ་འདུན་ལ་སྤུ་ས་ལ་ལྟུང་ བ་ལྟ་བུར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་མཚམས་ཀྱི་ནང་དུ་མཆིས་ནས་བསླང་བ་གསོལ་ཏེ། ཡང་དང་ཡང་དུ་ལྟུང་བ་བགྱིད་པ་ཉིད་ཀྱང་སྤོང་ངོ་ཞེས་མཆི་ ནས། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་བགྱིད་པ། སྨད་པའི་འཕྲིན་ལས་མཛད་ལགས་པ་སློང་བར་མཛད་ན། ཚེ་དང་ལྡན་པ་གང་དག། དགེ་ སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ལ་སྨད་པའི་འཕྲིན་ལས་མཛད་ལགས་པ་བསླང་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག། གང་དག་མི་བཟོད་པ་དེ་དག་ནི། གསུངས་ ཤིག་འདི་ནི། ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལས་བརྗོད་པ་གཉིས་དང་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་ ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་བགྱིད་པ། སྨད་པའི་འཕྲིན་ལས་མཛད་ལགས་པ་བསླང་སྟེ། འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །སངས་རྒྱས་བཅོམ་ ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་རི་ནག་པོ་ལ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ཁྱིམ་སུན་འབྱིན་ [217B] །དེ་གཉིས་དགེ་སློང་གི་ལས་མ་ཡིན་པ་འདི་ལྟ་བུ་དག་བྱེད་ཅིང་བྱེད་དུ་འཇུག་སྟེ་འདི་ལྟ་སྟེ། བུད་མེད་དང་ལྷན་ཅིག་ཁ་དཔྱ་ཟེར། རྩེ་བར་བྱེད་ ཟས་སློང་བར་བྱེད། མིག་ཟུར་གྱིས་ལྟ་བར་བྱེད། འཕྱར་བར་བྱེད་ལུས་ཀྱིས་སྙོག་པར་བྱེད། སྟན་གཅིག་ལ་ཡང་ལྷན་ཅིག་འདུག་པར་བྱེད། སྣོད་གཅིག་ཏུ་ལོངས་སྤྱོད་པར་བྱེད་ ཕོར་བུ་གཅིག་ཏུ་ཆང་རྣམ་པ་སྣ་ཚོགས་འཐུང་བར་བྱེད། མེ་ཏོག་འཐོག་པར་བྱེད། འཐོག་ཏུ་འཇུག། མེ་ཏོག་ཕྲེང་རྒྱུད་པར་བྱེད་རྒྱུད་དུ་འཇུག། མེ་ཏོག་གི་ཐུམ་པའི་རྣ་རྒྱན་བྱེད་ བྱེད་དུ་འཇུག། གར་བྱེད། གར་བྱེད་དུ་འཇུག། གླུ་ལེན་དུ་འཇུག། རོལ་མོའི་ཆ་བྱད་འབུད་པར་བྱེད། འབུད་དུ་འཇུག། གར་མཁས་པ་དང། གླུ་སྙན་པ་དང། རོལ་མོའི་ཆ་བྱད་ འབུད་མཁས་པ་ལ་གླ་སྦྱིན་པར་བྱེད། གོས་རྣམས་བརྗེས་ནས་རྒྱུག་པར་བྱེད། མཆོང་བར་བྱེད། རྒལ་བར་བྱེད། རྐང་པ་གཅིག་བསྐུམས་ཏེ་བསྐོར་བར་ཡང་བྱེད། ལག་འགྲོས་ ཀྱིས་ཀྱང་བསྐོར་བར་བྱེད། ཉ་ཚར་གྱིས་ཀྱང་བསྐོར་བར་བྱེད་ཆུ་བགགས་ཤིང་གཏོང་བར་བྱེད། ཆུ་ལ་སྦལ་བའི་སྐད་འབྱིན། ཆུ་ལ་རྔའི་སྒྲ་ཡང་འབྱིན། གླང་པོ་ཆེའི་སྐད་ཀྱང་ འབྱིན། རྟའི་སྐད་ཀྱང་འབྱིན། ཁྱུ་མཆོག་འགྱིང་པའི་སྐད་ཀྱང་འབྱིན། ཁས་རྫ་རྔའི་སྐད་ཀྱང་འབྱིན། ཁས་དུང་དང། ཁས་རྔ་དང། རྨ་བྱའི་སྐད་ཀྱང་འབྱིན། ཁུ་བྱུག་གི་ [218A]༄༅། །སྐད་ཀྱང་འབྱིན། གླང་པོ་ཆེའི་འཐབ་མོ་ཡང་བྱེད་རྟའི་འཐབ་མོ་དང། ཁྱུ་མཆོག་གི་འཐབ་མོ་དང། མ་ཧེའི་འཐབ་མོ་དང། རའི་འཐབ་མོ་དང། ལུག་གི་འཐབ་ མོ་དང། བུད་མེད་ཀྱི་འཐབ་མོ་དང། སྐྱེས་པའི་འཐབ་མོ་དང་གཞོན་ནུའི་འཐབ་མོ་དང། གཞོན་ནུ་མའི་འཐབ་མོ་དང། བྱ་གག་གི་འཐབ་མོ་དང། སྲེག་པའི་འཐབ་མོ་དང། བྱི་ ཁྲའི་འཐབ་མོ་ཡང་བྱེད་ཅིང་བྱེད་དུ་འཇུག་སྟེ། དེ་རྣམས་དང་གཞན་ཡང། དགེ་སྦྱོང་གི་ལས་མ་ཡིན་པ་བྱེད་ཅིང་བྱེད་དུ་འཇུག་གོ་།དེ་གཉིས་ཀྱི་ཚུལ་དང། སྤྱོད་པ་དང། ལོག་པར་ སྒྲུབ་པ་དེས། རི་ནག་པོ་ལ་དགེ་སློང་མ་འོངས་པ་རྣམས་མི་འོངས་ཤིང། འོངས་པ་རྣམས་མི་འདོད་པས་རི་ནག་པོའི་གནས་འདོར་བར་བྱེད་དོ། །རི་ནག་པོ་ན་གནས་པའི་བྲམ་ཟེ་དང། ཁྱིམ་ བདག་རྣམས་ཀྱང་ཡིད་མ་རངས་ཤིང་མ་མགུ་བས་འོངས་ནས། རིང་དུ་ལོན་པ་གཉུག་མར་གནས་པ་རྣམས་ལ་ཡང་བཀའ་འཁོར་དུ་བསོད་སྙོམས་སྦྱིན་པར་བྱ་བར་མི་སེམས་ན། གློ་བུར་བ་ རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། ཇི་ཙམ་དུས་གཞན་ཞིག་ན། ཚེ་དང་ལྡན་པ་ཀུན་དགའ་བོ་ཡུལ་ཀ་ཤི་ནས་ལྗོངས་རྒྱུ་ཞིང་སོང་བ་དང། རི་ནག་པོར་ཕྱིན་ནས་རི་ནག་པོར་འདུག་གོ་ ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་ཐོགས་ནས། རི་ནག་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ལས། དེ་ཇི་ལྟར་ལྷུང་བཟེད་བཀྲུས་པས་ [218B]པ་དེ་བཞིན་དུ་སླར་ལོག་སྟེ། སྦྱིན་པ་ཡང་མ་རྙེད། ཚིག་ཀྱང་མ་སྟེར་ཏེ། ཆུང་དུ་ན་བསོད་སྙོམས་གཅིག་ཀྱང་མ་རྙེད་དོ། །ཚེ་ དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། རི་ནག་པོ་འདི་སྔོན་ཡང་འབྱོར་ཞིང་རྒྱས་པ་དང། ལོ་ལེགས་པ་དང། སྐྱེ་བོ་དང་མི་མང་པོས་གང་བར་གྱུར་ཅིང། བསོད་སྙོམས་པ་དང། སློང་ བ་པས་རྙེད་སླ་བར་གྱུར་ལ། ད་དུང་ཡང་རི་ནག་པོ་འདི་འབྱོར་ཅིང་རྒྱས་པ་དང། བདེ་བ་དང། ལོ་ལེགས་པ་དང། སྐྱེ་བོ་དང་མི་མང་པོས་གང་བར་གྱུར་ན། འོན་ཀྱང་བདག་ནི། ཇི་ལྟར་ལྷུང་ བཟེད་བཀྲུས་པས་རི་ནག་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ལྷུང་བཟེད་བཀྲུས་པ་དེ་བཞིན་དུ་སླར་ལོག་སྟེ་སྦྱིན་པ་ཡང་མ་རྙེད་ཚིག་ཀྱང་མ་སྟེར་ཏེ། ཆུང་དུ་ན་བསོད་སྙོམས་གཅིག་ཙམ་ཡང་ མ་རྙེད་ན། འདིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་བྱིས་པ། བླུན་པ་མི་གསལ་པ། མི་མཁས་པ་འགའ་ཞིག་གིས་ཉོན་མོངས་པའི་དབང་གིས་རིགས་ཀྱི་བུད་མེད་དམ། རིགས་ཀྱི་ན་ཆུང་ ལ་སྨྲས་སམ། རེག་གམ། ཁ་ངན་སྨྲས་པར་མ་གྱུར་གྲང་སྙམ་མོ་།དེའི་ཚེ་རི་ནག་པོའི་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱི་འདུན་ཁང་དུ་དགེ་བསྙེན་ལྔ་བརྒྱ་ཙམ་དགོས་པ་འགའ་ ཞིག་གི་ཕྱིར་འདུས་ཤིང་འཁོད་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རི་ནག་པོའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་འདུན་ཁང་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། རི་ནག་པོའི་ [219A]༄༅། །བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་སྨྲས་སོ་།ཤེས་ལྡན་དག། སྔོན་ནི། རི་ནག་པོ་འདི་ཞེས་བྱ་བ་ནས་བསོད་སྙོམས་གཅིག་ཀྱང་མ་རྙེད་དོ། །ཞེས་བྱ་ བའི་བར་གོང་མ་བཞིན་དུའོ། །དེ་སྐད་ཅེས་སྨྲས་པ་དང། རི་ནག་པོའི་བྲམ་ཟེ་དང་ཁྱིམ་བདག་རྣམས་མིག་གནམ་དུ་བལྟས་ནས་འདུག་གོ་།དེའི་ཚེ་དགེ་བསྙེན་ཆུ་ལ་རྩེ་ཞེས་བྱ་བ་འཁོར་ དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་དགེ་བསྙེན་ཆུ་ལ་རྩེས། ཚེ་དང་ལྡན་པ་ཀུན་དགའ་བོའི་ལག་པ་ནས་བཟུང་སྟེ། མཐའ་གཅིག་ཏུ་དོང་ནས། ཚེ་དང་ལྡན་པ་ཀུན་དགའ་ བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཁྱེན་པར་མཛོད་ཅིག། རི་ནག་པོ་འདི་ན་དགེ་སློང་འགྲོ་མགྱོགས་དང། ནབ་སོ་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཅིག་ གནས་ཏེ། དེ་གཉིས་ཀྱིས་བུད་མེད་རྣམས་དང་ལྷན་ཅིག་ཁ་དཔྱ་ཟེར་ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་བྱ་བ་ནས་ཇི་ལྟར་གོང་དུ་ཁྱིམ་སུན་འབྱིན་པ་དགེ་འདུན་ལྷག་མའི་ བསླབ་པ་ལ་བསྟན་པ་བཞིན་དུ་སྟེ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་བསྐྲད་པའི་ལས་བྱོས་ཤིག་འདི་ལྟར་ཡང་བྱ་སྟེ་དགེ་སློང་གནས་བརྟན་རྣམས་དང་ལྷན་ཅིག་ཏུ་ ལམ་གར་འདུག་ལ་གླེང་བར་བྱེད་པའི་དགེ་སློང་བསྐོ་བར་བྱ་སྟེ་ཆོས་ལྔ་དང་ལྡན་པའི་དགེ་སློང་ནི། ཞེས་བྱ་བ་ནས་ལས་བྱ་བ་ནི་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་འདུན་ [219B] དགེ་སློང་འགྲོ་མགྱོགས་དང་ནབ་སོ་འདི་གཉིས། ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ལགས་ཏེ། འདི་གཉིས་ཀྱིས་ཁྱིམ་སུན་ཕྱུང་བར་ཡང་ སྣང་ཞིང་ཐོས་ལ་འཚལ། འདི་གཉིས་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་ཡང་སྣང་ཞིང་ཐོས་ལ་འཚལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ ཅིག་དང། དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ། ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ལ་བསྐྲད་པའི་འཕྲིན་ལས་མཛད་དོ། །འདི་ནི། གསོལ་བའོ། །ལས་ ནི། འདི་ལྟར་བྱ་སྟེ། ཞེས་བྱ་བ་ནས་དེ་བཞིན་དུ་ལས་བརྗོད་པ་གཉིས་དང་གསུམ་གྱི་བར་དུ་བརྗོད་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་ བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་།དེའི་ཚེ་མཉན་ཡོད་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་ བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། ཆུང་མ་ སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་འདས་ནས། རྒྱུ་སྐར་ཆུ་སྟོད་ལ་ཁྱེའུ་ཞིག་བཙས་ཏེ། དེའི་ཉེ་དུ་རྣམས་ཚོགས་ཤིང་འདུས་ནས། ཉི་མ་བདུན་ [220A]༄༅། །གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་མིང་འདོགས་པར་བྱེད་དེ། ཁྱེའུ་མིང་ཅིར་གདགས། དེ་དག་འདི་སྙམ་དུ་སེམས་ཏེ། ཁྱེའུ་ འདི་ནི། རྒྱུ་སྐར་ཆུ་སྟོད་ལ་བཙས་པས། དེ་བས་ན། ཁྱེའུ་མིང་ཆུ་སྟོད་ཅེས་བྱ་བར་གདགས་སོ། །ཞེས་དེའི་མིང་ཆུ་སྟོད་ཅེས་བྱ་བར་བཏགས་སོ། །དེའི་མ་དང། ཞོ་དང། མར་ གསར་དང། ཞུན་མར་དང། མར་གྱི་སྙིང་པོ་དང། གཞན་ཡང། ཡོ་བྱད་ཀྱི་ཁྱད་པར་གཙོ་བོ་གཙོ་བོ་དག་གིས། སྐྱེད་པར་བྱེད། སྲིང་བར་བྱེད་ཅིང། རྫིང་ན་གནས་པའི་པདྨ་བཞིན་ མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང། གྲངས་དང། རྩིས་དང། ལག་རྩིས་དང། དབྱུང་བ་དང། གཞུག་པ་དང། གཞག་པ་ལ་ཉེ་བར་ ཞུགས་ནས། དེ་ཡི་གེ་མཐར་ཕྱིན་ཅིང་འབྱེད་པ་དང། ཀློག་པ་དང་མཁས་པ་དང། སྤྱོད་པ་གསལ་བ་དང། བརྟག་པ་བརྒྱད་པོ་ལ་མཁས་པར་གྱུར་ཏེ། འདི་ལྟ་སྟེ། རིན་པོ་ཆེ་ བརྟག་པ་དང། གོས་བརྟག་པ་དང། གཞི་བརྟག་པ་དང། ཤིང་བརྟག་པ་དང། གླང་པོ་ཆེ་བརྟག་པ་དང། རྟ་བརྟག་པ་དང། བུད་མེད་བརྟག་པ་དང། སྐྱེས་པ་བརྟག་པ་ལ་ མཁས་པར་གྱུར་ཏོ། །ཇི་ཙམ་ན། དེའི་ཕ་ཤི་ནས། ཆུ་སྟོད་ཁྱིམ་གྱི་དཔོན་པོར་གྱུར་ནས། དེས་ཚོང་ཁང་དུ་ཉོ་ཚོང་གི་ཟོང་བཀྲམ་སྟེ། ཉོ་ཚོང་གིས་འཚོ་བར་བྱེད་དོ། །དེས་དུས་ [220B] བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང་དེས་བཅོམ་ལྡན་འདས་མཐོང་ཞིང་དམ་པའི་ཆོས་ཐོས་པས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་སྐྱེས་ཏེ། དད་པ་སྐྱེས་པས། རབ་ ཏུ་བྱུང་བ་མངོན་པར་འདོད་པར་གྱུར་ནས། དེ་མའི་དྲུང་དུ་སོང་སྟེ་སྨྲས་པ། ཡུམ་མཁྱེན་པར་མཛོད་ཅིག་བདག་ནི། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་བགྱིའོ། །དེས་ སྨྲས་པ། ཁྱོད་ནི། ཁོ་མོའི་བུ་གཅིག་པ་ཡིན་གྱི། ཇི་ཙམ་ཁོ་མོ་གསོན་གྱི་བར་དུ་རབ་ཏུ་མ་འབྱུང་ཞིག་ཁོ་མོ་ཤི་ནས་ཅི་དགའ་བ་གྱིས་ཤིག། དེས་སྨྲས་པ། ཡུམ། གལ་ཏེ་དམ་ཞིག་ བཅས་ན། བདག་རབ་ཏུ་མི་འབྱུང་སྟེ། ཁྱོད་ཀྱིས་ཉི་མ་རེ་རེ་ཞིང་དགེ་འདུན་གྱིས་བསྐོས་པའི་དགེ་སློང་རྣམས་ལ་གདུགས་ཚོད་གསོལ་ལམ་དེས་སྨྲས་པ། བུ། དེ་བཞིན་དུ་བྱའོ། །ཆུ་སྟོད་ དེས་ཀྱང་ཅུང་ཟད་ཅི་བསགས་པ་དེ་ཐམས་ཅད་མ་ལ་བཏང་ནས། ཡུམ་འདིས་དགེ་སྦྱོང་དང། བྲམ་ཟེ་རྣམས་ལ་སྟོབས་ཤིག། དེའི་མ་དེ་སེར་སྣ་ཅན་སྤར་འཆུམས་པ་ཞིག་སྟེ། ཡོ་བྱད་ ལ་ཞེན་པས། ཁྭ་ཏ་ལ་གཏོར་མ་སྦྱིན་པའི་སྤྲོ་བ་ཡང་མེད་ན་དགེ་སྦྱོང་དང། བྲམ་ཟེ་རྣམས་ལ་སྦྱིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་དག་བསོད་སྙོམས་ཀྱི་ཕྱིར་དེའི་ ཁྱིམ་དུ་ཞུགས་པ་དེ་རྣམས་ལ། ཁྱེད་ནི། ཡི་དྭགས་དང་མཚུངས་ཏེ། རྟག་པར་གཞན་གྱི་ཁྱིམ་དུ་སྐྲུར་འོང་ངོ་ཞེས་ཁ་ཡང་ཟེར་རོ། །བུ་དེ་ལ་སླུ་བར་བྱེད་དེ། ཁོ་མོས་དེང་དགེ་སྦྱོང་འདི་ [221A]༄༅། །སྙེད་ཅིག་ལ་ནི། གདུགས་ཚོད་གསོལ་ཏོ། །དགེ་སྦྱོང་དང་བྲམ་ཟེ་འདི་སྙེད་ཅིག་ལ་ནི། བསོད་སྙོམས་ཕུལ་ལོ་ཞེས་ཟེར་རོ། །དེ་སེར་སྣ་བསྟེན་ཅིང་གོམས་པ་དང་ ལན་མང་དུ་བྱས་པས། དེ་ནས་ཤི་ནས་ཡི་དྭགས་རྣམས་སུ་སྐྱེས་སོ་།ཆུ་སྟོད་ཀྱང་མ་དང་བྲལ་ནས། སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ནས། ལེགས་པར་གསུངས་པའི་ཆོས་ འདུལ་བ་ལ་རབ་ཏུ་བྱུང་ངོ། །དེ་དུས་གཞན་ཞིག་ན་ཤིང་མྲག་ཤའི་ཚལ་ན་གནས་པ་དང། དེ་ལ་བརྟེན་ནས་ཤིང་མྲག་ཤའི་ཚལ་ན་གནས་པའི་ཁྱིམ་བདག་ནག་པ་བཅོམ་ལྡན་འདས་ཀྱི་ བསྟན་པ་ལ་དད་པ་སྐྱེས་ཏེ། དེ་སངས་རྒྱས་དང། ཆོས་དང། དགེ་འདུན་ལ་ལྷག་པར་བྱ་བ་བྱེད་ཅིང། ཤིང་མྲག་ཤའི་ཚལ་དུ་ཡུལ་སྣ་ཚོགས་ནས་འོངས་པའི་དགེ་སློང་རྣམས་ཀྱི་རྟེན་ དུ་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན། ཚེ་དང་ལྡན་པ་ཆུ་སྟོད་རི་འོར་གཞན་ཞིག་ཏུ་བྱ་བ་ཅུང་ཟད་ཅིག་བྱུང་ནས། དེ་དེར་སོང་ངོ། །ཚེ་དང་ལྡན་པ་གར་མཁན་མའི་བུ་ཉེ་སྡེ་ འཁོར་ལྔ་བརྒྱ་དང་ལྗོངས་རྒྱུ་ཞིང་སོང་བ་ན། ཤིང་མྲག་ཤའི་ཚལ་དུ་ཕྱིན་ཏོ། །ཁྱིམ་བདག་ནག་པས། འཕགས་པ་གར་མཁན་མའི་བུ་ཉེ་སྡེ་འཁོར་ལྔ་བརྒྱ་དང་ལྗོངས་རྒྱུ་ ཞིང་སོང་སོང་བ་དང། འདིར་ཕྱིན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚེ་དང་ལྡན་པ་ཉེ་སྡེ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་ཉེ་སྡེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་ [221B]ཕྱོགས་གཅིག་ཏུ་འདུག་པ་དང། ཚེ་དང་ལྡན་པ་ཉེ་སྡེས། ཁྱིམ་བདག་ནག་པ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་ཏུ་འཇུག་ པར་བྱེད། ཡང་དག་པར་གཟེངས་བསྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་ དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་ཅང་མི་སྨྲའོ། །དེ་ནས་ཁྱིམ་བདག་ནག་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ ཚེ་དང་ལྡན་པ་ཉེ་སྡེ་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་ཉེ་སྡེ་ལ་འདི་སྐད་ཅེས་སྨྲས་སོ་།འཕགས་པ་ཉེ་སྡེ་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ ཐབས་ཅིག་ཏུ་གདུགས་ཚོད་སྦྱོར་ཞིང་མཆིས་ན། གནང་བར་མཛད་དུ་གསོལ། ཚེ་དང་ལྡན་པ་ཉེ་སྡེ་ཁྱིམ་བདག་ནག་པ་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་ཁྱིམ་བདག་ནག་པས་ཚེ་ དང་ལྡན་པ་ཉེ་སྡེ་ཅང་མི་སྨྲ་བས་ཁས་བླངས་པར་རིག་ནས་ཚེ་དང་ལྡན་པ་ཉེ་སྡེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ། །དེ་ནས་ཁྱིམ་བདག་ནག་པས་དེ་ ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས། ནང་པར་སྔར་ལངས་ཏེ་སྟན་བཤམས་སོ་།ཚེ་དང་ལྡན་པ་ཆུ་སྟོད་ཀྱང་རི་འོར་དེ་ནས་འོངས་ན་ [222A]༄༅། །ཇི་ཙམ་ན། སྟན་ཡང་མ་བཤམས། ཁ་ཟས་ཀྱང་མི་གཡོ་བར་མཐོང་ནས། ཀུན་དགའི་ར་བ་པ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཅི་སྟེ་སྟན་ཡང་མི་འདིང། ཁ་ ཟས་ཀྱང་མི་གཡོ་བར་སེམས་ལས་ཆུང་ངུར་འདུག་ཅི། དགེ་སློང་གི་དགེ་འདུན་རྣམས་གདུགས་ཚོད་གཅད་དམ། སྨྲས་པ། ཁྱིམ་བདག་ནག་པས་དགེ་སློང་གི་དགེ་འདུན་ཞལ་ཟས་ཀྱི་ཕྱིར་ ཁྱིམ་དུ་སྤྱན་དྲངས་སོ། །ཅི། ཁོ་བོ་ལས་བརྟེན་ཏེའམ། ཁྱོད་ལས་བརྟེན་ཏེ་ནི་མ་ཡིན་ཏེ། འོན་ཀྱང་འཕགས་པ་གར་མཁན་མའི་བུ་ཉེ་སྡེ་འཁོར་ལྔ་བརྒྱ་དང་ལྗོངས་རྒྱུ་ཞིང་གཤེགས་པ་ ན་འདིར་བྱོན་ཏོ། །དེས་ཐོས་ནས་མི་བཟོད་པ་སྐྱེས་ཏེ། སྨྲས་པ། ཁོ་བོ་ནི། དེའི་བྱ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་ན། ཅིའི་ཕྱིར་དེས་ཁོ་བོ་སྤངས་ལ། ཚེ་དང་ལྡན་པ་ གར་མཁན་མའི་བུ་ཉེ་སྡེ་ལས་བརྟེན་ཏེ་དགེ་སློང་གི་དགེ་འདུན་སྤྱན་འདྲེན། རེ་ཞིག་སོང་ལ་བལྟའོ། །ཞེས་དེ་ཁྱིམ་བདག་ནག་པ་གང་ན་བ་དེར་སོང་བ་དང། ཇི་ཙམ་ན། ཁྱིམ་བདག་ ནག་པ་སྟན་འདིང་བར་བྱེད་པ་མཐོང་བ་དང། ལྷག་པར་ཡང་ཀུན་ནས་དཀྲིས་པར་གྱུར་ཏོ། །ཁྱིམ་བདག་ནག་པས་སྨྲས་པ། འཕགས་པ་གདན་ལེགས་པར་བཏིང་ངོ། །གདུགས་ ཚོད་བཟང་བོར་བགྱིས་སོ། །ཁྱིམ་བདག་ནག་པ་ཏིལ་གྱི་ཁུར་བ་འཚོང་བའི་ཚོང་པ་ཡིན་པས་ཆུ་སྟོད་ཀྱིས་སྨྲས་པ། སྟན་ཡང་ལེགས་པར་བཏིང། གདུགས་ཚོད་ཀྱང་བཟང་པོར་ [222B] འོན་ཀྱང་ཏིལ་གྱི་ཁུར་བ་མེད་དོ། །དེས་སྨྲས་པ་བཙུན་པ་ཆུ་སྟོད། གློ་བར་ཆུད་དེ། འདི་ན་སྐྱེས་བུ་མཁན་པ་ཁ་ཅིག་དཔེ་སྨྲས་པས་དོན་གོ་བར་འགྱུར་བས། རེ་ཞིག་དེའི་སླད་དུ་ དཔེ་གསོན་ཅིག་བཙུན་པ་ཆུ་སྟོད། སྔོན་བྱུང་བ་འཛམ་བུའི་གླིང་གི་ཚོང་པ་རབ་ཏུ་མང་པོ་དག་ཅིག་རྒྱ་མཚོའི་གྲུ་བོ་ཆེ་བསྒྲུབས་ནས་ནོར་བསྒྲུབ་པའི་ཕྱིར་ཁྭ་ཞིག་དང་བྱ་གག་མོ་ཞིག་ཐོགས་ཏེ་རྒྱ་ མཚོ་ཆེན་པོར་ཞུགས་པ་ལས། ཇི་ཙམ་ན། བྱ་གག་མོ་དེ། དེ་ཕོ་མ་རྙེད་ནས། བྱ་ཁྭ་དང་ལྷན་ཅིག་གཅུགས་པར་གྱུར་ཏོ། །དེ་གཉིས་གཅུགས་པ་ལས་ཕྲུ་གུ་བྱུང་བ་དེས་ཁྭའི་སྐད་དང་ བྱ་གག་གི་སྐད་གཉིས་ཀ་འབྱིན་པས། ཁྭ་ཡང་མ་ཡིན། བྱ་གག་ཀྱང་མ་ཡིན་པ་དེ་བཞིན་དུ་ཁྱོད་ཐར་པའི་ཆེད་དུ་རབ་ཏུ་བྱུང་ན། ཐར་པའི་ལམ་ནི། མ་ཐོབ། བྱུང་རྒྱལ་ནི། སྨྲའོ། ། དེ་སྐད་སྨྲས་པ་དང། ཚེ་དང་ལྡན་པ་ཆུ་སྟོད་ཀྱིས་ལྡེ་མིག་དང་ལྡེ་མིག་ཀྱོག་པོ་དག་དེའི་མདུན་དུ་བོར་ནས་ཆས་པ་དང། དེས་སྨྲས་པ། བཙུན་པ་ཆུ་སྟོད། གར་བཞུད། མཉན་ཡོད་དུའོ། ། ཕྱི་ལང་ཐོང་ལ་མ་བཞུད་པར་འདིར་བཞུགས་ཤིག་གང་ཁྱོད་སླར་བྱོན་ནས། བདག་ཁོ་ན་ལ་བཟོད་པ་གསོལ་བར་འགྱུར་བའི་གནས་འདི་མཆིས་སོ། །དེས་དེའི་ཚིག་ཚིག་ཏུ་མ་བརྩིས་ ཏེ། ལྷུང་བཟེད་དང། ཆོས་གོས་བླངས་ནས་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་སོང་སྟེ་རིམ་གྱིས་རྒྱུ་ཞིང་སོང་བ་ན། མཉན་ཡོད་དུ་ཕྱིན་པ་དང། དགེ་སློང་རྣམས་ཀྱིས་མཐོང་ནས་ [223A]༄༅། །སྨྲས་པ། ཚེ་དང་ལྡན་པ་ཆུ་སྟོད་བྱོན་པ་ལེགས་སོ་།བྱོན་པ་ལེགས་སོ། །ཁྱོད་མཐོང་བ་ནི། བདག་ཅག་དགའ་ན། བྱོན་པ་ནི། མ་ཡིན་ནོ། །ཅིའི་ཕྱིར་ཁྱོད་ལ་བརྟེན་ ནས་ཁྱིམ་བདག་ནག་པ་ཤིང་མྲག་ཤའི་ཚལ་ན་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བྱ་བ་བྱེད་ཅིང། གློ་བུར་པ་མྲག་ཤའི་ཚལ་དུ་ལྷགས་པ་དང་ཆས་པ་རྣམས་ཀྱི་ཡང་རྟེན་ཡིན་ནོ། །དེ་ནི་ མད་ན། བདག་གིས་ཁྱིམ་བདག་ནག་པ་ལ་བརྙས་ཐབས་བགྱིས་སོ། །ཇི་ལྟ་བུ་དག་བྱས། དེས་ཇི་ལྟར་གྱུར་པ་སྨྲས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་ཆུ་སྟོད་བརྙས་ཐབས་བྱེད་པ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ ལ་ཕྱིར་འགྱེད་པའི་ལས་བྱོས་ཤིག་རྒྱུ་ལྔས་ཕྱིར་འགྱེད་པའི་ལས་བྱས་ན། ཆོས་མ་ཡིན་པའི་ལས་ཡིན་ཏེ། ཞེས་བྱ་བ་ནས་མངོན་སུམ་དུ་མ་གྱུར་པར་བྱེད་པའི་འོ་ཞེས་བྱ་བའི་ བར་གོང་མ་བཞིན་དུའོ། །འདི་ལྟར་ཡང་བྱ་སྟེ། གནས་མལ་ཡང་བཤམས་ལ་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་དགེ་སློང་ཆུ་སྟོད་འདིས་ [223B]ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་ ཆུ་སྟོད་ཁྱིམ་བདག་ནག་པ་ལ་བརྙས་ཐབས་བགྱིད་པ་ལ་ཕྱིར་འགྱེད་པའི་འཕྲིན་ལས་མཛད་དོ། །འདི་ནི། གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ ཆུ་སྟོད་འདིས་མྲག་ཤའི་ཚལ་གྱི་ཁྱིམ་བདག་ནག་པ་ལ་བརྙས་ཐབས་བགྱིས་ཏེ། དེའི་སླད་དུ་དགེ་འདུན་གྱིས། དགེ་སློང་ཆུ་སྟོད་ཁྱིམ་བདག་ནག་པ་ལ་བརྙས་ཐབས་བགྱིད་པ་ལ་ཕྱིར་འགྱེད་པའི་ འཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་ཆུ་སྟོད་ཁྱིམ་བདག་ལ་བརྙས་ཐབས་བགྱིད་པ་ལ་ཕྱིར་འགྱེད་པའི་འཕྲིན་ལས་མཛད་པར་བཟོད་པ་དེ་དག་ནི། ཅང་མ་གསུངས་ ཤིག་གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག་འདི་ནི། ལས་བརྗོད་པ་དང་པོ་ཡིན་ཏེ། དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་ འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་ཆུ་སྟོད་ཁྱིམ་བདག་ལ་བརྙས་ཐབས་བགྱིད་པ་ལ་ཕྱིར་འགྱེད་པའི་འཕྲིན་ལས་མཛད་ལགས་ཏེ། འདི་ལྟར། ཅང་མི་གསུང་ བས་དེ་དེ་བཞིན་དུ་འཛིན་ཏོ། །ངས་དགེ་སློང་ཕྱིར་འགྱེད་པའི་ལས་བྱས་པའི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། ཕྱིར་འགྱེད་པའི་ལས་བྱས་པའི་དགེ་སློང་གིས་རབ་ཏུ་དབྱུང་བར་མི་ [224A]༄༅། །བྱ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ལྟར་ཕྱིར་འགྱེད་པའི་ལས་བྱས་པ་དེ། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུར་དགེ་འདུན་ལ་སྤུ་ས་ལ་ལྟུང་བ་ལྟ་བུར་ བྱེད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན། མཚམས་ཀྱི་ནང་དུ་འདུག་ནས་བསླང་བ་གསོལ་བར་བྱེད་དེ། ཁྱིམ་བདག་ལ་བརྙས་ཐབས་བགྱིད་བ་ཉིད་ཀྱང་སྤོང་ངོ་ཞེས་བྱ་བའི་ སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་ཆུ་སྟོད་ཕྱིར་འགྱེད་པའི་ལས་བྱས་པ་ དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་བསླང་བར་བྱོས་ཤིག་རྒྱུ་ལྔས་ཕྱིར་འགྱེད་པའི་ལས་བྱས་པ་བསླང་བར་བྱའོ། །ལྔ་གང་ཞེ་ན། སྐྲ་གྱེན་དུ་འགྲེང་བ་ལྟ་ བུ་དང། སྐྲ་ཞིག་པ་ལྟ་བུར་ཞེས་བྱ་བ་ནས་ཁྱིམ་བདག་ལ་བརྙས་ཐབས་བྱེད་པ་ཉིད་ཀྱང་སྤོང་ངོ་ཞེས་སྨྲ་ན་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བསླང་བ་ནི། འདི་ལྟར་བྱ་སྟེ་གནས་ མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། དགེ་སློང་གཅིག་ གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ཆུ་སྟོད་འདིས་མྲག་ཤའི་ཚལ་གྱི་ཁྱིམ་བདག་ནག་པ་ལ་བརྙས་ཐབས་བཀྱིས་ན་ [224B] །ཞེས་ཕྱིར་འགྱེད་པའི་འཕྲིན་ལས་མཛད་ལགས་ཏེ། དགེ་སློང་ཆུ་སྟོད་ཕྱིར་འགྱེད་པའི་འཕྲིན་ལས་མཛད་ལགས་པ་འདི། སྐྲ་གྱེན་ དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུར་ཞེས་བྱ་བ་ནས་ཁྱིམ་བདག་ལ་བརྙས་ཐབས་བགྱིད་པ་ཉིད་ཀྱང་འདོར་རོ། །ཞེས་མཆི་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། གལ་ཏེ་དགེ་འདུན་ གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་ཆུ་སྟོད་ཕྱིར་འགྱེད་པའི་འཕྲིན་ལས་མཛད་ལགས་པ་བསླང་བར་མཛད་དོ། །འདི་ནི་ གསོལ་བའོ། །དེ་ནས་ཁྱིམ་བདག་དེའི་དྲུང་དུ་སོང་ལ་བཟོད་པ་གསོལ་ཅིག་དང་བསླང་བར་འགྱུར་རོ། །ཞེས་བརྗོད་པར་བྱའོ། །དགེ་སློང་རྣམས་ཀྱིས་དེ་ལ་དེ་སྐད་སྨྲས་པ་དང། དེ་མྲག་ཤའི་ ཚལ་གང་ན་བ་དེར་རྒྱུ་ཞིང་སོང་སྟེ་རིམ་གྱིས་རྒྱུ་ཞིང་སོང་བ་དང། མྲག་ཤའི་ཚལ་དུ་ཕྱིན་ཏོ། །དེ་ནས་ལམ་གྱིས་དུབ་པ་ངལ་སོས་ནས། ཁྱིམ་བདག་ནག་པ་གང་ན་བ་དེར་སོང་སྟེ་ཕྱིན་ པ་དང། ལག་པ་གཡས་པ་བརྐྱངས་ནས་སྨྲས་པ། ཁྱིམ་བདག་བཟོད་བར་མཛོད་ཅིག་བཙུན་པ་ཆུ་སྟོད་བཟོད་པར་གྱིས། གལ་ཏེ་དེ་ལྟ་ན་འདི་ཉིད་དུ་བཞུགས་ཤིག་རེ་ཞིག་ གང་གིས་བདག་ལ་ཉེས་པ་བྱུང་བ་དེ་ཚར་གཅོད་དུ་འགྲོའོ། །གང་གིས་བདག་ལ་ཉེས་བ་བྱུང་བ་ཞེས་བྱ་བ། ཅི། བདག་ལ་མི་ཟེར་རམ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཆུ་སྟོད་ [225A]༄༅། །ཆུ་བོ་གངྒཱའི་འགྲམ་དུ་སོང་ནས། ཤིང་ཏ་ལའི་ལོ་མ་གསུམ་ལས་སྤྱིལ་བུ་བྱས་ཏེ། དབྱར་གནས་བར་དམ་བཅས་ནས། དེས་མིའི་རོ་ལ་ཀླད་པ་འདྲ་བའི་ལྷུང་བཟེད་ བཅངས་ཏེ། དེ་དང་ཧ་ཅང་ཡང་མི་རིང་བ་ན་ལམ་ཞིག་ཡོད་པ་དེ་ནས་རྫིའུ་མོ་རྒྱུན་དུ་འགྲོ་བ་དེ་དག་ལ་དེས་ལྷུང་བཟེད་ཟེད་པ་དང། དེ་དག་གིས་དེར་འོ་མའམ། ཞོའམ། དར་བ་བྱིན་པ་ དེ་དེས་ལོངས་སྤྱད་ནས། བསམ་གཏན་དང། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་བདེ་བས་དུས་འདའ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན། རྫིའུ་མ་སྨད་གཉིས་དྲོང་བ་དང་ བུ་མོས་མ་ལ་སྨྲས་པ། མ། འཕགས་པ་འདི་ནི། ལྐུགས་པ་ཞིག་ཡིན་ནོ། །དེས་སྨྲས་པ། བུ། འདི་ནི། ལྐུགས་པ་མ་ཡིན་ཏེ། གདོན་མི་ཟ་བར་འདིས་འགའ་ཞིག་ལ་ཚིག་གིས་ ཉེས་པ་བྱས་པ་དེ་ཉིད་ཚར་གཅོད་པར་བྱེད་པ་ཡིན་ནོ། །མ། ཅི། དེ་དེ་ལྟ་བུ་ལགས་སམ། བུ། སང་ངས་ཁྱོད་ཀྱི་མངོན་སུམ་དུ་བྱའོ་།ཇི་ཙམ་ཕྱི་དེ་ཉིན་པར་དེའི་ཞོའི་བུམ་པ་ཐོགས་ ཏེ། བུ་མོ་དང་མ་སྨད་གཉིས་ཕྱོགས་དེར་ཕྱིན་པ་དང། ཚེ་དང་ལྡན་པ་ཆུ་སྟོད་ཀྱིས་ལྷུང་བཟེད་ཟེད་པ་དང། དེས་དེའི་ལྷུང་བཟེད་དུ་ཞོས་དགང་བར་བརྩམས་སོ། །ཚེ་དང་ལྡན་པ་ཆུ་ སྟོད་ཀྱིས་ལྷུང་བཟེད་བསྒུལ་ཀྱང་དེས་མ་བཞག་པར་བླུགས་པ་དང་ཚེ་དང་ལྡན་པ་ཆུ་སྟོད་ཀྱིས་སྨྲས་པ། སྲིང་མོ། ཆོག་གི། དོན་མེད་པར་ཕོ་བ་འདི་ཅིར་རུང། ཁོ་བོ་ [225B] དེས་སྨྲས་པ། བུ་མོ་ཁྱོད་ལ་ངས་སྔར་འདི་ལྐུགས་པ་མ་ཡིན་གྱི། གདོན་མི་ཟ་བར་འདིས་འགའ་ཞིག་ལ་ཚིག་གི་ཉེས་པ་བྱས་བ། དེ་ཁོ་ན་ཚར་གཅོད་ པར་བྱེད་པ་ཡིན་ནོ། །ཞེས་མ་སྨྲས་སམ། མ། ཁྱོད་ཀྱིས་སྨྲས་སོ་།དེ་ནས་ཚེ་དང་ལྡན་པ་ཆུ་སྟོད་ཀྱིས་ལོ་གཉིས་ཀྱི་ནང་ལོགས་སུ་ཚིག་གཅིག་སྨྲས་ནས། ལོ་གསུམ་པ་ལ་འདི་ལྟར་ འཁོར་བའི་འཁོར་ལོ་ཆ་ལྔ་པོ་གཡོ་བ་དང། མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེ་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང། ལྟུང་བ་དང། རྣམ་པར་འཐོར་བ་དང། རྣམ་པར་འཇིག་པའི་ ཆོས་ཉིད་དུ་ཟིལ་གྱིས་མནན་ནས། མུན་པའི་ཕུང་པོ་བཅོམ་སྟེ་དགྲ་བཅོམ་པར་གྱུར་ནས་ཞེས་བྱ་བ་ནས། མཆོད་པར་བྱ་བ་དང། བརྗེད་པར་བྱ་བ་དང། མངོན་སུམ་དུ་སྨྲ་བར་བྱ་བར་གྱུར་ ཏོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ཚེ་དང་ལྡན་པ་ཆུ་སྟོད་ཀྱིས་དགྲ་བཅོམ་པ་ཐོབ་སྟེ། རྣམ་པར་གྲོལ་བའི་དགའ་བ་དང། བདེ་བ་ཉམས་སུ་མྱོང་ནས་དེའི་ཚེ་ཚིགས་སུ་ བཅད་ནས་སྨྲས་པ། བདག་གིས་ཏ་ལའི་ཤིང་གསུམ་ལས། གངྒཱའི་འགྲམ་དུ་སྤྱིལ་བུ་བྱས། །མི་རོ་ཀླད་འདྲའི་ལྷུང་བཟེད་དང་།ཕྱག་དར་ཁྲོད་པའི་ཆོས་གོས་བཅངས། །ལོ་གཉིས་ ཀྱིས་ནི་ནང་ལོགས་སུ། །བདག་གིས་ཚིག་གཅིག་སྨྲས་ནས་ནི། །ལོ་གསུམ་པ་ཡི་ནང་ལོགས་སུ། །མུན་པ་ཡི་ནི་ཕུང་པོ་བཅོམ། །ཆུ་བོ་གངྒཱའི་འགྲམ་གནས་པའི། །དགྲ་བཅོམ་ [226A]༄༅། །སེམས་ནི་རྣམ་གྲོལ་བ། །དབང་ལྡན་གནས་བརྟན་ཆུ་སྟོད་ཀྱིས། །ཚིགས་སུ་བཅད་པ་འདི་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀོའུ་ཤམྦྷིའི་དབྱངས་སྙན་གྱི་ཀུན་ དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་འདུན་པ་ལྟུང་བ་བྱུང་བ་མ་མཐོང་ངོ། །ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འདུན་པ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ལྟུང་བ་མཐོང་བར་བྱ་བའི་ཕྱིར་གནས་ནས་དབྱུང་ བའི་ལས་བྱོས་ཤིག། རྒྱུ་ལྔས་ལྟུང་བ་མཐོང་བར་བྱ་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱས་ན། དེ་ནི་ཆོས་མ་ཡིན་པའི་ལས་དང། འདུལ་བ་མ་ཡིན་པའི་ལས་ཡིན་ཏེ། དེས་ནི་ དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྔ་གང་ཞེ་ན་གླེང་བ་མ་བྱས་པ་དང་ཞེས་བྱ་བའི་བར་གོང་མ་བཞིན་དུའོ་།དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་ འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འདུན་པ་འདི། ལྟུང་བ་བྱུང་བ་ལ་ལྟུང་བ་མ་མཐོང་བ་དེའི་སླད་དུ། དགེ་འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་མཐོང་བར་བགྱི་བའི་ སླད་དུ། གནས་ནས་དབྱུང་བའི་འཕྲིན་ལས་མཛད་དོ། །འདི་ནི། གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་ལྟུང་བ་བྱུང་བ་ [226B] དགེ་འདུན་གྱིས་དགེ་སློང་འདུན་པ་འདི། ལྟུང་བ་མཐོང་བར་བགྱི་བའི་སླད་དུ། གནས་ནས་དབྱུང་བའི་འཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག། དགེ་སློང་འདུན་ པ་ལྟུང་བ་མཐོང་བར་བགྱི་བའི་སླད་དུ། གནས་ནས་དབྱུང་བའི་འཕྲིན་ལས་མཛད་པར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག། འདི་ནི་ ལས་བརྗོད་པ་དང་པོ་ཡིན་ཏེ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཇི་ལྟར་དམར་སེར་ཅན་རྣམས་ཀྱི་བཞིན་ནོ། །གླེང་གཞི་ནི། དེ་ཉིད་ན་སྟེ། ཚེ་དང་ལྡན་པ་འདུན་པ་ལྟུང་བ་བྱུང་བ་ཆོས་བཞིན་ དུ་ཕྱིར་མི་བྱེད་པ་དེ་ལ་ཚངས་པ་མཚུངས་པར་སྤྱོད་པ་ཕན་པར་འདོད་པ་རྣམས་ཀྱིས་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཇི་ལྟར་རྣམ་པར་འབྱེད་པ་ལས་འབྱུང་བ་ལྟ་བུའི་སྐབས་དེ། དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འདུན་པ་ལྟུང་བ་བྱུང་བ་སླར་མི་བྱེད་པ་དང། གཞན་ཡང་ དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་གནས་ནས་དབྱུང་བའི་ལས་བྱོས་ཤིག་རྒྱུ་ལྔས་ལྟུང་བ་བྱུང་བ་སླར་མི་འཆོས་པ་གནས་ནས་དབྱུང་བའི་ལས་བྱས་ན། དེ་ནི། ཆོས་མ་ཡིན་པའི་ལས་ དང། འདུལ་བ་མ་ཡིན་པའི་ལས་ཡིན་ཏེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྔ་གང་ཞེ་ན། གླེང་བ་མ་བྱས་པ་དང་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དགེ་ [227A]༄༅། །སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི། ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་ཀྱི། གལ་ ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་བྱུང་བ་ཕྱིར་མི་བགྱིད་པ། གནས་ནས་དབྱུང་བའི་འཕྲིན་ལས་ མཛད་དོ། །འདི་ནི། གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི། ལྟུང་བ་ཆོས་བཞིན་དུ་ཕྱིར་མི་བགྱིད་པས་དེའི་སླད་དུ་དགེ་འདུན་ གྱིས་དགེ་སློང་འདུན་པ་ལྟུང་བ་བྱུང་བ་ཕྱིར་མི་བགྱིད་པ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འདུན་པ་ལྟུང་བ་བྱུང་བ་ཕྱིར་མི་བགྱིད་པ་གནས་ནས་ དབྱུང་བའི་འཕྲིན་ལས་མཛད་པར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་ཡིན་ཏེ་ཞེས་བྱ་བའི་བར་གོང་ མ་བཞིན་དུ་སྟེ། དམར་སེར་ཅན་རྣམས་ཀྱི་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་ སློང་འཆི་ལྟས་ལ་འདི་ལྟ་བུའི་སྡིག་པའི་ལྟ་བར་སོང་བ་སྐྱེས་ཏེ། ཇི་ལྟར། བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པ་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་ [227B] བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ། །ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་དགེ་སློང་འཆི་ལྟས་སྡིག་པའི་ལྟ་བར་སོང་བ་མི་འདོར་བ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་གནས་ནས་ དབྱུང་བའི་ལས་བྱོས་ཤིག་རྒྱུ་ལྔས་སྡིག་པའི་ལྟ་བར་སོང་བ་མི་འདོར་བ། གནས་ནས་དབྱུང་བའི་ལས་བྱས་ན། དེ་ནི། ཆོས་མ་ཡིན་པའི་ལས་དང། འདུལ་བ་མ་ཡིན་པའི་ལས་ ཡིན་ཏེ། དེས་ནི། དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྔ་གང་ཞེ་ན། གླེང་བ་མ་བྱས་པ་དང་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དགེ་སློང་གཅིག་གིས་གསོལ་བ་ བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་འདི་ལྟ་བུའི་སྡིག་པའི་ལྟ་བར་སོང་བ་སྐྱེས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་ དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་ཏེ་ཞེས་བྱ་བའི་བར་གོང་ མ་བཞིན་དུ་སྟེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པའི་ལྟ་བར་སོང་བ་མི་ [228A]༄༅། །འདོར་བ་ལ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་དོ་།འདི་ནི། གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་ འདི་ལ་འདི་ལྟ་བུའི་སྡིག་པའི་ལྟ་བར་སོང་བ་སྐྱེས་ཏེ་ཞེས་བྱ་བ་ནས་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་ཏེ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དགེ་འདུན་གྱིས་དགེ་སློང་ འཆི་ལྟས་སྡིག་པའི་ལྟ་བར་སོང་བ་མི་འདོར་བ་ལ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆི་ལྟས་སྡིག་པའི་ལྟ་བར་སོང་བ་མི་འདོར་བ་ལ་གནས་ ནས་དབྱུང་བའི་འཕྲིན་ལས་མཛད་པར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་ཡིན་ཏེ་ཞེས་བྱ་བའི་བར་ གོང་མ་བཞིན་དུ་སྟེ། དམར་སེར་ཅན་རྣམས་ཀྱི་བཞིན་ནོ། །དེ་སྡིག་པའི་ལྟ་བར་སོང་བ་ཕྱིར་མི་འདོར་བ་གནས་ནས་དབྱུང་བའི་ལས་བྱས་པས། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་ བུར་དགེ་འདུན་ལ་སྤུས་ལ་ལྟུང་བ་ལྟ་བུར་བྱེད་དེ་ཞེས་བྱ་བ་ནས་སྡིག་པའི་ལྟ་བར་སོང་བ་འདོར་རོ། །ཞེས་སྨྲའོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་དགེ་སློང་འཆི་ལྟས་སྡིག་པའི་ལྟ་བ་སོང་བ་མི་འདོར་བ་གནས་ནས་དབྱུང་བའི་ལས་བྱས་པ་ [228B] གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་བསླང་བའི་ལས་བྱོས་ཤིག་རྒྱུ་ལྔས་སྡིག་པའི་ལྟ་བར་སོང་བ་མི་འདོར་བ་གནས་ནས་དབྱུང་བའི་ལས་བྱས་པ་བསླང་བར་བྱས་ཏེ་ལས་བྱའོ། །དགེ་ གང་ཞེ་ན། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུར་དགེ་འདུན་ལ་སྤུས་ལ་ལྟུང་བ་ལྟ་བུར་བྱེད་ཅེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་ འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་འདི་ལྟ་བུའི་སྡིག་པའི་ལྟ་བར་སོང་བ་སྐྱེས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་ དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ། །ཞེས་སྡིག་པའི་ལྟ་བར་སོང་བ་མི་འདོར་བ་དེ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་ ལགས་ཏེ། དགེ་སློང་འཆི་ལྟས་སྡིག་པའི་ལྟ་བར་སོང་བ་མི་འདོར་བ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་ལགས་པ་འདི། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང། སྐྲ་ཞིག་པ་ལྟ་བུར་ཞེས་བྱ་བ་ནས་སྡིག་ པའི་ལྟ་བ་ཡང་འདོར་ཞེས་མཆི་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་ འཆི་ལྟས་སྡིག་པའི་ལྟ་བར་སོང་བ་མི་འདོར་བ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་ལགས་པ་སློང་བར་མཛད་དོ། །འདི་ནི། གསོལ་བའོ། །ལས་ནི། འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་ [229A]༄༅། །གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་འདི་ལྟ་བུའི་སྡིག་པའི་ལྟ་བར་སོང་བ་སྐྱེས་ཏེ་ཞེས་བྱ་བ་གོང་མ་བཞིན་དུ་སྟེ། དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པའི་ ལྟ་བར་སོང་བ་མི་འདོར་བ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་ལགས་པ་འདི་སློང་བར་མཛད་ན། ཚེ་དང་ལྡན་པ་གང་དག། དགེ་སློང་འཆི་ལྟས་སྡིག་པའི་ལྟ་བར་སོང་བ་མི་འདོར་བ་གནས་ ནས་དབྱུང་བའི་འཕྲིན་ལས་མཛད་ལགས་པ་བསླང་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི། ལས་བརྗོད་པ་དང་པོ་ཡིན་ཏེ། དེ་ བཞིན་དུ་ལས་བརྗོད་པ་གཉིས་པ་དང་གསུམ་པ་ཞེས་བྱ་བ་ནས་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་འཆར་ཀ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་ མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དེས། སྐབས་དེ། དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་ མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ན། བདག་གིས་ཇི་ལྟར་བགྱི་ཞེས་བྱ་བའི་སྐབས་དེ། དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ [229B] དགེ་སློང་དག། ཁྱེད་ཀྱིས་དགེ་སློང་འཆར་ཀ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དང། གཞན་ཡང། དེ་ལྟ་བུ་དང་ མཐུན་པ་སུ་ཡང་རུང་བ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་བྱིན་ཅིག་།སྦྱིན་པ་ནི། འདི་ལྟར་བྱ་སྟེ། དགེ་སློང་འཆར་ཀས་གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་ པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། རྒན་པའི་མཐར་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་སྤོ་བ་གསོལ་བར་བྱའོ། །གསོལ་བ་ནི་ འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ པ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ ན། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་ བཅབས་པ་ལ། ཟླ་བ་ལ་ཕྱེད་ཀྱི་སྤོ་བ་སྩལ་དུ་གསོལ། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ [230A]༄༅། །འཆར་ཀ་འདི་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་བའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་ འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་འདི་ལ་ ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་པར་མཛད་དོ། །འདི་ནི། གསོལ་བའོ་།ལས་ནི། འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་དགེ་སློང་འཆར་ཀ་འདི་ལ་ཆེད་དུ་བསམ་སྟེ་ ཁུ་བ་ཕྱུང་བ་ལས་གྱུར་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་བྱུང་བའི་དགེ་འདུན་ལྷག་པའི་ལྟུང་བ་བྱུང་ བ་ཟླ་བ་ཕྱེད་བཅབས་པ་ལ་དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་བའི་དགེ་འདུན་ལྷག་ མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩོལ་བར་མཛད་ན། ཚེ་དང་ལྡན་པ་གང་དག། དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་ [230B]ཕྱེད་ཀྱི་སྤོ་བ་སྩོལ་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་།གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག་འདི་ནི། ལས་བརྗོད་ པ་དང་པོ་ཡིན་ཏེ། དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང་གསུམ་པའི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེད་དུ་བསམ་སྟེ་ ཁུ་བ་ཕྱུང་བ་ལས་གྱུར་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ལགས་ཏེ། འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། །། འདུལ་བ་གཞི། བམ་པོ་དོན་གཅིག་པ། དེ་སྤོ་བ་བྱེད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་སྐབས་དེ། དེས་དགེ་སློང་རྣམས་ལ་སྨྲས་ པ། ཚེ་དང་ལྡན་པ་དག་བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་ སྟེ་ཁུ་བ་ཕྱུང་བ་ལས་གྱུར་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅས་པ་དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་ བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ། བདག་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ [231A]༄༅། །ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ན། བདག་གིས་ཇི་ལྟར་བགྱི་ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འཆང་ཀས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་དང། གཞན་ཡང། དེ་ལྟ་བུ་ དང་མཐུན་པ་སུ་ཡང་རུང་བ་ལ་གཞི་ནས་སྤོ་བ་བྱིན་ཅིག། སྦྱིན་པ་ནི། འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས། དགེ་སློང་རྣམས་ལ་ཡང་དག་ པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། དགེ་སློང་འཆར་ཀས་རྒན་པའི་མཐའ་ནས་ཙོག་ཙོག་པོར་འདུག་ལ། ཐལ་མོ་སྦྱར་བ་བཏུད་དེ་ཚིག་འདི་སྐད་ ཅེས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ་ བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པ་དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་ བདག་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ། བདག་སྤོ་བ་བགྱིད་བཞིན་པ་ [231B] དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། བདག་དགེ་སློང་འཆར་ཀས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་ བཅབས་པ་ལ། དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ན། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན། ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀས་དགེ་འདུན་ལྷག་མའི་ ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ་གཞི་ནས་སྤོ་བ་སྩལ་དུ་གསོལ་ཞེས་དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་ བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ་ དགེ་སློང་འཆར་ཀ་འདིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་དགེ་ སློང་འཆར་ཀ་འདིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ། འདི་སྤོ་བ་བགྱིད་བཞིན་པ་ལས། དགེ་ འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། དགེ་སློང་འཆར་ཀ་འདི། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུར་བ་བཅབས་ [232A]༄༅། །པ་ལ་དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་ སློང་འཆར་ཀས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་པ་བྱུང་བ་བཅབས་པ་ལ་གཞི་ནས་སྤོ་བ་སྩོལ་བར་མཛད་དོ། །འདི་ནི། གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་ བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་འཆར་ཀ་འདིས་ ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ཀས་ ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བསྩལ་ཏེ། འདི་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་ མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། དགེ་སློང་འཆར་ཀ་འདི། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ། གཞི་ནས་ [232B] ཚེ་དང་ལྡན་པ་གང་དག། དགེ་སློང་འཆར་ཀས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ་གཞི་ནས་སྤོ་བ་སྩོལ་བར་མཛད་པར་ བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག་འདི་ནི། ལས་བརྗོད་པ་དང་པོ་ཡིན་ཏེ། དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང་གསུམ་གྱི་བར་དུ་ བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ། གཞི་ ནས་སྤོ་བ་སྩལ་ལགས་ཏེ། འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་གཞི་ནས་སྤོ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་ཡང་ བཟླས་ཏེ་བྱུང་བའི་སྐབས་དེ། དེས་དགེ་སློང་རྣམས་ལ་སྨྲས་པ་ཚེ་དང་ལྡན་པ་དག་བདག་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ བ་ཟླ་བ་ཕྱེད་བཅབས་ཏེ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ། དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་ བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩོལ་ [233A]༄༅། །ཏེ། བདག་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། བདག་དགེ་སློང་འཆར་ཀས་དགེ་འདུན་ ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ། དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ་གཞི་ནས་སྤོ་བ་སྩལ་ཏེ་བདག་གཞི་ནས་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་ འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ན། བདག་གིས་ཅི་དག་བགྱི་ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འཆར་ཀ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ ལ་ཡང་གཞི་ནས་བསླང་པ་བྱིན་ཅིག་སྦྱིན་པ་ནི། འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། དགེ་སློང་འཆར་ཀས་རྒན་པའི་མཐའ་ནས་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་ཚིག་འདི་སྐད་ཅེས། དགེ་འདུན་བཙུན་ [233B] བདག་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ། བདག་དགེ་སློང་འཆར་ཀས་ཆེད་ དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ། དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ་བདག་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་ མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། བདག་དགེ་སློང་འཆར་ཀས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བར་བྱུང་བ་བཅབས་ པ་དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བར་བྱུང་བ་བཅབས་པ་ལ་ གཞི་ནས་སྤོ་བ་སྩལ་ཏེ་བདག་གཞི་ནས་སྤོ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ནས། བདག་ལ་དགེ་འདུན་ ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་ལ། དགེ་འདུན་ལས་གཞི་ནས་བསླང་བ་གསོལ་ན་དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་ [234A]༄༅། །བ་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་ལས། གཞི་ནས་བསླང་ བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ་།དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ལས་གྱུར་བའི་དགེ་ འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་ འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ། ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ་འདི་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་ བྱུང་བ་བཅབས་ཏེ། དགེ་སློང་འཆར་ཀས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ཏེ། དགེ་འདུན་ གྱི་དགེ་སློང་འཆར་ཀ་ལ་དགེ་འདུན་ཧག་མའི་ལྟུང་བ་བར་མ་ལྷུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ་གཞི་ནས་སྤོ་བ་སྩལ་ཏེ། དེ་གཞི་ནས་སྤོ་བ་བགྱིད་བཞིན་པ་ལས། དགེ་ [234B]བཟླས་ཏེ་བྱུང་བ་བཅབས་ནས་འདི་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ། དགེ་འདུན་ལས་ཡང་ གཞི་ནས་བསླང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་ མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་ལ། ཡང་གཞི་ནས་བསླང་བ་སྩོལ་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་ གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ་དགེ་སློང་འཆར་ཀ་འདིས་ཆེད་དུ་བསམ་སྟེ་ ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ། དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེད་ དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ་འདི་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་ བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། དགེ་སློང་འཆར་ཀ་འདིས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་དགེ་ [235A]༄༅། །འདུན་ལས་གཞི་ནས་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ པ་ལ་གཞི་ནས་སྤོ་བ་སྩལ་ཏེ་དེ་གཞི་ནས་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ནས། དགེ་འདུན་ལྷག་ མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ། དགེ་འདུན་ལས་ཡང་གཞི་ནས་བསླང་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་ལ་ཡང་གཞི་ནས་བསླང་བའི་སྤོ་བ་སྩོལ་བར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་ འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་ལ་ཡང་གཞི་ནས་བསླང་བ་སྩོལ་བར་མཛད་པ་བཟོད་པ་དེ་དག་ནི། ཅང་མ་ གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག་འདི་ནི་ལས་བརྗོད་པ་དང་པོ་ཡིན་ཏེ། དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང་གསུམ་གྱི་བར་དུ་ བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་བཟླས་ཏེ་བྱུང་བ་བཅབས་ [235B] འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེས་དུས་གཞན་ཞིག་ན་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་ མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད་ནས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ བདག་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་ བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པ་དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་ བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ་བདག་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་ དང་འདྲ་བ་བྱུང་བ་བཅབས་ཏེ། བདག་དགེ་སློང་འཆར་ཀས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ། དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བཅབས་པ་ལ་གཞི་ནས་སྤོ་བ་སྩལ་ཏེ་བདག་གཞི་ནས་སྤོ་བ་བགྱིད་ [236A]༄༅། །བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ནས་བདག་དགེ་སློང་འཆར་ཀས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་ བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ། དགེ་འདུན་ལས་ཡང་གཞི་ནས་བསླང་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་ བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་ལ་ཡང་གཞི་ནས་བསླང་བ་སྩལ་ཏེ་བདག་གིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ ཕྱེད་བཅབས་པའི་སྤོ་བ་ཡང་སྤྱད་ལགས། ལྟུང་བ་བར་མ་ལྟུང་པ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་ཡང་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ པའི་ལྟུང་བ་བྱུང་བ་ཡང་གཞི་ནས་བསླང་བ་ཡང་སྤྱད་ལགས་ན། བདག་གིས་ཅི་དག་བགྱི་ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་དགེ་སློང་འཆར་ཀ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་ བཅབས་པའི་ཟླ་བ་ཕྱེད་ཀྱི་སྤོ་བ་སྤྱད་ཟིན་པ་དང། ལྟུང་བ་བར་མའི་གཞི་ནས་སྤོ་བ་སྤྱད་ཟིན་པ་དང། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་ [236B] གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ཞག་དྲུག་གི་མགུ་བར་བྱ་བ་བྱིན་ཅིག་སྦྱིན་པ་ནི། འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ་དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། དགེ་སློང་འཆར་ཀས་རྒན་པའི་མཐའ་ནས་ཙོག་ཙོག་པོར་འདུག་ སྟེ༑ ཐལ་མོ་སྦྱར་བ་བཏུད་ལ་འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་ མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ། དགེ་འདུན་ ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་ བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ་བདག་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། བདག་དགེ་སློང་འཆར་ཀས་དགེ་ འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ། དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ཏེ་དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་དགེ་ [237A]༄༅། །འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ་གཞི་ནས་སྤོ་བ་སྩལ་ཏེ་བདག་གཞི་ནས་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ནས་བདག་དགེ་སློང་འཆར་ཀས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ པ༑ དགེ་འདུན་ལས་ཡང་གཞི་ནས་བསླང་བའི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་ བཅབས་པ་ལ་ཡང་གཞི་ནས་བསླང་བ་སྩལ་ཏེ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་བའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་ཡང་ སྤྱད་ལགས། ལྟུང་བ་བར་མའི་གཞི་ནས་སྤོ་བ་ཡང་སྤྱད་ལགས་ཡང་བཟླས་པའི་ལྟུང་བའི་གཞི་ནས་བསླང་བ་ཡང་སྤྱད་ལགས་ཏེ་དགེ་འདུན་ལས་ཞག་དྲུག་གི་མགུ་བར་བགྱི་ བ་གསོལ་ནས། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་ མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མའི་གཞི་ནས་སྤོ་བ་སྤྱད་ལགས། ཡང་བཟླས་པའི་ལྟུང་བའི་གཞི་ནས་བསླང་བ་སྤྱད་ལགས་པ་ལ་ [237B] དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་ བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་འཆར་ ཀ་འདིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་ འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ་འདི་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། དགེ་སློང་འཆར་ཀ་འདི། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ པ་དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ་ གཞི་ནས་སྤོ་བ་སྩལ་ཏེ་འདི་གཞི་ནས་སྤོ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ནས་དགེ་སློང་འཆར་ཀ་ [238A]༄༅། །འདིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་སྤོ་བ་གསོལ་ཏེ། དགེ་ འདུན་གྱིས་དགེ་སློང་འཆར་ཀ་འདི། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་ལ་ཡང་གཞི་ནས་བསླང་བ་སྩལ་ཏེ། དགེ་སློང་འཆར་ ཀ་འདིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་ གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་ཡང་གཞི་ནས་བསླང་བ་སྤྱད་ལགས་ཏེ། ཞག་དྲུག་གི་མགུ་བར་བགྱི་བ་གསོལ་ན་ གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟེད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་ པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས་ ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་ཡང་གཞི་ནས་བསླང་བ་སྤྱད་ལགས་པ་ལ་ཞག་དྲུག་གི་མགུ་བར་བགྱི་བ་སྩོལ་བར་མཛད་དོ། །འདི་ནི། གསོལ་བའོ།། [238B] དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ་ དགེ་སློང་འཆར་ཀ་འདིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་ གྱིས་དགེ་སློང་འཆར་ཀ་འདི་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ་འདི་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། དགེ་སློང་འཆར་ཀ་འདིས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བཅབས་པ་ དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ་གཞི་ ནས་སྤོ་བ་སྩལ་ཏེ་འདི་གཞི་ནས་སྤོ་བ་བགྱིད་བཞིན་པ་ལ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ནས་དགེ་སློང་འཆར་ཀ་འདིས་ དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་དགེ་འདུན་ལས་གཞི་ནས་བསླང་སྟེ་སྤོ་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ [239A]༄༅། །ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་ལ་གཞི་ནས་བསླང་བ་སྩལ་ཏེ། དགེ་སློང་འཆར་ཀ་འདི་ཆེད་དུ་ བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བཅབས་པའི་གཞི་ནས་སྤོ་བ་ སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད་ལགས་ན། ཞག་དྲུག་གི་མགུ་བར་བགྱི་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་ དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་ བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད་ལགས་པ་ལ་ཞག་དྲུག་གི་མགུ་བར་ བགྱི་བ་སྩོལ་བར་མཛད་ན། ཚེ་དང་ལྡན་པ་གང་དག། དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་ བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་ [239B]བར་བགྱི་བ་སྩོལ་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག། འདི་ནི་ ལས་བརྗོད་པ་དང་པོ་ཡིན་ཏེ། དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང་གསུམ་པའི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེད་ དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བཅབས་པའི་གཞི་ནས་སྤོ་བ་ སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་ཡང་གཞི་ནས་བསླང་བ་སྤྱད་ལགས་པ་ལ་ཞག་དྲུག་གི་མགུ་བར་བགྱི་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་ གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ། །དེ་དུས་གཞན་ཞིག་ན་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད། ལྟུང་བ་བར་ མ་ལྟུང་བ་སྔ་མ་དང་འདྲ་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད། ཞག་དྲུག་གི་མགུ་བར་བྱ་བ་སྤྱད་ ཟིན་ནས། དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག། བདག་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ [240A]༄༅། །ཕྱེད་བཅབས་ཏེ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དགེ་ འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་ པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ་བདག་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། བདག་དགེ་སློང་འཆར་ ཀས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ་གཞི་ནས་སྤོ་བ་སྩལ་ཏེ་བདག་གཞི་ནས་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ནས། བདག་དགེ་སློང་འཆར་ཀས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ ཏེ་བྱུང་བ་བཅབས་པ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་སྤོ་བ་གསོལ་ནས། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་ [240B]བསླང་བ་སྩལ་ཏེ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་ བྱུང་བའི་གཞི་ནས་བསླང་བ་སྤོ་བ་སྤྱད་ལགས་ཏེ། དགེ་འདུན་ལས་ཞག་དྲུག་གི་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད་ལགས་པ་ལ་ཞག་དྲུག་གི་མགུ་བར་བགྱི་བ་སྩལ་ཏེ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་ པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་ བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་སྤོ་བ་སྤྱད་ལགས། ཞག་དྲུག་གི་མགུ་བར་བགྱི་བ་སྤྱད་ལགས་ན། བདག་གིས་ཅི་དག་བགྱི་ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་ [241A]༄༅། །བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་དགེ་སློང་འཆར་ཀ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་ གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་པ་དང། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་པ་དང། ལྟུང་བ་བར་མ་ དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་ཡང་གཞི་ནས་བསླང་བ་སྤྱད་པ་དང། ཞག་དྲུག་གི་མགུ་བར་བྱ་བ་སྤྱད་ཟིན་པ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ དབྱུང་བ་བྱོས་ཤིག་དབྱུང་བ་ནི། འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། དགེ་སློང་འཆར་ཀས་རྒན་པའི་མཐར་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་ གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ། བདག་དགེ་སློང་འཆར་ཀས་ ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པ་དགེ་འདུན་ལས་སྤོ་བ་གསོལ་ཏེ་དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆེད་དུ་ [241B]ལྟུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་བྱེད་ཀྱི་སྤོ་བ་སྩལ་ཏེ་བདག་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། བདག་དགེ་སློང་འཆར་ཀ་ས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ ཏེ༑ དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ་གཞི་ནས་སྤོ་བ་སྩལ་ཏེ་བདག་གཞི་ནས་སྤོ་བ་བགྱིད་བཞིན་ པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ནས་དགེ་སློང་འཆར་ཀས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ བ་བཅབས་པ། དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་སྤོ་བ་གསོལ་ནས། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་ བྱུང་བ་བཅབས་པ་ལ་ཡང་གཞི་ནས་བསླང་བ་སྩལ་ཏེ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་ སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད་ [242A]༄༅། །ལགས་ན། ཞག་དྲུག་གི་མགུ་བར་བགྱི་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་ བྱུང་བའི་གཞི་ནས་བསླང་བའི་སྤོ་བ་སྤྱད་ལགས་པ་ལ་ཞག་དྲུག་གི་མགུ་བར་བགྱི་བ་སྩལ་ཏེ། བདག་དགེ་སློང་འཆར་ཀས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་ མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་ བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བའི་སྤོ་བ་སྤྱད་ལགས། ཞག་དྲུག་གི་མགུ་བར་བགྱི་བ་སྤྱད་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། དགེ་འདུན་བཙུན་པ་ཐུགས་ བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་འཆར་ཀ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས་ ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་ཡང་གཞི་ནས་བསླངས་པའི་སྤོ་ [242B] ཞག་དྲུག་གི་མགུ་བར་བགྱི་བ་སྤྱད་ལགས་ན་དབྱུང་བར་གསོལ། དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ་།དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ ཏེ༑ དགེ་སློང་འཆར་ཀ་འདིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པ་དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་ དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཕྱུང་བ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ་འདི་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་ བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། དགེ་སློང་འཆར་ཀ་འདིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་དགེ་འདུན་ ལས་གཞི་ནས་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ་ཡང་གཞི་ནས་སྤོ་བ་ བསྩལ་ཏེ་འདི་གཞི་ནས་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ནས། དགེ་སློང་འཆར་ཀ་འདིས། དགེ་ [243A]༄༅། །འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་དགེ་འདུན་ལས་གཞི་ནས་བསླང་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ ཀ་འདི། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་ལ་གཞི་ནས་བསླང་བ་སྩལ་ཏེ་དགེ་སློང་འཆར་ཀ་འདིས་དགེ་འདུན་ལྷག་མའི་ལྟུང་བ་ གཞི་ནས་བསླང་བ་སྤྱད་ལགས་ནས། དགེ་འདུན་ལས་ཞག་དྲུག་གི་མགུ་བར་བགྱི་བར་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་ དགེ་འདུན་ལྷག་མའི་ལྟུང་བ་ཕྱུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད་ལགས་པ་ལ་ཞག་དྲུག་གི་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་ པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་ བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད་ལགས། ཞག་དྲུག་གི་མགུ་བར་བགྱི་བ་སྤྱད་ལགས་ནས་དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་ [243B] དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་བའི་དགེ་འདུན་ལྷག་མའི་ ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད་ལགས། ཞག་དྲུག་གི་མགུ་བ་བགྱི་བ་སྤྱད་ལགས་པ་དབྱུང་བར་མཛད་དོ། །འདི་ནི། གསོལ་བའོ། །དེའི་འོག་ཏུ་སྨ་དབབ་པར་བྱ་སྟེ། འཆར་ཀ་ ཁྱོད། དེ་ཅི་སྟེ་དེ་ལྟ་བུར་བྱད་ལེགས་པར་མ་བྱས། ཤིན་ཏུ་མ་བྱས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཆོས་ནི། འདི་ ལྟར། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཅིང། ཞེ་སྡང་དང་བྲལ་བར་བྱ་བ་དང། གཏི་མུག་དང་བྲལ་ བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་བཞིན་དུ། འདི་ལྟ་བུའི་མི་མཛེས་པར་བྱས་སོ་།མི་བླུན་པོ་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་རྣོན་པོ་ ཅན་ལ་ལག་པ་གཉིས་ཀྱིས་བཟུང་བ་ནི། བླའི། ཁྱོད་འདི་ལྟ་བུའི་མི་མཛེས་པ་བྱེད་པ་ནི། དེ་ལྟ་མ་ཡིན་ནོ། འཆར་ཀ། གཉིས་པོ་འདི་དག་ནི། ཆོས་ཀྱི་སྒྲོན་མ་དང། ཆོས་ཀྱི་ [244A]༄༅། །སྣང་བ་དང། ཆོས་ཀྱི་འོད་དང། ཆོས་ཀྱི་གསལ་བ་དང། ཆོས་ཀྱི་སྣང་གསལ་དང། ཆོས་ཀྱི་མར་མེ་དང། ཆོས་ཀྱི་རབ་གསལ་མེད་པར་བྱེད་པ་སྟེ། གཉིས་ གང་ཞེ་ན། གང་ཞིག་ལྟུང་བ་འབྱིན་པ་དང། གང་ཞིག་ལྟུང་བ་བྱུང་ནས་ཕྱིར་ཆོས་བཞིན་མི་འཆོས་པའོ། །གཉིས་ནི། སྡིག་པ་རྩད་ནས་མི་རྐོ། རྒྱུན་ནས་བཟློག་པ་ལ་མི་འབད་ འབབ་ཆུ་དང་འཁྲི་ཤིང་མི་སྐེམ། བདུད་དང་གཡུལ་མི་འགྱེད། བདུད་ཀྱི་རྒྱལ་མཚན་མི་སྙོལ། ཆོས་ཀྱི་རྒྱལ་མཚན་མི་སྒྲེང། དེ་བཞིན་གཤེགས་པའི་ཆོས་དང་མཐུན་པའི་ཆོས་ ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་མི་བསྐོར་བ་ཡིན་ཏེ། གཉིས་གང་ཞེ་ན། གང་ཞིག་ལྟུང་བ་འབྱིན་པ་དང། གང་ཞིག་ལྟུང་བ་བྱུང་ནས་ཕྱིར་ཆོས་བཞིན་དུ་མི་འཆོས་པའོ། །འཆར་ཀ་ ལྟུང་བ་མ་བཤགས་ཤིང་སོ་སོར་མ་བཤགས་པ་འདིས། ཁྱོད་མི་རྟག་པའི་འདུ་ཤེས་དང། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ ཤེས་དང། ཟས་ལ་མི་མཐུན་པའི་འདུ་ཤེས་དང། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང། ཉེས་དམིགས་ཀྱི་འདུ་ཤེས་དང། སྤོང་བའི་འདུ་ཤེས་ དང། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང། འགོག་པའི་འདུ་ཤེས་དང། འཆི་བའི་འདུ་ཤེས་དང། མི་གཙང་བའི་འདུ་ཤེས་དང། རྣམ་པར་སྔོས་པའི་འདུ་ཤེས་ [244B] རྣམ་པར་རྣག་པའི་འདུ་ཤེས་དང། རྣམ་པར་བམ་པའི་འདུ་ཤེས་དང། རྣམ་པར་འབུས་གཞིག་པའི་འདུ་ཤེས་དང། རྣམ་པར་ཟོས་པའི་འདུ་ཤེས་དང། རྣམ་པར་དམར་བའི་འདུ་ ཤེས་དང། རུས་གོང་གི་འདུ་ཤེས་དང། རྣམ་པར་འཐོར་བའི་འདུ་ཤེས་དང། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཀྱི་སྣོད་དུ་མི་འགྱུར་ཞིང། བསམ་གཏན་དང་པོ་དང། གཉིས་པ་ དང། གསུམ་པ་དང། བཞི་པ་དང། བྱམས་པ་དང། སྙིང་རྗེ་དང་དགའ་བ་དང། བཏང་སྙོམས་དང། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཐའ་ཡས་སྐྱེ་ མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང། རྒྱུན་དུ་ཞུགས་པའི་འབྲས་བུ་དང་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་ མི་འོང་བའི་འབྲས་བུ་དང། དགྲ་བཅོམ་པའི་འབྲས་བུ་དང། རྫུ་འཕྲུལ་གྱི་ཡུལ་དང། ལྷའི་རྣ་བ་དང། སེམས་ཀྱི་རྣམ་གྲངས་དང། སྔོན་གྱི་གནས་དང། འཆི་འཕོ་དང་སྐྱེ་བ་ དང། ཟག་པ་ཟད་པ་དག་གི་སྣོད་དུ་མི་འགྱུར་རོ། །འཆར་ཀ། ལྟུང་བ་མི་འཆགས་པ་དང། སོ་སོར་མི་འཆགས་པ་འདིས་ནི། ཁྱོད་འགྲོ་བ་གཉིས་ལས་གང་ཡང་རུང་བ་ཞིག་འདོད་ པར་བྱ་སྟེ། དམྱལ་བའམ། དུད་འགྲོའོ། །བཅོམ་ལྡན་འདས་ཀྱིས་འཆབ་པའི་ལས་ཀྱི་མཐའ་ནི། འགྲོ་བ་གཉིས་པོ། དམྱལ་བའམ། དུད་འགྲོ་ཡིན་ཏེ། གང་དག་ངས་ [245A]༄༅། །གསུངས་པ་ལ་ཡིད་མི་ཆེས་པ་དེ་དག་ནི། འཆབ་པར་སེམས་སོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ཆེད་ དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་འཆར་ཀ་འདིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་ མའི་ལྟུང་བ་ང་བྱུང་བ་ཟླ་བ་ཕྱེད་བཅབས་པ། དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་ མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ཏེ་འདི་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ་ དགེ་སློང་འཆར་ཀ་འདིས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལས་གཞི་ནས་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་དགེ་སློང་འཆར་ཀ་ ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ལ་གཞི་ནས་སྤོ་བ་སྩལ་ཏེ་འདི་གཞི་ནས་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་ མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ནས། དགེ་སློང་འཆར་ཀ་འདིས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་ [245B]དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་ ཡང་གཞི་ནས་བསླང་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་ བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད་ལགས་ཏེ། དགེ་ འདུན་ལས་ཞག་དྲུག་གི་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་ བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་ བའི་གཞི་ནས་བསླང་བ་སྤྱད་ལགས་པ་ལ་ཞག་དྲུག་གི་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ ཕྱུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ [246A]༄༅། །པའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད་ལགས་ཞག་དྲུག་གི་མགུ་བར་བགྱི་བ་སྤྱད་ལགས་ནས། དགེ་འདུན་ལས་དབྱུང་བ་གསོལ་ཏེ། དེའི་སླད་དུ་དགེ་ འདུན་གྱིས་དགེ་སློང་འཆར་ཀ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་ དང་འདྲ་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་བའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད་ལགས། ཞག་དྲུག་གི་མགུ་བར་བགྱི་བ་ སྤྱད་ལགས་པ་དབྱུང་བར་མཛད་ན། ཚེ་དང་ལྡན་པ་གང་དག། དགེ་སློང་འཆར་ཀ་འདི་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་ པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་ བའི་གཞི་ནས་བསླང་བ་སྤྱད་ལགས། ཞག་དྲུག་གི་མགུ་བར་བགྱི་བ་སྤྱད་ལགས་པ་དབྱུང་བར་མཛད་པར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག། གང་དག་མི་བཟོད་ པ་དེ་དག་ནི། གསུངས་ཤིག། འདི་ནི། ལས་བརྗོད་པ་དང་པོ་ཡིན་ཏེ་དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་ [246B]དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པའི་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་ལྟུང་ བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པའི་གཞི་ནས་སྤོ་བ་སྤྱད་ལགས། ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་པའི་ལྟུང་བ་བྱུང་བའི་གཞི་ནས་བསླང་བ་སྤྱད་ལགས། ཞག་དྲུག་གི་མགུ་བར་བགྱི་ བ་སྤྱད་ལགས་པ་དབྱུང་བར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ། །དེའི་འོག་ཏུ་སྤྲོ་བ་བསྐྱེད་པར་བྱ་སྟེ། འཆར་ཀ་ལེགས་པར་བྱས་སོ། །ཤིན་ཏུ་ བྱས་སོ། །སྐྱེས་བུ་དམ་པ་གཉིས་ནི། མཁས་པ། གཉིས་ནི། གསལ་བ་སྟེ། གང་ཞིག་ལྟུང་བ་མི་འབྱིན་པ་དང། གང་ཞིག་ལྟུང་བ་བྱུང་ན་ཕྱིར་ཆོས་བཞིན་བྱེད་པའོ། །གཉིས་པོ་ འདི་དག་ནི། ཆོས་ཀྱི་སྒྲོན་མ་དང། ཆོས་ཀྱི་སྣང་བ་དང། ཆོས་ཀྱི་འོད་དང། ཆོས་ཀྱི་གསལ་བ་དང། ཆོས་ཀྱི་མར་མེ་དང། ཆོས་ཀྱི་རབ་གསལ་འབར་བར་བྱེད་པ་ཡིན་ཏེ། གཉིས་ གང་ཞེ་ན། གང་ཞིག་ལྟུང་བ་མི་འབྱིན་པ་དང། གང་ཞིག་ལྟུང་བ་བྱུང་ན་ཕྱིར་ཆོས་བཞིན་བྱེད་པའོ། །གཉིས་ནི། སྡིག་པ་རྩ་ནས་རྐོ་བ་རྒྱུན་ནས་ཟློག་པ་ལ་འབད་པ། འབབ་ཆུ་དང་ འཁྲི་ཤིང་སྐེམ་པ། བདུད་དང་གཡུལ་འགྱེད་པ། བདུད་ཀྱི་རྒྱལ་མཚན་སྙོལ་བ། ཆོས་ཀྱི་རྒྱལ་མཚན་སྒྲེང་བ། སྡིག་པའི་རྒྱུན་གཅོད་པ། དེ་བཞིན་གཤེགས་པའི་ཆོས་དང་ [247A]༄༅། །མཐུན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་བསྐོར་བ་ཡིན་ཏེ། གཉིས་གང་ཞེ་ན། གང་ཞིག་ལྟུང་བ་མི་འབྱིན་པ་དང། གང་ཞིག་ལྟུང་བ་བྱུང་བ་ན་ཕྱིར་ ཆོས་བཞིན་བྱེད་པའོ། །འཆར་ཀ། ལྟུང་བ་བཤགས་པ་དང། སོ་སོར་བཤགས་པ་འདིས། ཁྱོད་མི་རྟག་པའི་འདུ་ཤེས་དང། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་ སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང། ཟས་ལ་མི་མཐུན་པའི་འདུ་ཤེས་དང། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང། ཉེས་དམིགས་ཀྱི་འདུ་ ཤེས་དང། སྤོང་བའི་འདུ་ཤེས་དང། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང། འགོག་པའི་འདུ་ཤེས་དང། འཆི་བའི་འདུ་ཤེས་དང་མི་གཙང་པའི་འདུ་ཤེས་དང། རྣམ་པར་ སྔོས་པའི་འདུ་ཤེས་དང། རྣམ་པར་རྣག་པའི་འདུ་ཤེས་དང། རྣམ་པར་འབུས་གཞིག་པའི་འདུ་ཤེས་དང། རྣམ་པར་བམ་པའི་འདུ་ཤེས་དང། རྣམ་པར་ཟོས་པའི་འདུ་ཤེས་ དང། རྣམ་པར་དམར་བའི་འདུ་ཤེས་དང། རུས་གོང་གི་འདུ་ཤེས་དང། རྣམ་པར་འཐོར་བའི་འདུ་ཤེས་དང། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་སྣོད་དུ་འགྱུར་ཞིང། བསམ་གཏན་ དང་པོ་དང། གཉིས་པ་དང། གསུམ་པ་དང། བཞི་པ་དང། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་དང། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་ [247B] ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང་རྒྱུན་དུ་ཞུགས་པའི་འབྲས་བུ་དང། ལན་གཅིག་ཕྱིར་འོང་ པའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ་པའི་འབྲས་བུ་དང། རྫུ་འཕྲུལ་གྱི་ཡུལ་དང། ལྷའི་རྣ་བ་དང་སེམས་ཀྱི་རྣམ་གྲངས་དང། སྔོན་གྱི་གནས་དང་ འཆི་འཕོ་དང་སྐྱེ་བ་དང། ཟག་པ་ཟད་པ་རྣམས་ཀྱི་སྣོད་དུ་འགྱུར་རོ། །འཆར་ཀ། ལྟུང་བ་བཤགས་པ་དང། སོ་སོར་བཤགས་པ་འདིས། ཁྱོད་འགྲོ་བ་གཉིས་པོ། ལྷ་དང་མི་ གང་ཡང་རུང་བའི་འགྲོ་བ་འདོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ལས་ཀྱི་མཐའ་མི་འཆབ་པའི་འགྲོ་བ་ནི། གཉིས་ཏེ། ལྷ་དང། མིའོ་།གང་དག་ངས་བཤད་པ་ལ་ཡིད་ཆེས་པ་དེ་ དག་ནི། བཅབས་པར་མི་སེམས་སོ། །ཡང་བཀའ་སྩལ་པ། བཅབས་པ་ཆར་བ་བཞིན་དུ་འབབ། །མ་བཅབས་ཆར་བཞིན་དེ་མི་འབབ། །དེ་བས་བཅབས་པ་བཤགས་བྱ་སྟེ། ། དེ་ལྟ་ན་ནི་དེ་མི་འབབ། །འཆར་ཀ། ཁྱོད་དགེ་འདུན་གྱིས་ཕྱུང་ཟིན་གྱི། བག་ཡོད་པར་སྒྲུབས་ཤིག། དམར་སེར་ཅན་གྱི་གཞི་རྫོགས་སོ།། །།གང་ཟག་གི་ གཞིའི་སྤྱི་སྡོམ་ནི། འཆར་ཀ་དང་ནི་བཏུས་པ་དང། །མཐའ་དང་དེ་བཞིན་གཞན་གྱིས་དང། །ཕྱི་མ་དག་ཏུ་གྱུར་པའོ། །སྡོམ་ལ་འཆར་ཀ་གཞན་གྱིས་དྲན་པ་དང། །འཛེམ་ [248A]༄༅། །དང་ད་གདོད་ཤེས་པ་དང། །གཉིས་དང་གཉིས་དང་བྱས་པའོ། །ལེགས་པར་བྱིན་དང་ཉེས་པར་བྱིན། །མུ་བཞིར་སྨྲ་དང་བརྗོད་པ་དང། །མུ་བཞི་དག་ཏུ་དབྱེ་ བའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་འཆར་ཀ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་ པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ སློང་དག། ཁྱེད་ཀྱིས་དགེ་སློང་འཆར་ཀ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་ཕྱེད་བཅབས་པ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ ཡང་རུང་བ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་བྱིན་ཅིག། ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་ཕྱུང་བ་མ་བཅབས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེའི་ལྟུང་བ་དེ་མ་བཅབས་པ་དང། གཞན་ཡང། དེ་ལྟུང་བུ་དང་མཐུན་པ་སུ་ ཡང་རུང་བ་ལ་ཞག་དྲུག་གི་མགུ་བར་བྱ་བ་བྱིན་ཅིག་ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་གཉིས་བྱུང་བ་དེས་ལྟུང་བ་དེ་གཉིས་སུ་མ་ཤེས་ཏེ་ [248B] ཟླ་བ་གཉིས་སུ་བཅབས་ནས། གཅིག་ནི། དགེ་སློང་རྣམས་ལ་སྨྲས། གཅིག་ནི། མ་སྨྲས་པ་དང། དགེ་འདུན་གྱིས་དེ་ལ་ཟླ་བ་གཉིས་ཀྱི་སྤོ་བ་བྱིན་ དེ་སྤོ་བ་བྱེད་བཞིན་པ་ལས། དེས་དགེ་འདུན་གྱི་ནང་དུ་མ་སྨྲས་པའི་ལྟུང་བ་གང་ཡིན་པ་དེ་ཡང་ཤེས་ནས་སྐབས་དེ། དགེ་སློང་རྣམས་ལ་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེའི་ལྟུང་བ་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ཟླ་བ་གཉིས་པོ་དེ་ཉིད་ཀྱི་ སྤོ་བ་བྱིན་ཏེ། ཇི་ལྟར་ཤེས་པ་དེ་བཞིན་དུ་དྲན་པར་འགྱུར་རོ་།ཡང་གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་གཉིས་བྱུང་བ་དེས། ལྟུང་བ་དེ་གཉིས་ཟླ་བ་གཉིས་སུ་མ་ཤེས་ཏེ་ ཟླ་བ་གཉིས་ལོན་ནས་ཤེས་པ་དང། ཟླ་བ་གཉིས་བཅབས་ཏེ། གཅིག་ནི། དགེ་སློང་རྣམས་ལ་སྨྲས། གཅིག་ནི་མ་སྨྲས་པ་དང། དགེ་འདུན་གྱིས་དེ་ལ་ཟླ་བ་གཉིས་ཀྱི་སྤོ་བ་བྱིན་ཏེ། དེ་ སྤོ་བ་བྱེད་པ་ན། ངོ་ཚ་བའི་ཆོས་སུ་གྱུར་པའི་སྐབས་དེ། དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག། བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་གཉིས་བྱུང་སྟེ། བདག་གིས་ལྟུང་ བ་དེ་གཉིས་ཟླ་བ་གཉིས་སུ་མ་ཤེས་ཏེ། ཟླ་བ་གཉིས་ལོན་ནས་ཤེས་པ་དང་ཟླ་བ་གཉིས་བཅབས་ཏེ། གཅིག་ནི། དགེ་སློང་རྣམས་ལ་སྨྲས་གཅིག་ནི་མ་སྨྲས་པ་དང། དགེ་འདུན་ [249A]༄༅། །གྱིས་བདག་ལ་ཟླ་བ་གཉིས་ཀྱི་སྤོ་བ་སྩལ་ཏེ། བདག་སྤོ་བ་བགྱིད་པ་ན་ངོ་ཚ་བའི་ཆོས་སུ་གྱུར་རོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེའི་ལྟུང་བ་ཇི་ལྟར་བཅབས་པ་དེ་དང། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་སྤོ་བ་ སྦྱིན་ཏེ། ཇི་ལྟར་ཤེས་པ་དེ་བཞིན་དུ་དྲན་པར་འགྱུར་རོ། །ཡང་གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་དེ་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་ འདི་སྐད་ཅེས། ཚེ་དང་ལྡན་པ་དག། བདག་གིས་ཆོས་འདི་ཇི་ལྟར་མདོ་ལས་འབྱུང་ཞིང། མདོའི་ཁོངས་སུ་གཏོགས་པར་ད་གཟོད་ཤེས་སོ་།ཞེས་སྨྲས་ན། གལ་ཏེ་དགེ་སློང་དག་ གིས་ཚེ་དང་ལྡན་པ་འདི། སྔར་གསོ་སྦྱོང་གི་ལས་གཉིས་སམ་གསུམ་ལ་ནི། འདུས་ན། ལན་མང་དུ་ཡང་རེ་སྙམ་ཞེས་བྱ་བར་དེའི་རྒྱུས་ཤེས་ན། ཚེ་དང་ལྡན་པ་དེའི་མི་ཤེས་ན་ ཚེ་དང་ལྡན་པ་དེའི་མི་ཤེས་པས་ཐར་པ་མེད་པ་ཉིད་པས་དེ་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཕྱིར་ཆོས་བཞིན་བྱེད་དུ་གཞུག་ཅིང། ཕྱིས་ཀྱང་འགྱོད་པ་བསྐྱེད་པར་བྱ་སྟེ། ཇི་ལྟར་ཤེས་པ་ དེ་བཞིན་དུ་དྲན་པར་འགྱུར་རོ། །ཡང་གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་དེ་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན། འདི་སྐད་ཅེས། ཚེ་དང་ལྡན་པ་དག་ [249B] མདོའི་ཁོངས་སུ་གཏོགས་པར་ད་གཟོད་ཤེས་སོ། །ཞེས་སྨྲས་ན། གལ་ཏེ་དགེ་སློང་དག་གིས། ཚེ་དང་ལྡན་པ་འདི། སྔར་གསོ་སྦྱོང་གི་ ལས་གཉིས་སམ་གསུམ་ལ་ནི་འདུས་ན། ལན་མང་དུ་ཡང་རེ་སྙམ་ཞེས་བྱ་བར་དེའི་རྒྱུས་མི་ཤེས་ན། ཚེ་དང་ལྡན་པ་དེའི་མི་ཤེས་པས་ཐར་པ་མེད་པ་ཉིད་པས། དེ་ལྟུང་བ་བྱུང་བ་གང་ཡིན་པ་ དེ། ཕྱིར་ཆོས་བཞིན་དུ་བྱེད་དུ་གཞུག་ཅིང། ཕྱིས་འགྱོད་པ་བསྐྱེད་པར་ནི། མི་བྱ་སྟེ། ཇི་ལྟར་ཤེས་པ་དེ་བཞིན་དུ་དྲན་པར་འགྱུར་རོ། །ཡང་གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ བ་དེ། དེས་ཟླ་བ་གཅིག་ཏུ་མ་ཤེས་ཏེ། ཟླ་བ་གཅིག་ལོན་ནས་ཤེས་པ་དང། ཟླ་བ་གཅིག་བཅབས་ཏེ་དགེ་སློང་རྣམས་ལ་སྨྲས་པ་དང། དགེ་འདུན་གྱིས་དེ་ལ་ཟླ་བ་གཉིས་ཀྱི་སྤོ་བ་བྱིན་ཏེ། དེ་ སྤོ་བ་བྱེད་པ་ན་ལྷགས་ཤིང་ལྷགས་པའི་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག། བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེ་བདག་གིས་ཟླ་བ་གཅིག་ཏུ་མ་ཤེས་ཏེ། ཟླ་བ་གཅིག་ ལོན་ནས་ཤེས་པ་དང། ཟླ་བ་གཅིག་ཏུ་བཅབས་ཏེ་དགེ་སློང་རྣམས་ལ་སྨྲས་པ་ལ། དགེ་འདུན་གྱིས་བདག་ལ་ཟླ་བ་གཉིས་ཀྱི་སྤོ་བ་བྱིན་ཏེ། ཚེ་དང་ལྡན་པ། ཟླ་བ་གཅིག་ནི། ལེགས་ བར་བྱིན་ནོ། །ཟླ་བ་གཅིག་ནི། ཉེས་པར་བྱིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་མ་ཡིན་པའི་ལས་འཁྲུགས་པ་ཡིན་ཏེ། ཇི་ལྟར་ཤེས་པ་དེ་བཞིན་དུ་དྲན་བར་འགྱུར་རོ།། །། [250A]༄༅། །འདུལ་བ་གཞི། བམ་པོ་དོན་གཉིས་པ། ཡང་གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེས། ལྟུང་བ་དེ་ཟླ་བ་གཅིག་ཏུ་མ་ཤེས་ཏེ། ཟླ་བ་ གཅིག་ལོན་ནས་ཤེས་པ་དང། མ་བཅབས་པར་དགེ་སློང་རྣམས་ལ་སྨྲས་པ་དང། དགེ་འདུན་གྱིས་དེ་ལ་ཟླ་བ་གཅིག་གི་སྤོ་བ་བྱིན་ཏེ། དེ་སྤོ་བ་བྱེད་པ་ན་ལྷགས་ཤིང་ལྷགས་པའི་དགེ་ སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག། བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་བདག་གིས་ལྟུང་བ་དེ་ཟླ་བ་གཅིག་ཏུ་མ་ཤེས་ཏེ། ཟླ་བ་གཅིག་ལོན་ནས་ཤེས་པ་དང། མ་ བཅབས་པར་དགེ་སློང་རྣམས་ལ་སྨྲས་པ་དང། དགེ་འདུན་གྱིས་བདག་ལ་ཟླ་བ་གཅིག་གི་སྤོ་བ་བྱིན་ཏེ། ཚེ་དང་ལྡན་པ། བདག་ལ་ལེགས་པར་བྱིན་པ་མ་ཡིན་གྱི། ཉེས་པར་བྱིན་པ་ ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ། མགུ་བར་བྱ་བར་འོས་པ་སྟེ། ཇི་ལྟར་ཤེས་པ་དེ་བཞིན་དུ་དྲན་པར་འགྱུར་རོ། །ཡང་གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་ བ་བྱུང་བ་བཤགས་པར་བྱའོ། །ཞེས་མ་བཅབས་པ་ལས་བརྗེད་དོ་།དེས་ལྟུང་བ་དེ་དྲན་ནས་ནི། བཅབས་ཏེ་དགེ་སློང་རྣམས་ལ་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་གང་ཟག་དེའི་ལྟུང་བ་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་སྔ་མ་ [250B]ཡང་གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་བཅབས་པ་བཤགས་པར་བྱའོ། །སྙམ་པ་ལས་བརྗེད་དོ། །དེས་དེ་དྲན་ ནས་ནི། མ་བཅབས་པར་དགེ་སློང་རྣམས་ལ་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེའི་ ལྟུང་བ་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་སྔ་མའི་རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག། ཡང་གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བཅབས་པ་བཤགས་ པར་བྱའོ། །སྙམ་པ་ལས་བརྗེད་དོ། །དེས་དེ་དྲན་ནས་ནི། མ་བཅབས་ཏེ་དགེ་སློང་རྣམས་ལ་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་སྤོ་བ་བྱིན་ཅིག། ཡང་གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་བཤགས་ པར་བྱའོ། །ཞེས་མ་བཅབས་པ་དེའི་ལྟུང་བ་ལས་བརྗེད་དོ། །དེས་དེ་དྲན་ནས་མ་བཅབས་པར་དགེ་སློང་རྣམས་ལ་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེའི་ལྟུང་བ་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ཞག་དྲུག་གི་མགུ་བར་བྱ་བ་བྱིན་ [251A]༄༅། །ཅིག། སྡོམ་ནི། བཏུས་པ་བཅུ་དྲུག་གཉིས་དང་ནི། །ལྔ་དང་བརྒྱད་དང་ཉི་ཤུ་དང། །གསུམ་དང་གསུམ་བརྒྱད་གསུམ་དང་ནི། །བཞི་དང་བཞི་ཆེན་བརྒྱད་དག་དང། ། གནས་ནས་དབྱུང་བརྒྱད་གསུམ་དང་ནི། །སྒོ་ལྔ་དག་ནི་བསྟན་པ་ཡིན། །ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་བཅབས་ནས་བབས་ཏེ། དེ་འོངས་ནས་སླར་བསྙེན་ པར་རྫོགས་ཏེ། དེས་ལྟུང་བ་དེ་བཅབས་བཞིན་དུ་དགེ་སློང་རྣམས་ལ་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ དག། ཁྱེད་ཀྱི་གང་ཟག་དེའི་ལྟུང་བ་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་གཉིས་ཀའི་རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག་ཡང། གང་ཟག་གཞན་ཞིག་དགེ་འདུན་ ལྷག་མའི་ལྟུང་བ་བྱུང་བ་བཅབས་ནས་བབས་ཏེ། དེ་འོངས་ནས་སླར་བསྙེན་པར་རྫོགས་ཏེ། དེས་ལྟུང་བ་དེ་མ་བཅབས་པར་དགེ་སློང་རྣམས་ལ་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེའི་ལྟུང་བ་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་སྔ་མའི་ རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག། ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མ་བཅབས་པར་བབས་ནས་དེ་འོངས་ནས་སླར་བསྙེན་པར་རྫོགས་ཏེ། དེས་ལྟུང་ [251B] དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེའི་ལྟུང་བ་དེ་དང་ གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ཕྱི་མའི་རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག། ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མ་བཅབས་པར་བབས་ནས་ དེ་འོངས་ཏེ་སླར་བསྙེན་པར་རྫོགས་ནས། དེས་ལྟུང་བ་མ་བཅབས་པ་ཉིད་དུ་དགེ་སློང་རྣམས་ལ་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེའི་ལྟུང་བ་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ཞག་དྲུག་གི་མགུ་བར་བྱ་བ་བྱིན་ཅིག་ཇི་ལྟར་ཁྱད་པར་མེད་པས་ བཞི་ཡིན་པ་ཇི་ལྟ་བ་བཞིན་དུ་ཤེས་པས་བཞི་དང། དྲན་པས་བཞི་དང། ཡིད་གཉིས་ཀྱིས་བཞི་ཡང་དེ་བཞིན་ནོ། །རྣམ་གྲངས་འདིས་བཞི་ཚན་གཞན་དག་སྟེ། འོན་ཀྱང་བསྒྲེ་བའི་ཁྱད་པར་ ཡོད་དོ། །ཇི་ལྟར་གང་ཟག་གཞན་ཞིག་བྱ་བ་དེ་བཞིན་དུ་སྤོ་བ་ཞེས་བརྗོད་པར་བྱའོ། །སྤོ་བ་ཇི་ལྟ་བ་དེ་བཞིན་དུ་སྤོ་བ་སྤྱད་པ་དང། མགུ་བར་བྱ་བ་སྤྱོད་པ་དང། བསླབ་པ་བྱིན་པའི་བཞི་ ཚན་དུ་སྦྱར་བར་བྱའོ། །བབས་པ་ཇི་ལྟ་བ་བཞིན་དུ་དགེ་ཚུལ་ཉིད་དུ་ཁས་བླངས་པ་དང། སྨྱོས་པ་ཉིད་དང་སེམས་འཁྲུགས་པ་ཉིད་དང། ཚོར་བས་ཉེན་པ་ཉིད་དང། མ་མཐོང་བས་ [252A]༄༅། །གནས་ནས་དབྱུང་བ་ཉིད་དང། ཕྱིར་མི་བྱེད་པས་གནས་ནས་དབྱུང་བ་ཉིད་དང། སྡིག་པ་ཅན་གྱི་ལྟ་བ་ལོག་པར་སོང་བ་མི་འདོར་བས་གནས་ནས་དབྱུང་བ་ཉིད་ལ་ ཡང་དེ་བཞིན་དུ་རྒྱས་པར་སྦྱར་བར་བྱའོ། །ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་གཉིས་བྱུང་བ་བཅབས་པ་དང་མ་བཅབས་པར་བབས་ཏེ། དེ་འོངས་ནས་སླར་བསྙེན་ པར་རྫོགས་ཏེ། དེས་བཅབས་ནས་བབས་པ་གང་ཡིན་པ་དེ། བཅབས་བཞིན་དུ་དགེ་སློང་རྣམས་ལ་སྨྲས་པ། མ་བཅབས་པ་གང་ཡིན་པ་དེ་ཡང་མ་བཅབས་པར་དགེ་སློང་རྣམས་ལ་ སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེའི་ལྟུང་བ་དེ་དང། གཞན་ཡང། དེ་ ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་གཅིག་གི་སྔ་མ་དང་ཕྱི་མ་དང་གཉིས་ཀའི་རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག་།ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་གཉིས་ བྱུང་བ་བཅབས་པ་དང། མ་བཅབས་པར་བབས་ཏེ་འོངས་ནས་སླར་བསྙེན་པར་རྫོགས་ཏེ། དེས་བཅབས་ནས་བབས་པ་གང་ཡིན་པ་དེ་མ་བཅབས་པར་དགེ་སློང་རྣམས་ལ་སྨྲས། མ་བཅབས་ པ་གང་ཡིན་པ་དེ་མ་བཅབས་པར་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེའི་ [252B] གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ། གཅིག་གི་ནི། སྔ་མའི་རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག་གཅིག་ནི། ཞག་དྲུག་གི་མགུ་བར་བྱ་བ་བྱིན་ཅིག། ཡང་གང་ ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་གཉིས་བྱུང་བ་བཅབས་པ་དང་མ་བཅབས་པར་བབས་ཏེ། དེ་འོངས་ནས་སླར་བསྙེན་པར་རྫོགས་ཏེ། དེས་བཅབས་པ་གང་ཡིན་པ་དེ་མ་བཅབས་ པར་དགེ་སློང་རྣམས་ལ་སྨྲས། མ་བཅབས་པ་གང་ཡིན་པ་དེ་བཅབས་ནས་དགེ་སློང་རྣམས་ལ་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེའི་ལྟུང་བ་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་གཅིག་ནི། སྔོན་གྱི་རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག། གཅིག་གི་ ནི། ཕྱི་མའི་རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག། ཡང། གང་ཟག་གཞན་ཞིག་གིས་དགེ་འདུན་ལྷག་མའི་ལྟུང་བ་གཉིས་བྱུང་བ་བཅབས་པ་དང་མ་བཅབས་པར་བབས་ཏེ། དེ་འོངས་ནས་ སླར་བསྙེན་པར་རྫོགས་ཏེ། དེས་བཅབས་ནས་བབས་པ་གང་ཡིན་པ་དེ་མ་བཅབས་པར་དགེ་སློང་རྣམས་ལ་སྨྲས། མ་བཅབས་པ་གང་ཡིན་པ་དེ་མ་བཅབས་པར་ཁོ་ནར་དགེ་སློང་རྣམས་ལ་ སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེའི་ལྟུང་བ་དེ་དང། གཞན་ཡང། དེ་ [253A]༄༅། །ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་གཅིག་གི་ནི་སྔོན་གྱི་རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག་གཅིག་གི་ནི། ཞག་དྲུག་གི་མགུ་བར་བྱ་བ་བྱིན་ཅིག་བབས་པ་ཇི་ལྟ་བ་ བཞིན་དུ་སྤོ་བ་དང། སྤོ་བ་སྤྱད་པ་དང། མགུ་བར་བྱ་བ་དང་མགུ་བར་བྱ་བ་སྤྱོད་པ་དང། བསླབ་པ་བྱིན་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །བབས་པ་ཇི་ལྟ་བ་བཞིན་དུ་དགེ་ ཚུལ་ཉིད་དུ་ཁས་བླངས་པ་དང། སྨྱོས་པ་ཉིད་དང། སེམས་འཁྲུགས་པ་ཉིད་དང། ཚོར་བས་ཉེན་པ་ཉིད་དང། མ་མཐོང་བས་གནས་ནས་དབྱུང་བ་ཉིད་དང། ཕྱིར་མི་བྱེད་པས་གནས་ ནས་དབྱུང་བ་ཉིད་དང། སྡིག་པ་ཅན་གྱི་ལྟ་བར་སོང་བ་མི་འདོར་བས་གནས་ནས་དབྱུང་བ་ཉིད་ལ་ཡང་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་ མའི་ལྟུང་བ་ཚད་དང་ལྡན་པ་བྱུང་བ་བཅབས་པ་དེ། དགེ་འདུན་གྱིས་མ་མཐོང་བས་གནས་ནས་དབྱུང་བ་བྱས་ཏེ་བསླང་ཟིན་པ་དེས་ལྟུང་བ་རྣམས་བཅབས་ནས་དགེ་སློང་རྣམས་ལ་སྨྲས་ པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེ་དང། གཞན་ཡང། དེ་ལྟ་བུ་དང་ མཐུན་པ་སུ་ཡང་རུང་བ་ལ་ལྟུང་བ་དེ་རྣམས་ཚད་དང་ལྡན་པའོ། །ཞེས་བྱོས་ལ། སྔ་མ་དང་ཕྱི་མ་གཉིས་ཀའི་རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག། ཡང། གང་ཟག་གཞན་ཞིག་ [253B]བཅབས་པ་དེ། དགེ་འདུན་གྱིས་མ་མཐོང་བས་གནས་ནས་དབྱུང་བ་བྱས་ཏེ་བསླང་ཟིན་པ་དེས། ལྟུང་བ་དེ་རྣམས་མ་བཅབས་པར་དགེ་སློང་རྣམས་ ལ་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་ སུ་ཡང་རུང་བ་ལ་ལྟུང་བ་དེ་རྣམས་ཚད་དང་ལྡན་པའོ། །ཞེས་བྱོས་ལ་སྔོན་གྱི་རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག་ཡང་གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་ཚད་དང་ལྡན་པ་བྱུང་བ་ མ་བཅབས་པ་དེ། དགེ་འདུན་གྱིས་མ་མཐོང་བས་གནས་ནས་དབྱུང་བ་བྱས་ཏེ་བསླང་ཟིན་པ་དེས། ལྟུང་བ་དེ་རྣམས་བཅབས་ཏེ་དགེ་སློང་རྣམས་ལ་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེ་དང། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ལྟུང་བ་དེ་རྣམས་ཚད་དང་ལྡན་ པའོ། །ཞེས་བྱོས་ལ། ཕྱི་མའི་རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག། ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་ཚད་དང་ལྡན་པ་བྱུང་བ་མ་བཅབས་པ་དེ། དགེ་འདུན་ གྱིས་མ་མཐོང་བས་གནས་ནས་དབྱུང་བ་བྱས་ཏེ་བསླང་ཟིན་པ་དེས་ལྟུང་བ་དེ་རྣམས་མ་བཅབས་པར་དགེ་སློང་རྣམས་ལ་སྨྲས་པ་དང་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ་ [254A]༄༅། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ལྟུང་བ་དེ་རྣམས་ཚད་དང་ལྡན་ པའོ། །ཞེས་བྱོས་ལ། ཞག་དྲུག་གི་མགུ་བར་བྱ་བ་བྱིན་ཅིག། ཚད་དང་ལྡན་པ་ཇི་ལྟ་བ་བཞིན་དུ་ཚད་དང་མི་ལྡན་པ་ཡང་དེ་བཞིན་ནོ། །མ་མཐོང་བས་གནས་ནས་དབྱུང་བ་བརྒྱད་ཡིན་པ་ཇི་ལྟ་བ་ བཞིན་དུ། ཕྱིར་མི་བྱེད་པས་གནས་ནས་དབྱུང་བ་བརྒྱད་དང། སྡིག་པ་ཅན་གྱི་ལྟ་བར་སོང་བ་མི་འདོར་བས་གནས་ནས་དབྱུང་བ་བརྒྱད་ཀྱང་དེ་བཞིན་ནོ། །སྤོ་བ་པོའི་གང་ཟག་དགེ་འདུན་ལྷག་ མའི་ལྟུང་བ་བྱུང་ནས་བབས་ཏེ། དེ་འོངས་ནས་སླར་བསྙེན་པར་རྫོགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ མ་སྤྱད་པ་སྤྱོད་དུ་ཆུག་ཅིག་དང་སྤོ་བ་སྤྱད་པར་འགྱུར་རོ་།བབས་པ་ཇི་ལྟ་བ་བཞིན་དུ་དགེ་ཚུལ་ཉིད་དུ་ཁས་བླངས་པ་དང་སྨྱོས་པ་ཉིད་དང། སེམས་འཁྲུགས་པ་ཉིད་དང། ཚོར་བས་ཉེན་ པ་ཉིད་དང། མ་མཐོང་བས་གནས་ནས་ཕྱུང་བ་ཉིད་དང། སླར་མི་བྱེད་པས་གནས་ནས་ཕྱུང་བ་ཉིད་ཀྱང་དེ་བཞིན་ནོ། །གང་ཟག་སྤོ་བ་སྤྱད་ཟིན་པ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ནས་ བབས་ཏེ། དེ་འོངས་ནས་སླར་བསྙེན་པར་རྫོགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་དེས་ [254B] དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་མགུ་བར་བྱ་བ་བྱིན་ཅིག། བབས་པ་ཇི་ལྟ་བ་བཞིན་དུ་དགེ་ཚུལ་ཉིད་དུ་ཁས་བླངས་པ་དང་ཞེས་བྱ་བ་ནས་སྡིག་པ་ཅན་གྱི་ལྟ་བར་ སོང་བ་མི་འདོར་བས་གནས་ནས་ཕྱུང་བ་ཉིད་ཀྱི་བར་དུ་བསྒྲེ་བ་ཡང་གོང་མ་ལྟ་བུ་དེ་ཉིད་ཡིན་ནོ། །གང་ཟག་མགུ་བར་བྱ་བ་སྤྱོད་པ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ནས་བབས་ཏེ། དེ་འོངས་ནས་སླར་ བསྙེན་པར་རྫོགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་སྤྱད་པ་སྤྱོད་དུ་ཆུག་ཅིག་དང་མགུ་བར་བྱ་བ་སྤྱོད་པར་ འགྱུར་རོ། །བབས་པ་ཇི་ལྟ་བ་བཞིན་དུ་བསྒྲེ་བ་གོང་མ་ལྟ་བུ་དེ་ཉིད་ཡིན་ནོ། །གང་ཟག་མགུ་བ་སྤྱད་ཟིན་པ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ནས་བབས་ཏེ། དེ་འོངས་ནས་སླར་བསྙེན་པར་རྫོགས་ པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་མགུ་བར་བྱ་བ་སྤྱད་ཟིན་པ་ཉིད་པས་འདི་ཕྱུང་ཞིག་ བབས་པ་ཇི་ལྟ་བ་བཞིན་དུ་བསྒྲེ་བ་གོང་མ་ལྟ་བུ་དེ་ཉིད་ཡིན་ནོ། །མ་མཐོང་བས་གནས་ནས་ཕྱུང་བའི་གང་ཟག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མ་བཅབས་པ་དེ། དགེ་འདུན་གྱིས་གནས་ནས་ཕྱུང་ སྟེ་བསླང་ཟིན་པ་དེས། ལྟུང་བ་དེ་བཅབས་ནས། དགེ་སློང་རྣམས་ལ་སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ [255A]༄༅། །དག། ཁྱེད་ཀྱིས་གང་ཟག་དེའི་ལྟུང་བ་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ཕྱི་མའི་རྒྱུད་ནས་བཟུང་སྟེ་སྤོ་བ་བྱིན་ཅིག། མ་མཐོང་བས་གནས་ནས་ ཕྱུང་བའི་གང་ཟག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མ་བཅབས་པ་དེ། དགེ་འདུན་གྱིས་མ་མཐོང་བས་གནས་ནས་ཕྱུང་སྟེ་བསླང་ཟིན་པ་དེས་ལྟུང་བ་དེ་མ་བཅབས་པར་དགེ་སློང་རྣམས་ལ་ སྨྲས་པ་དང། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་ སུ་ཡང་རུང་བ་ལ་ཞག་དྲུག་གི་མགུ་བར་བྱ་བ་བྱིན་ཅིག། ཁྱད་པར་མེད་པས་གཉིས་ཡིན་པ་དེ་བཞིན་དུ་ཤེས་པས་གཉིས་དང། དྲན་པས་གཉིས་དང། ཡིད་གཉིས་ཀྱིས་གཉིས་ཀྱང་དེ་བཞིན་ ནོ། །མ་མཐོང་བས་གནས་ནས་ཕྱུང་བ་བརྒྱད་ཡིན་པ་ཇི་ལྟ་བ་བཞིན་དུ་སླར་མི་བྱེད་པས་གནས་ནས་ཕྱུང་བ་བརྒྱད་དང། སྡིག་པ་ཅན་གྱི་ལྟ་བར་སོང་བ་མི་འདོར་བ་གནས་ནས་ཕྱུང་བ་བརྒྱད་ཀྱང་ དེ་བཞིན་ནོ། །སྡོམ་ལ། བརྩམས་པ་བཅུ་གཉིས་དག་དང་ནི། །དགུ་པ་ཐམས་ཅད་ནག་པོ་དང། །ཟུང་དགུ་དག་ཏུ་བྱས་པ་དང། །ཚིག་བཅུ་དང་ནི་ལྔ་པའོ། །ཡང། གང་ཟག་གཞན་ ཞིག་དགེ་འདུན་ལྷག་མའི་ལྟུང་བ་ཚད་མེད་པ་དང་ལྡན་པ་བྱུང་བ་བཅབས་ཏེ། དེས་ལྟུང་བ་དེ་རྣམས་ཀྱི་བརྩམས་པ་ནི། ཤེས་ཀྱི་ཞག་གི་མཐའ་ནི། མི་ཤེས་པའི་སྐབས་དེ། དགེ་ [255B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ ལྟུང་བ་དེ་རྣམས་ཚད་དང་མི་ལྡན་པའོ། །ཞེས་བྱོས་ལ། དག་པའི་མཐའ་ཅན་གྱི་སྤོ་བ་བྱིན་ཅིག། ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་ཚད་མེད་པ་དང་ལྡན་པ་བྱུང་བ་བཅབས་ ནས་དེས་ལྟུང་བ་དེ་རྣམས་ཀྱི་ཞག་གི་མཐའ་ནི། ཤེས་ཀྱི། ལྟུང་བ་བརྩམས་པ་ནི། མི་ཤེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེ་དང་གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ལྟུང་བ་དེ་རྣམས་ཚད་མེད་པ་དང་ལྡན་པའོ། །ཞེས་བྱོས་ལ། ཇི་ལྟར་ ཤེས་པ་རྣམས་ཀྱི་སྤོ་བ་བྱིན་ཅིག། ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་ཚད་མེད་པ་དང་ལྡན་པ་བྱུང་བ་བཅབས་ནས་དེ་ལྟུང་བ་དེ་རྣམས་ཀྱི་བརྩམས་པ་ཡང་མི་ཤེས་ ཞག་གི་མཐའ་ཡང་མི་ཤེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེ་ དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་ལྟུང་བ་དེ་རྣམས་ཚད་མེད་པ་དང་ལྡན་པའོ། །ཞེས་བྱོས་ལ། དག་པའི་མཐའ་ཅན་གྱི་སྤོ་བ་བྱིན་ཅིག། ཡང། གང་ཟག་གཞན་ [256A]༄༅། །ཞིག་དགེ་འདུན་ལྷག་མའི་ལྟུང་བ་ཚད་མེད་པ་དང་ལྡན་པ་བྱུང་བ་བཅབས་ནས། དེས་ལྟུང་བ་དེ་རྣམས་ཀྱི་བརྩམས་པ་ཡང་ཤེས། ཞག་གི་མཐའ་ཡང་ཤེས་པའི་སྐབས་དེ་ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་གང་ཟག་དེ་དང། གཞན་ཡང། དེ་ལྟ་བུ་དང་མཐུན་པ་ སུ་ཡང་རུང་བ་ལ་ལྟུང་བ་དེ་རྣམས་ཚད་མེད་པ་དང་ལྡན་པའོ་།ཞེས་བྱོས་ལ། ཇི་ལྟར་བཅབས་པ་རྣམས་ཀྱི་སྤོ་བ་བྱིན་ཅིག། ཤེས་པ་བཞི་ཡིན་པ་ཇི་ལྟ་བ་བཞིན་དུ་དྲན་པ་བཞི་དང་ ཡིད་གཉིས་བཞི་ཡང་དེ་བཞིན་ནོ། །ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་ འོས་པས་སྤོ་བ་བྱིན་ཏེ། དེ་སྤོ་བ་བྱེད་བཞིན་པ་ལས། དེ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་དེ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་སྤོ་བ་བྱིན་ཏེ། དེ་གཞི་ནས་སྤོ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་ བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་བསླང་བ་དང། མགུ་བར་བྱ་བ་ཡང་ཆོས་མ་ཡིན་པས་བྱིན་ལ། ཕྱུང་བ་ཡང་ཆོས་ [256B] གང་ཟག་འདི་ནི། ཐམས་ཅད་ནག་པོ་ཞེས་བྱ་སྟེ། མ་དག་པ་མ་བསླང་བ་སྟེ། ལྟུང་བ་དེ་ལས་ཡོངས་སུ་མ་གྲོལ་ལོ། །ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་ བྱུང་བ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་སྤོ་བ་བྱིན་ཏེ། དེ་སྤོ་བ་བྱེད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་ བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་སྤོ་བ་བྱིན་ཏེ། དེ་གཞི་ནས་སྤོ་བ་བྱེད་བཞིན་པ་ལས། དགེ་ འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་གཞི་ནས་བསླང་བ་དང་མགུ་བར་ བྱ་བ་ཡང་ཆོས་མ་ཡིན་པས་བྱིན་ལ། ཕྱུང་པ་ཡང་ཆོས་མ་ཡིན་པས་བྱས་ན། གང་ཟག་འདི་ནི། ཕལ་ཆེར་ནག་པོ་ཞས་བྱ་སྟེ། མ་དག་པ་མ་བསླང་བ་སྟེ། ལྟུང་བ་དེ་ལས་ཡོངས་སུ་མ་གྲོལ་ ལོ༑ ༑ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་སྤོ་བ་བྱིན་དེ་སྤོ་བ་བྱེད་བཞིན་ པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་གཞི་ནས་ [257A]༄༅། །སྤོ་བ་བྱིན་ཏེ། དེ་གཞི་ནས་སྤོ་བ་བྱེད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་བསླང་བ་དང། མགུ་བར་བྱ་བ་ཡང་ཆོས་མ་ཡིན་པས་བྱིན་ལ། ཕྱུང་བ་ཡང་ཆོས་མ་ཡིན་པས་བྱས་ན། གང་ཟག་འདི་ནི། ཕྱེད་ནག་ པ་ཞེས་བྱ་སྟེ། མ་དག་པ་མ་བསླང་བ་སྟེ། ལྟུང་བ་དེ་ལས་ཡོངས་སུ་མ་གྲོལ་ལོ། །ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ ལས་མི་འཁྲུགས་པ་གཞག་པར་མི་འོས་པས་སྤོ་བ་བྱིན་ཏེ། དེ་སྤོ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་དེ་ལ། དགེ་འདུན་ གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་གཞི་ནས་སྤོ་བ་བྱིན་ཏེ། དེ་གཞི་ནས་སྤོ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་ བྱུང་བ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ཡང་གཞི་ནས་བསླང་བ་བྱིན་ཏེ། མགུ་བར་བྱ་བ་ཡང་ཆོས་ཀྱིས་བྱས་ལ། ཕྱུང་བ་ནི། ཆོས་མ་ ཡིན་པས་ན། གང་ཟག་འདི་ནི། ཕྱོགས་གཅིག་ནག་པོ་ཞེས་བྱ་སྟེ། མ་དག་པ་མ་བསླང་བ་སྟེ། ལྟུང་བ་དེ་ལས་ཡོངས་སུ་མ་གྲོལ་ལོ་།ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་ [257B] དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་སྤོ་བ་བྱིན་ཏེ། དེ་སྤོ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་གཞི་ནས་སྤོ་བ་བྱིན་ཏེ། དེ་གཞི་ནས་སྤོ་བ་བྱེད་བཞིན་པ་ལས། དགེ་འདུན་ ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ཡང་གཞི་ནས་བསླང་ལ་མགུ་བར་བྱ་བ་ཡང་ ཆོས་ཀྱིས་བྱིན། ཕྱུང་བ་ཡང་ཆོས་ཀྱིས་བྱིན་ན། གང་ཟག་འདི་ནི། ནག་པོ་དང་བྲལ་བ་ཞེས་བྱ་སྟེ། དག་པ་བསླང་བ་སྟེ། ལྟུང་བ་དེ་ལས་ཡོངས་སུ་གྲོལ་ལོ། །ཡང། གང་ཟག་གཞན་ཞིག་དགེ་ འདུན་ལྷག་མའི་ལྟུང་བ་བྱུང་བ་མ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་མགུ་བར་བྱ་བ་བྱིན་ཏེ། དེ་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་ འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་མ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་མགུ་བར་བྱ་བ་ བྱིན་ཏེ། དེ་གཞི་ནས་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་མ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་མ་ཡིན་པའི་ [258A]༄༅། །ལས་འཁྲུགས་པ་གཞག་པར་འོས་པས་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཆོས་མ་ཡིན་པས་བྱིན་ལ། ཕྱུང་བ་ཡང་ཆོས་མ་ཡིན་པས་བྱས་ན། གང་ཟག་འདི་ནི་ ཐམས་ཅད་ནག་པོ་ཞེས་བྱ་སྟེ། མ་དག་པ་མ་བསླང་བ་སྟེ། ལྟུང་བ་དེ་ལས་ཡོངས་སུ་མ་གྲོལ་ལོ། །ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མ་བཅབས་པ་དེ་ལ། དགེ་ འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་མགུ་བར་བྱ་བ་བྱིན་ཏེ། དེ་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་ འདྲ་བར་བྱུང་བ་མ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་མགུ་བར་བྱ་བ་བྱིན་ཏེ། དེ་གཞི་ནས་མགུ་བར་བྱ་བ་བྱེད་བཞིན་ པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་མ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་ཡང་གཞི་ནས་ བསླང་ནས་མགུ་བར་བྱ་བ་བྱིན་ལ། ཕྱུང་བ་ཡང་ཆོས་མ་ཡིན་པས་བྱས་ན། གང་ཟག་འདི་ནི། ཕལ་ཆེར་ནག་པོ་ཞེས་བྱ་སྟེ། མ་དག་པ་མ་བསླང་པ་སྟེ། ལྟུང་བ་དེ་ལས་ཡོངས་སུ་མ་གྲོལ་ ལོ༑ ༑ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་མགུ་བར་བྱ་བ་བྱིན་ཏེ་ [258B] དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་མ་བཅབས་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་ པས་གཞི་ནས་མགུ་བར་བྱ་བ་བྱིན་ཏེ། དེ་གཞི་ནས་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་མ་བཅབས་པ་དེ་ལ་དགེ་འདུན་གྱིས་ ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་བྱིན་ལ། ཕྱུང་བ་ནི། ཆོས་མ་ཡིན་པས་བྱས་ན། གང་ཟག་འདི་ནི། ཕྱེད་ནག་པོ་ཞེས་བྱ་སྟེ། མ་ དག་པ་མ་བསླང་བ་སྟེ། ལྟུང་བ་དེ་ལས་ཡོངས་སུ་མ་གྲོལ་ལོ་།ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་ པ་གཞག་པར་མི་འོས་པས་མགུ་བར་བྱ་བ་བྱིན་ཏེ། དེ་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་མ་བཅབས་པ་དེ་ལ། དགེ་ འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་གཞི་ནས་མགུ་བར་བྱ་བ་བྱིན་ཏེ། དེ་གཞི་ནས་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་མ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཡིན་ལ། ཕྱུང་བ་ནི། ཆོས་མ་ [259A]༄༅། །ཡིན་པས་བྱས་ན། གང་ཟག་འདི་ནི། ཕྱོགས་གཅིག་ནག་པོ་ཞེས་བྱ་སྟེ། མ་དག་པ་མ་བསླང་བ་སྟེ། ལྟུང་བ་དེ་ལས་ཡོངས་སུ་མ་གྲོལ་ལོ། །ཡང། གང་ཟག་གཞན་ཞིག་ དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་མགུ་བར་བྱ་བ་བྱིན་ཏེ། དེ་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་ འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་མ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་གཞི་ནས་མགུ་བར་བྱ་བ་བྱིན་ ཏེ༑ དེ་གཞི་ནས་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་མ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་ཀྱི་ལས་མི་འཁྲུགས་པ་ གཞག་པར་མི་འོས་པས་ཡང་གཞི་ནས་བསླང་ནས་མགུ་བར་བྱ་བ་བྱིན་ཏེ། ཕྱུང་བ་ཡང་ཆོས་ཀྱིས་བྱས་ན། གང་ཟག་འདི་ནི། ནག་པོ་དང་བྲལ་བ་ཞེས་བྱ་སྟེ། དག་པ་བསླང་བ་སྟེ། ལྟུང་བ་ དེ་ལས་ཡོངས་སུ་གྲོལ་ལོ། །གང་ཟག་གཉིས་ཤིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ནས་བཤགས་པར་བྱའོ། །བཤགས་པར་བྱའོ། །སྙམ་པ་ལས། དེ་ན་གཅིག་གིས་ནི། བཤགས་ གཅིག་ཤོས་ཀྱིས་ནི། མ་བཤགས་ན། དེ་ལ་མ་བཤགས་པ་གང་ཡིན་པ་དེ། འདུལ་བ་ལས་འགལ་བའི་ཉེས་བྱས་རབ་ཏུ་མང་པོའི་ལྟུང་བ་འཆགས་སུ་བཅུག་ལ། དེའི་འོག་ཏུ་སྤོ་བ་ [259B] གཞི་ནས་སྤོ་བ་དང། མགུ་བར་བྱ་བ་བྱིན་ནས་དབྱུང་བར་བྱའོ། །ཡང། གང་ཟག་གཉིས་ཤིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ནས། དེ་གཉིས་གནས་དེ་ཉིད་དུ་གང་ཟག་གི་མདུན་དུ་བཤགས་ པར་བྱའོ། །བཤགས་པར་བྱའོ། །སྙམ་པ་ལས། དེ་ན་གཅིག་གིས་ནི་བཤགས་ལ། གཅིག་ཤོས་ཀྱིས་ནི། མ་བཤགས་ན། དེ་ལ་མ་བཤགས་པ་གང་ཡིན་པ་དེ། འདུལ་བ་ལས་འགལ་ བའི་ཉེས་བྱས་རབ་ཏུ་མང་པོའི་ལྟུང་བ་འཆགས་སུ་བཅུག་ལ་དེའི་འོག་ཏུ་སྤོ་བ་དང། གཞི་ནས་སྤོ་བ་དང། མགུ་བར་བྱ་བ་བྱིན་ཏེ་དབྱུང་བར་བྱའོ། །གང་ཟག་གཅིག་གི་དྲུང་དུ་ཇི་ལྟ་བ་བཞིན་དུ་གཉིས་ ཀྱི་འམ། མང་པོའི་འམ། དགེ་འདུན་གྱི་ཡང་དེ་བཞིན་ནོ། །གནས་དེ་ཉིད་དུ་ཇི་ལྟ་བར་གནས་གཞན་ཡང་དེ་བཞིན་ནོ། །ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བཅབས་པ་དེ་ ལ༑ དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་སྤོ་བ་བྱིན་ཏེ། དེ་སྤོ་བ་བྱེད་བཞིན་པ་ལས། ལྟུང་བ་གཞན་ཤེས་ཏེ། དེས་དགེ་འདུན་གྱི་ནང་དུ་མ་སྨྲས་པའི་ལྟུང་ བ་གང་ཡིན་པ་དེ་ཡང་ཤེས། དེས་དགེ་འདུན་གྱི་ནང་དུ་སྨྲས་པའི་ལྟུང་བ་གང་ཡིན་པ་དེ་ཡང་ཤེས་ནས། དེས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག། བདག་ལ་དགེ་འདུན་ལྷག་ མའི་ལྟུང་བ་བྱུང་བ་བཅབས་པ་དང། བདག་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་སྤོ་བ་བྱིན་ཏེ། བདག་སྤོ་བ་བྱེད་བཞིན་པ་ལས། ལྟུང་བ་གཞན་ [260A]༄༅། །ཤེས་ཏེ། བདག་གིས་དགེ་འདུན་གྱི་ནང་དུ་མ་སྨྲས་པ་གང་ཡིན་པ་དང། བདག་གིས་ལྟུང་བ་གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་ འོས་པས་སྤོ་བ་བྱིན་པ་གང་ཡིན་པའི་ལྟུང་བ་དེ་ཡང་བདག་གིས་ཤེས་ཀྱི། ཚེ་དང་ལྡན་པ་དག། བདག་གི་ལྟུང་བ་སྔ་མ་དེ་དང་ཕྱི་མ་འདི་ལ་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་ པར་མི་འོས་པས་སྤོ་བ་ལེགས་པར་སྩལ་དུ་གསོལ། དགེ་སློང་དེ་རྣམས་ཀྱིས་དེའི་ལྟུང་བ་སྔ་མ་ལ་ནི། ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་སྤོ་བ་བྱིན། ཕྱི་མ་དེ་ལ་ནི་ ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་སྤོ་བ་བྱིན་ཏེ་དེ་སྤོ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ ནས། དེས་དེའི་ལྟུང་བ་གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་སྤོ་བ་བྱིན་པ་དེ་ཤེས་ནས། དེས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་ དག། བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་བཅབས་པ་དང་བདག་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་སྤོ་བ་བྱིན་ཏེ། བདག་སྤོ་བ་ བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། བདག་གིས་ལྟུང་བ་བར་མ་དེ་དང། བདག་གིས་གང་ལ་དགེ་འདུན་གྱིས་ [260B]བྱིན་པ་ཡང་ཤེས་ཀྱི། ཚེ་དང་ལྡན་པ་དག། བདག་གིས་ལྟུང་བ་སྔ་མ་དེ་ལ་སྤོ་བ་དང། ལྟུང་བ་བར་མ་དེ་ལ་གཞི་ནས་སྤོ་བ་ཆོས་ཀྱི་ ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ལེགས་པར་སྩལ་དུ་གསོལ་དགེ་སློང་དེ་རྣམས་ཀྱིས་དེའི་ལྟུང་བ་སྔ་མ་ལ་ནི། ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་སྤོ་བ་བྱིན་ ལྟུང་བ་བར་མ་དེ་ལ་ནི། ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་སྤོ་བ་བྱིན་ཏེ། དེ་གཞི་ནས་སྤོ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ཏེ། དེས་ཡང་བཟླས་ཏེ་བྱུང་བའི་ལྟུང་བ་དེ་ཡང་ཤེས། ལྟུང་བ་བར་མ་གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་ གཞི་ནས་སྤོ་བ་བྱིན་པས་ཡང་ཤེས་ནས། དེས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག། བདག་གིས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པ་ ཤེས་ཏེ། བདག་གིས་དེ་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་སྤོ་བ་བྱིན་ནས། བདག་གཞི་ནས་སྤོ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་ མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ཏེ། བདག་གིས་ཡང་བཟླས་པའི་ལྟུང་བ་དེ་ཡང་ཤེས། ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་པས་བདག་གིས་ [261A]༄༅། །དེ་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་སྤོ་བ་བྱིན་པ་དེ་ཡང་ཤེས་ཀྱི། ཚེ་དང་ལྡན་པ་དག་བདག་གི་ལྟུང་བ་བར་ མ་དེ་ལ་གཞི་ནས་སྤོ་བ་དང། ཡང་བཟླས་ཏེ་བྱུང་བ་འདི་ལ་ཡང་གཞི་ནས་བསླང་བ་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ལེགས་པར་སྩལ་དུ་གསོལ། དགེ་སློང་དེ་རྣམས་ཀྱིས་ དེའི་ལྟུང་བ་སྔ་མ་ལ་ནི། ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་གཞི་ནས་སྤོ་བ་བྱིན། ཡང་བཟླས་པའི་ལྟུང་བ་དེ་ལ་ནི། ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་ པ་གཞི་ནས་བསླང་བ་བྱིན་ནོ། །ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེ་ལ། དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་མགུ་བར་ བྱ་བ་བྱིན་ཏེ། དེ་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་དང། དེས་ལྟུང་བ་བར་མ་དེ་དང། གང་ལ་དགེ་འདུན་ གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་མགུ་བར་བྱ་བ་བྱིན་པ་ཡང་ཤེས་ནས། དེས་དགེ་སློང་རྣམས་ལ་སྨྲས་པ་ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་ མའི་ལྟུང་བ་བྱུང་བ་མ་བཅབས་ཏེ། བདག་གིས་དེ་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་མགུ་བར་བྱ་བ་བྱིན་ཏེ། བདག་མགུ་བར་བྱ་བ་བྱེད་བཞིན་ [261B] དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་མ་བཅབས་ཏེ། བདག་གིས་ལྟུང་བ་བར་མ་དང་བདག་གིས་ལྟུང་བ་གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ ལས་འཁྲུགས་པ་གཞག་པར་འོས་པས་མགུ་བར་བྱ་བ་བྱིན་པ་དེ་ཡང་ཤེས་ཀྱི། ཚེ་དང་ལྡན་པ་དག་བདག་གིས་ལྟུང་བ་སྔ་མ་དེ་ལ་མགུ་བར་བྱ་བ་དང། ལྟུང་བ་བར་མ་འདི་ལ་གཞི་ནས་ མགུ་བར་བྱ་བ་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ལེགས་པར་སྩལ་དུ་གསོལ། དགེ་སློང་དེ་རྣམས་ཀྱིས་དེའི་ལྟུང་བ་སྔ་མ་ལ་ནི། ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་ འོས་པས་མགུ་བར་བྱ་བ་བྱིན། ལྟུང་བ་བར་མ་འདི་ལ་ནི། ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་མགུ་བར་བྱ་བ་བྱིན། དེ་གཞི་ནས་མགུ་བར་བྱ་བ་བྱེད་བཞིན་པ་ལས་ དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་མ་བཅབས་ཏེ། དེ་ཡང་བཟླས་ཏེ་བྱུང་བའི་ལྟུང་བ་དེ་དང། དེའི་ལྟུང་བ་བར་མ་གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་མགུ་བར་བྱ་བ་བྱིན་པ་དེ་ཡང་ཤེས་ནས། དེས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་ བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་མ་བཅབས་ཏེ་བདག་གིས་དེ་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་མགུ་བར་བྱ་བ་བྱིན་ཏེ། བདག་ [262A]༄༅། །གཞི་ནས་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་མ་བཅབས་ཏེ། བདག་གིས་ཡང་བཟླས་པའི་ ལྟུང་བ་དེ་དང། བདག་གིས་ལྟུང་བ་བར་མ་གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་མགུ་བར་བྱ་བ་བྱིན་པ་དེ་ཡང་ཤེས་ཀྱི། ཚེ་དང་ལྡན་པ་དག་ བདག་གི་ལྟུང་བ་སྔ་མ་བར་མ་དེ་ལ་གཞི་ནས་མགུ་བར་བྱ་བ་དང། ཡང་བཟླས་པའི་ལྟུང་བ་འདི་ལ་གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ལེགས་ པར་སྩལ་དུ་གསོལ། དགེ་སློང་དེ་རྣམས་ཀྱིས་དེའི་ལྟུང་བ་སྔ་མ་བར་མ་ལ་གཞི་ནས་མགུ་བར་བྱ་བ་དང། ཡང་བཟླས་པའི་ལྟུང་བ་འདི་ལ་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཆོས་ཀྱི་ལས་མི་ འཁྲུགས་པ་གཞག་པར་མི་འོས་པས་བྱིན་ནོ། །ཤེས་པས་ལྔ་ཡིན་པ་ཇི་ལྟ་བར་དྲན་པས་ལྔ་དང། ཡིད་གཉིས་ཀྱིས་ལྔ་ཡང་དེ་བཞིན་ནོ་།སྡོམ་ལ། ཡང་གཞན་དག་གིས་བཅུ་གཉིས་དང།། བཞི་དག་པ་ནི་དྲུག་དང་ནི། །ས་ཆེན་པོ་ནི་དག་བྱ་དག་གང་ཟག་བཞིར་ནི་བསྟན་པ་ཡིན། །ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བྱུང་བ་བཅབས་པ་དེ་ལ། དགེ་ འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་སྤོ་བ་བྱིན་ཏེ། དེ་སྤོ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་ [262B] དེས་ལྟུང་བ་བར་མ་དེ་དང། དེའི་ལྟུང་བ་གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་སྤོ་བ་བྱིན་པ་དེ་ཡང་ཤེས་ནས་དེས་དགེ་སློང་རྣམས་ ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་བཅབས་ནས་བདག་གིས་དེ་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་སྤོ་བ་བྱིན་ ཏེ༑ བདག་སྤོ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ་བདག་གིས་ལྟུང་བ་བར་མ་དེ་དང། བདག་གི་ལྟུང་བ་གང་ལ་ དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་སྤོ་བ་བྱིན་པ་དེ་ཡང་ཤེས་ཀྱི། ཚེ་དང་ལྡན་པ་དག་བདག་གི་ལྟུང་བ་སྔ་མ་དེ་ལ་སྤོ་བ་དང། ལྟུང་བ་བར་མ་འདི་ལ་གཞི་ ནས་སྤོ་བ་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ལེགས་པར་སྩལ་དུ་གསོལ། དགེ་སློང་དེ་རྣམས་ཀྱིས་དེའི་ལྟུང་བ་སྔ་མ་དེ་ལ་ནི། ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་ འོས་པས་སྤོ་བ་བྱིན། ལྟུང་བ་བར་མ་འདི་ལ་ནི། ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་སྤོ་བ་བྱིན་ཏེ། དེ་གཞི་ནས་སྤོ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་ མའི་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ནས། དེས་ཡང་བཟླས་པའི་ལྟུང་བ་དེ་ཡང་ཤེས། དེའི་ལྟུང་བ་བར་མ་གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་ [263A]༄༅། །གཞག་པར་འོས་པས་གཞི་ནས་སྤོ་བ་བྱིན་པ་དེ་ཡང་ཤེས་ནས། དེས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་ བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་བཅབས་ཏེ། བདག་གི་དེ་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་སྤོ་བ་བྱིན་ཏེ། བདག་གཞི་ནས་སྤོ་ བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་ནས་བདག་གིས་ཡང་བཟླས་པའི་ལྟུང་བ་དེ་ཡང་ཤེས། བདག་གི་ལྟུང་བ་བར་མ་ གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་སྤོ་བ་བྱིན་པ་དེ་ཡང་ཤེས་ཀྱི། ཚེ་དང་ལྡན་པ་དག་བདག་གི་ལྟུང་བ་སྔ་མ་བར་མ་དེ་ལ་གཞི་ ནས་སྤོ་བ་དང། ཡང་བཟླས་པའི་ལྟུང་བ་འདི་ལ་ཡང་གཞི་ནས་བསླང་བ་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ལེགས་པར་སྩལ་དུ་གསོལ། དགེ་སློང་དེ་རྣམས་ཀྱིས་དེའི་ ལྟུང་བ་སྔ་མ་ལ་ནི། ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་གཞི་ནས་སྤོ་བ་བྱིན། ཡང་བཟླས་པའི་ལྟུང་བ་དེ་ལ་ནི་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་ པས་གཞི་ནས་བསླང་བ་བྱིན་ནོ། །ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མ་བཅབས་པ་དེ་ལ། དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་ [263B] དེ་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་མ་བཅབས་ཏེ། དེས་ལྟུང་བ་བར་མ་དེ་ ཡང་ཤེས། དེའི་ལྟུང་བ་གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་མགུ་བར་བྱ་བ་བྱིན་པ་དེ་ཡང་ཤེས་ནས། དེས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་ པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མ་བཅབས་ཏེ་བདག་གི་དེ་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་ཞག་དྲུག་གི་མགུ་བར་བྱ་ བ་བྱིན་ནས། བདག་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་མ་བཅབས་ཏེ། བདག་ གི་ལྟུང་བ་བར་མ་དེ་ཡང་ཤེས། བདག་གི་ལྟུང་བ་གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་ཞག་དྲུག་གི་མགུ་བར་བྱ་བ་བྱིན་པ་དེ་ཡང་ཤེས་ཀྱི་ ཚེ་དང་ལྡན་པ་དག་བདག་གི་ལྟུང་བ་སྔ་མ་དེ་ལ་མགུ་བར་བྱ་བ་དང། ལྟུང་བ་བར་མ་འདི་ལ་གཞི་ནས་མགུ་བར་བྱ་བ་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ལེགས་པར་ སྩལ་དུ་གསོལ། དགེ་སློང་རྣམས་ཀྱིས་དེའི་ལྟུང་བ་སྔ་མ་ལ་ནི་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་མགུ་བར་བྱ་བ་བྱིན། ལྟུང་བ་བར་མ་འདི་ལ་ནི། ཆོས་ [264A]༄༅། །མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་མགུ་བར་བྱ་བ་བྱིན་ཏེ། དེ་གཞི་ནས་མགུ་བར་བྱ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་ བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་མ་བཅབས་ཏེ། དེས་ཡང་བཟླས་པའི་ལྟུང་བ་དེ་ཡང་ཤེས། དེའི་ལྟུང་བ་བར་མ་གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་ པ་གཞག་པར་འོས་པས་གཞི་ནས་མགུ་བར་བྱ་བ་བྱིན་པ་དེ་ཡང་ཤེས་ནས། དེས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་ ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་མ་བཅབས་ཏེ། བདག་གི་དེ་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་མགུ་བར་བྱ་བ་བྱིན་ཏེ། བདག་གཞི་ནས་མགུ་བར་ བྱ་བ་བྱེད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་མ་བཅབས་ཏེ། བདག་གིས་ཡང་བཟླས་པའི་ལྟུང་བ་དེ་ཡང་ཤེས། བདག་གི་ ལྟུང་བ་བར་མ་གང་ལ་དགེ་འདུན་གྱིས་ཆོས་མ་ཡིན་པའི་ལས་འཁྲུགས་པ་གཞག་པར་འོས་པས་གཞི་ནས་མགུ་བར་བྱ་བ་བྱིན་པ་དེ་ཡང་ཤེས་ཀྱི། ཚེ་དང་ལྡན་པ་དག་བདག་གི་ ལྟུང་བ་སྔ་མ་བར་མ་དེ་ལ་གཞི་ནས་མགུ་བར་བྱ་བ་དང། ཡང་བཟླས་པའི་ལྟུང་བ་འདི་ལ་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཆོས་ཀྱི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ [264B] དགེ་སློང་དེ་རྣམས་ཀྱིས་དེའི་ལྟུང་བ་སྔ་མ་ལ་གཞི་ནས་མགུ་བར་བྱ་བ་དང། ཡང་བཟླས་པའི་ལྟུང་བ་འདི་ལ་གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཆོས་ཀྱི་ལས་མི་ འཁྲུགས་པ་གཞག་པར་མི་འོས་པས་བྱིན་ནོ། །ཤེས་པས་བཞི་ཡིན་པ་ཇི་ལྟ་བར་དྲན་པས་བཞི་དང། ཡིད་ཀྱིས་བཞི་ཡང་དེ་བཞིན་ནོ། །སྤོ་བ་པོའི་གང་ཟག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་ སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་དག་པར་བྱས་ཏེ་འདུལ་བ་དང། འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་ ན༑ སྤོ་བ་སྤྱོད་པ་ཁོ་ན་ཡིན་ནོ། །སྤོ་བ་ཕྱེད་སྤྱད་པའི་གང་ཟག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། གཞི་དག་པར་བྱ་སྟེ། འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་ན། དེ་སྤོ་བ་ཕྱེད་སྤྱད་པ་ཁོ་ན་ཡིན་ནོ། །སྤོ་བ་ཕལ་ཆེར་སྤྱད་པའི་གང་ཟག་དགེ་འདུན་ལྷག་ མའི་ལྟུང་བ་བྱུང་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་དག་པར་བྱས་ཏེ་འདུལ་བ་དང་འགལ་བའི་ ཉེས་བྱས་ཀྱི་ལྟུང་བ་བཤགས་ན། དེ་སྤོ་བ་ཕལ་ཆེར་སྤྱད་པ་ཁོ་ན་ཡིན་ནོ། །མགུ་པར་བྱ་བ་སྤྱོད་པའི་གང་ཟག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་སྐབས་དེ། དགེ་སློང་རྣམས་ [265A]༄༅། །ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་དག་པར་བྱས་ཏེ་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་ ན༑ དེ་མགུ་བར་བྱ་བ་སྤྱད་པ་ཁོ་ན་ཡིན་ནོ། །མགུ་བར་བྱ་བ་ཕྱེད་སྤྱད་པའི་གང་ཟག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་དག་པར་བྱས་ཏེ་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་ན། དེ་མགུ་བར་བྱ་བ་ཕྱེད་སྤྱད་པ་ཁོ་ན་ཡིན་ནོ། །མགུ་བར་བྱ་བ་ ཕལ་ཆེར་སྤྱད་པའི་གང་ཟག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་ དག་པར་བྱས་ཏེ་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་ན། དེ་མགུ་བར་བྱ་བ་ཕལ་ཆེར་སྤྱད་པ་ཁོ་ན་ཡིན་ནོ་།ཡང། གང་ཟག་གཞན་ཞིག་དགེ་འདུན་ལྷག་མའི་ ལྟུང་བ་བྱུང་བར་གྱུར་ཏེ། ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པ་ཞག་གཅིག་བཅབས། ལུས་ཀྱི་རེག་པ་ལས་གྱུར་པ་ཞག་གཉིས་བཅབས། འཁྲིག་པ་དང་ལྡན་པ་སྨྲ་བ་ལས་ གྱུར་པ་ཞག་གསུམ་བཅབས། བསྙེན་བཀུར་བསྔགས་པ་ལས་གྱུར་པ་ཞག་བཞི་བཅབས། སྨྱན་བྱེད་པ་ལས་གྱུར་པ་ཞག་ལྔ་བཅབས། ཁང་པ་ལས་གྱུར་པ་ཞག་དྲུག་བཅབས་ [265B] རྩ་བ་མེད་པ་ལས་གྱུར་པ་ཞག་བརྒྱད་བཅབས། བག་ཙམ་ལས་གྱུར་པ་ཞག་དགུ་བཅབས་དགེ་འདུན་གྱི་དབྱེན་བྱེད་པ་ལས་གྱུར་པ་ཞག་བཅུ་ བཅབས། དེའི་རྗེས་སུ་ཕྱོགས་པ་ལས་གྱུར་པ་ཞག་བཅུ་གཅིག་བཅབས་ཁྱིམ་སུམ་འབྱིན་པ་ལས་གྱུར་བ་ཞག་བཅུ་གཉིས་བཅབས། བཀའ་བློ་མི་བདེ་བ་ལས་གྱུར་པ་ཞག་བཅུ་གསུམ་ བཅབས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྟུང་བ་དེ་རྣམས་ལས་ལྷག་པར་མི་བཟད་པ། ལྷག་ པར་ལྕི་བ། མངོན་པར་ཞེན་པ་དྲག་པོས་བྱས་པ་གང་ཡིན་པ་དེའི་དབང་དུ་བྱས་ཏེ། སྤོ་བ་དང། གཞི་ནས་སྤོ་བ་དང། གཞི་ནས་བསླང་བ་དང། མགུ་བར་བྱ་བ་བྱིན་ཏེ་དབྱུང་པར་བྱའོ། ། གང་ཟག་གི་གཞི་རྫོགས་སོ།། །།འདུལ་བ་གཞི། བམ་པོ་དོན་གསུམ་པ་གཞི་གསུམ་གྱི་བསྡུས་པའི་སྡོམ་ལ། མངོན་དུ་སྨྲ་དང་དྲུག་དང་ནི། །མ་དག་པ་དང་གླེང་ བ་དང། །ཆོས་མ་ཡིན་དང་ཤཱཀྱ་དང། །ནད་པ་དང་ནི་རྩོད་པའོ། །སྤོ་བའི་གཞིའི་སྡོམ་ལ། མངོན་དུ་སྨྲ་དང་འཆག་པ་དང་།སྟན་རྣམས་དང་ནི་ཁང་པ་དང། །ཐོ་གཅིག་གཡོགས་པར་ མི་གནས་དང། །རབ་ཏུ་མི་དབྱུང་མི་འགྲོ་ཞིང། །དགེ་སློང་མེད་པའི་གནས་པ་དང། །ཀུན་གྱི་འོག་ཏུ་སྦྱིན་བྱ་བའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་ [266A]༄༅། །མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རྣམས་འདོད་ཆགས་དང་བྲལ་བ་མ་ཡིན་པས། དགེ་འདུན་ལྷག་མའི་ལྟུང་བ་བྱུང་སྟེ། འགྱོད་པ་སྐྱེས་ནས་ བསམ་པ། ད་ལྟར་བདག་ཅག་ལྟུང་བ་དང་བཅས། འགྱོད་པ་དང་བཅས་འཚེར་བ་དང་བཅས། ཡིད་ལ་བཅབས་པ་དང་བཅས། བྱ་བ་དང་བཅས་པ་སྟེ། འདྲལ་བར་བྱེད་བ། རྨ་འབྱིན་ པར་བྱེད་པ། འདྲེན་མར་བྱེད་པ། ནག་ནོག་ཅན་དུ་བྱེད་པ། ལྟུང་བའི་གཞི་ནས་མ་ལངས་པ་རྣམས་ཀྱིས་ཇི་ལྟར་རང་བཞིན་དུ་གནས་པའི་དགེ་སློང་རྣམས་ལས་མངོན་དུ་སྨྲ་བ་དང། ཕྱག་ དང། ལྡང་བ་དང། ཐལ་མོ་སྦྱར་བ་དང། འདུད་པའི་ལས་ཀྱང་བདག་གིར་བྱ། བྲམ་ཟེ་དང། ཁྱིམ་བདག་དང་བ་ཅན་རྣམས་ལས་ཀྱང། སྟོན་གྱི་ཐོག་མ་དང། ལྟུང་བའི་ཐོག་མ་ དང། བསོད་སྙོམས་ཀྱི་ཐོག་མ་ཡོངས་སུ་ལོངས་སྤྱད་པ་བདེ་བ་ཡུན་ཐུང་བའི་ཕྱིར་དམྱལ་པ་དང། དུད་འགྲོ་དང། ཡི་དྭགས་རྣམས་སྡུག་བསྔལ་ཡུན་རིང་པོར་ཉམས་སུ་མྱོང་ཞིང་འཁྱམས་ པར་འགྱུར་གྱི། མ་ལ་བདག་ཅག་གིས་བསླབ་པ་ཕུལ་བ་འབབ་བོ་།སྙམ་ནས་དེ་དག་གིས་བསླབ་པ་ཕུལ་ནས་བབས་ཏེ། རབ་ཏུ་འབྱུང་བར་འདོད་པའི་སྐྱེ་བོ་ལ་ཡང། ཤེས་ལྡན་ དག་ཚངས་པར་སྤྱོད་པ་ནི། སྤྱད་དཀའི། ཁྱེད་རབ་ཏུ་འབྱུང་བ་ཐོང་ཞིག་ཅེས་སླུ་བར་བྱེད་བས་དེ་རྣམས་རབ་ཏུ་མ་བྱུང་ངོ་།རབ་ཏུ་མ་བྱུང་བས་དགེ་སློང་རྣམས་ཉུང་བར་གྱུར། འགྲིབ་ [266B] དགེ་སློང་གི་དགེ་འདུན་ཉམས་པར་གྱུར། །བསྲབས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ། རྒྱུ་གང་དང་རྐྱེན་གང་གིས་ན་ད་ལྟར་དགེ་སློང་ཉུང་བར་གྱུར་འགྲིབ་པར་གྱུར་ཏེ། དགེ་སློང་གི་དགེ་འདུན་ཉམས་པར་གྱུར་ བསྲབས་པར་གྱུར། དེ་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་བ་དང། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། མ་ལ་ངས་དགེ་སློང་གི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ བ་རྣམས་རྗེས་སུ་གཟུང་བ་བཅའ་བས་ལག་ནས་དྲང་བ་དང་འདྲ་བ་སྦྱིན་པར་བྱའོ། །སྙམ་དུ་དགོངས་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་རྣམས་འགྱོད་པ་སྐྱེས་ཏེ་བསླབ་པ་ཕུལ་ནས་བབས་སོ། །ཞེས་ཐོས་ཀྱི་ དེའི་ཕྱིར་ཁྱེད་ཀྱིས་བསྟན་པ་གནས་པར་བྱ་བའི་ཕྱིར་དང། དགེ་སློང་གི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེ་རྣམས་ལ་སྙིང་བརྩེ་བའི་ཕྱིར་སྤོ་བ་དང། གཞི་ནས་སྤོ་བ་དང། གཞི་ནས་བསླང་ བ་དང། མགུ་བར་བྱ་བ་དང། གཞི་ནས་བསླང་སྟེ་མགུ་བར་བྱ་བ་བྱིན་ལ་དབྱུང་བར་བྱའོ། །སྦྱིན་པ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་ [267A]༄༅། །དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་དམ། ཐ་མ་མེད་པ་དགེ་སློང་བཞིའི་ཚོགས་ཀྱིས་དཀྱིལ་འཁོར་པར་ཚོགས་ཤིང་འདུས་པར་ གྱུར་པ་དང། དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་དགེ་སློང་དེས། རྒན་རིམ་ཇི་ལྟ་བ་བཞིན་དུ་འདུད་པ་བྱས་ལ། རྒན་རིམ་གྱི་མཐར་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ ལ་སྤོ་བ་གསོལ་བར་བྱའོ། །གསོལ་བ་ནི། འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ ལས་གྱུར་བའི་དགེ་འདུན་ལྷག་མའི་ལྟུང་བ་མང་པོ་འདི་རྣམས་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་བའི་ དགེ་འདུན་ལྷག་མའི་ལྟུང་བ་མང་པོ་འདི་རྣམས་བྱུང་བ་ཟླ་བ་ཕྱེད་བཅབས་པ་དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ན། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་ བས་ཉེ་བར་བཟུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེད་དུ་བསམ་སྟེ། ཁུ་བ་ཕྱུང་བ་ལས་གྱུར་བའི་དགེ་འདུན་ལྷག་མའི་ལྟུང་བ་མང་པོ་རྣམས་ཕྱུང་བ་ཟླ་བ་ཕྱེད་ བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་དུ་གསོལ། དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་ [267B] དགེ་སློང་མིང་འདི་ཞེས་བགྱི་བ་ལ། ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་པ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་མང་པོ་བྱུང་བ་ཟླ་བ་ཕྱེད་བཅབས་ནས། དགེ་སློང་ མིང་འདི་ཞེས་བགྱི་བ་ལ། ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་བའི་དགེ་འདུན་ལྷག་མའི་ལྟུང་བ་མང་པོ་འདི་རྣམས་བྱུང་བ་ཟླ་བ་ཕྱེད་བཅབས་པ། དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ན་ གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ལ། ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་ པའི་དགེ་འདུན་ལྷག་མའི་ལྟུང་བ་མང་པོ་འདི་རྣམས་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩོལ་བར་མཛད་དོ་།འདི་ནི། གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་ གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ལ། ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་མང་པོ་བྱུང་བ་ཟླ་བ་ཕྱེད་བཅབས་ནས། དགེ་སློང་མིང་འདི་ ཞེས་བགྱི་བ་འདི་ལ། ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་མང་པོ་འདི་རྣམས་བྱུང་བ་ཟླ་བ་ཕྱེད་བཅབས་པ་དགེ་འདུན་ལས་ཟླ་བ་ཕྱེད་ཀྱི་སྤོ་བ་གསོལ་ཏེ་ དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་པ་ལས་གྱུར་བའི་དགེ་འདུན་ལྷག་མའི་ལྟུང་བ་མང་པོ་འདི་རྣམས་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ [268A]༄༅། །ཟླ་བ་ཕྱེད་ཀྱི་སྤོ་བ་སྩོལ་བར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ ལྟུང་བ་མང་པོ་འདི་རྣམས་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ། ཟླ་བ་ཕྱེད་ཀྱི་སྤོ་བ་སྩོལ་བར་མཛད་པར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་ཟག་མི་བཟོད་པ་དེ་དག་ནི། གསུངས་ ཤིག་འདི་ནི། ལས་བརྗོད་པ་དང་པོ་ཡིན་ཏེ། དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང་གསུམ་པའི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་ སློང་མིང་འདི་ཞེས་བགྱི་བ་ལ། ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་མང་པོ་འདི་རྣམས་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ལགས་ ཏེ༑ འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །བཅོམ་ལྡན་འདས་ཀྱིས་སྤོ་བ་དང། གཞི་ནས་སྤོ་བ་སྦྱིན་པར་བྱའོ་།ཞེས་རྒྱས་པར་བཀའ་སྩལ་པ་དང། དྲུག་སྡེའི་དགེ་ སློང་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་རྣམས་ཀྱིས་རང་བཞིན་དུ་གནས་པའི་དགེ་སློང་རྣམས་ལས་མངོན་དུ་སྨྲ་བ་དང། ཕྱག་དང། ལྡང་བ་དང། ཐལ་མོ་སྦྱོར་བ་དང། འདུད་པའི་ལས་ བདག་གིར་བྱེད་པ་ལ་དོན་ཉུང་བའི་དགེ་སློང་རྣམས་སྨོད་པར་བྱེད་གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དེ། དེ་ལྟར་སྤོ་བ་དང། མགུ་བར་བྱ་བ་སྤྱོད་པ་རྣམས་ཀྱིས་རང་བཞིན་ [268B]ཕྱག་དང། ལྡང་བ་དང། ཐལ་མོ་སྦྱར་བ་དང། འདུད་པའི་ལས་བདག་གིར་བྱེད་པ་ནི། བཟང་པོ་མ་ཡིན་ཞིང་འཚམ་པ་མ་ཡིན་ནོ། ། ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་སྤོ་བ་དང། མགུ་བར་བྱ་བ་སྤྱོད་པའི་དགེ་ སློང་རྣམས་ཀྱི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། སྤོ་བ་དང། མགུ་བར་བྱ་བ་སྤྱོད་པའི་དགེ་སློང་རྣམས་ཀྱིས་རང་བཞིན་དུ་གནས་པའི་དགེ་སློང་རྣམས་ལས་མངོན་དུ་སྨྲ་བ་དང། ཕྱག་ དང༑ ལྡང་བ་དང། ཐལ་མོ་སྦྱོར་བ་དང། འདུད་པའི་ལས་བདག་གིར་མི་བྱའོ། །སྟན་གཅིག་ལ་མ་ཡིན། སྟན་མཉམ་པར་མ་ཡིན་ཏེ་སྟན་ཆེས་དམའ་བ་བླངས་ཏེ་འདུག་པར་བྱའོ། ། འཆག་སར་ལྷན་ཅིག་བཅག་པར་མི་བྱ། མདུན་དུ་མ་ཡིན་ཏེ། གལ་ཏེ་འཆག་སར་འཆག་ན། གོམ་པ་བསྲིའོ། །བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུ་འགྲོ་བར་མི་བྱའོ། །གལ་ཏེ་འགྲོ་ན་ ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་ཚུལ་དུ་བྱའོ། །སྟེང་གཡོགས་གཅིག་ཏུ་གནས་པར་མི་བྱའོ། །རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་མི་སྦྱིན། དགེ་ཚུལ་མི་གཞག་ ལས་མི་བྱ། ལས་བྱེད་པར་བསྐོ་བར་མི་བྱ། དགེ་སློང་མ་རྣམས་ལ་གདམས་ངག་དཔོག་པར་མི་བྱ། དགེ་སློང་མ་རྣམས་ཀྱི་གདམས་ངག་འབོགས་པར་བསྐོ་བར་མི་བྱ། སྔོན་ [269A]༄༅། །བསྐོས་པ་ཞིག་ཡིན་ན་ཡང་དགེ་སློང་མ་རྣམས་ལ་གདམས་ངག་དཔོག་པར་མི་བྱ། དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་དང། ལྟ་བ་ཉམས་པ་དང། སྤྱོད་པ་ཉམས་ པ་དང། འཚོ་བ་ཉམས་པས་གླེང་བར་མི་བྱ། དྲན་པར་མི་བྱ་སྟེ་འདིས་གདམས་ངག་དཔོག་པར་མི་བྱ། གསོ་སྦྱོང་མ་ཡིན། དགག་དབྱེ་མ་ཡིན། གསོལ་བ་མ་ཡིན། གསོལ་བ་ དང་གཉིས་མ་ཡིན་ཏེ། གསོལ་བ་དང་བཞིའི་ལས་མི་བྱའོ། །ནང་པར་སྔར་ལངས་ལ་སྒོ་དབྱེ་བར་བྱའོ། །མར་མེའི་སྡོང་བུ་བསལ་ལ་གཙུག་ལག་ཁང་ཆག་ཆག་གདབ་པར་བྱའོ། །ཕྱག་ དར་བྱ། བའི་ལྕི་བ་འཇམ་པོས་བྱུག་པར་བྱའོ། །ཆབ་ཀུང་ས་དང་སྣམ་ཕྱིས་ཕྱག་དར་བྱས་ལ་ས་དང་ལོ་མའམ་དུས་དང་མཐུན་པའི་ཆུ་བསིལ་བ་གཞག་པར་བྱའོ། །ཝ་ཁ་དག་བསལ་བར་ བྱའོ། །དུས་ཤེས་པར་བྱ་སྟེ། སྟན་གདིང་བར་བྱའོ། །བདུག་པ་དང་པོར་ཕོར་གཞག་པར་བྱའོ། །གལ་ཏེ་སྟོན་པའི་ཡོན་ཏན་བསྒྲག་པར་བྱ་བར་ནུས་ན། བདག་ཉིད་ཀྱིས་བྱའོ། །གལ་ ཏེ་མ་ནུས་ན། འཆད་པ་པོ་ལ་གསོལ་བ་གདབ་པར་བྱའོ། །ཁ་ཟས་ཀྱི་གཡོས་ལ་བརྟགས་ཏེ་གཡོས་ཟིན་ན། ཁང་པའི་སྟེང་དུ་འཛེགས་ཏེ་གཎྜཱི་བརྡུང་པར་བྱའོ། །སོས་ཀ་ཚ་བའི་དུས་སུ་ བསིལ་ཡབ་བླངས་ཏེ་དགེ་སློང་རྣམས་ལ་གཡབ་པར་བྱའོ། །དེའི་འོག་ཏུ་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་ནི་ཐ་མ། བསྙེན་པར་མ་རྫོགས་པ་རྣམས་ཀྱི་གོང་དུ་སྤྱོད་ལམ་ཞིག་བས་འདུག་ [269B] དགེ་སློང་མ་ཡིན་པའི་འདུ་ཤེས་བཞག་ལ་ཟས་བཅའ་བར་བྱའོ། །ཟས་ཀྱི་བྱ་བ་བྱས་ནས་གནས་མལ་རྣམས་སྐྱབས་ཡོད་པར་བརྟུལ་བར་བྱའོ། །ལྷུང་བཟེད་ཀྱི་གཞི་ཡང་བྱི་དོར་བྱའོ། །དུས་ ཤེས་པར་བྱས་ལ་དེ་བཞིན་གཤེགས་པའི་དབུ་སྐྲ་དང། སེན་མོའི་མཆོད་རྟེན་རྣམས་བྱི་དོར་བྱའོ། །བའི་ལྕི་བ་འཇམ་པོས་བྱུག་པར་བྱའོ། །དགོངས་ཀའི་དུས་སུ་ཡང་གནས་མལ་བཤམ་པར་བྱའོ། ། པོག་ཕོར་ཉེ་བར་གཞག་པར་བྱའོ། །སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་པ་ཞེས་བྱ་བའི་བར་གོང་མ་བཞིན་དུ་བྱའོ། །དགེ་བསྐོས་རྣམས་ཇི་སྐད་བརྗོད་པ་བཞིན་དུ་དགེ་འདུན་བཙུན་པ་རྣམས་ གསན་དུ་གསོལ། དེང་དུ་ཟླ་བ་ཕྱེད་ཀྱི་ཚེས་བཅུ་ཡང་འདས་ལགས་སོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཉི་མ་བརྗོད་པར་བྱའོ། །དེ་ནས་སྤོ་བ་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་ གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ། དགེ་འདུན་ལྷག་མའི་ལྟུང་བ་འདི་ལྟ་བུ་དང། འདི་ལྟ་བུ་བྱུང་བ་དུས་འདི་ཙམ་ཞིག་ཏུ་བཅབས་པ་དང། བདག་ལ་དགེ་འདུན་ གྱིས་དུས་འདི་ཙམ་ཞིག་གི་སྤོ་བ་སྩལ་བ་དེ་ལས། དུས་འདི་ཙམ་ཞིག་ནི། བདག་གིས་སྤྱད་ལགས་ཏེ། ལྷག་མ་ཡང་སྤྱད་པར་བགྱི་ན་དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་སྤོ་བ་པོ་ དང་མགུ་བར་བགྱི་བ་སྤྱོད་པ་ལགས་པར་གཟུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་སྤོ་བ་བརྗོད་པར་བྱའོ། །ཞེས་གསུངས་པ་དང། གློ་བུར་དུ་འོངས་པ་རྣམས་ལ་མི་བརྗོད་པས་བཅོམ་ལྡན་འདས་ [270A]༄༅། །ཀྱིས་བཀའ་སྩལ་པ། གློ་བུར་དུ་འོངས་པ་རྣམས་ལ་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གློ་བུར་དུ་འོངས་པ་རྣམས་ལ་སྤོ་བར་བརྗོད་པར་བྱའོ། །ཞེས་གསུངས་པ་དང་ དགེ་སློང་གློ་བུར་བ་ཞིག་འོངས་ནས། དེས་རེ་ཞིག་ལྷུང་བཟེད་དང་ཆོས་གོས་ཀྱང་མཁོས་སུ་མ་ཕབ་པར་དེའི་མདུན་དུ་སྦོ་བ་བོ་འདུག་ནས་སྨྲས་པ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་ དགེ་སློང་མིང་འདི་ཞེས་བགྱི་བ་ལ། དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཞེས་བྱ་བ་ནས་ཚེ་དང་ལྡན་པ། བདག་ལ་སྤོ་བ་པོར་གཟུང་དུ་གསོལ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེས་དེ་ལ་ཀུན་ ནས་དཀྲིས་བས་སྨྲས་པ། མི་གཏི་མུག་ཅན་སྤོ་བ་ཡང་མི་དགོས། ཁྱོད་ཀྱང་མི་དགོས་ཀྱི། ངའི་མདུན་དུ་མ་འདུག་པར་སོང། དེ་ངོ་ཚ་བ་སྙིང་ལ་ཕོག་པས་ངོ་སྨད་ནས་སྤྱོད་ལམ་དལ་གྱིས་དགེ་ སློང་དེའི་དྲུང་ནས་སོང་ངོ། །སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློ་བུར་དུ་འོངས་པའི་དགེ་སློང་གིས་ལྷུང་བཟེད་ དང་ཆོས་གོས་མཁོས་སུ་མ་ཕབ་པར་བརྗོད་པར་མི་བྱའོ། །གཞན་ཡང། རེ་རེ་ལ་ཡང་བརྗོད་པར་མི་བྱའོ། །འོན་ཀྱང་དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་ལའོ། །དགེ་ འདུན་ཐམས་ཅད་ཚོགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གཎྜཱི་བརྡུངས་པ་ན་ཇི་སྙེད་ཚོགས་བ་ལ་བརྗོད་པར་བྱའོ། །འདིས་དགེ་སློང་མེད་པའི་གཙུག་ལག་ཁང་དུ་འགྲོ་བར་མི་ [270B] །གལ་ཏེ་སོང་ན་དེར་གནས་པར་མི་བྱའོ། །དགོངས་ཀར་དུས་ཇི་ལྟ་བ་བཞིན་དུ་ཆུ་དྲོན་པོའམ། བསིལ་བས་དགེ་སློང་རྣམས་ཀྱི་རྐང་པ་བཀྲུ་བར་བྱའོ། །གལ་ཏེ་མི་འདོད་ན། སྣུམ་གྱིས་བྱུག་ བར་བྱའོ། །དེ་ནས་དྲན་བ་ཉེ་བར་བཞག་སྟེ་ལྡང་བའི་འདུ་ཤེས་ཀྱིས་ཉལ་བར་བྱའོ། །སྤོ་བ་དང་མགུ་བར་བྱ་བར་སྤྱོད་པའི་དགེ་སློང་རྣམས་ཀྱིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་ཡང་དག་པར་ བླངས་ཏེ་འཇུག་པར་མི་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་རྣམས་ཀྱིས་དེ་ལ་གནས་ཁང་མ་བསྐོས། རྙེད་པ་མ་བྱིན་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་ ཀྱི་འོག་ཏུ་དེའི་གནས་ཁང་བསྐོ་བར་བྱ། ཐམས་ཅད་ཀྱི་འོག་ཏུ་རྙེད་པ་སྦྱིན་པར་བྱའོ། །སྡོམ་ལ། དྲུག་ཅུ་དང་ནི་བརྒྱད་དག་དང། །ཉི་ཤུར་གང་ཟག་བྱ་བ་དང། །དགེ་འདུན་ལ་ནི་མགུ་སྤྱད་དང། ། ཤ་འཁོན་ཅན་དང་འོང་བའོ། །དྲུག་སྡེའི་དགེ་སློང་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་རྣམས་ཀྱིས་དགེ་སློང་རྣམས་ལ་སྤོ་བ་བྱིན་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་ དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤོས་བའི་དགེ་སློང་བཞིས་སྤོ་བ་སྦྱིན་པར་མི་བྱ་སྟེ། སྤོས་པ་གསུམ་དང་རང་བཞིན་དུ་གནས་པ་གཅིག་གིས་མ་ཡིན། སྤོས་པ་གཉིས་དང་རང་ བཞིན་དུ་གནས་པ་གཉིས་ཀྱིས་མ་ཡིན། སྤོས་པ་གཅིག་དང་རང་བཞིན་དུ་གནས་པ་གསུམ་གྱིས་མ་ཡིན་ཏེ། འོན་ཀྱང་ཐམས་ཅད་ཡོངས་སུ་དག་པ། ལྟ་བ་མཚུངས་པ་རྣམས་ཀྱིས་དགེ་སློང་ལ་སྤོ་བ་ [271A]༄༅། །སྦྱིན་པར་བྱའོ། །སྤོས་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་གཞི་ནས་སྤོ་བ་དང། མགུ་བར་བྱ་བ་སྤྱོད་པ་དང། མགུ་བར་བྱ་བ་སྤྱད་པ་དང། བསླབ་པ་བྱིན་པ་རྣམས་ཀྱིས་ཀྱང་ དེ་བཞིན་ནོ། །སྤོ་བ་ཇི་ལྟ་བ་བཞིན་དུ་གཞི་ནས་སྤོ་བ་དང་གཞི་ནས་བསླང་སྟེ་སྤོ་བ་དང། གཞི་ནས་མགུ་བར་བྱ་བ་དང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཡང་དེ་བཞིན་ནོ། །དྲུག་སྡེའི་ དགེ་སློང་སྤོ་བ་དང། མགུ་བར་བྱ་བ་སྤྱོད་པ་རྣམས་ཀྱིས་དགེ་སློང་རྣམས་འབྱིན་པར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། སྤོས་པ་ཉི་ཤུས་དགེ་སློང་དབྱུང་བར་མི་བྱ་སྟེ་སྤོས་པ་བཅུ་དགུ་དང་རང་བཞིན་དུ་གནས་པ་གཅིག་གིས་མ་ཡིན། །སྤོས་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་སྤོ་བ་སྤྱོད་པ་དང། མགུ་བར་བྱ་བ་སྤྱོད་ མ་ཡིན་པ་ནས། དེ་བཞིན་དུ་རང་བཞིན་དུ་གནས་པ་བཅུ་དགུ་དང་སྤོས་པ་གཅིག་གིས་མ་ཡིན་ཞེས་བྱ་བའི་བར་དུའོ། སྤོས་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་སྤོ་བ་སྤྱོད་པ་དང། མགུ་བར་བྱ་བ་སྤྱོད་ པ་དང། མགུ་བར་བྱ་བ་སྤྱད་པ་དང། བསླབ་པ་བྱིན་པ་རྣམས་ཀྱིས་ཀྱང་དེ་བཞིན་ནོ། །དྲུག་སྡེའི་དགེ་སློང་སྤོ་བ་དང། མགུ་བར་བྱ་བ་སྤྱོད་པ་རྣམས་ཀྱིས་དགེ་སློང་སྤོས་པ་རྣམས་ཀྱི་དྲུང་དུ་སྤོ་བ་ སྤྱོད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་སྤོས་པ་བཞིའི་དྲུང་དུ་སྤོ་བ་སྤྱད་པར་མི་བྱ་སྟེ། སྤོས་ [271B] སྤོས་པ་གཉིས་དང་རང་བཞིན་དུག་ནས་པ་གཉིས་ལ་མ་ཡིན། སྤོས་པ་གཅིག་དང་རང་བཞིན་དུ་གནས་པ་གསུམ་ལ་མ་ཡིན་ཏེ། འོན་ཀྱང་ ཐམས་ཅད་ཡོངས་སུ་དག་པ། ལྟ་བ་མཚུངས་པ་རྣམས་ཀྱིས་དྲུང་དུ་སྤོ་བ་སྤྱོད་པར་བྱའོ། །སྤོས་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་སྤོ་བ་སྤྱད་པ་དང། མགུ་བར་བྱ་བ་སྤྱད་པ་དང། མགུ་བར་བྱ་བ་སྤྱད་པ་དང་ བསླབ་པ་བྱིན་པ་རྣམས་ལ་ཡང་དེ་བཞིན་ནོ། །སྤོ་བ་ཇི་ལྟ་བ་བཞིན་དུ་གཞི་ནས་སྤོ་བ་དང། གཞི་ནས་བསླང་སྟེ་སྤོ་བ་དང་མགུ་བར་བྱ་བ་དང། གཞི་ནས་མགུ་བར་བྱ་བ་དང། གཞི་ནས་བསླང་སྟེ་ མགུ་བར་བྱ་བ་ཡང་དེ་བཞིན་ནོ། །དྲུག་སྡེའི་དགེ་སློང་སྤོ་བ་དང། མགུ་བར་བྱ་བ་སྤྱད་པ་རྣམས་གཙུག་ལག་ཁང་སྟོང་པ་ཞིག་ཏུ་དོང་ནས་སྤོ་བ་སྤྱད་པ་དེ་རྣམས་དགེ་སློང་དག་གིས་མཐོང་ནས་སྨྲས་པ་ ཚེ་དང་ལྡན་པ་དག་གཙུག་ལག་ཁང་འདིར་ཅི། ཁྱེད་ཅག་གནས་སམ། དེ་རྣམས་ཀྱིས་སྨྲས་པ། འདིར་བདག་ཅག་མི་གནས་ཏེ། འོན་ཀྱང་སྤོ་བ་སྤྱོད་དོ། །དེ་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་ནི། སྤོ་བ་ སྤྱོད་པ་མ་ཡིན་ཏེ། འོན་ཀྱང་འཆབ་པ་ཡིན་ནོ། །དེ་རྣམས་ཀྱིས་གནད་ལ་ཕབ་པས་ཅང་མི་སྨྲ་བར་འདུག་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁང་སྟོང་དུ་སྤོ་བ་སྤྱོད་པར་མི་བྱ་སྟེ། གང་ན་དགེ་སློང་གཅིག་གམ། གཉིས་སམ། གསུམ་ཡོད་པར་ཡང་མ་ཡིན་ཏེ། འོན་ཀྱང་གང་ན་ཡོངས་སུ་དག་ [272A]༄༅། །པ། ལྟ་བ་མཚུངས་པའི་དགེ་སློང་བཞི་གནས་པ་དེ་སྤོ་བ་སྤྱད་པར་བྱའོ། །སྤོ་བ་ཇི་ལྟ་བ་བཞིན་དུ་གཞི་ནས་སྤོ་བ་དང། གཞི་ནས་བསླང་བ་དང། མགུ་བར་བྱ་བ་དང། གཞི་ ནས་མགུ་བར་བྱ་བ་དང། གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཡང་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། འདི་ལྟར། དགེ་སློང་སྤོ་ བ་དང། མགུ་བར་བགྱི་བ་སྤྱོད་པ་རྣམས་ཀྱིས་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་མཆི་ ཞིང། དེ་རྣམས་ངོ་ཚ་མ་མཆིས་པས་མཐོ་བཙམ་པའི་སླད་དུ་བདག་ཅག་ལ་གླེང་བར་བགྱིད། དྲན་པར་བགྱིད་དོ། །ཞེས་ཐོས་ན། དེ་རྣམས་ཀྱིས་དེ་དག་ལ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཉེ་བར་འཁོར། དགེ་སློང་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་རྣམས་ཀྱིས་འཐབ་ཀྲོལ་བྱེད་པའི་དགེ་སློང་རྣམས་འོང་བ་ཐོས་ན། དགེ་སློང་གི་མདུན་དུ་སྤོ་བ་ཕྱིར་ དབུལ་བར་བྱའོ། །དབུལ་བ་ནི། འདི་ལྟར་བྱ་སྟེ། འདུད་པ་བྱས་ལ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ལ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ ཞེས་བགྱི་བ་ལ། དགེ་འདུན་ལྷག་མའི་ལྟུང་བ་འདི་ལྟ་བུ་དང། འདི་ལྟ་བུ་བྱུང་བ་དུས་འདི་སྲིད་ཅིག་ཏུ་བཅབས་པ་དང། བདག་ལ་དགེ་འདུན་གྱིས་འདུས་འདི་ཙམ་གྱི་སྤོ་བ་སྩལ་ཏེ། བདག་སྤོ་ [272B] དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་དེ་དག་མཆི་ཞིང་དེ་རྣམས་ངོ་ཚ་མེད་པས་མཐོ་ བཙམ་པའི་ཕྱིར་བདག་ལ་གླེང་བར་བགྱིད། དྲན་པར་བགྱིད་དོ་།ཞེས་ཐོས་ནས། སྤོས་པའི་དགེ་སློང་བདག་མིང་འདི་ཞེས་བགྱི་བའི་སྤོ་བ་དེ། ཚེ་དང་ལྡན་པའི་མདུན་དུ་ཕྱིར་དབུལ་བར་བགྱིའོ། །དུས་ འདི་ཙམ་ནི། བདག་གིས་སྤྱད་ལགས་སོ། །དུས་འདི་ཙམ་ནི། སྤྱད་པར་བགྱི་སྟེ། ཚེ་དང་ལྡན་པས་བདག་རང་བཞིན་དུ་གནས་པར་གཟུང་དུ་གསོལ། དེ་ནས་ཡང་ཕས་ཀྱི་རྒོལ་བ་སོང་ཞིང་འཇིགས་ པ་དང་བག་ཚ་བ་མེད་ནས་དེ་བཞིན་དུ་རང་བཞིན་དུ་གནས་པའི་དགེ་སློང་གི་མདུན་དུ་དེས་སྤོ་བ་བླང་བར་བྱའོ། །བླང་བ་ནི་འདི་ལྟར་བྱ་སྟེ། འདུད་པ་བྱས་ལ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ ནས་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ། དགེ་འདུན་ལྷག་མའི་ལྟུང་བ་འདི་ལྟ་བུ་དང། འདི་ལྟ་བུ་བྱུང་བ་དུས་འདི་སྲིད་ཅིག་ཏུ་བཅབས་ པ་དང། བདག་ལ་དགེ་འདུན་གྱིས་དུས་འདི་ཙམ་གྱི་སྤོ་བ་སྩལ་ཏེ་བདག་སྤོ་བ་བགྱིད་པ་ལས། དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་ པ། རྩོད་པའི་གཞི་བགྱིད་པ་དག་མཆི་ཞིང། དེ་རྣམས་ངོ་ཚ་བ་མེད་པས་མཐོ་བ་ཙམ་པའི་ཕྱིར་བདག་ལ་གླེང་པར་བགྱིད། དྲན་པར་བགྱིད་དོ། །ཞེས་ཐོས་ནས་བདག་གི་སྤོ་བ་སྤྱད་པ་དེ། དགེ་སློང་གི་ [273A]༄༅། །མདུན་དུ་ཕྱིར་ཕུལ་བ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྤོ་བ་དེ། ཚེ་དང་ལྡན་པའི་མདུན་དུ་བླང་བར་བགྱི་སྟེ། དུས་འདི་ཙམ་ནི། བདག་གིས་སྤྱད་ལགས་སོ། ། དུས་འདི་ཙམ་ནི། བདག་གིས་སྤྱད་པར་བགྱི་ལགས་ཀྱི། ཚེ་དང་ལྡན་པས་བདག་ལ་སྤོ་བ་ལགས་པར་གཟུང་དུ་གསོལ། །སྤོ་བ་ཇི་ལྟ་བ་བཞིན་དུ་གཞི་ནས་སྤོ་བ་དང། གཞི་ནས་བསླང་སྟེ་སྤོ་བ་དང་ མགུ་བར་བྱ་བ་དང། གཞི་ནས་མགུ་བར་བྱ་བ་དང། གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཡང་དེ་བཞིན་ནོ། །སྤོ་བའི་གཞི་རྫོགས་སོ།། །།གསོ་སྦྱོང་གཞག་པའི་གཞིའི་སྡོམ་ནི། མ་ དག་གསོ་སྦྱོང་དགེ་སློང་དང། མོའུ་འགལ་གྱིས་ནི་ཉམས་པ་དང་།དེ་ནས་སྟོན་པས་སྨད་པ་དང། །དགེ་འདུན་གྱིས་བོར་གསོ་སྦྱོང་ངོ་།སྡོམ་གྱི་ཚིགས་སུ་བཅད་པ་འདི་ནི། ཡུལ་ཙམ་པར་ གསོ་སྦྱོང་གི་མདོ་རྒྱས་པར་གསུངས་ཏེ། གསོ་སྦྱོང་གི་མདོ་དེ་ཡང་ལུང་བར་མ་ཡང་དག་པར་འགྲོ་བའི་ལེའུ་ལས་འབྱུང་ངོ། །སྡོམ་ནི་གླེང་དང་དྲན་པ་ཉིད་དང་ནི། །སྐབས་དང་སྨྲར་ནི་མི་གཞུག་ དང། །གདམས་པ་རབ་ཏུ་གཞག་པ་དང། །གསོ་སྦྱོང་དང་ནི་དགག་དབྱེའོ། །བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་གནས་བརྟན་གྱིས་ཟླ་བ་ཕྱེད་ཕྱེད་ཀྱི་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་ བྱའོ། །ཞེས་གསུངས་པས། དགེ་བསྐོས་ཀྱིས་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ་སྨྲས་པ། གནས་བརྟན། སོ་སོར་ཐར་པའི་མདོ་གདོན་པ་ཐོན་ཅིག་དེས་སྨྲས་པ། ཚེ་དང་ལྡན་ [273B] རེ་ཞིག་དགེ་སློང་གི་འཁོར་མ་དག་གོ་འདི་ན་གནས་བརྟན་གྱིས་སུ་ཞིག་མ་དག་པར་གཟིགས། རེ་ཞིག་ཁྱོད་ཉིད་ཡིན་ནོ། །གནས་བརྟན་གྱིས་བདག་ལ་ཇི་ལྟར་གཟིགས། ལྷའི་མིག་གིས་སོ་དེ་འདིར་ དགེ་སློང་རྣམས་ཀྱིས་ལྷའི་མིག་གིས་མཐོང་ནས་གླེང་བར་བྱེད་དྲན་པར་བྱེད་པ་ནི། ཀྱི་ཧུད་བདག་མ་རུང་ངོ། །སྙམ་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལྷའི་མིག་ནི། ཐ་སྙད་དུ་བྱ་བ་མ་ཡིན་ཏེ། དེ་ལྟ་བས་ན། དགེ་སློང་གིས་ལྷའི་མིག་གིས་བལྟས་ཏེ་དགེ་སློང་ལ་གླེང་བ་དང། དྲན་པར་མི་བྱའོ། །དགེ་ སློང་གིས་ལྷའི་མིག་གིས་བལྟས་ཏེ་དགེ་སློང་ལ་གླེང་བ་དང་དྲན་པར་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །ལྷའི་མིག་གིས་ཇི་ལྟ་བར་ལྷའི་རྣ་བས་ཀྱང་དེ་བཞིན་ནོ། །ཡང་དགེ་བསྐོས་དེས་དགེ་ འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་ནས་སྨྲས་པ། གནས་བརྟན། སོ་སོར་ཐར་པའི་མདོ་གདོན་པ་ཐོན་ཅིག་དེས་སྨྲས་པ། ཚེ་དང་ལྡན་པ། རེ་ཞིག་དགེ་སློང་གི་འཁོར་མ་དག་གོ་གནས་བརྟན་འདི་ན་ མ་དག་པ་སུ་ཞིག་ལགས་རེ་ཞིག་ཁྱོད་ཉིད་ཡིན་ནོ། །གནས་བརྟན་ཁྱོད་ཀྱིས་དགེ་འདུན་གྱི་དབུས་སུ་བདག་གི་མགོར་གཏུན་ཤིང་གིས་བརྡེག་པ་ཇི་ག་སྲིད་ལགས་སམ། ཨེ་མའོ་ཀྱི་ཧུད་ཁྱོད་ཀྱིས་བདག་ ལ་ལྐོག་ཏུ་གླེང་དུ་ཆོག་དེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྐོག་ཏུ་གླེང་བར་བྱ་སྟེ། དགེ་འདུན་ [274A]༄༅། །གྱི་དབུས་སུ་ནི། མ་ཡིན་ནོ། །གལ་ཏེ་ལྐོག་ཏུ་གླེང་པ་ན་མི་དྲན་ཞེས་ཟེར་ན། དྲན་པར་བྱའོ། །དྲན་པར་བྱས་པ་ལས། གལ་ཏེ་ཁྲོ་བར་བྱེད་ན། སྐབས་འབྱེད་དུ་གཞུག་གོ་ སྐབས་འབྱེད་དུ་བཅུག་པ་ལས་གཞན་ནས་གཞན་དུ་སྒྱུར་བར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨྲར་མི་གཞུག་གོ་སྨྲར་མ་བཅུག་ཀྱང་དེ་བཞིན་དུ་གཞན་ནས་གཞན་དུ་ བསྒྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་གདམས་ངག་དང། གསོ་སྦྱོང་དང། དགག་དབྱེ་གཞག་པར་བྱའོ། །ཆོས་མ་ཡིན་པའི་གཅིག་དང་ཆོས་ཀྱི་གཅིག་གསོ་སྦྱོང་གཞག་པ་ དང། ཆོས་མ་ཡིན་པའི་གཉིས་དང་ཆོས་ཀྱི་གཉིས་དང། ཆོས་མ་ཡིན་པའི་གསུམ་དང་ཆོས་ཀྱི་གསུམ་དང། ཆོས་མ་ཡིན་པའི་བཞི་དང་ཆོས་ཀྱི་བཞི་དང། ཆོས་མ་ཡིན་པའི་ལྔ་དང་ཆོས་ཀྱི་ལྔ་ དང། ཆོས་མ་ཡིན་པའི་དྲུག་དང་ཆོས་ཀྱི་དྲུག་དང། ཆོས་མ་ཡིན་པའི་བདུན་དང་ཆོས་ཀྱི་བདུན་དང། ཆོས་མ་ཡིན་པའི་བརྒྱད་དང་ཆོས་ཀྱི་བརྒྱད་དང། ཆོས་མ་ཡིན་པའི་དགུ་དང་ཆོས་ཀྱི་དགུ་ དང། ཆོས་མ་ཡིན་པའི་བཅུ་དང་ཆོས་ཀྱི་བཅུའི་གསོ་སྦྱོང་གཞག་པའོ། །ཆོས་མ་ཡིན་པའི་གཅིག་དང་ཆོས་ཀྱི་གཅིག་གི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་བྱས་པ་གསོ་སྦྱོང་ གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་བྱས་པས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་ནི། ཆོས་མ་ཡིན་པའི་ [274B] ཆོས་ཀྱི་གསོ་སྦྱོང་གཞག་པ་གཅིག་ཡིན་ནོ། །ཆོས་མ་ཡིན་པའི་གཉིས་དང་ཆོས་ཀྱི་གཉིས་ཀྱི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་བྱས་པ་དང། གཞི་མེད་པའི་མ་བྱས་པས་གསོ་སྦྱོང་ གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ་གཞི་དང་བཅས་པའི་བྱས་པ་དང། གཞི་དང་བཅས་པའི་མ་བྱས་པས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་ ནི། ཆོས་མ་ཡིན་པའི་གཉིས་དང། ཆོས་ཀྱི་གཉིས་ཀྱི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་གསུམ་དང་ཆོས་ཀྱི་གསུམ་གྱི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་བྱས་པ་དང་ གཞི་མེད་པའི་མ་བྱས་པ་དང། གཞི་མེད་པའི་བྱས་པ་དང་མ་བྱས་པས་གསོ་སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་བྱས་པ་དང། གཞི་དང་བཅས་ པའི་མ་བྱས་པ་དང། གཞི་དང་བཅས་པའི་བྱས་པ་དང་མ་བྱས་པས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ་འདི་ནི། ཆོས་མ་ཡིན་པའི་གསུམ་དང་ཆོས་ཀྱི་གསུམ་གྱི་གསོ་ སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་བཞི་དང་ཆོས་ཀྱི་བཞིའི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་ཚུལ་ཁྲིམས་ཉམས་པ་དང། ལྟ་བ་ཉམས་པ་དང། སྤྱོད་པ་ཉམས་པ་དང། འཚོ་ པ་ཉམས་པས་གསོ་སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་ཚུལ་ཁྲིམས་ཉམས་པ་དང་ལྟ་བ་ཉམས་པ་དང། སྤྱོད་པ་ཉམས་པ་དང་ [275A]༄༅། །འཚོ་བ་ཉམས་པས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་ནི། ཆོས་མ་ཡིན་པའི་བཞི་དང་ཆོས་ཀྱི་བཞིའི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ ཡིན་པའི་ལྔ་དང་ཆོས་ཀྱི་ལྔའི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་ཕས་ཕམ་པ་དང། དགེ་འདུན་ལྷག་མ་དང། ལྟུང་བྱེད་དང། སོ་སོར་བཤགས་པ་དང། ཉེས་བྱས་ཀྱིས་གསོ་ སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ་།གཞི་དང་བཅས་པའི་ཕས་ཕམ་པ་དང། དགེ་འདུན་ལྷག་མ་དང་ལྟུང་བྱེད་དང། སོ་སོར་བཤགས་པ་དང། ཉེས་བྱས་ ཀྱིས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ་འདི་ནི། ཆོས་མ་ཡིན་པའི་ལྔ་དང། ཆོས་ཀྱི་ལྔའི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་དྲུག་དང་ཆོས་ཀྱི་དྲུག་གི་ གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་བྱས་པ་དང། གཞི་མེད་པའི་མ་བྱས་པ་དང། གཞི་མེད་པའི་བྱས་པ་དང་མ་བྱས་པ་དང། གཞི་མེད་པའི་ལྷག་མ་དང་བཅས་པ་བྱས་པ་དང། གཞི་ མེད་པའི་ལྷག་མ་དང་བཅས་པ་མ་བྱས་པ་དང། གཞི་མེད་པའི་ལྷག་མ་དང་བཅས་པ་བྱས་པ་དང་མ་བྱས་པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་ བཅས་པའི་བྱས་པ་དང། གཞི་དང་བཅས་པའི་མ་བྱས་པ་དང། གཞི་དང་བཅས་པའི་མ་བྱས་པ་དང་མ་བྱས་པ་དང། གཞི་དང་བཅས་པའི་ལྷག་མ་དང་བཅས་པ་བྱས་པ་དང། གཞི་དང་བཅས་ [275B] གཞི་དང་བཅས་པའི་ལྷག་མ་དང་བཅས་པ་བྱས་པ་དང་མ་བྱས་པས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་སྟེ། འདི་དག་ནི། ཆོས་མ་ཡིན་པ་ དྲུག་དང་ཆོས་ཀྱི་དྲུག་གི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་བདུན་དང་ཆོས་ཀྱི་བདུན་གྱི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་ཚུལ་ཁྲིམས་ཉམས་པ་དང། ལྟ་བ་ཉམས་པ་དང་ སྤྱོད་པ་ཉམས་པ་དང། འཚོ་བ་ཉམས་པ་དང། གཞི་མེད་པའི་མཐོང་བ་དང། ཐོས་པ་དང། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་ པའི་ཚུལ་ཁྲིམས་ཉམས་པ་དང། ལྟ་བ་ཉམས་པ་དང། སྤྱོད་པ་ཉམས་པ་དང། འཚོ་བ་ཉམས་པ་དང། གཞི་དང་བཅས་པའི་མཐོང་བ་དང། ཐོས་པ་དང། དོགས་པས་གསོ་སྦྱོང་གཞག་པ་ནི་ ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་དག་ནི། ཆོས་མ་ཡིན་པའི་བདུན་དང་ཆོས་ཀྱི་བདུན་གྱི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་བརྒྱད་དང་ཆོས་ཀྱི་བརྒྱད་ཀྱི་གསོ་སྦྱོང་གཞག་པ་གང་ ཞེ་ན། གཞི་མེད་པའི་ཕས་ཕམ་པ་དང། དགེ་འདུན་ལྷག་མ་དང་ལྟུང་བྱེད་དང། སོ་སོར་བཤགས་པ་དང། ཉེས་བཅས་དང། གཞི་མེད་པའི་མཐོང་བ་དང། ཐོས་པ་དང། དོགས་པས་གསོ་ སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ་།གཞི་དང་བཅས་པའི་ཕས་ཕམ་པ་དང། དགེ་འདུན་ལྷག་མ་དང་ལྟུང་བྱེད་དང། སོ་སོར་བཤགས་པ་དང། ཉེས་བྱས་ [276A]༄༅། །དང། གཞི་དང་བཅས་པའི་མཐོང་བ་དང། ཐོས་པ་དང་དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་དག་ནི། ཆོས་མ་ཡིན་པའི་ བརྒྱད་དང་ཆོས་ཀྱི་བརྒྱད་ཀྱི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་དགུ་དང་ཆོས་ཀྱི་དགུའི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་བྱས་པ་དང། གཞི་མེད་པའི་མ་བྱས་པ་དང་ གཞི་མེད་པའི་བྱས་པ་དང་མ་བྱས་པ་དང། གཞི་མེད་པའི་ལྷག་མ་དང་བཅས་པ་བྱས་པ་དང། གཞི་མེད་པའི་ལྷག་མ་དང་བཅས་པ་མ་བྱས་པ་དང། གཞི་མེད་པའི་ལྷག་མ་དང་བཅས་པ་བྱས་པ་ དང་མ་བྱས་པ་དང། གཞི་མེད་པའི་ལྷག་མ་མེད་པ་བྱས་པ་དང་གཞི་མེད་པའི་ལྷག་མ་མེད་པ་མ་བྱས་པ་དང། གཞི་མེད་པའི་ལྷག་མ་མེད་པ་བྱས་པ་དང་མ་བྱས་པས་གསོ་སྦྱོང་གཞག་པ་ ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་བྱས་པ་དང། གཞི་དང་བཅས་པའི་མ་བྱས་པ་དང། གཞི་དང་བཅས་པའི་བྱས་པ་དང་མ་བྱས་པ་དང། གཞི་ དང་བཅས་པའི་ལྷག་མ་དང་བཅས་པ་བྱས་པ་དང། གཞི་དང་བཅས་པའི་ལྷག་མ་དང་བཅས་པ་མ་བྱས་པ་དང། གཞི་དང་བཅས་པའི་ལྷག་མ་དང་བཅས་པ་དང་མ་བྱས་པ་དང། གཞི་དང་ བཅས་པའི་ལྷག་མ་མེད་པ་བྱས་པ་དང། གཞི་དང་བཅས་པའི་ལྷག་མ་མེད་པ་མ་བྱས་པ་དང། གཞི་དང་བཅས་པའི་ལྷག་མ་མེད་པ་བྱས་པ་དང་མ་བྱས་པས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་ [276B] འདི་དག་ནི། ཆོས་མ་ཡིན་པའི་དགུ་དང་ཆོས་ཀྱི་དགུའི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་བཅུ་དང་ཆོས་ཀྱི་བཅུའི་གསོ་སྦྱོང་གཞག་པ་གང་ཞེ་ན་ཕས་ཕམ་ པ་མ་ཡིན། ཕས་ཕམ་པའི་གཏམ་གྱི་གླེང་གཞི་མ་ཡིན། བསླབ་པ་སྤོང་བ་མ་ཡིན། བསླབ་པ་སྤོང་བའི་གཏམ་གྱི་གླེང་གཞི་མ་ཡིན་དགེ་འདུན་སྤོང་བ་མ་ཡིན། དགེ་འདུན་སྤོང་བའི་གཏམ་གྱི་གླེང་ གཞི་མ་ཡིན། ཚུལ་ཁྲིམས་ཉམས་པ་མ་ཡིན། ལྟ་བ་ཉམས་པ་མ་ཡིན་སྤྱོད་པ་ཉམས་པ་མ་ཡིན། འཚོ་བ་ཉམས་པ་མ་ཡིན་ནོ། །ཕས་ཕམ་པ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། དགེ་སློང་གིས་རྣམ་པ་གང་ དག་དང། རྟགས་གང་དག་དང། མཚན་མ་གང་དག་གིས་ཕས་ཕམ་པའི་ལྟུང་བ་བྱུང་བར་འགྱུར་བའི་རྣམ་པ་དེ་དག་གིས་དེ་ལ་ཕས་ཕམ་པའི་ལྟུང་བ་བྱུང་བར་མ་མཐོང་ཞིང། རྟགས་དེ་དག་གིས་མ་ཡིན་ མཚན་མ་དེ་དག་གིས་མ་ཡིན་ལ། དེས་མ་མཐོང་བ་དང། མ་ཐོས་པ་དང། མི་དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི། ཕས་ཕམ་པ་མ་ཡིན་ པའོ། །ཕས་ཕམ་པའི་གཏམ་གྱི་གླེང་གཞི་མ་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། དགེ་སློང་རབ་ཏུ་མང་པོ་ཚོགས་ཤིང་འདུས་ལ་གཏམ་སྨྲ་བ་དེ་ཡང་དེ་ལས་བྱུང་བ་མ་ཡིན། དེ་གླེང་བའི་སྐབས་ལ་ བབ་པ་མ་ཡིན་ཞིང། དགེ་སློང་དེ་རྣམས་ཀྱང་སྟན་ལས་ལངས་ནས་སོ་སོར་དོང་བ་དང། དེས་མ་མཐོང་བ་དང། མ་ཐོས་པ་དང། མི་དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་ [277A]༄༅། །གཞག་པ་ཡིན་ཏེ། དེ་ལྟ་བུ་ནི། ཕས་ཕམ་པའི་གཏམ་གྱི་གླེང་གཞི་མ་ཡིན་པའོ། །བསླབ་པ་སྤོང་བ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། དགེ་སློང་གིས་རྣམ་པ་གང་དག་དང། རྟགས་གང་ དག་དང། མཚན་མ་གང་དག་གིས་བསླབ་པ་སྤོང་བར་བྱེད་པའི་རྣམ་པ་དེ་དག་གིས་དེ་བསླབ་པ་སྤོང་བར་མ་མཐོང་ཞིང། རྟགས་དེ་དག་གིས་མ་ཡིན། མཚན་མ་དེ་དག་གིས་མ་ཡིན་ལ། དེས་མ་ མཐོང་བ་དང། མ་ཐོས་པ་དང། མི་དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་བསླབ་པ་སྤོང་བ་མ་ཡིན་པའོ། །བསླབ་པ་སྤོང་བའི་གཏམ་གྱི་ གླེང་གཞི་མ་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། དགེ་སློང་རབ་ཏུ་མང་པོ་ཚོགས་ཤིང་འདུས་ལ། གཏམ་སྨྲ་བ་དེ་ཡང་དེ་ལས་བྱུང་བ་མ་ཡིན། དེ་གླེང་བའི་སྐབས་ལ་བབ་པ་མ་ཡིན་ཞིང། དགེ་སློང་ དེ་རྣམས་ཀྱང་སྟན་ལས་ལངས་ནས་སོ་སོར་དོང་བ་དང། དེས་མ་མཐོང་བ་དང། མ་ཐོས་པ་དང། མི་དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་ བསླབ་པ་སྤོང་བའི་གཏམ་གྱི་གླེང་གཞི་མ་ཡིན་པའོ། །དགེ་འདུན་སྤོང་བ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། དགེ་སློང་གིས་རྣམ་པ་གང་དག་དང། རྟགས་གང་དག་དང། མཚན་མ་གང་དག་གིས་དགེ་འདུན་ སྤོང་བར་བྱེད་པའི་རྣམ་བ་དེ་དག་གིས་དགེ་འདུན་སྤོང་བར་བྱེད་པར་མ་མཐོང་ཞིང། རྟགས་དེ་དག་གིས་མ་ཡིན། མཚན་མ་དེ་དག་གིས་མ་ཡིན་ལ། དེས་མ་མཐོང་བ་དང། མ་ཐོས་པ་དང། མི་ [277B] ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི། དགེ་འདུན་སྤོང་བ་མ་ཡིན་པའོ། །དགེ་འདུན་སྤོང་བའི་གཏམ་གྱི་གླེང་གཞི་མ་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ་ དགེ་སློང་རབ་ཏུ་མང་པོ་ཚོགས་ཤིང་འདུས་ལ། གཏམ་སྨྲ་བ་དེ་ཡང་དེ་ལས་བྱུང་བ་མ་ཡིན་ཏེ། དེ་གླེང་བའི་སྐབས་ལ་བབ་པ་མ་ཡིན་ཞིང། དགེ་སློང་དེ་རྣམས་ཀྱང་སྟན་ལས་ལངས་ནས་སོ་སོར་དོང་བ་ དང། དེས་མ་མཐོང་བ་དང། མ་ཐོས་པ་དང། མི་དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ་དེ་ལྟ་བུ་ནི། དགེ་འདུན་སྤོང་བའི་གཏམ་གྱི་གླེང་གཞི་མ་ཡིན་ པའོ། །ཚུལ་ཁྲིམས་ཉམས་པ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། ཕས་ཕམ་པ་བཞི་རྣམས་ལས། གང་ཡང་རུང་བའི་ལྟུང་བ་མ་བྱུང་བར་དགེ་སློང་དེ་ལ་མ་མཐོང་བ་དང། མ་ཐོས་པ་དང། མི་དོགས་པས་གསོ་ སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ་དེ་ལྟ་བུ་ནི། ཚུལ་ཁྲིམས་ཉམས་པ་མ་ཡིན་པའོ། །ལྟ་བ་ཉམས་པ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ལས་ གང་ཡང་རུང་བའི་ལྟ་བར་མངོན་པར་མ་ཞེན་པར་དགེ་སློང་དེ་ལ་མ་མཐོང་བ་དང། མ་ཐོས་པ་དང། མི་དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་ ལྟ་བ་ཉམས་པ་མ་ཡིན་པའོ། །སྤྱོད་པ་ཉམས་པ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། བསླབ་པའི་གཞི་རྗེས་སུ་མཐུན་ཞིང་འཚམ་པའི་ཚིག་གི་ལམ་དག་གིས་སྨྲས་ན། ཡང་དག་པར་སྒྲུབ་པ་དེ་ལ་དགེ་སློང་གིས་ [278A]༄༅། །མ་མཐོང་བ་དང། མ་ཐོས་པ་དང། མི་དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ་དེ་ལྟ་བུ་ནི། སྤྱོད་པ་ཉམས་པ་མ་ཡིན་པའོ། །འཚོ་བ་ ཉམས་པ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། དེའི་འཚོ་བ་ཡོངས་སུ་དག་པ་ཡིན་ན། དེ་ལ་དགེ་སློང་གིས་མ་མཐོང་བ་དང། མ་ཐོས་པ་དང་མི་དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་མ་ཡིན་པའི་གསོ་ སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི། འཚོ་བ་ཉམས་པ་མ་ཡིན་པའོ། །དཀར་པོའི་ཕྱོགས་ལ་ཕས་ཕམ་པ་ཡིན་པ་དང། ཕས་ཕམ་པའི་གཏམ་གྱི་གླེང་གཞི་ཡིན་པ་དང། བསླབ་པ་སྤོང་བ་ཡིན་པ་ དང། བསླབ་པ་སྤོང་བའི་གཏམ་གྱི་གླེང་གཞི་ཡིན་པ་དང། དགེ་འདུན་སྤོང་བ་ཡིན་པ་དང། དགེ་འདུན་སྤོང་བའི་གཏམ་གྱི་གླེང་གཞི་ཡིན་པ་དང། ཚུལ་ཁྲིམས་ཉམས་པ་ཡིན་པ་དང། ལྟ་བ་ ཉམས་པ་ཡིན་པ་དང། སྤྱོད་པ་ཉམས་པ་ཡིན་པ་དང། འཚོ་བ་ཉམས་པ་ཡིན་པ་ཡིན་ནོ། །ཕས་ཕམ་པ་ཡིན་པ་ཇི་ལྟ་བུ་ཞེ་ན་དགེ་སློང་གིས་རྣམ་པ་གང་དག་དང། རྟགས་གང་དག་དང། མཚན་ མ་གང་དག་གིས་ཕས་ཕམ་པའི་ལྟུང་བ་བྱུང་བའི་རྣམ་པ་དེ་དག་དང། རྟགས་དེ་དག་དང། མཚན་མ་དེ་དག་གིས་དེ་ཕས་ཕམ་པའི་ལྟུང་བ་བྱུང་བར་མཐོང་ལ། དེས་མཐོང་བ་དང། ཐོས་པ་དང་ དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི། ཕས་ཕམ་པ་ཡིན་ནོ། །ཕས་ཕམ་པའི་གཏམ་གྱི་གླེང་གཞི་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། དགེ་ [278B] གཏམ་སྨྲ་བ་དེ་ཡང་དེ་ལས་བྱུང་བ་ཡིན། དེ་གླེང་བའི་སྐབས་ལ་བབ་པ་ཡིན་ཞིང། དགེ་སློང་དེ་རྣམས་ཀྱང་དེ་བཞིན་དུ་འདུག་པ་བཞིན་ལ། དེས་མཐོང་བ་དང་ ཐོས་པ་དང། དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི། ཕས་ཕམ་པའི་གཏམ་གྱི་གླེང་གཞི་ཡིན་ནོ། །བསླབ་པ་སྤོང་བ་ཡིན་པ་ཇི་ལྟ་བུ་ཞེ་ན་དགེ་སློང་ གིས་རྣམ་པ་གང་དག་དང། རྟགས་གང་དག་དང། མཚན་མ་གང་དག་གིས་བསླབ་པ་སྤོང་བར་བྱེད་པའི་རྣམ་པ་དེ་དག་དང། རྟགས་དེ་དག་དང། མཚན་མ་དེ་དག་གིས་དེ་བསླབ་པ་སྤོང་བར་བྱེད་པར་ མཐོང་བ་དང། ཐོས་པ་དང། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི། བསླབ་པ་སྤོང་བ་ཡིན་ནོ། །བསླབ་པ་སྤོང་བའི་གཏམ་གྱི་གླེང་གཞི་ཡིན་པ་ཇི་ལྟ་བུ་ ཞེ་ན། འདི་ལྟ་སྟེ། དགེ་སློང་རབ་ཏུ་མང་པོ་ཚོགས་ཤིང་འདུས་ལ། གཏམ་སྨྲ་བ་དེ་ཡང་དེ་ལས་བྱུང་བ་ཡིན་ཏེ། དེ་གླེང་བའི་སྐབས་ཡིན་ཞིང། དགེ་སློང་དེ་རྣམས་ཀྱང་དེ་བཞིན་དུ་འདུག་བཞིན་ལ། དེས་ མཐོང་བ་དང། ཐོས་པ་དང། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི། བསླབ་པ་སྤོང་བའི་གཏམ་གྱི་གླེང་གཞི་ཡིན་ནོ། །དགེ་འདུན་སྤོང་བ་ཡིན་པ་ཇི་ལྟ་ བུ་ཞེ་ན། དགེ་སློང་གིས་རྣམ་པ་གང་དག་དང། རྟགས་གང་དག་དང། མཚན་མ་གང་དག་གིས་དགེ་འདུན་སྤོང་བར་བྱེད་པའི་རྣམ་པ་དེ་དག་དང། རྟགས་དེ་དག་དང། མཚན་མ་དེ་དག་གིས་དགེ་འདུན་ [279A]༄༅། །སྤོང་བར་བྱེད་པར་མཐོང་ལ། དེས་མཐོང་བ་དང། ཐོས་པ་དང། དོགས་པས་གསོ་སྦྱོང་གཞག་བ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི། དགེ་འདུན་སྤོང་བ་ ཡིན་ནོ། །དགེ་འདུན་སྤོང་བའི་གཏམ་གྱི་གླེང་གཞི་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། དགེ་སློང་རབ་ཏུ་མང་པོ་ཚོགས་ཤིང་འདུས་ལ། གཏམ་སྨྲ་བ་དེ་ཡང་དེ་ལས་བྱུང་བ་ཡིན། དེ་གླེང་བའི་ སྐབས་ལ་བབ་པ་ཡིན་ཞིང། དགེ་སློང་དེ་རྣམས་ཀྱང་དེ་བཞིན་དུ་འདུག་བཞིན་ལ། དེས་མཐོང་བ་དང། ཐོས་པ་དང། དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ ཏེ། དེ་ལྟ་བུ་ནི། དགེ་འདུན་སྤོང་བའི་གཏམ་གྱི་གླེང་གཞི་ཡིན་ནོ་།ཚུལ་ཁྲིམས་ཉམས་པ་ཡིན་པ་ཇི་ལྟ་བུ་ཞེ་ན། ཕས་ཕམ་པ་བཞི་ལས། གང་ཡང་རུང་བའི་ལྟུང་བར་གྱུར་ལ། དེ་ལ་ དགེ་སློང་གིས་མཐོང་བ་དང། ཐོས་པ་དང། དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་ཚུལ་ཁྲིམས་ཉམས་པ་ཡིན་ནོ། །ལྟ་བ་ཉམས་པ་ཡིན་པ་ཇི་ལྟ་བུ་ཞེ་ ན། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ལས། གང་ཡང་རུང་བའི་ལྟ་བར་མངོན་པར་ཞེན་པར་གྱུར་ལ། དེ་ལ་དགེ་སློང་གིས་མཐོང་བ་དང། ཐོས་པ་དང། དོགས་པས་གསོ་སྦྱོང་གཞག་པ་ནི་ ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི། ལྟ་བ་ཉམས་པ་ཡིན་ནོ། །སྤྱོད་པ་ཉམས་པ་ཡིན་པ་ཇི་ལྟ་བུ་ཞེ་ན། བསླབ་པའི་གཞིའི་རྗེས་སུ་མཐུན་ཞིང་འཚམ་པའི་ཚིག་གི་ལམ་དག་གིས་ [279B] ཡང་དག་པར་མི་སྒྲུབ་པ་དེ་ལ་དགེ་སློང་གིས་མཐོང་བ་དང། ཐོས་པ་དང། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི། སྤྱོད་པ་ཉམས་པ་ཡིན་ནོ། ། འཚོ་བ་ཉམས་པ་ཡིན་པ་ཇི་ལྟ་བུ་ཞེ་ན། དེའི་འཚོ་བ་མ་དག་པར་གྱུར་ལ། དེ་ལ་དགེ་སློང་གིས་མཐོང་བ་དང། ཐོས་པ་དང། དོགས་པས་གསོ་སྦྱོང་གཞག་པ་ནི། ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ་ དེ་ལྟ་བུ་ནི། འཚོ་བ་ཉམས་པ་ཡིན་ཏེ། འདི་དག་ནི། ཆོས་མ་ཡིན་པའི་བཅུ་དང་ཆོས་ཀྱི་བཅུའི་གསོ་སྦྱོང་གཞག་པ་ཡིན་ནོ། །གསོ་སྦྱོང་གཞག་པ་ཇི་ལྟ་བ་བཞིན་དུ་དགག་དབྱེ་གཞག་པ་ཡང་དེ་བཞིན་ ནོ། །དགེ་སློང་དག། དགེ་འདུན་ནི། ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན། ངོ་ཚ་མེད་པའི་དགེ་འདུན་དང། ལུག་ལྟར་ལྐུགས་པའི་དགེ་འདུན་དང། ཚོགས་ཀྱི་དགེ་འདུན་དང། ཀུན་རྫོབ་ཀྱི་དགེ་ འདུན་དང། དོན་དམ་པའི་དགེ་འདུན་ནོ། །ངོ་ཚ་མེད་པའི་དགེ་འདུན་གང་ཞེ་ན། གང་ན་དགེ་སློང་ཐམས་ཅད་ཚུལ་ཁྲིམས་འཆལ་ཞིང་སྡིག་པའི་ཆོས་དང་ལྡན་པའོ། །ལུག་ལྟར་ལྐུགས་པའི་དགེ་འདུན་ གང་ཞེ་ན། གང་ན་མདོ་སྡེ་འཛིན་པ་མ་ཡིན། འདུལ་བ་འཛིན་པ་མ་ཡིན། མ་མོ་འཛིན་པ་མ་ཡིན་པའོ། །ཚོས་ཀྱི་དགེ་འདུན་གང་ཞེ་ན་གང་ན་ཚོགས་དང་འབྲེལ་བས་ལས་རྣམས་བྱེད་པའོ། །ཀུན་ རྫོབ་ཀྱི་དགེ་འདུན་གང་ཞེ་ན། སོ་སོ་སྐྱེ་བོ་དགེ་བ་དང་ལྡན་པ་ཐམས་ཅད་དོ། །དོན་དམ་པའི་དགེ་འདུན་གང་ཞེ་ན། སློབ་པ་དང་མི་སློབ་པའི་སྐྱེས་བུ་གང་ཟག་བརྒྱད་དོ། །དེ་ལ་དགེ་འདུན་གོང་མ་ [280A]༄༅། །གསུམ་པོ་ངོ་ཚ་མེད་པའི་དགེ་འདུན་དང། ལུག་ལྟར་ལྐུགས་པའི་དགེ་འདུན་དང། ཚོགས་ཀྱི་དགེ་འདུན་གང་ཡིན་པ་འདི་དག་གིས་ནི། ཆོས་མ་ཡིན་པའི་ལས་བྱེད་པ་འཐོབ་ བོ། །ཀུན་རྫོབ་ཀྱི་དགེ་འདུན་གང་ཡིན་པ་འདིས་ནི། ཆོས་ཀྱི་ལས་དང་ཆོས་མ་ཡིན་པའི་ལས་བྱེད་པ་འཐོབ་བོ། །དོན་དམ་པའི་དགེ་འདུན་གང་ཡིན་པ་འདིས་ནི། ཆོས་མ་ཡིན་པའི་ལས་བྱེད་པ་མི་ འཐོབ་བོ། །གསོ་སྦྱོང་གཞག་པའི་བཞི་རྫོགས་སོ།། །།འདུལ་བ་གཞི་བམ་པོ་དོན་བཞི་པ། གནས་མལ་གྱི་གཞིའི་སྡོམ་ལ། ཤཱཀྱ་མིན་པའི་ལྔ་སྡེ་དང། མགོ་མེད་དགེ་འདུན་ གང་ཟག་གི། དངོས་པོ་བཅོམ་པའི་ཕྱིར་དང་ནི། །གཤིབས་པ་ཡི་ནི་ས་དང་ནི། །དགོན་པ་ཆོས་གོས་སྣུམ་པ་དང། །དགོན་པ་གནས་བརྟན་རྙེད་པ་དང། །བརྒྱད་པོ་དག་ནི་ཕྱི་མ་ཡིན། །སངས་རྒྱས་ བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག། བསྙེན་བཀུར་གྱི་གནས་སུ་ཚོགས་ཤིང་འདུས་ནས་འདི་ ལྟ་བུའི་སྐབས་ཀྱི་གཏམ་དག་གླེང་བར་བྱེད་དེ། ཚེ་དང་ལྡན་པ་དག། བདག་ཅག་གིས་སུ་ཞིག་ལ་བསྙེན་བཀུར་བྱ། བླ་མར་བྱ། རྗེད་པར་བྱ། མཆོད་པར་བྱ། བདག་ཅག་གིས་སུ་ཞིག་ལ་ མངོན་དུ་སྨྲ་བ་དང། ཕྱག་དང། ལྡང་བ་དང། ཐལ་མོ་སྦྱར་བ་དང། འདུད་པ་བྱ། བདག་ཅག་གི་ནང་ན་སུ་ཞིག་སྟན་གྱི་ཐོག་མ་དང། བཏུང་བའི་ཐོག་མ་དང། བསོད་སྙོམས་ཀྱི་ཐོག་མ་ [280B] དེ་ན་ཁ་ཅིག་གིས་འདི་སྐད་ཅེས་སྨྲས་སོ། །ཤཱཀྱ་ལས་རབ་ཏུ་བྱུང་བ་གང་ཡིན་པའོ། །ཁ་ཅིག་གིས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ལས་རབ་ཏུ་བྱུང་བ་གང་ཡིན་པའོ།། གཞན་དག་ན་རེ། རྒྱལ་རིགས་ལས་རབ་ཏུ་བྱུང་བ་གང་ཡིན་པའོ་།གཞན་དག་ན་རེ། རྗེའུ་རིགས་ལས་རབ་ཏུ་བྱུང་བ་གང་ཡིན་པའོ་།གཞན་དག་ན་རེ། དམངས་རིགས་ལས་རབ་ཏུ་བྱུང་བ་གང་ ཡིན་པའོ། །གཞན་དག་ན་རེ། རིགས་ངན་པ་མ་ཡིན་པ་མཐོན་པོ་ལས་རབ་ཏུ་བྱུང་བ་དང། བཀྲེན་པ་མ་ཡིན་པ་ཕྱུག་པོའི་རིགས་ལས་རབ་ཏུ་བྱུང་བ་གང་ཡིན་པའོ། །གཞན་དག་ན་རེ། གཟུགས་ བཟང་པོ་བལྟ་ན་སྡུག་པ་མཛེས་པ་དང། ཚིག་བཟང་པོ་ཚིག་ལ་མཁས་པ་དང་ལྡན་པ་དང། ཤེས་ཉེན་ཅན་བསོད་ནམས་ཆེ་བ་དང་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ ཐོས་པ་མང་བ། ཆོས་སྨྲ་བ། གནས་བརྟན་རྒྱལ་པོར་འོས་པ་དང་དགོན་པ་པ་དང། ཆོས་གོས་གསུམ་པ་དང། ཕྱིང་བ་ཅན་དང། ཕྱག་དར་ཁྲོད་པ་དང། བསོད་སྙོམས་པ་དང། བསོད་ སྙོམས་མི་འདམ་པ་དང། སྟན་གཅིག་པ་དང། ཟས་ཕྱིས་མི་ལེན་པ་དང། ཤིང་དྲུང་པ་དང། དུར་ཁྲོད་པ་དང། བླ་གབ་མེད་པ་དང། ཙོག་བུ་པ་དང། གཞི་ཇི་བཞིན་པ་གང་ཡིན་པ་དང། མི་ རྟག་པའི་འདུ་ཤེས་ཐོབ་པ་གང་ཡིན་པ་ཞེས་བྱ་བ་ནས་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་དགྲ་བཅོམ་པ་གང་ཡིན་པ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གཞན་དག་གིས་འདི་སྐད་ [281A]༄༅། །ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག། བདག་ཅག་ཐམས་ཅད་ནི། འདི་ལྟ་སྟེ། སོ་སོར་བརྟགས་ནས་མི་མཐུན་པ་ཡིན་གྱི། ཚུར་བདག་ཅག་བཅོམ་ལྡན་འདས་གང་ན་བ་དེར་ དོང་ལ་ཕྱིན་པ་དང། བཅོམ་ལྡན་འདས་ལ་དོན་འདི་ཞུས་ལ་བཅོམ་ལྡན་འདས་ཀྱིས་ཇི་སྐད་ལུང་བསྟན་པ་དེ་བཞིན་དུ་འདི་བདག་ཅག་གིས་གཟུང་བར་བྱའོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་ བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ ལ་དགེ་སློང་རབ་ཏུ་མང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བསྙེན་བཀུར་གྱི་གནས་འདིར་བདག་ཅག་དགེ་སློང་རབ་ཏུ་མང་པོ་ཚོགས་ཤིང་འདུས་ནས་འདི་ལྟ་བུའི་སྐབས་ཀྱི་གཏམ་དག་ གླེང་སྟེ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་ཇི་སྐད་ལུང་བསྟན་པ་དེ་བཞིན་དུ་འདི་བདག་ཅག་གིས་གཟུང་བར་བགྱིའོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཙུན་པ། བཅོམ་ལྡན་ འདས་ལ་བདག་ཅག་དོན་འདི་ཞུས་ལགས་ཏེ། བདག་ཅག་གིས་གང་ལ་བསྙེན་བཀུར་བགྱི། བླ་མར་བགྱི། རྗེད་པར་བགྱི། མཆོད་པར་བགྱི་ཞེས་བྱ་བ་ནས་ཐོག་མར་བསོད་སྙོམས་ལོངས་ སྤྱད་པར་བགྱི་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་ཆེས་རྒན་པ་ལ་བསྙེན་བཀུར་བྱ། བླ་མར་བྱ། རྗེད་པར་བྱ་ [281B] མངོན་དུ་སྨྲ་བ་དང། ཕྱག་དང། ལྡང་བ་དང། ཐལ་མོ་སྦྱར་བ་དང། འདུད་པའི་ལས་བྱའོ། །དེ་ནི། ཁྱེད་ཅག་གི་སྟན་གྱི་ཐོག་མ་དང། བཏུང་བའི་ཐོག་མ་དང། བསོད་སྙོམས་ ཀྱི་ཐོག་མ་ལོངས་སྤྱད་པར་འོས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག། ཁྱེད་ཀྱིས་ཆེས་རྒན་པ་ལ་བསྙེན་བཀུར་བྱ་ཞེས་བྱ་བ་ནས་བསོད་སྙོམས་ཀྱི་ཐོག་མ་ལོངས་སྤྱད་པར་བྱའོ། ། ཞེས་བྱ་བའི་བར་གོང་མ་བཞིན་དུ་གསུངས་པ་དང། དགེ་སློང་རྣམས་ཀྱིས་ཁྱིམ་པ་རྒན་པ་དག་ལ་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་པ་ན། བྲམ་ཟེ་དང། ཁྱིམ་བདག་ དད་པ་ཅན་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དེ། འཕགས་པ་དག། བདག་ཅག་ནི། འདོད་པ་ལ་སྤྱོད་པ་ལགས་འདོད་པའི་འདམ་དུ་བྱིང་བ་ལགས་ན། ཅིའི་སླད་ དུ་ཁྱེད་བདག་ཅག་ལ་བསྙེན་བཀུར་བགྱི་ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ངས་རབ་ ཏུ་བྱུང་བ་རྣམས་ལ་དགོངས་ཏེ་གསུངས་པ་ཡིན་གྱི། ཁྱིམ་པ་རྣམས་ལ་ནི་མ་ཡིན་ནོ། །དགེ་སློང་རྣམས་ཀྱིས་གཞན་མུ་སྟེགས་ཅན་རྒན་པ་རྒན་པ་དག་མཐོང་ནས་བསྙེན་བཀུར་བྱེད། བླ་མར་བྱེད་ རྗེད་པར་བྱེད། མཆོད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ངས་ཆོས་འདི་པ་རྣམས་ལ་དགོངས་ཏེ་གསུངས་པ་ཡིན་གྱི། ཕྱི་རོལ་བ་རྣམས་ལ་ནི་མ་ཡིན་ནོ། །དེ་ [282A]༄༅། །རྣམས་ཀྱི་རབ་ཏུ་བྱུང་བའི་དགེ་ཚུལ་རྒན་པོ་དག་མཐོང་ནས་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། དགེ་སློང་དག། ངས་བསྙེན་པར་རྫོགས་པ་རྣམས་ལས་དགོངས་ནས་གསུངས་པ་ཡིན་གྱི། དགེ་ཚུལ་རྣམས་ལ་ནི་མ་ཡིན་ནོ། །དེ་རྣམས་ཀྱི་རྒན་པོ་གསར་དུ་བསྙེན་པར་རྫོགས་པ་དག་ལ་བསྙེན་ བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕན་ཚུན་ལོའི་དང་པོ་དྲིས་ནས་ཕྱག་བྱའོ། །དེ་རྣམས་ཀྱིས་དྲིས་པ་ལས། ན་ཚོད་ཀྱི་ ལོ་སྨྲས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྙེན་པར་རྫོགས་པའི་ལོའི་དང་པོ་དྲི་བར་བྱའོ། །དགེ་སློང་རྣམས་ཀྱིས་ཇི་ལྟར་དྲི་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རེ་ཞིག་དང་པོར་དུས་ཚིགས་དྲི་བར་བྱའོ། །དགེ་སློང་རྣམས་ཀྱིས་དུས་ཚིགས་དུ་ཡིན་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དུས་ཚིགས་ནི། ལྔ་ པོ་འདི་དག་ཡིན་ཏེ། དགུན་དང། སོས་ཀ་དང། དབྱར་དང། དབྱར་ཐུང་ངུ་དང། དབྱར་རིང་པོའོ། །དེ་ལ་ཟླ་བ་བཞི་ནི། དགུན་ཡིན་ནོ། །ཟླ་བ་བཞི་ནི། སོས་ཀ་ཡིན་ནོ། །ཟླ་བ་གཅིག་ནི་ དབྱར་ཡིན་ནོ། །ཉིན་ཞག་གཅིག་ནི། དབྱར་ཐུང་ངུ་ཡིན་ནོ། །ཟླ་བ་གསུམ་དུ་ཞག་གཅིག་གིས་མ་ཚང་བ་ནི། དབྱར་རིང་པོ་ཡིན་ཏེ། དེ་ལྟར་དུས་ཚིགས་དེ་བརྗོད་ནས་སྔར་ [282B] །དགེ་སློང་དག། གཞན་ཡང། ཕྱག་བྱ་བ་ནི། བཞི་སྟེ། བཞི་གང་ཞེ་ན། རེ་ཞིག་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་ པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེ་དང་བཅས་པའི་སྐྱེ་རྒུ་དང། ལྷ་དང་མིར་བཅས་པས་ཕྱག་བྱ་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང། ཁྱིམ་པ་ ཐམས་ཅད་ཀྱིས་ཕྱག་བྱ་བ། རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་པ་ཐམས་ཅད་ཀྱིས་ཕྱག་བྱ་བ་ནི། སྔར་བསྙེན་པར་རྫོགས་པ་ཡིན་ནོ། །དགེ་སློང་མ་མ་གཏོགས་ཏེ། དེ་ནི། བསྙེན་པར་རྫོགས་ ནས་ལོ་བརྒྱ་ལོན་ཀྱང་དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་ལ་ཕྱག་བྱ་བ་ཡིན་ནོ། །བསྙེན་པར་མ་རྫོགས་པ་ཐམས་ཅད་ཀྱིས་ཕྱག་བྱ་བ། བསྙེན་པར་རྫོགས་པའོ། །ཕྱག་མི་བྱ་བ་ནི། བཅུ་སྟེ། བཅུ་གང་ ཞེ་ན། སྤོ་བ་པ་དང། གཞི་ནས་སྤོ་བ་དང། སྤོ་བ་སྤྱད་པ་དང། མགུ་བ་སྤྱོད་པ་དང། མགུ་བར་བྱ་བ་སྤྱད་པ་དང། མ་མཐོང་བས་གནས་ནས་ཕྱུང་བ་དང། ཕྱིར་མི་བྱེད་པས་གནས་ནས་ཕྱུང་ བ་དང། སྡིག་པའི་ལྟ་བར་སོང་བ་མི་འདོར་བ་གནས་ནས་ཕྱུང་བ་དང། ཁྱིམ་པ་ཐམས་ཅད་དང། བསྙེན་པར་རྫོགས་པ་མ་ཡིན་པ་ཐམས་ཅད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་རྒན་ པའི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་རྣམས་གཅིག་ལ་གཅིག་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་དོ་།དེ་རྣམས་གཅིག་ལ་གཅིག་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད་ [283A]༄༅། །མཆོད་པར་བྱེད་པ་ན། ཆུའི་ནང་གི་ཨུཏྤ་ལ་ཇི་ལྟ་བ་བཞིན་དུ་དགེ་བའི་ཆོས་ཀྱིས་འཕེལ་བར་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་ རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། གང་གི་ཚེ་ཇི་ལྟར་རྒན་པའི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་རྣམས་གཅིག་ལ་གཅིག་བསྙེན་བཀུར་བགྱིད། བླ་མར་བགྱིད། རྗེད་པར་བགྱིད་ མཆོད་པར་བགྱིད་དོ། །དེ་རྣམས་གཅིག་ལ་གཅིག་བསྙེན་བཀུར་བགྱིད། བླ་མར་བགྱིད། རྗེད་པར་བགྱིད། མཆོད་པར་བགྱིད་པ་ན། ཆབ་ཀྱི་ནང་གི་ཨུཏྤ་ལ་ཇི་ལྟ་བ་བཞིན་དུ། དགེ་བའི་ཆོས་ཀྱིས་ འཕེལ་བར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགེ་སློང་དག། ད་ལྟར་ང་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ། སྐྱེ་བ་དང། རྒ་བ་དང། ན་བ་ དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་ལས་གྲོལ་ཏེ། ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཐམས་ ཅད་མཁྱེན་པ། ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་པས་ཇི་ལྟར་རྒན་པའི་བཅའ་བ་མཛད་དེ། ཇི་ལྟར་རྒན་པ་དེ་ལ་བརྟེན་ནས་དགེ་སློང་རྣམས་གཅིག་ལ་གཅིག་བསྙེན་བཀུར་བྱེད། བླ་མར་བྱེད། ཅེས་ བྱ་བ་ནས་ཆུའི་ནང་གི་ཨུཏྤ་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་བར་གང་ཡིན་པ་འདི་ལ་ངོ་མཚར་ཞིག་ཆེ། གང་གི་ཚེ་ང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་ [283B] རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་ལས་མ་གྲོལ་ཞིང་རྣམ་པར་ལྟུང་བའི་ལུས་ཀྱིས་ཇི་ལྟར་ རྒན་པའི་བཅའ་བ་མཛད་དེ། ཇི་ལྟར་རྒན་པ་དེ་ལ་བརྟེན་ནས་འཛམ་བུ་གླིང་ན་གནས་པའི་སྐྱེ་བོའི་ཚོགས་ཕལ་ཆེར་སུམ་ཅུ་རྩ་གསུམ་པའི་རིས་གྱ་ནོམ་པར་སྐྱེས་པ་གང་ཡིན་པ་དེ་ཉོན་ཅིག། དགེ་སློང་ དག། སྔོན་བྱུང་བ། ཡུལ་ཀ་ཤིའི་ནགས་སྟུག་པོ་ཞིག་ན། སྲོག་ཆགས་བཞི་གནས་པ་གོང་མ་སྲེག་དང། རི་བོང་དང། སྤྲེའུ་དང་གླང་པོ་ཆེའོ། །དེ་དག་ཀྱང་ཕན་ཚུན་ཡིད་གཅུགས་པས་ལྷན་ ཅིག་གནས་ཤིང་མཐུན་པ་དང། ཡང་དག་པར་དགའ་བ་དང། རྩོད་པ་མེད་པ་དང། དོགས་པ་མེད་ཅིང་དགའ་བའི་སྤྱོད་ལམ་གྱིས་གནས་པས་དུས་འདའ་བར་བྱེད་དོ། །ཇི་ཙམ་དུས་གཞན་ ཞིག་ན་དེ་རྣམས་ཀྱི་བློ་སྐྱེས་པ། ཤེས་ལྡན་དག། བདག་ཅག་ལ་ཕན་ཚུན་ཡིད་གཅུགས་པས་ལྷན་ཅིག་གནས་ཤིང་མཐུན་པ་དང། ཡང་དག་པར་དགའ་བ་དང། རྩོད་པ་མེད་པ་ནི། ཡོད་ན་ འོན་ཀྱང་བདག་ཅག་གིས་གང་ལ་བསྙེན་བཀུར་བྱ། བླ་མར་བྱ། རྗེད་པར་བྱ། མཆོད་པར་བྱ་བ་མི་ཤེས་ཀྱི། མ་ལ་བདག་ཅག་རྒན་བ་ཇི་ལྟ་པའི་བཅའ་བ་བྱའོ། །དེ་རྣམས་ཕན་ཚུན་དུ་གྲོས་བྱ་བར་ བརྩམས་པ། བདག་ཅག་གི་ནང་ན་སུ་རྒན། དེ་ནས་གོང་མ་སྲེག་གིས་ཤིང་ནྱ་གྲོ་དྷ་ཞིག་བསྟན་ནས། ཤེས་ལྡན་དག། སུས་ཤིང་ནྱ་གྲོ་དྷ་འདིའི་ཚད་ཇི་ཙམ་པ་མཐོང། གླང་པོ་ཆེས་སྨྲས་པ། ཁོ་ [284A]༄༅། །བོ་ཁྱུ་དང་ལྷན་ཅིག་ལམ་འདི་ནས་འགྲོ་བ་ན། འདིའི་སྲིད་ཁོ་བོའི་ལུས་དང་མཉམ་པ་ཁོ་ན་མཐོང་ངོ། །སྤྲེའུ་སྨྲས་པ། ཁོ་བོ་ཁྱུ་དང་ལྷན་ཅིག་ལམ་འདི་ནས་འགྲོ་བ་ན་ འདིའི་སྲིད་ཁོ་བོ་དང་མཉམ་པ་ཁོ་ན་མཐོང་ངོ། །དེ་དག་གིས་སྨྲས་པ། དེ་བས་ཁྱོད་རྒན་ནོ། །རི་བོང་གིས་སྨྲས་པ། ཁོ་བོས་འདིའི་ལོ་མ་གཉིས་སྐྱེས་པ་ན། ལོ་མའི་ཟིལ་བའི་ཐིགས་པ་ལྕེས་ བལྡགས་སོ། །དེ་དག་གིས་སྨྲས་པ། འདི་དག་པས་ཀྱང་ཁྱོད་རྒན་ནོ་།གོང་མ་སྲེག་གིས་སྨྲས་པ། ཁྱེད་ཅག་གིས་ཤིང་ནྱ་གྲོ་དཧའི་ཚད་ཆེན་པོའི་རྣམ་པ་འདི་མཐོང་ངམ། དེ་རྣམས་ཀྱིས་ སྨྲས་པ། འདི་མཐོང་ངོ། །ཁོ་བོས་ས་བོན་རྣམས་ཟོས་ནས་ཕྱོགས་འདིར་རྟུག་པ་བོར་བ་དེ་ལས་སྐྱེས་པ་ནི། འདི་ཡིན་ནོ། །དེ་རྣམས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟ་ན། བདག་ཅག་ཐམས་ཅད་ ཀྱི་ནང་ན་ཁྱོད་རྒན་ནོ། །དེ་ནས་གླང་པོ་ཆེས་ཐམས་ཅད་ལ་བསྙེན་བཀུར་བྱ་བར་བརྩམས་སོ། །སྤྲེའུ་རི་བོང་དང་གོང་མ་སྲེག་ལའོ། །རི་བོང་གིས་ནི། གོང་མ་སྲེག་པ་ཁོ་ན་ལ་སྟེ། དེ་རྣམས་ དེ་ལྟར་རྒན་རིམ་ཇི་ལྟ་བ་བཞིན་དུ་བསྙེན་བཀུར་བྱེད་ཅིང་ནགས་སྟུག་པོ་དེ་ན་ཕན་ཚུན་དུ་རྒྱུ་ཞིང་གང་གི་ཚེ་ཡ་ང་བ་དང་གཟར་པོའི་ཕྱོགས་སུ་འགྲོ་དགོས་པ་དེའི་ཚེ་གླང་པོ་ཆེ་ ལ་སྤྲེའུ། སྤྲེའུ་ལ་རི་བོང། རི་བོང་ལ་གོང་མ་སྲེག་ཞོན་ནོ་།སྡུག་པ་འཕེལ་ཞིང་ཞེ་ས་དང་བཅས་པ་དེ་རྣམས་ལ། ཡང་འདི་ལྟ་བུའི་བློ་སྐྱེས་ཏེ། ཤེས་ལྡན་དག། བདག་ཅག་ [284B] ཡོད་ཀྱི། རེ་ཞིག་དགེ་བ་གཞན་ཡང་ཅུང་ཟད་ཅིག་བླངས་ཏེ་འཇུག་པར་བྱའོ། །ཇི་ལྟར་བྱ། གོང་མ་སྲེག་གིས་སྨྲས་པ། སྲོག་གཅོད་པ་ལས་སླར་ལོག་ པར་བྱའོ། །བདག་ཅག་གིས་སྲོག་གཅོད་པ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ། ལོ་མ་དང། མེ་ཏོག་དང། འབྲས་བུ་སྲོག་ཆགས་དང་བཅས་པ་ཡང་ཡོད། སྲོག་ཆགས་མེད་པ་ཡང་ ཡོད་པས། དེ་བས་ན། བདག་ཅག་གིས་དེང་ཕྱིན་ཆད་སྲོག་ཆགས་དང་བཅས་པ་ནི། སྤངས་ལ། སྲོག་ཆགས་མེད་པ་ནི། ལོངས་སྤྱད་པར་བྱའོ། །ཞེས་དེ་རྣམས་ཀྱིས་སྲོག་ཆགས་དང་བཅས་པ་ནི་ སྤངས་ཤིང། སྲོག་ཆགས་མེད་པ་ལ་ལོངས་སྤྱད་པར་བརྩམས་སོ་།དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་སྲོག་གཅོད་པ་ལས་སླར་ལོག་པ་ནི། ཡོད་ན། མ་བྱིན་པར་ལེན་པ་ལས་ མ་ཡིན་པས། མ་ལ་བདག་ཅག་གིས་མ་བྱིན་པར་ལེན་པ་ལས་སླར་ལོག་པར་བྱའོ། །བདག་ཅག་གིས་མ་བྱིན་པར་ལེན་པ་ཅི་འདྲ་བ་ཞིག་ཡིན་གོང་མ་སྲེག་གིས་སྨྲས་པ། ཡོངས་སུ་འཛིན་ པ་དང་བཅས་པའི་རྩྭ་དང། ལོ་མ་དང། མེ་ཏོག་དང། འབྲས་བུ་ཡང་ཡོད། འཛིན་པ་ཡང་ཡོད་པས། དེ་བས་ན། བདག་ཅག་གིས་དེང་ཕྱིན་ཆད་ཡོངས་སུ་འཛིན་པ་དང་བཅས་པ་ནི། སྤངས་ ལ། འཛིན་པ་མེད་པ་ནི། ལོངས་སྤྱད་པར་བྱའོ། །ཞེས་དེ་རྣམས་ཀྱིས་ཡོངས་སུ་འཛིན་པ་དང་བཅས་པ་ནི། སྤངས་ཏེ། འཛིན་པ་མེད་པ་ནི། ལོངས་སྤྱད་པར་བརྩམས་སོ། །དེ་རྣམས་ [285A]༄༅། །འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་མ་བྱིན་པར་ལེན་པ་ལས་སླར་ལོག་པ་ནི། ཡོད་ན། འདོད་པས་ལོག་པ་གཡེམ་པ་ལས་མ་ཡིན་པས། མ་ལ་བདག་ཅག་གིས་འདོད་པས་ ལོག་པར་གཡེམ་པ་ལས་སླར་ལོག་པར་བྱའོ། །བདག་ཅག་གིས་འདོད་པས་ལོག་པར་གཡེམ་པ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ་བདག་ཅག་བགྲོད་པར་བྱ་བར་ཡང་འགྲོ། བགྲོད་ པར་བྱ་བ་མ་ཡིན་པར་ཡང་འགྲོ་བས། དེ་བས་ན། བདག་ཅག་གིས་དེང་ཕྱིན་ཆད་བགྲོད་པར་བྱ་བ་ཁོ་ན་བགྲོད་པར་བྱའི། བགྲོད་པར་བྱ་བ་མ་ཡིན་པ་ནི། མ་ཡིན་ནོ། །ཞེས་དེ་རྣམས་བགྲོད་པར་ བྱ་བ་བགྲོད་ཀྱི། བགྲོད་པར་བྱ་བ་མ་ཡིན་པ་ནི། མ་ཡིན་ནོ། །དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་འདོད་པས་ལོག་པར་སྤྱོད་པ་ལས་སླར་ལོག་པ་ནི། ཡོད་ན། བརྫུན་དུ་སྨྲ་བ་ལས་ མ་ཡིན་གྱི། མ་ལ་བདག་ཅག་གིས་བརྫུན་དུ་སྨྲ་བ་ལས་སླར་ལོག་པར་བྱའོ། །བདག་ཅག་གི་བརྫུན་དུ་སྨྲ་བ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ། བདག་ཅག་ཅི་ཡང་རུང་བ་སྨྲ་བས་དེ་ བས་ན། བདག་ཅག་གིས་དེང་ཕྱིན་ཆད་ཅི་ཡང་རུང་བ་སྨྲ་བར་མི་བྱ་ཞིང། བརྟགས་ཤིང་བརྟགས་པའི་ཚིག་དུས་སུ་སྨྲ་བར་བྱའོ་།ཞེས་དེ་རྣམས་ཀྱིས་ཅི་ཡང་རུང་བ་མི་སྨྲ་ཞིང། ཅི་ཡང་བརྟགས་ ཤིང་བརྟགས་པའི་ཚིག་དུས་སུ་སྨྲའོ། །དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་བརྫུན་དུ་སྨྲ་བ་ལས་སླར་ལོག་པ་ནི། ཡོད་ན་འབྲུའི་ཆང་དང། སྦྱར་བའི་ཆང་མྱོས་པར་འགྱུར་ [285B] བག་མེད་པའི་གནས་ལས་མ་ཡིན་པས། མ་ལ་བདག་ཅག་གིས་འབྲུའི་ཆང་དང། སྦྱར་བའི་ཆང་མྱོས་པར་འགྱུར་བ། བག་མེད་པའི་གནས་ལས་སླར་ལོག་པར་བྱའོ། །བདག་ཅག་གིས་འབྲུའི་ཆང་དང་ སྦྱར་བའི་ཆང་མྱོས་པར་འགྱུར་བ། བག་མེད་པ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ། མྱོས་པར་འགྱུར་བའི་འབྲས་བུ་གང་ཡིན་པ་དག་ཀྱང་ཡོད། མྱོས་པར་མི་འགྱུར་བ་གང་ཡིན་པ་དག་ ཀྱང་ཡོད། དེ་བས་ན། བདག་ཅག་གིས་དེང་ཕྱིན་ཆད་མྱོས་པར་འགྱུར་བའི་འབྲས་བུ་གང་དག་ཡིན་པ་ནི། སྤངས་ལ། མྱོས་པར་མི་འགྱུར་བའི་འབྲས་བུ་གང་དག་ཡིན་པ་ནི། ལོངས་སྤྱད་པར་བྱའོ། ། ཞེས་དེ་རྣམས་ཀྱིས་མྱོས་པར་འགྱུར་བའི་འབྲས་བུ་གང་དག་ཡིན་པ་ནི། སྤངས་ཏེ། མྱོས་པར་མི་འགྱུར་བའི་འབྲས་བུ་གང་དག་ཡིན་པ་ལོངས་སྤྱོད་པར་བརྩམས་སོ། །གང་གི་ཚེ་དེ་རྣམས་བརྟུལ་ཞུགས་ ཀྱི་གཞི་ལྔ་ལ་རབ་ཏུ་གནས་པ་དེའི་ཚེ་གོང་མ་སྲེག་གིས་སྨྲས་པ། ཤེས་ལྡན་དག། བདག་ཅག་ལ་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་གནས་པ་ནི། ཡོད་ཀྱི། མ་ལ་བདག་ཅག་གིས་གཞན་དག་ཀྱང་ བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་དགོད་པར་བྱའོ། །དེ་རྣམས་ཀྱིས་སྨྲས་པ། དེ་བཞིན་དུ་བྱའོ། །བདག་ཅག་གི་ནང་ནས་སུ་དག་རབ་ཏུ་དགོད་པར་བྱ། སྤྲེའུ་སྨྲས་པ། ཁོ་བོས་ནི། སྤྲེའུ་ཐམས་ ཅད་རབ་ཏུ་དགོད་པར་བྱའོ། །དེ་ནས་རི་བོང་གིས་སྨྲས་པ། ཁོ་བོས་ནི། རི་བོང་དང་སྤུ་ཅན་ཐམས་ཅད་རབ་ཏུ་དགོད་པར་བྱའོ། །གླང་པོ་ཆེས་སྨྲས་པ། གལ་ཏེ་དེ་ལྟ་ན། ཁོ་བོས་ནི། གླང་པོ་ཆེ་དང་ [286A]༄༅། །སེངྒེ་དང། སྟག་དང། གུང་ཐམས་ཅད་རབ་ཏུ་དགོད་པར་བྱའོ། །གོང་མ་སྲེག་གིས་སྨྲས་པ། གལ་ཏེ་དེ་ལྟ་ན། མདོར་ན་ཁྱེད་ཀྱིས་འདུལ་བ་མ་ཡིན་པ། རྐང་པ་མེད་པ་དང་ རྐང་གཉིས་པ་དང། རྐང་བཞི་པ་དང། འདབ་ཆགས་གང་ཡིན་པ་ཐམས་ཅད་ཁོ་བོས་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་དགོད་པར་བྱའོ། །དེ་ནས་དེ་རྣམས་ཀྱི་ཡུལ་ཀ་ཤི་ན་དུད་འགྲོའི་སྐྱེ་གནས་སུ་ སོང་བའི་སྲོག་ཆགས་ཇི་སྙེད་པ་དེ་དག་ཐམས་ཅད་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་བཀོད་དོ། །དེ་རྣམས་གཅིག་ལ་གཅིག་གནོད་པ་མི་བྱེད་ཅིང། ནགས་སྟུག་པོ་དེ་ན་ཤེས་བཞིན་གྱི་གནས་ པས་ཅི་དགའ་བར་གནས་པ་དེ་རྣམས་ཀྱི་མཐུས། ལྷས་དུས་སུ་ཆར་ཕབ་པས་ས་རྟག་ཏུ་མེ་ཏོག་དང། འབྲས་བུའི་ཤིང་དང། ལོ་ཏོག་དང་ལྡན་པར་གྱུར་ཏོ། །མི་རྣམས་ཀྱིས་དེ་དག་གཅིག་ ལ་གཅིག་གནོད་པ་མི་བྱེད་པར་གནས་པས་ས་རྟག་ཏུ་མེ་ཏོག་དང་འབྲས་བུའི་ཤིང་དང། ལོ་ཏོག་དང་ལྡན་པར་མཐོང་བ་དང། རྒྱལ་པོས་སྨྲས་པ། ངས་ཆོས་བཞིན་གྱིས་རྒྱལ་སྲིད་བྱས་ ཏེ༑ འདི་ནི། ངའི་མཐུ་ཡིན་ནོ། །བཙུན་མོ་དང། གཞོན་ནུ་རྣམས་དང། བློན་པོ་རྣམས་དང། ཁྲོམ་གྱི་རུ་བ་རྣམས་དང། གྲོང་མི་དང། ཡུལ་མི་རྣམས་ཀྱིས་སྨྲས་པ། འདི་ནི། བདག་ཅག་གི་ མཐུ་ཡིན་ནོ། །རྒྱལ་པོས་བསམ་པ། འདི་དག་ཐམས་ཅད། འདི་ནི། བདག་གི་མཐུ་ཡིན་ནོ། །འདི་ནི། བདག་གི་མཐུ་ཡིན་ནོ། །ཞེས་སྨྲས་ན། འདི་སུའི་མཐུ་ཡིན་པ་མི་ཤེས་སོ། །སྙམ་ [286B] དེ་ངོ་མཚར་སྐྱེས་ཏེ། དེས་ལྟས་མཁན་རྣམས་བཀུག་ནས་སྨྲས་པ་དང། དེ་རྣམས་ཀྱིས་ཀྱང་མ་ཤེས་སོ། །ཇི་ཙམ་ན་ཝཱ་ར་ཎཱ་སི་དང་ཧ་ཅང་ཡང་མི་རིང་བའི་སྐྱེད་མོས་ཚལ་ཞིག་ཡོད་པ་དེ་ན་དྲང་ སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གནས་ཏེ། ཝཱ་ར་ཎཱ་སི་ན་གནས་པའི་སྐྱེ་བོའི་ཚོགས་མཐའ་དག་གིས་མཆོད་ཅིང་རྗེད་ཅིང་མངོན་དུ་སྨྲ་བར་བྱ་བ་ཞིག་ཡོད་དོ། །དེ་ནས་རྒྱལ་པོ་དྲང་སྲོང་དེའི་དྲུང་ དུ་སོང་ནས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། དྲང་སྲོང་ཆེན་པོ། །བདག་གི་ཡུལ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ལ་གཅིག་གནོད་པ་མི་བྱེད་ཅིང་ ཤེས་བཞིན་གྱི་གནས་པས་ཅི་དགའ་བར་གནས་པས། ལྷས་དུས་སུ་ཆར་ཕབ་པས། ས་རྟག་ཏུ་མེ་ཏོག་དང། འབྲས་བུའི་ཤིང་དང། ལོ་ཏོག་དང་ལྡན་པར་གྱུར་པ་དང། བདག་གིས་འདི་སྙམ་དུ་སེམས་ ཏེ། བདག་གིས་ཆོས་བཞིན་གྱིས་རྒྱལ་སྲིད་བྱས་པས། འདི་ནི། བདག་གི་མཐུ་ཡིན་ནོ་སྙམ་དུ་སེམས་སོ། །བཙུན་མོ་དང། གཞོན་ནུ་རྣམས་དང། བློན་པོ་རྣམས་དང། ཁྲོམ་གྱི་རུ་བ་དང། ཡུལ་ མི་དང། གྲོང་མི་རྣམས་ཀྱིས་ཀྱང་འདི་ནི། བདག་ཅག་གི་མཐུ་ཡིན་ནོ་སྙམ་དུ་སེམས་ཏེ། བདག་ཀྱང་ངོ་མཚར་ཆེན་པོ་སྐྱེས་ན། དེའི་ཕྱིར་འདི་སུའི་མཐུ་ལགས་པ་ཐེ་ཚོམ་གཅད་པའི་རིགས་སོ། །དེས་ སྨྲས་པ། རྒྱལ་པོ་ཆེན་པོ། འདི་ནི། ཁྱོད་ཀྱི་མཐུ་མ་ལགས་ཏེ་བཙུན་མོའི་མ་ལགས། གཞོན་ནུ་རྣམས་ཀྱི་མ་ལགས། བློན་པོ་རྣམས་ཀྱི་མ་ལགས། ཁྲོམ་གྱི་རུ་བའི་མ་ལགས། གྲོང་མིའི་ [287A]༄༅། །མ་ལགས། ཡུལ་མིའི་མ་ལགས་ཏེ། འོན་ཀྱང་ཁྱོད་ཀྱི་ཡུལ་ན་སྲོག་ཆགས་བཞི་གནས་ཏེ། འདི་ནི། དེ་དག་གི་མཐུ་ཡིན་ནོ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟར་ན། རེ་ ཞིག་བལྟར་མཆིའོ། །དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་རྣམས་བལྟ་ཅི་འཚལ། འོན་ཀྱང་དེ་རྣམས་ཀྱིས་ཡང་དག་པར་བླངས་ཏེ་སྤྱད་པ་གང་ལགས་པ་དེ། ཡང་དག་པར་བླངས་ཏེ་ སྤྱད་མཛོད་ཅིག། དེ་རྣམས་ཀྱིས་ཅི་ཞིག་ཡང་དག་པར་བླངས་ཏེ་སྤྱད། བརྟུལ་ཞུགས་ཀྱི་གཞི་ལྔའོ། །དྲང་སྲོང་ཆེན་པོ། བརྟུལ་ཞུགས་ཀྱི་གཞི་ལྔ་ཅི་འདྲ་བ་ཞིག་ལགས། རྒྱལ་པོ་ཆེན་པོ། དེ་རྣམས་ནི་ སྲོག་ཆགས་རྣམས་ཀྱི་སྲོག་མི་གཅོད། གཞན་གྱི་བདོག་པ་མི་འཕྲོག་བགྲོད་པར་བྱ་བ་མ་ཡིན་པ་བགྲོད་པར་མི་བྱེད། རྫུན་གྱི་ཚིག་མི་སྨྲ། མྱོས་པར་འགྱུར་བའི་བཏུང་བ་མི་འཐུང་ངོ། །རྒྱལ་ པོས་སྨྲས་པ། དྲང་སྲོང་ཆེན་པོ། གལ་ཏེ་དེ་ལྟ་ན། བདག་གིས་ཀྱང་བརྟུལ་ཞུགས་ཀྱི་གཞི་ལྔ་པོ་འདི་ཡང་དག་པར་བླངས་ཏེ་སྤྱད་པར་བྱའོ། །དེ་ནས་རྒྱལ་པོ་དེས་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་ པར་བླངས་ཏེ་སྤྱད་པར་བརྩམས་སོ། །རྒྱལ་པོས་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པ་དང། བཙུན་མོ་རྣམས་ཀྱིས་ཀྱང་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་ བརྩམས་སོ། །བློན་པོ་རྣམས་དང། ཁྲོམ་གྱི་རུ་བ་དང། གྲོང་མི་དང། ཡུལ་མི་རྣམས་ཀྱིས་ཀྱང་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་བརྩམས་སོ། །ཁམས་ཀྱི་རྒྱལ་ཕྲན་ [287B] གཞོན་ནུ་རྣམས་དང། བློན་པོ་རྣམས་དང། ཁྲོམ་གྱི་རུ་བ་རྣམས་དང། གྲོང་མི་དང། ཡུལ་མིར་བཅས་པས་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་ སྤྱོད་དོ། །ཞེས་ཐོས་སོ། །ཐོས་ནས་དེ་རྣམས་ཀྱང་བཙུན་མོ་རྣམས་དང། གཞོན་ནུ་རྣམས་དང། བློན་པོ་རྣམས་དང། ཁྲོམ་གྱི་རུ་བ་རྣམས་དང། གྲོང་མི་རྣམས་དང། ཡུལ་མི་རྣམས་དང་ལྷན་ཅིག་ཏུ་བརྟུལ་ ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་བརྩམས་སོ་།འཛམ་བུའི་གླིང་གི་སྐྱེ་བོའི་ཚོགས་ཐམས་ཅད་ལས་ཕལ་ཆེར་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་བརྩམས་སོ། །དེའི་ ཚེ་འཛམ་བུའི་གླིང་པ་འཆི་བའི་དུས་བྱེད་པ་དེ། ལུས་ཞིག་ནས་སུམ་ཅུ་རྩ་གསུམ་པའི་ལྷ་གྱ་ནོམ་པ་རྣམས་སུ་སྐྱེའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ལྷའི་འཁོར་རྒྱས་པར་མཐོང་ནས་ཚིགས་སུ་བཅད་ དེ་སྨྲས་པ། གུས་བཅས་ཞེ་སར་བཅས་པ་དག། དཀའ་ཐུབ་ཚལ་ན་གནས་པ་ཡི། །གོང་མ་སྲེག་གི་ཚངས་སྤྱོད་པ། །འཇིག་རྟེན་སོ་སོར་རབ་ཏུ་བསྟན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ དག། འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་གོང་མ་སྲེག་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །རི་བོང་ནི། དགེ་སློང་ཤཱ་རིའི་བུ་ཡིན་ནོ། །སྤྲེའུ་ནི། མོའུ་གལ་གྱི་བུ་ཡིན་ནོ། །གླང་པོ་ཆེ་ནི། ཀུན་ དགའ་བོ་ཡིན་ནོ། །དེའི་ཚེ་ཡང་ངས་རྒན་པ་ཇི་ལྟ་བའི་བཅའ་བ་མཛད་དེ། རྒན་པ་ཇི་ལྟ་བ་དེ་ལ་བརྟེན་ནས་འཛམ་བུའི་གླིང་ན་གནས་པའི་སྐྱེ་བོའི་ཚོགས་ཕལ་ཆེར་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་རྣམས་སུ་ [288A]༄༅། །སྐྱེས་སོ། །ད་ལྟར་ཡང་ངས་རྒན་པ་ཇི་ལྟ་བའི་བཅའ་བ་མཛད་དེ། རྒན་པ་ཇི་ལྟ་བ་དེ་ལ་བརྟེན་ནས་དགེ་སློང་རྣམས་གཅིག་ལ་གཅིག་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་ པར་བྱེད། མཆོད་པ་བྱེད་པས། ཆུའི་ནང་གི་ཨུཏྤ་ལ་ཇི་ལྟ་བ་བཞིན་དུ་དགེ་བའི་ཆོས་ཀྱིས་འཕེལ་བར་གྱུར་ཏོ། །དགེ་སློང་དག། དེ་ལྟ་བས་ན། ཚངས་པ་མཚུངས་པར་སྤྱོད་པའི་གནས་བརྟན་དང་ བར་མ་དང། གསར་བུ་རྣམས་ལ་བཀུར་སྟི་དང་བཅས། ཞེ་ས་དང་བཅས། འཇིགས་པའི་དབང་དུ་འགྲོ་བ་དང་བཅས་པས་གནས་པར་བྱའོ་།དགེ་སློང་དག། དེ་ཅིའི་ཕྱིར་ཞེ་ན། རེ་ཞིག་དགེ་སློང་ དེ། གནས་བརྟན་དང། བར་མ་དང། གསར་བུ་རྣམས་ལ་བཀུར་སྟི་མེད་ཞེ་ས་མེད་ཅིང་འཇིགས་པའི་དབང་དུ་མི་འགྲོ་བས་ན། ཀུན་ཏུ་སྤྱོད་པའི་ཆོས་ཡོངས་སུ་རྒྱས་པར་འགྱུར་བའི་གནས་ འདི་མེད་དོ། །ཀུན་ཏུ་སྤྱོད་པའི་ཆོས་ཡོངས་སུ་མ་རྒྱས་པར་སློབ་པའི་ཆོས་རྣམས་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་མེད་དོ་།སློབ་པའི་ཆོས་རྣམས་ཡོངས་སུ་མ་རྒྱས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་ དང༑ ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ་བའི་ཕུང་པོ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་མེད་དོ། ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་མ་རྒྱས་པར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་གནས་འདི་མེད་དོ། །དགེ་སློང་དག། རེ་ཞིག་དགེ་སློང་དེ། ཚངས་པ་ [288B] བར་མ་དང། གསར་བུ་རྣམས་ལ་བཀུར་སྟི་དང་བཅས། ཞེ་ས་དང་བཅས། འཇིགས་པའི་དབང་དུ་འགྲོ་བ་དང་བཅས་པས་གནས་ན། ཀུན་ཏུ་སྤྱོད་པའི་ཆོས་ ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་ཡོད་དོ། །ཀུན་ཏུ་སྤྱོད་པའི་ཆོས་ཡོངས་སུ་རྒྱས་ན། སློབ་པའི་ཆོས་རྣམས་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་ཡོད་དོ། །སློབ་པའི་ཆོས་རྣམས་ཡོངས་སུ་ རྒྱས་ན། ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ་བའི་ཕུང་པོ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྒྱས་པར་འགྱུར་ བའི་གནས་འདི་ཡོད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྒྱས་ན། ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་གནས་འདི་ཡོད་དོ། །དགེ་སློང་དག། དེ་ལྟ་ བས་ན། འདི་ལྟར་བསླབ་པར་བྱ་སྟེ། གནས་བརྟན་དང། བར་མ་དང་གསར་བུ་རྣམས་ལ་བཀུར་སྟི་དང་བཅས། ཞེ་ས་དང་བཅས། འཇིགས་པའི་དབང་དུ་འགྲོ་བ་དང་བཅས་པས་གནས་པར་ བྱ་སྟེ༑ དགེ་སློང་དག། ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་།གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྔ་སྡེ་བཏུལ་བ་དེ་རྣམས་དགོན་པ་ན་གནས་པ་ན། སེངྒེ་དང། སྟག་དང། གུང་དང། ཆོམ་རྐུན་པ་ རྣམས་ཀྱིས་བགྲོད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་གང་དུ་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་རྣམས་ཀྱིས་གནས་རུང་བར་གྱུར་སྙམ་ན། གཙུག་ [289A]༄༅། །ལག་ཁང་ཡིན་པར་གཟིགས་སོ། །ལྷ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེའི་ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་དགེ་བཟང་ཞེས་བྱ་བ་ཞིག་གནས་པ་ དེ་དགེ་བའི་རྩ་བ་དེས་སེམས་ཀྱི་རྒྱུད་བསྐུལ་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ། །བདག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱི་གཙུག་ལག་ཁང་བརྩིག་གོ། །སྙམ་ནས། དེ་ནང་པར་ སྔར་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་ དང༑ བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དགེ་བཟང་ལ། ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་ པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད་ ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ། །དེ་ནས་ཁྱིམ་བདག་དགེ་བཟང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་ སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གལ་ཏེ་གནང་ན། འདི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱི་གཙུག་ [289B] །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག། དེ་ལྟ་བས་ན། རྗེས་སུ་གནང་གི། རྩིགས་ཤིག། དེས་ཅི་འདྲ་བ་རྩིག་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ གལ་ཏེ་གནས་ཁང་གསུམ་བརྩིགས་ན། དབུས་སུ་དྲི་གཙང་ཁང་བརྩིག་པར་བྱ་ཞིང། གཡས་ཕྱོགས་སུ་གནས་ཁང་གཉིས་ཏེ། དེ་ལྟར་ན་ངོས་གསུམ་པ་ལ་ནི། གནས་ཁང་དགུའོ། །ངོས་བཞི་ པ་ལ་ནི། དྲི་གཙང་ཁང་གི་ཐད་ཀ་དབུས་སུ་སྒོ་གསུམ་གདོད་པར་བྱ་ཞིང། གཡས་ཕྱོགས་སུ་གནས་ཁང་གཉིས་སོ། །དུ་བརྩེགས་སུ་བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ རྣམས་ཀྱི་གཙུག་ལག་ཁང་ནི། ལྔ་བརྩེགས་སུ་བྱའོ། །དྲི་གཙང་ཁང་ནི། བདུན་བརྩེགས་སུ་བྱའོ། །སྒོ་ཁང་སྟེང་གི་བསིལ་ཁང་ཡང་བདུན་བརྩེགས་སུ་བྱའོ། །དགེ་སློང་མ་རྣམས་ཀྱི་གཙུག་ལག་ཁང་ནི་ སུམ་བརྩེགས་སུ་བྱའོ། །དྲི་གཙང་ཁང་ནི། ལྔ་བརྩེགས་སུ་བྱའོ། །སྒོ་ཁང་སྟེང་གི་བསིལ་ཁང་ཡང་ལྔ་བརྩེགས་སུ་བྱའོ་།དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་སྦྱིན་པ་ཞེས་བྱ་བ་ཕྱུག་པ་ནོར་མང་ བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། དུས་གཞན་ཞིག་ན། ཆུང་མ་ [290A]༄༅། །མ་སེམས་ཅན་དང་ལྡན་པར་གྱུར་ནས་དེ་ཟླ་བ་བརྒྱད་དམ། དགུ་འདས་ནས་ཁྱེའུ་ཞིག་བཙས་ཏེ། དེའི་བཙས་པའི་བཙས་སྟོན་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་རྒྱ་ཆེར་བྱས་ ནས་མིང་འདོགས་པར་བྱེད། ཁྱེའུ་མིང་ཅིར་གདགས། ཉེ་དུ་དག་གིས་སྨྲས་པ། ཁྱེའུ་འདི་ཁྱིམ་བདག་སྦྱིན་པའི་བུ་ཡིན་པས། དེའི་ཕྱིར་ཁྱེའུ་མིང་ནི། བཟང་སྦྱིན་དུ་གདགས་སོ། །ཞེས་དེའི་ མིང་བཟང་སྦྱིན་ཞེས་བྱ་བར་བཏགས་སོ། །ཁྱེའུ་བཟང་སྦྱིན་མ་མ་བརྒྱད་པོ་པང་ན་ཐོགས་པའི་མ་མ་གཉིས་དང། ནུ་མ་སྣུན་པའི་མ་མ་གཉིས་དང། དྲི་མ་ཕྱི་བའི་མ་མ་གཉིས་དང། རྩེ་གྲོགས་ཀྱི་མ་མ་ གཉིས་ལ་རྗེས་སུ་གཏད་ནས། དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་པོ་དང། གཞན་ཡང། ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་ བར་བྱེད། སྐྱེད་པར་བྱེད་ཅིང། རྫིང་ན་གནས་པའི་པདྨ་བཞིན་དུ་མྱུར་དུ་སྐྱེ་བར་བྱེད་དོ། །དེ་དུས་གཞན་ཞིག་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་མ་མའི་པང་དུ་འདུག་སྟེ་ཕྱིར་བྱུང་བ་དང་སློང་བས་ བརྒྱན་བསླངས་པ། གཞོན་ནུ། བདག་ལ་རྒྱན་དགོས་ཀྱི། བདག་ལ་རྒྱན་བྱིན་ཅིག། དེས་དགའ་བ་དང། མགུ་བས་དེ་ལ་རྒྱན་དེ་བྱིན་ནོ་།དེ་ཁྱིམ་དུ་ཞུགས་པ་དང། དེའི་ཕས་མ་མ་ལ་ དྲིས་པ། གཞོན་ནུའི་རྒྱན་ག་རེ། དེས་སྨྲས་པ། གཞོན་ནུས་སློང་བ་ལ་སྩལ་ཏོ། །དེ་རྒྱན་གཞན་དག་གིས་བརྒྱན་ན། དེ་ཡང་བྱིན་ནོ་།ཡང་བརྒྱན་ན། དེ་ཡང་དེས་བྱིན་ནས། ཁྱིམ་བདག་ [290B] བཟང་མོ། བདག་ཅག་གི་བུ་ནི་བཟང་པོ་ཞིག་བཙས་ཏེ། རྟག་ཏུ་སྦྱིན་པ་ལ་མངོན་པར་དགའོ། །དེས་སྨྲས་པ། རྗེའི་སྲས། གལ་ཏེ་དེ་ལྟ་ན། སླན་ཆད་རྒྱན་དེ་ལྟ་བུ་ནི། མི་ བགྱིད་དོ། །དེས་སྨྲས་པ། བཟང་མོ། བདག་ཅག་ལ་གསེར་དང། རིན་པོ་ཆེ་ཚད་མེད་པ་ཡོད་མོད་ཀྱི། རྒྱན་བརྡུངས་པ་མེད་པས། འདི་འདོར་ན། ཕྱི་རོལ་ཏུ་གཏང་བར་མི་བྱའོ། །ཞེས་ནང་ཁོ་ནར་རྩེར་ འཇུག་གོ་ཇི་ཙམ་དུས་གཞན་ཞིག་ན། ཁྱིམ་བདག་སྦྱིན་པ་གླ་མིའི་སྐྱེ་བོས་ཡོངས་སུ་བསྐོར་ནས། འབབ་ཆུ་ཨ་ཛི་ར་བི་ཏིལ་ཁྲུས་བྱེད་དུ་ཆས་པ་དང། ཁྱེའུ་བཟང་སྦྱིན་གྱིས་སྨྲས་པ། ཡབ། བདག་ ཀྱང་མཆིའོ། །དེས་དེ་ལ་བྲིད་པར་བརྩམས་ཏེ། བུ། འདི་ཉིད་ན་ཆུ་བཟང་པོ་ཡོད་དོ། །འབབ་ཆུ་ནི། ཆུ་སྲིན་འཛིན་ཁྲིས་གང་བ་ཡིན་པས། ཁྱོད་འདིར་མ་མས་ཁྲུས་བྱོས་ཤིག། དེས་དུས་སོ། །དེའི་ མས་སྨྲས་པ། རྗེའི་སྲས། ཁྱེའུ་འདི་ཅིའི་སླད་དུ་ངུ། དེས་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང། དེས་སྨྲས་པ། རྗེའི་སྲས། ཁྱོད་ཀྱིས་ལྷག་པར་གསུངས་པར་གྱུར་ན། ལྷན་ཅིག་བཞུད་པ་ལ་ ནོངས་པ་ཅི་མཆིས། དེས་དེ་ཁྲིད་དེ་འབབ་པ་ཆུའི་ངོས་སུ་སོང་ནས་ཁྲུས་བྱས་ཏེ་ཆུ་འགྲམ་དུ་བཞག་གོ་དེས་སྨྲས་པ། ཡབ། ཅིའི་སླད་དུ་བདག་སྲུང་བར་མཛད། བུ། ཁྱོད་ལ་ཉེས་པ་ཡོད་དོ། །ཡབ་ བདག་ལ་ནོངས་པ་ཅི་འདྲ་བ་ཞིག་མཆིས། རྒྱན་བྱིན་ཞིང་བྱིན་པ་དག་སློང་བ་རྣམས་ལ་སྦྱིན་པས་སོ། །ཡབ་ཅི། ནོར་དོན་དུ་གཉེར་ལགས་སམ། བུ། སུ་ཞིག་དོན་དུ་མི་གཉེར། ཡབ། གལ་ [291A]༄༅། །ཏེ་དེ་ལྟ་ན། བདག་ཆབ་ཏུ་འཇུག་ཏུ་སྩོལ་ཅིག་དེས་དེ་ཆུར་བཅུག་པ་དང། དེ་ནས་དེས་དེའི་ལག་པ་གཉིས་ཆུ་ནང་དུ་བཅུག་ནས་ལྕགས་ཀྱི་བུམ་པ་གསེར་གྱིས་གང་བ་བཞི་ཕྱུང་ ནས་སྨྲས་པ། ཡབ། འདི་ལས་ཁྱོད་ཇི་ཙམ་བཞེད་པའི་ནོར་གྱིས་ནོར་གྱི་བྱ་བ་མཛོད་ལ། ལྷག་མ་འདི་ཉིད་དུ་ཆུག་ཅིག་བུ། ཁྱོད་ཀྱིས་ཅི་ཆུ་ནང་ན་ཡོད་པའི་གཏེར་མཐོང་ངམ། ཡབ། ཆུ་ན་ མཆིས་པ་འབའ་ཞིག་ཏུ་མ་བས་ཀྱི། ཐང་ལ་མཆིས་པ་དང། བདག་པོ་མཆིས་པ་དང། བདག་པོ་མ་མཆིས་པ་དང། གང་དག་རིང་པོ་ན་མཆིས་པ་དང། གང་དག་ཉེ་བ་ན་མཆིས་པ་ཡང་མཐོང་ ངོ། །ཁྱིམ་བདག་སྦྱིན་པ་ངོ་མཚར་སྐྱེས་པའི་མིག་བགྲད་དེ་བསམ་པ། ནོར་གྱི་བདག་པོ་འདི་ལྟ་བུས་ནི། སྦྱིན་པ་གཏང་བར་ནུས་སོ་།སྙམ་དུ་རིག་ནས་སྨྲས་པ། བུ། གལ་ཏེ་དེ་ལྟ་ན། ཅི་ དགའ་བར་སྦྱིན་པ་བྱིན་ཅིག་འདི་ནི་ཆོས་ཉིད་ཡིན་ཏེ། ཇི་ཙམ་པ་གསོན་པ་དེའི་བར་དུ་བུའི་གྲགས་པ་མི་འབྱུང་བ་ཡིན་ནོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་སྦྱིན་པ་ཤི་ནས་ བཟང་སྦྱིན་ཁྱིམ་གྱི་རྗེ་བོར་གྱུར་ནས་དེས་རྟག་ཏུ་མགོན་མེད་པ་རྣམས་ལ་ཟས་སྦྱིན་པས། ཀུན་ཏུ་ཁྱིམ་བདག་སྦྱིན་པའི་བུ་བཟང་སྦྱིན་ཁྱིམ་གྱི་རྗེ་བོར་གྱུར་ཏེ། དེ་མགོན་མེད་པ་རྣམས་ལ་ཟས་ སྦྱིན་ནོ། །ཞེས་སྒྲ་གྲགས་པས། དེའི་མིང་ཁྱིམ་བདག་མགོན་མེད་ཟས་སྦྱིན། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་བྱ་བར་གྲགས་སོ། །དེ་ནས་དེས་རིགས་མཉམ་པ་ལས་ཆུང་མ་ [291B] དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། ཁྱེའུ་ཞིག་བཙས་སོ་།ཞེས་བྱ་ བ་ནས་ཁྱེའུ་བདུན་བཙས་སོ། །ཞེས་བྱ་བའི་བར་དུ་སྟེ། དེས་དྲུག་ནི། ཁྱིམ་ཕུབ་བོ། །བདུན་པ་ལེགས་སྐྱེས་བྱ་བ་དེའི་ཆུང་མ་རིགས་མཉམ་པ་ལས་བཙལ་ན་མ་རྙེད་ནས་དེ་འགྲམ་པ་ལ་ལག་པ་གཏད་དེ་ སེམས་ཁོང་དུ་ཆུད་ཅིང་འདུག་གོ་དེའི་ནེའུ་ཟླ་བྲམ་ཟེའི་ཁྱེའུ་སྦྲང་རྩིའི་ཕུང་པོ་ཞེས་བྱ་བ་དེས། དེ་དེ་ལྟར་སེམས་ཁོང་དུ་ཆུད་པ་མཐོང་ནས་དེས་སྨྲས་པ། ཁྱིམ་བདག་ཁྱོད་ཅིའི་ཕྱིར་ལག་པ་འགྲམ་པ་ལ་ གཏད་དེ། སེམས་ཁོང་དུ་ཆུད་ཅིང་འདུག་དེས་སྨྲས་པ། བདག་གིས་བུ་དྲུག་ནི། ཁྱིམ་ཕུབ་ན། བདུན་པ་ལེགས་སྐྱེས་ཀྱི་ཆུང་མ་རིགས་མཉམ་པ་གང་ལས་འདི་ཁྱིམ་དབུབ་པ་གང་ཡིན་པ་དེ་ སེམས་མོད། དེས་སྨྲས་པ། སེམས་ལས་ཆུང་ངུར་འདུག་ཅིག་དང། འདིའི་ཆུང་མ་ཁོ་བོས་རིགས་མཉམ་པ་ལས་བཙལ་ལོ། །ཡུལ་གང་དུ། དེས་སྨྲས་པ། རེ་ཞིག་ཡུལ་མ་ག་དཧར་ འགྲོའོ། །དེ་བཞིན་བྱོས་ཤིག། དེ་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་རྒྱལ་པོའི་ཁབ་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་མཚུངས་ པ་གཞན་ཞིག་གནས་པ་དེའི་ཁྱིམ་དུ་ཞུགས་ནས་སྒོ་ཁང་དུ་འདུག་སྟེ་སྨྲས་པ། བཀྲ་ཤིས་པར་གྱུར་ཅིག་ཁྱིམ་དེའི་སྐྱེ་བོས་སྨྲས་པ། བྲམ་ཟེ། ཅི་ཞིག་སློང། བུ་མོ་སློང་ངོ། །སུའི་ཕྱིར་ [292A]༄༅། །མཉན་ཡོད་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་ལེགས་སྐྱེས་ཞེས་བྱ་བ་དེའི་འོ། །དེ་རྣམས་ཀྱིས་སྨྲས་པ། བདག་ཅག་རིགས་ནི། མཉམ་ན། འོན་ཀྱང་ཁོ་བོ་ཅག་ ལ་གཉོད་མང་དུ་དགོས་སོ། །མང་ཁྱད་ཇི་སྙེད། གངས་ཅན་གྱི་རིའི་གླང་པོ་ཆེ་བརྒྱ། རྟ་བརྒྱ། གསེར་གྱི་རྒྱན་བརྒྱ། དྲེའུ་ཤིང་རྟ་བརྒྱ། ཐོ་གར་ཡུལ་གྱི་བུ་མོ་བརྒྱའོ། །བྲམ་ཟེའི་ཁྱེའུ་སྦྲང་ རྩིའི་ཕུང་པོས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་དོན་དེའི་ཕྱིར་ཡི་གེ་སྤྲིང་པ་དང། དེས་ཀྱང་བཀླགས་ནས་ཐམས་ཅད་སྦྱར་གྱི་ལོངས་ཤིག་ཅེས་ཡི་གེའི་ལན་སྤྲིང་ངོ། །དེས་ཉིན་ཞག་དང། ཚེས་ གྲངས་དང། ཡུད་ཙམ་དག་བསྟུན་ནས་བླངས་པ་དང། དེ་ནས་དེས་གཙང་ཞིང་བསོད་པའི་ཁ་ཟས་མང་པོས་ཚིམ་པར་བྱས་ནས་བྲམ་ཟེའི་ཁྱེའུ་ཞིག་གི་ཁྱིམ་དུ་སོང་སྟེ་གནས་བཏབ་པ་དང། འཁྲུ་ བས་ཐེབས་ནས། བྲམ་ཟེ་རྣམས་དང་ངོ་བཤེས་པ་མ་ཡིན་པས། དེ་རྣམས་མི་གཙང་བས་སྐྲག་པས་ཕྱིར་ཕྱུང་སྟེ་བོར་བ་དང། སྟེས་ཏེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མཽ་འགལ་གྱི་བུ་གཉིས་ཕྱོགས་ དེང་ཕྱིན་པ་དེ་གཉིས་ཀྱིས་དེ་མཐོང་ངོ། །དེ་ནས་དེ་གཉིས་ཀྱིས་སྨྱུག་མའི་ཚལ་པས་བཞར་ནས་ས་དཀར་པོས་བསྐུས་ཏེ་བཀྲུས་ནས་དེ་ལ་ཆོས་བཤད་ནས་དོང་ངོ། །དེ་འཁྲུ་བ་འཆད་དུ་མ་བཏུབ་ ནས། དེས་དེ་གཉིས་ལ་སེམས་དང་བ་བསྐྱེད་ནས་ཤི་བ་དང། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ནས་དེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་དྲུང་དུ་སོང་སྟེ་གནས་བསླངས་པ་དང། དེས་ [292B] ཁྱོད་སོང་ལ་དེ་ཉིད་དུ་ལྷོ་སྒོར་གནས་ཐོབ་ཅིག་།དེ་དེར་སོང་སྟེ་གཉུག་མར་གནས་པར་གྱུར་ཏོ། །ལུས་འཕགས་ཀྱི་རྒྱལ་པོས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གངས་ཅན་གྱི་རིའི་གླང་པོ་ཆེ་བརྒྱ་ སྐྱེས་སུ་བསྐུར་བ་དང། དེས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཁོ་བོ་ལ་ལུས་འཕགས་ཀྱི་རྒྱལ་པོས། གངས་ཅན་གྱི་རིའི་གླང་པོ་ཆེ་བརྒྱ་སྐྱེས་སུ་བསྐུར་གྱི། གལ་ཏེ་དགོས་པར་གྱུར་ན། ལེན་པ་ ཐོངས་ཤིག་ཅེས་སྤྲིང་ངོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ བདག་རྒྱལ་པོའི་ཁབ་ཏུ་བགྱི་བ་ཅུང་ཟད་ཅིག་ལ་དེར་མཆི་སྟེ་སླར་མཆིའོ། །རྒྱལ་པོས་སྨྲས་པ། ལེགས་ཀྱི། སོང་ལ་དེ་ནས་ངའི་གླང་པོ་ཆེ་བརྒྱ་ཞིག་བླང་དགོས་པ་དེ་དག་ཀྱང་དེད་དེ་ཤོག་ཅིག་དེས་སྨྲས་ པ། ལྷ། གལ་ཏེ་དེར་བདག་འཚལ་བ་མ་མཆིས་ན་བླངས་ལ། འདིར་མཆིས་ནས་ལྷའི་ཐུགས་མཉེས་པར་བགྱིའོ། །རྒྱལ་པོས་སྨྲས་པ། ལེགས་ཀྱི། དེ་བཞིན་དུ་བྱོས་ཤིག་དེ་ནས་ཁྱིམ་བདག་ མགོན་མེད་ཟས་སྦྱིན་གཉོད་མང་དུ་ཁྱེར་ནས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །དེ་ཁྱིམ་བདག་གང་གི་ཁྱིམ་དུ་གནས་བཏབ་པའི་ཁྱིམ་བདག་དེ། དེ་ཉིད་ཀྱི་མཚན་མོ་ལངས་ཏེ་ནང་མི་རྣམས་ལ་བསྒོ་བ་ནང་ རྗེ་དག་ལོངས་ཤིག་བཞིན་བཟང་དག་ལོངས་ཤིག་ཤིང་རྣམས་ཤེགས་ཤིག་མེ་དག་བུས་ཤིག། འབྲས་ཆེན་ཚོས་ཤིག་ཚོད་མ་ཚོས་ཤིག་བཅའ་བ་དག་བཟང་དུ་གྱིས་ཤིག་ [293A]༄༅། །བཀད་སའི་ཞལ་ཏ་དག་གྱིས་ཤིག་དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་སྙམ་དུ་སེམས་ཏེ། ཅི། ཁྱིམ་བདག་འདི་བག་མ་ལེན་ཏམ། བག་མ་གཏོང་ངམ། ཡུལ་མི་ རྣམས་འདིས་ཟས་ལ་མགྲོན་དུ་བོས་སམ། ཚོང་པའམ། ཚོགས་སམ། འཁོར་ཏམ། འདིས་མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཟས་ལ་སྤྱན་དྲངས་སམ་སྙམ་དུ་བསམ་ནས། ཁྱིམ་ བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག། ཅི། ཁྱོད་བདག་མ་ལེན་ཏམ། བག་མ་གཏོང་ངམ། ཡུལ་མི་རྣམས་ཁྱོད་ཀྱིས་ཟས་ལ་མགྲོན་དུ་པོས་སམ། ཚོང་པའམ། ཚོགས་སམ། འཁོར་ ཏམ། ཁྱོད་ཀྱིས་མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཟས་ལ་སྤྱན་དྲངས་སམ། དེས་སྨྲས་པ། ཁྱིམ་བདག། ཁོ་བོས་བག་མ་ལེན་པའམ། བག་མ་གཏོང་བ་ཡང་མེད། ཁོ་བོའི་ ཡུལ་མི་ཡང་ཟས་ལ་མ་བོས། ཚོང་པ་མ་ཡིན། ཚོགས་མ་ཡིན། འཁོར་མ་ཡིན། མ་ག་དཧའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡང་ཟས་ལ་སྤྱན་དྲངས་པ་མ་ཡིན་ཏེ། འོན་ཀྱང་སངས་ རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་ཐོས་པ་ཐོས་པ་དང། བ་སྤུའི་ཁུང་བུ་ཐམས་ ཅད་ནས་སྤུ་ཟིང་ཞེས་བྱེད་ནས་དེ་སྤུ་ཟིང་ཞེས་བྱེད་པས། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་སངས་རྒྱས་ཞེས་བྱ་བ་འདི་སུ་ཡིན། ཁྱིམ་བདག། དགེ་སྦྱོང་གོའུ་ཏ་མ། ཤཱཀྱའི་ [293B] ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་སངས་རྒྱས་པ་ཞིག་ཡོད་དེ། ཁྱིམ་བདག། དེ་ནི་སངས་རྒྱས་ཞེས་བྱའོ། །ཁྱིམ་བདག། དགེ་འདུན་ཞེས་བྱ་བ་འདི་སུ་ཡིན། ཁྱིམ་བདག། རྒྱལ་རིགས་ལས་ཀྱང་རིགས་ཀྱི་བུ་ སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས། དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་བཅོམ་ལྡན་འདས་དེ་ཁོ་ན་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་བ་དག་ཡོད། བྲམ་ཟེའི་རིགས་ དང། རྗེའུ་རིགས་དང། དམངས་རིགས་ལས་ཀྱང་རིགས་ཀྱི་བུ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་བཅོམ་ལྡན་འདས་དེ་ཁོ་ན་རབ་ཏུ་བྱུང་ བའི་རྗེས་སུ་རབ་ཏུ་བྱུང་བ་དག་ཡོད་དེ། ཁྱིམ་བདག། འདི་ནི། དགེ་འདུན་ཞེས་བྱ་བ་ཡིན་ཏེ། སང་ཁོ་བོའི་ཁྱིམ་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དེ་གདུགས་ཚོད་ལ་སྤྱན་དྲངས་སོ། ། ཁྱིམ་བདག་བཅོམ་ལྡན་འདས་དེ་ད་ལྟར་གང་ན་བཞུགས། རྒྱལ་པོའི་ཁབ་འདི་ཉིད་ཀྱི་དུར་ཁྲོད་ཀྱི་བསིལ་བའི་ཚལ་ན་བཞུགས་སོ་།ཁྱིམ་བདག། བཅོམ་ལྡན་འདས་དེ། བདག་ཅག་གིས་བལྟར་རུང་ ངམ། དེས་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག། ཁྱོད་རེ་ཞིག་སྡོད་ཅིག་དང། གལ་ཏེ་འདི་ཉིད་དུ་གཤེགས་ནས་སང་མཐོང་བར་འགྱུར་བའི་གནས་དེ་ཡོད་དོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་ [294A]༄༅། །སྦྱིན་དེའི་ནུབ་མོ་སངས་རྒྱས་ལ་དམིགས་པའི་དྲན་པས་གཉིད་ལོག་སྟེ། དེ་ནམ་མ་ནངས་པར་ནམ་ནངས་པའི་འདུ་ཤེས་ཀྱིས་ལྷོ་སྒོ་གང་ན་བ་དེར་སོང་བ་དང། དེའི་ཚེ་ཕོ་ཉ་གློ་བུར་ དུ་འོང་བ་དང། འགྲོ་བ་རྣམས་ཀྱིས་མི་ཐོགས་པར་བྱ་བའི་ཕྱིར་མཚན་མོའི་ཐུན་དང་པོ་དང། ཐ་མ་གཉིས་ལ་ལྷོ་སྒོ་ཕྱེ་སྟེ་འཇོག་གོ། ཇི་ཙམ་ན་ལྷོ་སྒོ་ཕྱེ་བ་དང་སྣང་བས་གསལ་བར་གྱུར་པ་མཐོང་ ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷོ་སྒོ་ཕྱེ་སྟེ་འདུག་པས་གདོན་མི་ཟ་བར་ནམ་ནངས་སོ། །སྙམ་དུ་རིག་ནས། སྣང་བ་དེ་ཉིད་གྲོང་ཁྱེར་ནས་བྱུང་བ་དང། དེ་བྱུང་མ་ཐག་ཏུ་སྣང་བ་གང་ ཡིན་པ་དེ་མེད་ནས་སླར་ནམ་སྲོས་པར་གྱུར་ཏོ། །དེ་ཡང་འཇིགས་པར་གྱུར། བག་ཚ་བར་གྱུར་ཅིང། སྤུ་ཟིང་ཞེས་བྱེད་པར་གྱུར་ནས་བདག་མིའམ། མི་མ་ཡིན་པའམ། གཡོན་ཅན་འགའ་ ཞིག་གིས་གཙེས་ཏེ་གཉོད་མང་པོ་ཡང་མ་སོན་པར་འཕྲོག་པར་མི་འགྱུར་གྲང་སྙམ་དུ་བསམ་སྟེ། སླར་ལྡོག་པར་འདོད་པས་ལྷའི་བུ་སྦྲང་རྩིའི་ཕུང་པོའི་འདུག་གནས་ལ་བསྐོར་བ་བྱེད་ཅིང་ཕྱག་འཚལ་ ལོ། །དེ་ནས་ལྷའི་བུ་སྦྲང་རྩིའི་ཕུང་པོ་འདི་སྙམ་དུ་སེམས་ཏེ་དེང་ཉིད་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བདེན་པ་མཐོང་བར་འགྱུར་ན། དེང་ཉིད་འདི་སངས་རྒྱས་བཅོམ་ལྡན་འདས་སྤངས་ ཏེ་ལྷ་གཞན་ལ་ཕྱག་འཚལ་བར་འགྱུར་བ་སྙམ་དུ་བསམ་ནས་གང་ཡང་ལྷོ་སྒོ་ནས་བསིལ་བའི་ཚལ་གྱི་དུར་ཁྲོད་ཀྱི་བར་སྣང་བ་རྒྱ་ཆེན་པོས་གསལ་བར་བྱས་ནས་ཁྱིམ་བདག་མགོན་མེད་ཟས་ [294B] །ཁྱིམ་བདག། སྤྱན་སྔར་སོངས་ཤིག། སླར་མ་ལྡོག་ཅིག་ཁྱོད་སྤྱན་སྔར་སོང་ན། ལེགས་པར་འགྱུར་གྱི། སླར་ལོག་ན་ནི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྟ་བརྒྱ་ དང་ནི་གསེར་རྒྱན་བརྒྱ། །དྲེའུ་ཤིང་རྟ་བརྒྱ་དང་ནི། །སྣ་ཚོགས་ནོར་གྱིས་སྦྱར་བ་ཡི། །རྟ་རྒོད་མ་ཡི་ཤིང་རྟ་བརྒྱ། །གོམ་པ་གཅིག་ཅིག་པོར་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཁྱིམ་བདག་ སྤྱན་སྔར་སོངས་ཤིག། སླར་མ་ལྡོག་ཅིག། ཁྱོད་སྤྱན་སྔར་སོང་ན། ལེགས་པར་འགྱུར་གྱི། སླར་ལོག་ན་ནི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གངས་ཅན་རི་ཡི་གླང་ཆེན་བརྒྱ། །གསེར་དང་ནོར་ བུས་བརྒྱན་བྱས་ལ། །ལུས་ཆེ་གཤོལ་མདའི་མཆེ་བར་ལྡན། །མ་ཏངྒར་སྐྱེས་སྟོབས་པོ་ཆེ། །གོམ་པ་གཅིག་ཅིག་པོར་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཁྱིམ་བདག། སྤྱན་སྔར་སོངས་ཤིག་ སླར་མ་ལྡོག་ཅིག་ཁྱོད་སྤྱན་སྔར་སོང་ན། ལེགས་པར་འགྱུར་གྱི་སླར་ལོག་ན་ནི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐོ་གར་ཡུལ་གྱི་བུ་མོ་བརྒྱ། །ནོར་བུའི་རྣ་ཆ་གདུབ་ཀོར་ཐོགས། །གསེར་གྱི་དཔུང་ རྒྱན་ཐོགས་པ་ཡི། །མགྲིན་པ་རྒྱན་གྱིས་ལེགས་བརྒྱན་པ། །གོམ་པ་གཅིག་ཅིག་བོར་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཁྱིམ་བདག་སྤྱན་སྔར་སོངས་ཤིག། སླར་མ་ལྡོག་ཅིག། ཁྱོད་ སྤྱན་སྔར་སོང་ན་ལེགས་པར་འགྱུར་གྱི། སླར་ལོག་ན་ནི། མ་ཡིན་ནོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ལྷའི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟང། ཁྱོད་སུ་ཞིག་ཁྱིམ་བདག་ [295A]༄༅། །ཁོ་བོ་ནི། ཁྱོད་ཉིད་ཀྱི་གྲོགས་པོ་རྙིང་བ་བྲམ་ཟེའི་ཁྱེའུ་སྦྲང་རྩིའི་ཕུང་པོ་ཡིན་ཏེ། ཁོ་བོས་དགེ་སློང་ཤཱ་རིའི་བུ་དང། མོའུ་འགལ་གྱི་བུ་གཉིས་ལ་སེམས་དད་པ་བསྐྱེད་ནས་ཤི་བ་ དང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་ཏེ་ལྷོ་སྒོ་འདི་ཉིད་ན་གཉུག་མར་གནས་སོ། །དེའི་ཕྱིར་ཁོ་བོ་ཁྱོད་ལ་འདི་སྐད་ཅེས། ཁྱིམ་བདག་སྤྱན་སྔར་སོང་ཞིག། སླར་མ་ལྡོག་ཅིག་ཁྱོད་ སྤྱན་སྔར་སོང་ན། ལེགས་པར་འགྱུར་གྱི། སླར་ལོག་ན་ནི། མ་ཡིན་ནོ། །ཞེས་སྨྲའོ།། །།འདུལ་བ་གཞི། བམ་པོ་དོན་ལྔ་པ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་སྙམ་དུ་ སེམས་ཏེ། ཀྱེ་མའོ། །སངས་རྒྱས་བཅོམ་ལྡན་འདས་ནི། མཆོག་མ་ཡིན་པ་མ་ཡིན་ཞིང། ཆོས་བསྟན་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། དེ་ལ་ད་ལྟར་ལྷ་ཡང་བརྩོན་པར་བྱེད་ཀྱི། བཅོམ་ ལྡན་འདས་དེ་ལ་བལྟ་བར་བྱའོ། །སྙམ་དུ་བསམ་ནས། བསིལ་བའི་ཚལ་གྱི་དུར་ཁྲོད་གང་ན་བ་དེར་སོང་བ་དང། དེའི་ཚེ་བཅོམ་ལྡན་འདས་གཙུག་ལག་ཁང་གི་ཕྱི་རོལ་བླ་གབ་མེད་པ་ན་འཆག་ ཅིང་ལྷག་པར་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་འོང་བ་ལ་གཞེས་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ཁོ་ནས་མཐོང་ངོ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ལ་ཁྱིམ་བདག་གིས་ཡང་དག་པར་དགྱེས་པར་འགྱུར་བས། ཡང་དག་པར་དགྱེས་པར་བྱེད་དེ། བཅོམ་ལྡན་འདས། ཇི་ག་བདེ་པར་ [295B] དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་ཞིག་འདོད་པས་མ་གོས་ལ། །ཟག་མེད་རབ་ཏུ་རྣམ་གྲོལ་བ། །མྱ་ངན་ཡོངས་འདས་བྲམ་ཟེ་ནི། །ཐམས་ ཅད་དུ་ནི་བདེ་བར་མནལ། །འདིར་ནི་རེ་བ་ཀུན་བཅད་ནས། །ཐུགས་ཀྱི་རིམས་ནད་རྣམ་བསལ་ཅིང། །ཞི་བ་ཐོབ་པའི་ཐུགས་ཀྱིས་ནི། །ཉེ་བར་ཞི་བ་བདེ་བར་མནལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ ཁྱིམ་བདག་མགོན་མེད་ཟས་སྦྱིན་ཁྲིད་ནས་གཙུག་ལག་ཁང་དུ་ཞུགས་ཏེ་གདན་བཤམས་པ་ཉིད་ལ་བཞུགས་པ་དང། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་པ་དང། བཅོམ་ལྡན་འདས་ཀྱིས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་ སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ ཐོག་མའི་དུས་སུ་ཆོས་ཀྱི་གཏམ་མཛད་པ་གང་ཡིན་པ་འདི་ལྟ་སྟེ་སྦྱིན་པའི་གཏམ་དང། ཚུལ་ཁྲིམས་ཀྱི་གཏམ་དང། མཐོ་རིས་ཀྱི་གཏམ་དང། འདོད་པ་རྣམས་ཀྱི་མནོག་དང། ཉེས་དམིགས་ དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། ངེས་པར་འབྱུང་བ་དང། རབ་ཏུ་དབེན་པའི་ཕན་ཡོན་གྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་གཏམ་རྒྱས་པར་ཡང་དག་པར་བསྟན་ཏོ། །གང་གི་ [296A]༄༅། །ཚེ་བཅོམ་ལྡན་འདས་ཀྱིས་དེ་དགའ་བའི་སེམས་དང། དགེ་བའི་སེམས་དང། མགུ་བའི་སེམས་དང། སྒྲིབ་པ་དང་བྲལ་བའི་སེམས་དང། སྐལ་བ་དང་ལྡན་ཞིང། ཡང་དག་ ཕུལ་གྱི་ཆོས་བཤད་པ་ཀུན་ཤེས་པར་ནུས་པར་གཟིགས་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་ཕུལ་གྱི་ཆོས་བཤད་པ། འཕགས་པའི་བདེན་པ་བཞི་པོ་གང་ཡིན་པ་ འདི་ལྟ་སྟེ། སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང་ལམ་རྒྱས་པར་རབ་ཏུ་བསྟན་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་ པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་བ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་མངོན་པར་རྟོགས་ཏེ། དཔེར་ན། གོས་གཙང་མ་ནག་ནོག་མེད་པ་ཚོན་དུ་གཞུག་པར་ འོས་པ། ཚོན་གྱི་ནང་དུ་བཅུག་ན་ལེགས་པར་ཚོན་རྩི་འཛིན་བཏུབ་པ་དེ་བཞིན་དུ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་འདི་ ལྟ་སྟེ། སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་མངོན་པར་རྟོགས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཆོས་མཐོང་བ་དང། ཆོས་ཐོབ་པ་དང་ ཆོས་རིག་པ་དང། ཆོས་ཀྱི་གཏིང་སླེབ་པ་དང། སོམ་ཉི་ལས་བརྒལ་བ་དང། ཐེ་ཚོམ་ལས་བརྒལ་བ་དང། སྟོན་པའི་བསྟན་པ་ལ་གཞན་གྱི་དྲིང་མི་འཇོག་པ་དང། གཞན་གྱིས་མི་བཀྲི་བ་ [296B] ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ནི། འཕགས་སོ། །མངོན་པར་འཕགས་སོ། །བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་བདག་སྐྱབས་སུ་མཆི་ལགས་ཀྱི། དགེ་བསྙེན་ དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག། ཁྱོད་ཀྱི་མིང་ཅི། བཙུན་པ་བདག་གི་མིང་ནི། བཟང་སྦྱིན་ལགས་མོད་ཀྱི། མགོན་མ་མཆིས་པ་རྣམས་ལ་འཚལ་མ་སྩོལ་པས། དེས་ན། བདག་ལ་སྐྱེ་བོ་ རྣམས་ཀྱིས་མགོན་མེད་ཟས་སྦྱིན་ཞེས་བགྱི་བར་འཚལ་ཏོ། །ཁྱིམ་བདག། ཁྱོད་ཀྱི་གནས་གང་ཡིན། བཙུན་པ། ཡུལ་ཕྲ་ཙི་ན་ཞེས་བགྱི་བ་ན་ཀོ་ས་ལ་རྣམས་ཀྱི་གྲོང་རྡལ་མཉན་ཡོད་ཅེས་བགྱི་བ་དེ་ན་བདག་ མཆིས་ལགས་སོ། །བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་ཤིག་དང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་གོས་དང། བསོད་ སྙོམས་དང། གཟིམས་ཆ་དང། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བགྱི་ལགས་སོ། །ཁྱིམ་བདག། མཉན་ཡོད་ན་གཙུག་ལག་ཁང་ཡོད་དམ། བཙུན་པ། མ་མཆིས་ལགས་ [297A]༄༅། །སོ༑ ༑ཁྱིམ་བདག་གང་ན་གཙུག་ལག་ཁང་ཡོད་པ་དེར་དགེ་སློང་རྣམས་འོང་བ་དང། འགྲོ་བ་དང། གནས་པར་སེམས་སོ། །བཅོམ་ལྡན་འདས་གཤེགས་ཤིག་དང། བདག་ གིས་ཅི་ནས་ཀྱང་མཉན་ཡོད་དུ་དགེ་སློང་རྣམས་མཆི་བ་དང། གཞན་དུ་མཆི་བ་དང། མཆིས་པར་སེམས་པར་འགྱུར་པ་དེ་ལྟར་གཙུག་ལག་ཁང་རྩིག་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཅང་མི་ གསུང་པས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་གནང་ངོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་ གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ། །དེ་ནས་དེས་རྒྱལ་པོའི་ཁབ་ཏུ་སྒྲུབ་པ་དང་བྱ་བ་གང་ཡིན་པ་དེ་ཐམས་ཅད་བྱས་ཏེ་གྲུབ་ནས། སླར་བཅོམ་ལྡན་འདས་གང་ན་བ་ དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས། བདག་གི་གྲོགས་དགེ་སློང་ཞིག་ སྩལ་དུ་གསོལ། བདག་དེ་དང་ལྷན་ཅིག་མཉན་ཡོད་དུ་བཅོམ་ལྡན་འདས་ཀྱི་སླད་དུ་གཙུག་ལག་ཁང་རྩིག་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་སུ་ཞིག་གིས་ཁྱིམ་བདག་ མགོན་མེད་ཟས་སྦྱིན་འཁོར་དང་བཅས་པ་དང། མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་འདུལ་བར་འགྱུར་སྙམ་ན། དགེ་སློང་ཤཱ་རིའི་བུས་འགྱུར་བར་གཟིགས་ནས། དེ་ནས་བཅོམ་ལྡན་འདས་ [297B] ཤཱ་རིའི་བུ། ཁྱིམ་བདག་མགོན་མེད་ཟས་སྦྱིན་འཁོར་དང་བཅས་པ་དང་མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་ལ་སོགས་ཤིག་ཚེ་དང་ལྡན་པ་ཤཱ་རིའི་ བུས༑ བཅོམ་ལྡན་འདས་ལ་ཅང་མི་སྨྲ་བས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅང་མི་སྨྲ་བས་ཁས་བླངས་པར་རིག་ནས་བཅོམ་ ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཉིད་ཀྱི་ནུབ་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་ལྷུང་ བཟེད་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་ནས། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་སྤྱད་དེ་ཟས་ཀྱི་བྱ་བ་བྱས་ནས། ཟས་ཕྱི་མའི་བསོད་སྙོམས་སྤངས་ཏེ་གནས་མལ་ཇི་ལྟར་ལོངས་སྤྱད་པ་ མཁོས་སུ་ཕབ་ནས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་མཉན་ཡོད་གང་ན་པ་དེར་རྒྱུ་ཞིང་སོང་ངོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལམ་རྒྱགས་མང་པོ་ཁྱེར་ནས་ནུབ་མོ་ནུབ་མོ་ཞིང་མཉན་ཡོད་དུ་སོང་ སྟེ་ཕྱིན་ནས། དེ་མཉན་ཡོད་དུ་མ་ཞུགས་པ་ཉིད་དུ་ཀུན་དགའ་ར་བ་ནས་ཀུན་དགའ་ར་བ་དང། ནགས་ཚལ་ནས་ནགས་ཚལ་དང། སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དང། འཆགས་ནས་འཆགས་ན་ དཔྱོད་ཅིང་འདི་སྐད་ཅེས་སྨྲས་སོ། །མཉན་ཡོད་དང་ཧ་ཅང་ཡང་མི་རིང་ལ་ཧ་ཅང་ཡང་མི་ཉེ་བ་དང། ཉིན་པར་ལང་ལོང་ཉུང་ཞིང་ཀུ་ཅོ་ཉུང་བ་དང། མཚན་མོ་གཅོམ་ཆུང་བ་དང། སྒྲ་ཆུང་བ་དང། སྦྲང་བུ་ [298A]༄༅། །དང༑ ཤ་སྦྲང་དང། རླུང་དང། ཉི་མ་དང། སྡིག་སྦྲུལ་གྱི་རེག་པ་ཆུང་བའི་ས་ཕྱོགས་དེ་གང་ན་ཡོད་པ་དེར་བདག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་བརྩིག་གོ་ ཞེས་པ་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། གཞོན་ནུ་རྒྱལ་བྱེད་ཀྱི་ཀུན་དགའ་ར་བ་ནི། མཉན་ཡོད་དང་ཧ་ཅང་ཡང་མི་རིང་ཧ་ཅང་ཡང་མི་ཉེ་ལ། ཉིན་པར་ལང་ལོང་ཉུང་ཞིང་ཀུ་ཅོ་ཉུང་ བ་དང། མཚན་མོ་གཅོམ་ཆུང་བ་དང། སྒྲ་ཆུང་བ་དང། སྦྲང་བུ་དང། ཤ་སྦྲང་དང། རླུང་དང། ཉི་མ་དང། སྡིག་སྦྲུལ་གྱི་རེག་པ་ཉུང་བར་མཐོང་ངོ། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ་ འདིར་བདག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་བརྩིག་གོ་སྙམ་ནས། དེ་རང་གི་ཁྱིམ་དུ་མ་སོང་བ་ཉིད་དུ་གཞོན་ནུ་རྒྱལ་བྱེད་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། གཞོན་ནུ་རྒྱལ་ བྱེད་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ། བདག་ལ་ཀུན་དགའ་ར་བ་སྩོལ་ཅིག། དེར་བདག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་རྩིག་ལགས་སོ། །དེས་སྨྲས་པ། ཁྱིམ་བདག་ དེ་ནི༑ ངའི་ཀུན་དགའ་ར་བ་མ་ཡིན་ཏེ། སྐྱེད་མོས་ཚལ་ཡིན་མོད་ཀྱི། དེ་ངའི་ཡིན་ནོ། །ལན་གཉིས་ལན་གསུམ་དུ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། གཞོན་ནུ་རྒྱལ་བྱེད་ལ་འདི་ སྐད་ཅེས་སྨྲས་སོ། །གཞོན་ནུ། བདག་ལ་སྐྱེད་མོས་ཚལ་སྩོལ་ཅིག་།བདག་གིས་དེར་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་རྩིག་ལགས་སོ། །ཁྱིམ་བདག། ཀུན་དགའ་ར་བ་དེ་ [298B] །ཡང། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། གཞོན་ནུ་རྒྱལ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུས་ཀུན་དགའ་ར་བའི་རིན་བཅད་ཟིན་གྱི། གསེར་དང་ དབྱིག་ལོངས་ཤིག་ཀུན་དགའ་ར་བ་ནི། བདག་གི་ལགས་སོ། །སུས་རིན་བཅད། ཁྱོད་ཀྱིས་རིན་བཅད་མོད། དེ་གཉིས་རིན་བཅད་དོ། །མ་བཅད་དོ་ཞེས་རྩོད་པར་གྱུར་ནས་ཞལ་ཆེ་གཅོད་པའི་སྣ་ ཆེན་པོ་ལ་གཏོགས་པའི་མི་གང་ན་བ་དེར་སོང་བ་དང། དེའི་བར་དུ་འཇིག་རྟེན་སྐྱོང་བ་བཞི་འདི་སྙམ་དུ་སེམས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ནི། བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་རྩིག་ པར་བརྩོན་གྱི། དེའི་གྲོགས་བྱའོ། །སྙམ་ནས། དེ་ནས་ཞལ་ཆེ་གཅོད་པ་སྣ་ཆེན་པོ་ལ་གཏོགས་པའི་ཆ་བྱད་དུ་བདག་ཉིད་མངོན་པར་སྦྲུལ་ནས་དགོས་པའི་ཕྱིར་འདུས་སོ། །དེ་ནས་ཁྱིམ་བདག་མགོན་ མེད་ཟས་སྦྱིན་དང། གཞོན་ནུ་རྒྱལ་བྱེད་གཉིས་ཞལ་ཆེ་གཅོད་པ་སྣ་ཆེན་པོ་ལ་གཏོགས་པའི་མིའི་དྲུང་དུ་སོང་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། ཞལ་ཆེ་གཅོད་པའི་སྣ་ཆེན་པོ་ལ་ གཏོགས་པ་རྣམས་ལ་དོན་དེ་རྒྱས་པར་སྨྲས་པ་དང། དེ་རྣམས་ཀྱིས་སྨྲས་པ། གཞོན་ནུ་ཀུན་དགའ་ར་བ་ནི། རིན་བཅད་ཟིན་གྱི། གསེར་དང་དབྱིག་ལོངས་ཤིག་ཀུན་དགའ་ར་བ་ནི། ཁྱིམ་བདག་ གི་ཡིན་ནོ། །དེ་ཅང་མི་སྨྲ་བར་འདུག་གོ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། ཤིང་རྟ་དང། ཁུ་ར་དང། སྐྱེ་དང། གཟེ་བ་དང་རྔ་མོ་དང། གླང་དང། བོང་བུ་རྣམས་ལ་གསེར་མང་པོ་བཀལ་ཏེ་ [299A]༄༅། །འོངས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་བྱེ་བའི་གཤིབས་པས་གཤིབས་པར་བརྩམས་པ་དང། ས་ཕྱོགས་འགའ་ཞིག་མ་གཡོགས་པས། མ་བཀྲམ་པ་ཉིད་དུ་འདུག་ གོ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དོན་དེ་སེམས་ཤིང་ཡུད་ཙམ་ཞིག་ཅང་མི་སྨྲ་བར་འདུག་སྟེ། གང་གིས་མ་བཀྲམ་པའི་ས་ཕྱོགས་འདི་བཀྲམ་ནས་སླར་ཡང་སྤ་བར་བྱ་མི་དགོས་པའི་ གཏེར་ཧ་ཅང་ཉུང་བ་ཡང་མ་ཡིན། ཧ་ཅང་མང་པོ་ཡང་མ་ཡིན་པ་དེ་གང་ཡིན་སྙམ་པ་དང། གཞོན་ནུ་རྒྱལ་བྱེད་ཀྱིས་བསམ་པ། གདོན་མི་ཟ་བར་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི། །ཅིའི་ཕྱིར་ ཀུན་དགའ་ར་བའི་ཆེད་དུ་འདི་སྙེད་ཀྱི་ནོར་གྱི་ཕུང་པོ་ཡོངས་སུ་གཏང་ཞེས་འགྱོད་པ་སྐྱེས་སོ། །སྙམ་དུ་བསམ་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག། ཁྱོད་ གལ་ཏེ་འགྱོད་པ་སྐྱེས་ན། གསེར་དང་དབྱིག་ཁྱེར་ཅིག་ཀུན་དགའ་ར་བ་ནི། ང་ཉིད་ཀྱི་ཡིན་ནོ། །གཞོན་ནུ། བདག་ནི། འགྱོད་པ་མ་སྐྱེས་ཏེ། འོན་ཀྱང་དོན་འདི་སེམས་ཤིང། ཡུད་ཙམ་ཞིག་ ཅང་མི་སྨྲ་བར་འདུག་པ་ནི། གང་གིས་མ་བཀྲམ་པའི་ས་ཕྱོགས་འདིར་བཀྲམ་ནས་སླར་ཡང་སྦ་བར་བྱ་མི་དགོས་པའི་གཏེར་ཧ་ཅང་ཉུང་བ་ཡང་མ་ཡིན། ཧ་ཅང་མང་པོ་ཡང་མ་ཡིན་པ་དེ་གང་ཡིན་ སྙམ་མོ། །དེ་ནས་གཞོན་ནུ་རྒྱལ་བྱེད་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ། །སངས་རྒྱས་བཅོམ་ལྡན་འདས་ནི། མཆོག་མ་ཡིན་པ་མ་ཡིན་ལ་ཆོས་བསྟན་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། དེ་ལ་ [299B] ཀུན་དགའ་ར་བའི་ཆེད་དུ་འདི་སྙེད་ཀྱི་ནོར་གྱི་ཕུང་པོ་ཆེན་པོ་ཡོངས་སུ་གཏོང་ངོ། །སྙམ་དུ་བསམ་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ་།ཁྱིམ་བདག་ མ་བཀྲམ་པའི་ས་ཕྱོགས་ཁོ་བོ་ལ་བྱིན་ཅིག། དེར་ཁོ་བོས་བཅོམ་ལྡན་འདས་ཀྱི་ཕྱིར་སྒོ་ཁང་བརྩིག་པར་བྱའོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གཞོན་ནུ་རྒྱལ་བྱེད་ལ་མ་བཀྲམ་པའི་ས་ཕྱོགས་བྱིན་ ནས། དེར་གཞོན་ནུ་རྒྱལ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱི་ཕྱིར་སྒོ་ཁང་རྩིག་ཏུ་བཅུག་གོ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་རྩིག་པར་བརྩམས་པ་ དང། མུ་སྟེགས་ཅན་ཞེ་སྡང་དྲག་པོས་ཀུན་ནས་བསླངས་པའི་ཡིད་ཅན་རྣམས་འདུས་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གང་ན་བ་དེར་དོང་སྟེ་ལྷགས་པ་དང་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་དགེ་ སྦྱོང་གོའུ་ཏ་མའི་ཕྱིར་གཙུག་ལག་ཁང་མ་རྩིགས་ཤིག་ཅིའི་ཕྱིར། ཁོ་བོ་ཅག་གིས་གྲོང་ཁྱེར་རྣམས་བགོས་ཏེ། དགེ་སྦྱོང་གོའུ་ཏ་མའི་ནི། རྒྱལ་པོའི་ཁབ་ཡིན་ནོ། ཁོ་བོ་ཅག་ནི། མཉན་ཡོད་ཡིན་ནོ།། དེས་སྨྲས་པ། ཁྱེད་ཅག་གིས་གྲོང་ཁྱེར་རྣམས་བགོས་ཀྱི། བདག་གི་ནོར་མ་བགོས་པས། བདག་གང་ལ་མངོན་པར་དགའ་བའི་ཆོས་ཀྱི་ཕུང་པོ་བརྩིག་གོ་དེ་རྣམས་རྒྱལ་པོའི་དྲུང་དུ་དོང་བ་དང། དེ་ལ་ ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཕམ་པར་བྱས་པ་དང། མུ་སྟེགས་སྤྱི་རྟོལ་ཅན། མུ་ཅོར་སྨྲ་བ་རྣམས་ཀྱིས་སྨྲས་པ། ཁྱིམ་བདག། ཁྱོད་འདོད་རྒུར་བྱེད་དུ་མི་གཞུག་སྟེ། དགེ་སྦྱོང་གོའུ་ [300A]༄༅། །ཏ་མའི་ཉན་ཐོས་ཀྱི་མཆོག་འོངས་ནས། གལ་ཏེ་དེའི་ཤགས་ཀྱིས་ཁོ་བོ་ཅག་ཕམ་པར་གྱུར་ན། གཙུག་ལག་ཁང་རྩིགས་ཤིག་དེས་སྨྲས་པ། རུང་གི། རེ་ཞིག་འཕགས་ པ་ཤཱ་རིའི་བུ་ཁོ་ན་ལ་བརྟག་གོ་དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་ལ་མགོ་བོས་ཕྱག་བཙལ་ ནས་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ། མུ་སྟེགས་ཅན་ རྣམས་འདི་སྐད་ཅེས། ཁྱིམ་བདག་ཁྱོད་འདོད་རྒུར་བྱེད་དུ་མི་གཞུག་སྟེ། དགེ་སྦྱོང་གོའུ་ཏ་མའི་ཉན་ཐོས་ཀྱི་མཆོག་འོངས་ནས། གལ་ཏེ་དེའི་ཤགས་ཀྱིས་ཁོ་བོ་ཅག་ཕམ་པར་གྱུར་ན། གཙུག་ ལག་ཁང་རྩིགས་ཤིག་ཅེས་མཆི་ན། དེ་ལ་ཇི་ལྟར་བསྒྲུབ་པར་བགྱི་ཚེ་དང་ལྡན་པ་ཤཱ་རིའི་བུས་བསམ་པ། ཅི། འདི་རྣམས་ལ་དགེ་བའི་རྩ་བ་ཅུང་ཟད་ཡོད་དམ། འོན་ཏེ་མེད་ཅེས་བསམ་པ་ལས་ ཡོད་པར་མཐོང་ངོ། །སུ་ཞིག་ལ་རག་ལས་པར་འགྱུར་སྙམ་ན། བདག་ཁོ་ན་ལ་རག་ལས་པར་མཐོང་ངོ། །ཡང་བསམ་པ། ཅི། འདི་སྙེད་ཅིག་ཁོ་ན་བདག་ལ་རག་ལས་པའི་ཚིག་གིས་འདུལ་བར་ འགྱུར་རམ། འོན་ཏེ་གཞན་ཡང་ཚིག་གིས་འདུལ་བ་ཡོད་སྙམ་པ་ལས་ཡོད་དེ། དུས་ཇི་སྲིད་ཅིག་ན་ཚོགས་པར་འགྱུར་སྙམ་ན། ཞག་བདུན་ལོན་ནས་སོ། །སྙམ་དུ་བསམ་ནས་སྨྲས་པ། ཁྱིམ་ [300B] དེ་བཞིན་དུ་བྱ་སྟེ། འོན་ཀྱང་ཞག་བདུན་པའི་ཉིན་པར་བྱའི། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན། དགའ་བ་དང་མགུ་བ་སྐྱེས་ཏེ། མུ་སྟེགས་ཅན་རྣམས་གང་ན་བ་དེར་སོང་ནས་ཕྱིན་པ་དང། མུ་ སྟེགས་ཅན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག། ཤཱ་རིའི་བུ་ན་རེ། རུང་གི། དེ་བཞིན་དུ་བྱའོ། །འོན་ཀྱང་ཞག་བདུན་པའི་ཉིན་པར་བྱའོ། །ཞེས་ཟེར་རོ། །དེ་རྣམས་བསམ་པ། འདི་ ལ་ནི། རྒྱུ་གཉིས་ཡོད་པར་འགྱུར་ཏེ། ཡང་ན་ནི། དེ་འབྲོས་འདོད་དོ་།ཡང་ན་ནི། དེ་ཕྱོགས་ཚལ་འདོད་དོ། །དེ་མ་ཡིན་ན། དུས་དེར་གདབ་ཅི་དགོས། བདག་ཅག་ཀྱང་ཕྱོགས་བཙལ་ལོ། །ཞེས་དེ་ རྣམས་ཕྱོགས་བཙལ་བར་བརྩམས་ཏེ། དེ་རྣམས་ཀྱིས་ཕྱོགས་བཙལ་བ་དང། ཀུན་ཏུ་རྒྱུ་མིག་དམར་མཐོང་ནས་དེ་རྣམས་ཀྱི་དེ་ལ་སྨྲས་པ། ཁྱོད་དང་བདག་ཅག་ནི། ཚངས་པ་མཚུངས་པར་སྤྱོད་པ་ ཡིན་གྱི། དགེ་སྦྱོང་གོའུ་ཏ་མའི་ཉན་ཐོས་ཀྱི་མཆོག་བདག་ཅག་གི་བརྩད་པའི་ཕྱིར་བཀུག་ན། དེ་ཕྱོགས་ཚོལ་གྱི། ཁྱོད་ཀྱང་བདག་ཅག་གི་གྲོགས་གྱིས་ཤིག་དུས་ཇི་ཙམ་ཞིག་ན། འདི་ནས་ ཞག་བདུན་པའི་ཉིན་པར་རོ། །རུང་གི། །དེ་བཞིན་དུ་བྱ་སྟེ། གང་གི་ཚེ་ཁྱེད་ཅག་འདུས་པ་བྱུང་བ་དེའི་ཚེ་ཁོ་བོ་ལ་སྦྲོན་ཅིག་།མུ་སྟེགས་ཅན་རྣམས་བག་ཚ་བ་དང། སེམས་ཁྲལ་སྐྱེས་ནས་ཉིན་རེ་ ཞིང་ཕྱོགས་ཚོལ་བ་དང་ཉི་མ་བགྲང་བར་བྱེད་དོ། །ཇི་ཙམ་ན་ཞག་བདུན་ལོན་པ་དང། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བླ་གབ་མེད་པའི་ས་ཕྱོགས་ཡངས་པར་སྟན་ཤོམ་དུ་བཅུག་གོ། ཚེ་དང་ [301A]༄༅། །ལྡན་པ་ཤཱ་རིའི་བུའི་ཆེད་དུ་ཡང་སེངྒེའི་ཁྲི་བཤམས་སོ། །ཡུལ་སྣ་ཚོགས་ན་གནས་པའི་མུ་སྟེགས་ཅན་རྣམས་ཀྱང་འདུས་སོ། །མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་དང་ དེའི་ཉེན་ཀོར་ན་གནས་པའི་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་ཁ་ཅིག་ནི། ངོ་མཚར་སྐྱེས། ཁ་ཅིག་ནི། སྔོན་གྱི་དགེ་བའི་རྩ་བས་བསྐུལ་ནས་འདུས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ རིའི་བུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་འཁོར་དང་བཅས་པས་མདུན་དུ་བདར་ནས་རྩོད་པའི་དཀྱིལ་འཁོར་དུ་ཞུགས་ཏེ། འདུལ་བའི་སྐྱེ་བོ་རྣམས་ལ་བལྟས་ནས་དྲན་པ་སྔོན་དུ་བཏང་སྟེ་སྤྱོད་ལམ་ཞི་ བས་སེངྒེའི་ཁྲི་ལ་འཛེགས་ནས་འདུག་པ་དང། འཁོར་ཐམས་ཅད་སེམས་མི་གཡེང་བར་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་རྟོག་ཅིང་འདུག་གོ་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། མུ་སྟེགས་ཅན་རྣམས་ ལ་སྨྲས་པ། ཤེས་ལྡན་དག་རེ་ཞིག་བྱེད་དམ། འོན་ཏེ་འཇིག་དེ་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་གིས་བྱའི། །ཁྱོད་ཀྱིས་བཤིག་ཅིག་།ཚེ་དང་ལྡན་པ་ཤཱ་རིའི་བུས་བསམ་པ། གལ་ ཏེ་བདག་གིས་བྱས་ན། ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་འཇིག་མི་ནུས་ན། ཀུན་ཏུ་རྒྱུ་མིག་དམར་གྱིས་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་བསམ་ནས་ཀུན་ཏུ་རྒྱུ་མིག་དམར་ལ་འདི་སྐད་ཅེས་ སྨྲས་སོ། །ཁྱོད་ཀྱིས་བྱོས་ཤིག་ངས་གཞིག་གོ་དེ་མིག་འཕྲུལ་ལ་བྱང་བ་ཡིན་པས། དེས་ཤིང་ས་ཧ་ཀ་ར་ཤིན་ཏུ་མེ་ཏོག་གིས་རྒྱས་པ་ཞིག་སྤྲུལ་པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུས་ [301B] དེས་དེ་རྩ་བ་ནས་ཕྱུང་ནས་ཕན་ཚུན་རྣམ་པར་གཏོར་ཏེ་རྣལ་འབྱོར་པ་རྣམས་ཀྱི་ཡུལ་དུ་ཡང་མ་གྱུར་ཏོ། །དེ་ནས་དེས་པདྨའི་རྫིང་ཞིག་སྤྲུལ་པ་དང་ཚེ་དང་ལྡན་པ་ཤཱ་རིའི་བུས་ གླང་པོ་ཆེ་བཟང་པོ་ཞིག་སྤྲུལ་ནས་དེས་དེ་ཀུན་ཏུ་བརྣལ་ནས་མིང་གི་ལྷག་མ་ཞིག་བཞག་གོ་དེས་སྤྲུལ་མགོ་བདུན་པ་ཞིག་སྤྲུལ་པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུས་ནམ་མཁའ་ལྡིང་ཞིག་སྤྲུལ་ཏེ། དེས་དེ་ བླངས་སོ། །དེས་རོ་ལངས་ཤིག་སྤྲུལ་པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུས་སྔགས་ཀྱི་ཕུར་བས་བཏབ་པ་ལས། ཉེས་པར་སྦྱར་བའི་རོ་ལངས་ནི། བདག་ཉིད་ལ་གསོད་པར་བྱེད་པས་དེས་དེ་ཉིད་བསྙེགས་ པ་དང། དེ་ནས་དེ་འཇིགས་སྐྲག་ཕོངས་ཤིང་བ་སྤུ་ཟིང་ཞེས་བྱེད་ནས། ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་ལ་མགོ་བོས་གཏུགས་ནས་འཕགས་པ། སྐྱབས་སུ་མཆི་ལགས་ཀྱི། ཡོངས་སུ་ བསྐྱབ་ཏུ་གསོལ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་སྔགས་ཀྱི་ཕུར་བ་ཕྱུང་བ་དང་རོ་ལངས་དེ་ཞི་བར་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་ལ་ཆོས་བཤད་དེ། དེ་དད་པ་སྐྱེས་ནས་སྨྲས་པ། འཕགས་ པ་ཤཱ་རིའི་བུ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བདག་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གིས་དངོས་པོ་འཐོབ་པ་ལྟ་ན། བདག་འཕགས་པ་ཤཱ་རིའི་བུའི་སྤྱན་སྔར་ཚངས་པར་ སྤྱོད་པ་སྤྱད་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་རབ་ཏུ་ཕྱུང། བསྙེན་པར་རྫོགས་པར་བྱས་ནས་གདམས་ངག་བྱིན་པ་དང། དེས་བརྩོན་པ་དང། འབད་པ་དང། བརྩལ་བ་བྱས་པས་ [302A]༄༅། །ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བྱས་ནས་དགྲ་བཅོམ་པར་གྱུར་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ་ ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ་ཙནྡན་དང་སྟེའུ་མཉམ་པ། རིག་པས་མ་རིག་པའི་སྒོ་ངའི་སྦུབས་དྲལ་ཅིང། རིག་པ་དང། མངོན་པར་ཤེས་པ་དང། སོ་སོ་ཡང་ དག་པར་རིག་པ་ཐོབ་པ། སྲིད་པ་དང་རྙེད་པ་ལ་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་པོའི་ལྷ་དང་བཅས་པ་རྣམས་ཀྱིས་མཆོད་པར་བྱ་བ་དང། རྗེད་པར་བྱ་བ་དང་ མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་དེའི་འཁོར་རྣམས་ངོ་མཚར་གྱི་མིག་བགྲད་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་མངོན་པར་དད་པར་གྱུར་ཏེ་སྨྲས་པ། འཕགས་པ་ཤཱ་རིའི་བུས་ནི། སྨྲ་བའི་ཁྱུ་ མཆོག་ཆེན་པོ་ཚར་བཅད་དོ། །སྙམ་དུ་རིག་ནས། ཚེ་དང་ལྡན་པ་ཤཱ་རིའི་བུའི་གདོང་དུ་ལྟ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འཁོར་དེའི་བསམ་པ་དང། བག་ལ་ཉལ་བ་དང། ཁམས་ དང་རང་བཞིན་ཤེས་ནས། འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་བྱས་སོ། །དེ་ཐོས་ནས་སེམས་ཅན་བརྒྱ་ཕྲག་དུ་མས་ཁྱད་པར་ཆེན་པོ་ཐོབ་སྟེ། ཁ་ ཅིག་ནི། ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི། རང་སངས་རྒྱས་ཀྱི་བྱང་ཆུབ་ཏུའོ། །ཁ་ཅིག་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ། །ཁ་ཅིག་ [302B] སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་སོ། །ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །ཁ་ཅིག་ གིས་ནི། ཕྱིར་མི་འོང་བའི་འབྲས་བུའོ། །ཁ་ཅིག་གིས་ནི། རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །འཁོར་དེ་ཕལ་ཆེར་ཡང་སངས་རྒྱས་ལ་གཞོལ་ཆོས་ལ་ འབབ། དགེ་འདུན་ལ་བབ་པར་བཀོད་དོ། །མུ་སྟེགས་ཅན་རྣམས་ཀྱིས་བསམ་པ། འདི་བདག་ཅག་གིས་ཤགས་ཀྱིས་ཚར་གཅད་པར་མི་ནུས་ཀྱི། ཐབས་ཤིག་བཤམ་པར་བྱ་སྟེ། གཙུག་ལག་ཁང་འདི་ཉིད་དུ་ གླ་མིའི་ལས་བྱས་ལ་དེ་ནས་གླགས་རྙེད་ནས་འདི་བགགས་ཏེ་གསད་པར་བྱའོ། །སྙམ་ནས་ཐམས་ཅད་འདུས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་དྲུང་དུ་སོང་ནས་སོན་པ་དང་སྨྲས་པ། ཁྱིམ་བདག་ཁྱོད་ ཀྱིས་བདག་ཅག་གི་འཚོ་བའི་གཞི་ཐམས་ཅད་བཅད་དེ། དེ་བས་སྙིང་བརྩེ་བར་གྱིས་ཤིག་དང། ཁྱོད་ཀྱི་གཙུག་ལག་ཁང་དུ་གླ་མིའི་ལས་བྱའོ། །ཁོ་བོ་ཅག་འདི་ན་རིང་ཞིག་ཏུ་གནས་གནས་ པས་ཡུལ་བོར་ན་མི་རུང་ངོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། རེ་ཞིག་འཕགས་པ་ཤཱ་རིའི་བུ་ལ་བརྟག་པར་བྱའོ་།ཞེས་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ན་བ་དེར་སོང་སྟེ་ཕྱིན་ པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་།འཕགས་པ། མུ་སྟེགས་ཅན་རྣམས་ཀྱིས་མཆིད་ནས། བདག་ཅག་གི་འཚོ་བའི་གཞི་ཐམས་ཅད་བཅད་དེ། དེ་བས་ན་སྙིང་བརྩེ་བར་ [303A]༄༅། །གྱིས་ཤིག་དང། ཁྱོད་ཀྱི་གཙུག་ལག་ཁང་དུ་གླ་མིའི་ལས་བྱའོ། །ཁོ་བོ་ཅག་འདི་ན་རིང་ཞིག་ཏུ་གནས་གནས་པས་ཡུལ་བོར་ན་མི་རུང་ངོ། །ཞེས་མཆིའོ། །ཚེ་དང་ལྡན་པ་ཤཱ་ རིའི་བུས་ཇི་འདི་རྣམས་ལ་དགེ་བའི་རྩ་བ་ཅུང་ཟད་ཡོད་དམ། འོན་ཏེ་མེད་ཅེས་བསམ་པ་ལ་ཞུགས་ན། ཡོད་པར་མཐོང་ངོ། །སུ་ཞིག་ལ་རག་ལས་སྙམ་ན། བདག་ཁོ་ན་ལའོ། །སྙམ་ནས། དེས་ བསམ་སྟེ་སྨྲས་པ། ཁྱིམ་བདག་དེ་ལ་འགལ་པ་ཅི་ཡོད་ཀྱི། དེ་བཞིན་དུ་གྱིས་ཤིག་དེ་རྣམས་གཙུག་ལག་ཁང་དེར་གླ་མིའི་ལས་བྱ་བར་བརྩམས་པ་ན། ཚེ་དང་ལྡན་པ་ཤཱ་རིའི་བུས་ལྕག་ ཐོགས་ཀྱི་མི་གཏུམ་པོ་ཞིག་སྤྲུལ་ནས། དེས་དེ་རྣམས་ལས་བྱེད་དུ་གཞུག་པར་བརྩམས་སོ། །ཚེ་དང་ལྡན་པ་ཤཱི་རིའི་བུས་དེ་རྣམས་ཀྱི་གདུལ་བའི་དུས་ཤེས་ནས་དེ་དང་ཉེ་བའི་ཤིང་དྲུང་ཞིག་ན་འཆག་ ཅིང་འདུག་པ་ལས། དེ་རྣམས་ཀྱིས་དེ་མཐོང་ནས་དེ་རྣམས་ཀྱིས་བསམ་པ། དབེན་པ་ན་འདུག་པས་འདི་གསད་པའི་དུས་ནི། འདི་ཡིན་ནོ། །སྙམ་ནས་དེ་རྣམས་ཀྱིས་དེའི་དྲུང་དུ་དོང་ནས་བསྐོར་ཏེ་ འདུག་གོ་ཚེ་དང་ལྡན་པ་ཤཱ་རིའི་བུས་བསམ་པ་དང། འདི་རྣམས་སེམས་ཅི་འདྲ་བ་ཞིག་གིས་བདག་གི་དྲུང་དུ་ལྷགས་སྙམ་ན། ཇི་ཙམ་ན་གསད་པའི་སེམས་ཀྱིས་ཡིན་པར་མཐོང་ནས། དེས་ ལྕག་ཐོགས་དེ་རྦད་ནས། དེས་དེ་རྣམས་ལས་བོས་དང་ཞེས་ཐག་བཅུག་པ་དང། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་ཤཱ་རིའི་བུས་བསྐྱབ་ཏུ་གསོལ། །དེས་སྨྲས་པ། ཚེ་དང་ལྡན་པ། རེ་ [303B]དེ་རྣམས་ཀྱིས་བསམ་པ། འདི་ནི། འདི་ལྟ་བུར་བདག་ཉིད་ཆེ་བ་ཡིན་ཏེ། བདག་ཅག་གིས་ནི། འདི་གསད་པར་བསམ་ན། འདི་ནི། བདག་ཅག་ལ་བྱམས་པར་སེམས་ སོ། །སྙམ་དུ་རིག་ནས་དད་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། དེ་རྣམས་ཀྱིས་བསམ་པ་དང། བག་ལ་ཉལ་དང་ཁམས་དང། རང་བཞིན་ཤེས་ནས། འཕགས་པའི་བདེན་པ་བཞི་སོ་ སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་བྱས་ཏེ། དེ་ཐོས་ནས་དེ་རྣམས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་ སུམ་དུ་བྱས་ཏེ། དེ་རྣམས་ཀྱིས་བདེན་པ་མཐོང་སྟེ་སྨྲས་པ། བཙུན་པ་ཤཱ་རིའི་བུ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ འཐོབ་པ་ལྟ་ན། བདག་ཅག་བཙུན་པ་ཤཱ་རིའི་བུའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །དེ་རྣམས་ཚེ་དང་ལྡན་པ་ཤཱ་རིའི་བུས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་གདམས་ ངག་བྱིན་ཏེ། དེ་རྣམས་ཀྱིས། བརྩོན་པ་དང། འབད་པ་དང། བརྩལ་བ་བྱས་པས་འཁོར་བའི་འཁོར་ལོ་ཆ་ལྔ་པ། གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་ དང། ལྟུང་བ་དང། རྣམ་པར་འཐོར་བ་དང། རྣམ་པར་འཇིག་པའི་ཆོས་ཉིད་ཀྱིས་ཟིལ་གྱིས་མནན་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པར་ [304A]༄༅། །གྱུར་ནས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙནྡན་དང་ སྟེའུ་མཉམ་པ། རིག་པས་མ་རིག་པའི་སྒོ་ངའི་སྦུབས་དྲལ་ཅིང་རིག་པ་དང། མངོན་པར་ཤེས་པ་དང། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང། རྙེད་པ་ལ་ཆགས་པ་དང། བཀུར་ སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང། ཉེ་དབང་པོའི་ལྷ་དང་བཅས་པ་རྣམས་ཀྱིས་མཆོད་པར་བྱ་བ་དང། རྗེད་པར་བྱ་བ་དང། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་ བུས། གཙུག་ལག་ཁང་གི་ཐིག་སྐུད་ཀྱི་མཐའ་གཅིག་ནས་བཟུང། མཐའ་གཅིག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཟུང་བ་དང། ཚེ་དང་ལྡན་པ་ཤཱ་རིའི་བུས་འཛུམ་པར་བརྩམས་ སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། འཕགས་པ་ཤཱ་རིའི་བུ། དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ནི། རྒྱུ་མེད་རྐྱེན་མེད་པར་ འཛུམ་པ་མི་མཛད་ན། འཕགས་པ་ཤཱ་རིའི་བུ་ཅིའི་རྒྱུ། ཅིའི་རྐྱེན་གྱིས་འཛུམ་པ་མཛད། ཁྱིམ་བདག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་ གཤེགས་པའི་ཉན་ཐོས་རྣམས་ནི། རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དེ། ཁྱོད་ཀྱིས་འདིར་ཐིག་སྐུད་བཟུང་བ་ན། དགའ་ལྡན་གྱི་ལྷའི་རིས་སུ་ཡང་གསེར་གྱི་ཁང་པ་གྲུབ་པར་གྱུར་ [304B] །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ངོ་མཚར་སྐྱེས་པའི་མིག་བགྲད་དེ་སྨྲས་པ། འཕགས་པ་ཤཱ་རིའི་བུ། གལ་ཏེ་དེ་ལྟ་ན། དེའི་སླད་དུ་ཡང་ཐིག་སྐུད་བརྐྱང་པ་དང་ལྷག་པར་སེམས་མངོན་པར་ དད་པར་བགྱིའོ། ཚེ་དང་ལྡན་པ་ཤཱ་རིའི་བུས། ཡང་ཐིག་སྐུད་དེ་བཟུང་བ་དང། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། ལྷག་པར་དད་པ་དྲག་པོའི་ཤུགས་ཀྱིས་སེམས་མངོན་པར་དད་པར་བྱས་ ཏེ། དད་པ་དེའི་མཇུག་ཐོགས་ཁོ་ནར་གསེར་གྱི་ཁང་པ་དེ་རིན་པོ་ཆེ་སྣ་བཞི་ལས་བྱས་པར་གྱུར་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་དེ་ལ་གོ་བར་བྱས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ གོང་ནས་གོང་དུ་བསོད་ནམས་རབ་ཏུ་འཕེལ་བའི་རྒྱུད་ཀྱིས། གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང། ཁང་ཕྲན་དྲུག་ཅུ་རྩིག་ཏུ་བཅུག་སྟེ། དེས་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང། ཁང་ ཕྲན་དྲུག་ཅུ་བརྩིགས་ནས། ཡོ་བྱད་ཐམས་ཅད་ཀྱིས་རྒྱས་པར་བྱས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ན་བ་དེར་སོང་ནས་ཕྱིན་པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་པ་ འཕགས་པ་ཤཱ་རིའི་བུ། བཅོམ་ལྡན་འདས་གཤེགས་ན་བཤུལ་ཚད་ཇི་ཙམ་དུ་འབྱོན་པར་འགྱུར། །ཁྱིམ་བདག། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཆི་བའི་ཚད་ཙམ་མོ། །འཁོར་ལོས་ བསྒྱུར་བའི་རྒྱལ་པོ་མཆི་བའི་ཚད་ཇི་ཙམ། ཁྱིམ་བདག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི། ཉི་མ་གཅིག་གིས་རྒྱང་གྲངས་བཅུའི་ལམ་དུ་འགྲོའོ། །དེ་ནས་ཁྱིམ་བདག་མགོན་མེད་ [305A]༄༅། །ཟས་སྦྱིན་གྱིས། གང་ཡང་མཉན་ཡོད་ནས་རྒྱལ་པོའི་ཁབ་དེའི་བར་གྱི་གཤེགས་དགོངས་བརྩིགས་ནས་ཞ་ས་དག་བྱེད་དུ་བཅུག་།སྦྱིན་གཏོང་གི་ཁང་པ་དག་རྩིག་ཏུ་ བཅུག་དུས་ཚོད་གསོལ་བའི་མི་དག་བཀོད། གདུགས་དང། རྒྱལ་མཚན་དང། བ་དན་ངག་གིས་བརྒྱན། ཙནྡན་གྱི་ཆུས་ཆག་ཆག་བཏབ་།ཤིན་ཏུ་དྲི་ཞིམ་པོའི་པོག་ཕོར་དག་ཉེ་བར་ བཀོད། རྟ་བབས་དག་བྱེད་དུ་བཅུག་དུས་དང་ཐུན་ཚོད་ཀྱིས་སྨན་དག་ཀྱང་འཇོག་ཏུ་བཅུག་གོ་དེ་ལྟར་ཚོགས་བསགས་ནས་མི་ཞིག་ལ་བསྒོ་བ། ཀྱེ་ནང་རྗེ། ཚུར་ཁྱོད་བཅོམ་ལྡན་འདས་ གང་ན་བ་དེར་སོང་ལ་ཕྱིན་པ་དང། ཁོ་བོའི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱོས་ལ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། །བསྐྱོད་པ་ཡང་ངམ་ འྪོའམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་ཞུས་ལ། འདི་སྐད་ཅེས། བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་སུ་གསོལ། །བཅོམ་ལྡན་འདས་དགེ་སློང་གི་དགེ་ འདུན་དང་ཐབས་ཅིག་ལ་བདག་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་གོས་དང། བསོད་སྙོམས་དང། སྙུན་དཔྱད་ཀྱིས་རྐྱེན་སྨན་དང། ཡོ་བྱད་རྣམས་ཀྱི་བསྐུར་སྟི་བགྱིད་དོ། །ཞེས་ཀྱང་ གསོལ་ཅིག་ཇོ་བོ། བཀའ་བཞིན་འཚལ་ཞེས་མི་དེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ལྟར་མཉན་ནས། །རྒྱལ་པོའི་ཁབ་གང་ན་བ་དེར་ཆས་ཏེ་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་ [305B] དེ་ནས་ལམ་གྱིས་དུབ་པ་ངལ་སོས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས། མི་དེས་བཅོམ་ལྡན་ འདས་ལ་གསོལ་ཏོ། །བཙུན་པ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་མགོ་བོས་ཕྱག་འཚལ་ནས་ཞེས་བྱ་བ་ནས་རེག་པར་གནས་སམ་ཞེས་བྱ་བའི་བར་གོང་མ་བཞིན་ དུའོ། །ཀྱེ། མི་ཁྱོད་དང་ཁྱིམ་བདག་མགོན་མེད་ཟས་སྦྱིན་བདེ་བར་གྱུར་ཅིག་བཙུན་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་མཆིད་ནས་བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་སུ་གསོལ། །བཅོམ་ལྡན་ འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་ཞེས་བྱ་བ་ནས་བཀུར་སྟི་བགྱིད་དོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཀྱིས་མི་དེ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་མི་དེས་ བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ནས་སོང་ངོ། །དེ་ནས་བཅོམ་ལྡན་འདས་ དུལ་བ་འཁོར་དུལ་བ། ཞི་བ་འཁོར་ཞིག་བ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ། རྣམ་པར་དུལ་བ་འཁོར་རྣམ་པར་དུལ་བ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ། འདོད་ཆགས་དང་བྲལ་བ་འཁོར་ འདོད་ཆགས་དང་བྲལ་བ། དང་བ་འཁོར་དང་བ། ཁྱུ་མཆོག་བ་ལང་གི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། གླང་པོ་ཆེའི་གླང་པོ་ཆེའི་ཕུག་གུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། སེངྒེའི་མཆེ་བ་ཅན་གྱི་ [306A]༄༅། །ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། ངང་བའི་རྒྱལ་པོ་ངང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། ནམ་མཁའ་ལྡིང་བྱའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། བྲམ་ཟེ་སློབ་མའི་ ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། སྨན་པ་མཁས་པ་ནད་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། དཔའ་བོ་དམག་མིའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། ལམ་མཁན་འགྲོན་པོའི་ཚོགས་ཀྱིས་བསྐོར་ བ་ལྟ་བུ་དང། དེད་དཔོན་ཚོང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། ཚོང་དཔོན་སྐྱེ་བོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། ཁམས་ཀྱི་རྒྱལ་ཕྲན་བློན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་ འཁོར་ལོས་བསྒྱུར་བ་བུ་སྟོང་གིས་བསྐོར་བ་ལྟ་བུ་དང། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། ཉི་མ་འོད་ཟེར་སྟོང་གིས་བསྐོར་བ་ལྟ་བུ་དང། ཡུལ་འཁོར་སྐྱོང་དྲི་ཟའི་ཚོགས་ཀྱིས་ བསྐོར་བ་ལྟ་བུ་དང། འཕགས་སྐྱེས་བོ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། མིག་མི་བཟང་ཀླུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། རྣམ་ཐོས་ཀྱི་བུ་གནོད་སྦྱིན་གྱི་ཚོགས་ཀྱིས་ བསྐོར་བ་ལྟ་བུ་དང། ཐག་བཟང་རིས་ལྷ་མ་ཡིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང། ཚངས་པ་ཚངས་རིས་ཀྱི་ཚོགས་ ཀྱིས་བསྐོར་བ་ལྟ་བུ་དང། རྒྱ་མཚོ་གཡོ་བ་མེད་པ་ལྟ་བུ་དང་སྤྲིན་ཆུ་དང་བཅས་པ་ལྟ་བུ་དང། གླང་པོ་ཆེ་དམ་པ་དྲེགས་པ་དང་བྲལ་བ་ལྟར། དབང་པོ་རྣམས་ཤིན་ཏུ་དུལ་བས་སྤྱོད་ [306B] སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་ཅིང། དཔེ་བྱད་བརྒྱད་ཅུས་རྣམ་པར་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པའི་སྐུ་ཉི་མའི་ འོད་ཟེར་སྟོང་པས་ལྷག་པའི་འོད་ཅན། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་མཛེས་པ། སྟོབས་བཅུ་དང། མི་འཇིགས་པ་བཞི་དང། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང། ཐུགས་ཆེན་ པོ་དང་ལྡན་པ། དགེ་སློང་གི་དགེ་འདུན་ཆེན་པོ་དང། ཁྱིམ་བདག་མགོན་མེད་ཟས་སྦྱིན་འཁོར་དང་བཅས་པ་དང། མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་དང། ལྷ་བརྒྱ་སྟོང་ཕྲག་དུ་མས་ཞབས་ འབྲིང་བྱས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་དུ་གཤེགས་སོ། །གང་གི་ཚེ་བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་དུ་གཤེགས་ནས་མངོན་པར་འདུ་མཛད་པས། གྲོང་ཁྱེར་གྱི་སྒོའི་ཐེམ་པ་ལ་ཞབས་ གཡས་པས་མནན་པ་དེའི་ཚེ། ས་རྣམ་པ་དྲུག་ཏུ་གཡོས་ཏེ། ས་ཆེན་པོ་འདི་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག། རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་སྟེ། ཤར་ཕྱོགས་མཐོ་ན་ནུབ་ ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། མཐའ་མཐོ་ན་དབུས་དམའ། དབུས་མཐོ་ན་མཐའ་དམའ་ བར་གྱུར་ནས་འཇིག་རྟེན་འདི་ཐམས་ཅད་འཇིག་རྟེན་གྱི་བར་དང་བཅས་ཏེ། སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །བར་སྣང་ལ་ཡང་ལྷའི་རྔ་རྡུང་ཞིང། ནམ་མཁའི་དཀྱིལ་ན་གནས་པའི་ལྷས་ནི། སྟེང་ [307A]༄༅། །ནས་ལྷའི་མེ་ཏོག་ཨུཏྤ་ལ་དང། པདྨ་དང། ཀུ་མུད་དང། པདྨ་དཀར་པོ་དང། ཨ་ཀ་རུའི་ཕྱེ་མ་དང། རྒྱ་སྤོས་ཀྱི་ཕྱེ་མ་དང། ཙནྡན་གྱི་ཕྱེ་མ་དང། གུར་གུམ་གྱི་ཕྱེ་མ་དང་ཏ་ མ་ལའི་ལོ་མ་དང། ལྷའི་མེ་ཏོག་མནྡ་ར་བ་རྣམས་འཐོར་ཞིང་ལྷའི་གོས་རྣམས་ཀྱང་འཐོར་རོ། །བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་འདི་དག་དང། གཞན་ཡང་ཡ་མཚན་འདི་ལྟ་བུ་ དག་བྱུང་བར་གྱུར་ཏོ། །གཞན་ཡང། དོག་པ་རྣམས་ནི། ཡངས་པར་གྱུར་ཏོ། །དམའ་མོ་རྣམས་ནི། མཐོན་པོར་གྱུར་ཏོ། །མཐོན་པོ་རྣམས་མཉམ་པར་གྱུར་ཏོ། །གླང་པོ་ཆེ་ཡང་ སྐད་འབྱིན། རྟ་ཡང་སྐད་འབྱིན། ཁྱུ་མཆོག་རྣམས་ཀྱང་སྐད་འབྱིན་ཏེ། ཁང་པ་ན་ཡོད་པའི་རོལ་མོའི་ཆ་བྱད་སྣ་ཚོགས་པ་རྣམས་ཀྱང་རང་སྒྲ་འབྱིན་ཏོ། །ལོང་བ་རྣམས་ཀྱིས་ནི། མིག་ཐོབ་བོ། ། འོན་པ་རྣམས་ཀྱིས་ནི། རྣ་བས་ཐོས་སོ། །ལྐུགས་པ་རྣམས་ཀྱིས་ནི་སྨྲ་ཤེས་པར་གྱུར་ཏོ། །དབང་པོ་མ་ཚང་བ་རྣམས་ནི། དབང་པོ་རྣམས་ཚང་བར་ཐོབ་བོ། །ཆང་གིས་མྱོས་པ་རྣམས་ནི། མྱོས་ པ་དང་བྲལ་བར་གྱུར་ཏོ། །དུག་འཐུངས་པ་རྣམས་ནི། དུག་ཞི་བར་གྱུར་ཏོ། །ཕན་ཚུན་འཁོན་བྱུང་བ་རྣམས་ནི། བྱམས་པ་ཐོབ་པར་གྱུར་ཏོ། །སྤྲུམ་[*SBRUM]མ་རྣམས་ནི། བདེ་བར་བཙས་པར་གྱུར་ ཏོ། །བཙོན་དུ་བཅིངས་པ་རྣམས་ནི། བཅིངས་པ་ལས་ཐར་ཏོ། །ནོར་མེད་པ་རྣམས་ནི། ནོར་རྙེད་དེ། འདི་དག་དང། གཞན་ཡང། བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་ངོ་ [307B] །དེ་ནས་བཅོམ་ལྡན་འདས་བཀུར་སྟི་ཆེན་པོ་དེ་ལྟ་བུས་མཉན་ཡོད་དུ་གཤེགས་སོ། །གཤེགས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ ལ་བཞུགས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་མཛའ་བཤེས་དང། ཉེ་དུ་དང། གཉེན་གྱི་སྐྱེ་བོས་ཡོངས་སུ་བསྐོར་ནས་གསེར་གྱི་བྱ་མ་བུམ་བླངས་ཏེ་ཆུ་སྦྲེང་བར་བརྩམས་པ་ལས། དེ་ འཛག་ཏུ་མ་བཏུབ་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡིད་མི་བདེ་སྟེ་བསམ་པ། བདག་གིས་ལས་ཉེས་པ་དང་བཅས་པ་ཅུང་ཟད་བྱས་པར་མ་གྱུར་གྲང་སྙམ་པ་དང། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཀྱིས་ལས་ཉེས་པ་དང་བཅས་པ་ཅུང་ཟད་བྱས་པ་མེད་དེ། འོན་ཀྱང་ཁྱོད་ཀྱིས་ཕྱོགས་འདིར་འདུག་ནས། སྔོན་གྱི་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ལ་ཕྱོགས་འདི་ཕུལ་བ་ཡིན་གྱི། ཕྱོགས་གཞན་ཞིག་ཏུ་འདུག་ལ་སྦྲེངས་ཤིག་དེས་ཕྱོགས་གཞན་ཞིག་ཏུ་འདུག་སྟེ་སྦྲེངས་པ་དང། བཅོམ་ལྡན་འདས་ཉིད་ཀྱིས་ཡན་ལག་ ལྔ་དང་ལྡན་པའི་གསུང་དབྱངས་ཀྱིས་རྒྱལ་བྱེད་ཀྱི་ཚལ་རྗོད་པར་མཛད་དེ། རྒྱལ་བྱེད་ཀྱི་ཚལ་རྗོད་པར་མཛད་པ་ན། གཞོན་ནུ་རྒྱལ་བྱེད་ཀྱིས་བསམ་པ། ཀྱེ་མ། བཅོམ་ལྡན་འདས་ ཀྱིས་དེར་བདག་གི་མིང་ཐོག་མར་སྨོས་ཀྱང་ཅི་མ་རུང་སྙམ་པ་དང། བཅོམ་ལྡན་འདས་ཀྱིས་གཞོན་ནུ་རྒྱལ་བྱེད་ཀྱི་བསམ་པ་ཐུགས་སུ་ཆུད་ནས། དགེ་སློང་དག་འདི་ནི། རྒྱལ་བུ་ [308A]༄༅། །རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཡིན་ནོ། །ཞེས་དེར་མིང་ཐོག་མ་སྨོས་པ་མཛད་དོ། །གཞོན་ནུ་རྒྱལ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་དེར་ བདག་གི་མིང་ཐོག་མར་སྨོས་པ་མཛད་པ་ཐོས་ནས་ཤིན་ཏུ་དགའ་བར་གྱུར་ཏེ། དགའ་བ་དང། རབ་ཏུ་དགའ་བ་སྐྱེས་པ་དེས་ནོར་གྱི་རིགས་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཀྱི་ཕྱིར་རིན་ པོ་ཆེ་སྣ་བཞིའི་སྒོ་ཁང་བྱེད་དུ་བཅུག་གོ་དེ་བཞིན་དུ་སྡུད་པ་བྱེད་པ་རྣམས་ཀྱིས་ཀྱང། མདོ་སྡེའི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ ར་བ་ན་བཞུགས་སོ། །ཞེས་གདགས་པར་བྱས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཁྱིམ་བདག་ མགོན་མེད་ཟས་སྦྱིན་གྱིས། སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕྱོགས་འདི་སྔོན་ནམ་ཕུལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་ བ། བསྐལ་པ་དགུ་བཅུ་རྩ་གཅིག་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་ བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས་དེ་འཁོར་དགེ་སློང་དྲུག་ཁྲི་ཉིས་སྟོང་དང་ཕྱོགས་འདིར་ [308B] །དེའི་ཚེ་མཉན་ཡོད་འདིར་ཁྱིམ་བདག་རྒྱལ་ཞེས་བྱ་བ་བྱུང་སྟེ། དེས་ས་ཕྱོགས་འདི་རྒྱང་གྲགས་དྲུག་གསེར་དང་དབྱིག་གཤིབས་པས་རྒྱལ་བུ་གཞོན་ནུ་ལས་ཉོས་ནས་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་ཕུལ་ཏེ་དེ་ཉིད་ཀྱི་སྤྱན་སྔར་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །ཁྱིམ་བདག་རྒྱལ་གྱི་ཚ་བོ་ཞིག་ དེ་བསྟེན་པས། དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་ཤིན་ཏུ་དད་པ་སྐྱེས་ནས། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་དབུ་སྐྲ་དང། སེན་མོའི་མཆོད་རྟེན་རྩིག་ ཏུ་བཅུག་སྟེ། དེས་བསམ་པ། གང་གིས་ན། བདག་གིས་འདི་ཉིད་མཚན་དུ་སྒྲིབ་པ་མེད་པར་མཐོང་བར་འགྱུར་བའི་ཐབས་དེ་ཅི་ཡོད་སྙམ་པ་དང། དེ་ལ་བརྟེན་པ་རྒྱ་མཚོའི་འགྲམ་ན་འདུག་པ་ཞིག་ གིས་ནོར་བུ་རིན་པོ་ཆེ་འབར་བ་ཞིག་སྐྱེས་སུ་བསྐུར་ནས། དེས་དེ་མཆོད་རྟེན་ལ་བརྟགས་པ་དང། དེའི་མཐུས་དེས་དབུ་སྐྲ་དང། སེན་མོའི་མཆོད་རྟེན་དེ་ཉིད་མཚན་དུ་སྒྲིབ་པ་མེད་པར་མཐོང་ངོ། །དེ་ནས་ དད་པ་སྐྱེས་ནས་སྨོན་ལམ་བཏབ་པ། ཇི་ལྟར་ས་ཕྱོགས་འདི་བདག་གི་ཞང་པོས་རྒྱལ་བུ་གཞོན་ནུ་ལས་གསེར་དང། དབྱིག་གཤིབས་པས་ཉོས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་ གཟིགས། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་བ་དེ་བཞིན་དུ། བདག་གིས་ཀྱང་ས་ཕྱོགས་འདི། གསེར་དང། དབྱིག་གཤིབས་པས་གཞོན་ནུ་ལས་ཉོས་ནས་ཡང་དག་པར་རྫོགས་པའི་ [309A]༄༅། །སངས་རྒྱས་བདུན་ལ་འབུལ་བར་འགྱུར་ཞིང། དེ་རྣམས་ཀྱི་ཕྱི་མ་ཤོས་གང་ཡིན་པ་དེའི་སྤྱན་སྔར་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་ སུམ་དུ་བྱས་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་རྒྱལ་གྱི་ཚ་བོ་གང་ཡིན་པ་དེ་ནི། ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཡིན་ ནོ། །དེ་ཚུན་ཆད་བསྐལ་པ་སུམ་ཅུ་རྩ་གཅིག་པ་ལ་སྟོན་པ་གཙུག་ཏོར་ཅན་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ། །ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་འཁོར་ དགེ་སློང་དྲུག་ཁྲི་དང་ས་ཕྱོགས་འདིར་གཤེགས་སོ། །དེའི་ཚེ་ཁྱིམ་བདག་རྒྱས་པ་ཞེས་བྱ་བ་བྱུང་སྟེ། དེས་ཕྱོགས་འདི་དཔག་ཚད་ཕྱེད་དང་གསུམ་ནོར་བུ་གཤིབས་པས་རྒྱལ་བུ་གཞོན་ནུ་ ལས་ཉོས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་ཉན་ཐོས་ཀྱི་འཁོར་དང་བཅས་པ་ལ་ཕུལ་ལོ། །དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་རྒྱས་པ་ཞེས་བྱ་བར་གྱུར་པ་དེ་ གཞན་ཞིག་ཡིན་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་དེའི་ཚེ་དེའི་དུས་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཡིན་ནོ། །དེའི་འོག་ཏུ་བསྐལ་པ་སུམ་ཅུ་རྩ་གཅིག་པ་དེ་ཉིད་ལ་སྟོན་པ་ ཐམས་ཅད་སྐྱོབ་ཅེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ། །ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་འཁོར་དགེ་སློང་དྲུག་ཁྲི་དང་ས་ཕྱོགས་འདིར་གཤེགས་སོ། །དེའི་ཚེ་ [309B] དེས་ཕྱོགས་འདི་རྒྱང་གྲགས་གཉིས་སུ་མུ་ཏིག་གཤིབས་པས་གཞོན་ནུ་ལས་ཉོས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ཉན་ཐོས་ཀྱི་དགེ་འདུན་དང་ བཅས་པ་ལ་ཕུལ་ལོ། །དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་མཆུ་ཞེས་བྱ་བ་དེ། གཞན་ཞིག་ཡིན་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་དེའི་ཚེ་དེའི་དུས་ན་ཁྱིམ་བདག་མགོན་མེད་ ཟས་སྦྱིན་འདི་ཉིད་ཡིན་ནོ། །དེའི་འོག་ཏུ་བསྐལ་པ་བཟང་པོ་འདི་ལ་སྟོན་པ་འཁོར་བ་འཇིག་ཅེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ། །ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ་དེ་ འཁོར་དགེ་སློང་བཞི་ཁྲི་དང་ཕྱོགས་འདིར་གཤེགས་སོ། །དེའི་ཚེ་ཁྱིམ་བདག་སྲིད་སྦྱིན་ཞེས་བྱ་བ་བྱུང་སྟེ། དེས་ཕྱོགས་འདི་བ་ལང་གིས་བཀང་བས་གཞོན་ནུ་ལས་ཉོས་ཏེ་ཡང་དག་པར་རྫོགས་པའི་སངས་ རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ། །དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་སྲིད་སྦྱིན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན། ཁྱེད་ཀྱིས་དེ་ལྟར་མི་བལྟ་ སྟེ། འོན་ཀྱང་དེའི་ཚེ་དེའི་དུས་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཡིན་ནོ། །དེའི་འོག་ཏུ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུ་རྣམས་ཀྱི་ཚེ་ལོ་སུམ་ཁྲི་ཐུབ་པ་ན། སྟོན་པ་གསེར་ཐུབ་ཅེས་བྱ་བ་ ནས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ། །ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་འཁོར་དགེ་སློང་སུམ་ཁྲི་དང་ཕྱོགས་འདིར་གཤེགས་སོ། །དེའི་ཚེ་ཁྱིམ་བདག་ཕུར་བུ་ཞེས་བྱ་བ་ [310A]༄༅། །བྱུང་སྟེ། དེས་ཕྱོགས་འདི་གོས་བཏིང་བས་གཞོན་ནུ་ལས་ཉོས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ། །དགེ་སློང་ དག་དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་ཕུར་བུ་ཞེས་བྱ་བར་གྱུར་བ་དེ། གཞན་ཞིག་ཡིན་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ་འོན་ཀྱང་དེའི་ཚེ་དེའི་དུས་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ ཡིན་ནོ། །དེའི་འོག་ཏུ་བསྐལ་བ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་ ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་འཁོར་དགེ་སློང་ཉིད་ཁྲི་དང་ཕྱོགས་འདིར་གཤེགས་སོ། །དེའི་ཚེ་ཁྱིམ་བདག་ཆུ་སྟོད་ཅེས་བྱ་བ་ཞིག་བྱུང་སྟེ། དེས་ས་ཕྱོགས་འདི་རྒྱང་གྲགས་ཕྱེད་གསེར་གྱིས་ བཀྲམ་པས་གཞོན་ནུ་ལས་ཉོས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ་།དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་ཆུ་སྟོད་ཅེས་བྱ་བར་ གྱུར་པ་དེ། གཞན་ཞིག་ཡིན་སྙམ་ན། ཁྱེད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་དེའི་ཚེ་དེའི་དུས་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཡིན་ནོ། །དགེ་སློང་དག་ད་ལྟར་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་ [310B] སྟོན་པ་ང་ཡང་འཇིག་རྟེན་དུ་བྱུང་ནས་ང་འཁོར་སྟོང་ཉིས་བརྒྱ་ལྔ་བཅུ་དང་ཕྱོགས་འདིར་གཤེགས་པ་ན། ད་ལྟར་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། རྨོན་པ་དོར་བཅུ་དྲུག་གིས་སྨོས་པའི་ ཁྱོན་བྱེ་བ་གཤིབས་པས་གཤིབས་ནས་གཞོན་ནུ་རྒྱལ་བྱེད་ལས་ཉོས་ཏེ་ང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ། །དགེ་སློང་དག་མ་འོངས་པའི་དུས་ན། སྐྱེ་རྒུ་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་ སྟོན་པ་བྱམས་པ་ཞེས་བྱ་བ་འཁོར་དགྲ་བཅོམ་པ་ཁྲག་ཁྲིག་ཕྲག་དགུ་དང། ཐེར་འབུམ་ཆེན་པོ་ཕྲག་དྲུག་ཕྱོགས་འདིར་གཤེགས་པར་འགྱུར་རོ། །དེའི་ཚེ་ཁྱིམ་བདག་ནོར་བཟང་ཞེས་བྱ་བ་འབྱུང་བར་འགྱུར་ཏེ་ དེས་ཕྱོགས་འདི་དཔག་ཚད་གསུམ་གསེར་དང། དབྱིག་གཤིབས་པས་གཞོན་ནུ་ལས་ཉོས་ནས་བྱམས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་འབུལ་བར་འགྱུར་ཞིང། དེ་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་སུམ་དུ་བྱེད་པར་འགྱུར་རོ། །དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་ནོར་བཟང་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ། གཞན་ཞིག་ཡིན་སྙམ་ ན། ཁྱེད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད། ཁྱིམ་བདག་ནོར་བཟང་ཞེས་བྱ་བ་ཡིན་པར་འགྱུར་རོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གཏེར་བདག་བོ་དང་ བཅས་པ་དང། བདག་པོ་མེད་པ་དང། ཐང་ལ་ཡོད་པ་དང། ཆུ་ན་ཡོད་པ་དང། གང་དག་རྒྱང་རིང་པོ་ན་ཡོད་པ་དང། གང་དག་ཐག་ཉེ་བ་ན་ཡོད་པ་ཡང་མཐོང་བས། ཀུན་ཏུ་ཁྱིམ་བདག་མགོན་མེད་ [311A]༄༅། །ཟས་སྦྱིན་གྱིས། གཏེར་བདག་པོ་དང་བཅས་པ་དང། བདག་པོ་མེད་པ་དང། ཐང་ལ་ཡོད་པ་དང། ཆུ་ན་ཡོད་པ་དང། གང་དག་རྒྱང་རིང་པོ་ན་ཡོད་པ་དང། གང་དག་ཐག་ཉེ་ བ་ན་ཡོད་པ་མཐོང་ངོ། །ཞེས་གྲགས་སོ། །དེའི་ཚེ་མུ་སྟེགས་ཅན་གྱི་དགེ་སྦྱོང་དང། བྲམ་ཟེ་དང། སྤྱོད་བ་པ་དང། ཀུན་ཏུ་རྒྱུ་སྣ་ཚོགས་རྟོག་ཁང་དུ་འདུས་ཏེ་འཁོད་པ་རྣམས། འདི་ལྟ་བུའི་སྐབས་ཀྱི་ གཏམ་དག་གླེང་བར་བྱེད། ཤེས་ལྡན་དག། ཁྱིམ་བདག་མགོན་མེད་ཟས་སྦྱིན་མཚན་གང་དག་དང་ལྡན་ན། གཏེར་བདག་པོ་དང་བཅས་པ་དང། བདག་པོ་མེད་པ་དང། ཐང་ལ་ཡོད་པ་དང། ཆུ་ ན་ཡོད་པ་དང། གང་དག་རྒྱང་རིང་པོ་ན་ཡོད་པ་དང། གང་དག་ཐག་ཉེ་བ་ན་ཡོད་པ་མཐོང་བར་གྱུར། དེའི་ཚེ་བྲམ་ཟེའི་ཁྱེའུ་ཕྱུགས་སྟེན་ཞེས་བྱ་བ་འཁོར་དེ་ཉིད་དུ་ཚོགས་ཤིང་འདུག་པར་གྱུར་ ནས་དེས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་སེམས་ལས་ཆུང་ངུས་འཁོད་ཅིག་དང། ཁོ་བོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་མཚན་གང་དག་དང་ལྡན་ན། གཏེར་བདག་པོ་དང་བཅས་ པ་དང། བདག་པོ་མེད་པ་དང། ཐང་ལ་ཡོད་པ་དང། ཆུ་ན་ཡོད་པ་དང། གང་དག་རྒྱང་རིང་པོ་ན་ཡོད་པ་དང། གང་དག་ཐག་ཉེ་བ་ན་ཡོད་པ་མཐོང་བར་འགྱུར་བ་བརྟགས་ལ་ཁྱེད་ལ་སྨྲ་བར་ བྱའོ། །ཞེས་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་འགྲོ་བ་དང་འདུག་པ་ལ་བརྟག་པ་ལྷུར་ལེན་ཅིང། རྗེས་བཞིན་རྗེས་བཞིན་འབྲང་ངོ་།ཇི་ཙམ་དུས་གཞན་ཞིག་ན། ཁྱིམ་བདག་མགོན་ [311B] ཆུ་བོ་ཨ་ཛི་ར་བ་ཏིར་ཁྲུས་བྱས་ནས་བྱུང་བ་ལ། དེས་དེའི་རྒྱབ་ཏུ་ཐལ་མོས་བརྒྱབ་པ་དང། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཐོང་བཞིན་དུ་ཅང་མི་སྨྲ་བར་འདུག་གོ་དེས་སྨྲས་པ་ ཁྱིམ་བདག་ཁྱོད་ནི། མཁས་པ་ཡིན་ཞིང། བཟོད་པ་དང། ངེས་པ་དང་ལྡན་པ་ཡིན་པ་དེས་ན། གཏེར་བདག་པོ་དང་བཅས་པ་དང། བདག་པོ་མེད་པ་དང། ཐང་ལ་ཡོད་པ་དང། ཆུ་ན་ཡོད་པ་དང་ གང་དག་རྒྱང་རིང་པོ་ན་ཡོད་པ་དང། གང་དག་ཐག་ཉེ་བ་ན་ཡོད་པ་མཐོང་ངོ། །དེས་མུ་སྟེགས་ཅན་རྣམས་ལ་གོ་བར་བྱས་པ་དང། མུ་སྟེགས་ཅན་ཁ་ངོམ་ཅན་རྣམས་ཀྱིས་ཀྱང་ཀུན་ཏུ་སྨྲས་པས་ ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི། བཟོད་པ་དང། དེས་པ་དང་ལྡན་པས། དེས་ན་གཏེར་བདག་པོ་དང་བཅས་པ་དང། བདག་པོ་མེད་པ་དང་ཐང་ལ་ཡོད་པ་དང། ཆུ་ན་ཡོད་པ་དང། གང་དག་ རྒྱང་རིང་པོ་ན་ཡོད་པ་དང། གང་དག་ཐག་ཉེ་བ་ན་ཡོད་པ་མཐོང་ངོ། །ཞེས་ཀུན་ཏུ་སྒྲ་གྲགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དགེ་སློང་དག་མུ་སྟེགས་ཅན་བརྒྱ་སྟོང་ཕྲག་བྱེ་བས་ཀྱང། ཁྱིམ་བདག་མགོན་མེད་ཟས་སྦྱིན་མཚན་གང་དང་ལྡན་ན། གཏེར་མཐོང་བར་འགྱུར་བ་ཤེས་པར་སླ་བ་མ་ ཡིན་ནོ། །འོན་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་མིག་གི་འབྲས་བུ་རིན་པོ་ཆེ་ལྟར་བཀྲ་བ་དང། དབྱིག་གི་སྐད་ཡོད་དེ། དེས་ན་གཏེར་བདག་པོ་དང་བཅས་པ་དང། བདག་མེད་པ་ [312A]༄༅། །དང། ཐང་ལ་ཡོད་པ་དང། ཆུ་ན་ཡོད་པ་དང། གང་དག་རྒྱང་རིང་པོ་ན་ཡོད་པ་དང། གང་དག་ཐག་ཉེ་བ་ན་ཡོད་པ་མཐོང་ངོ།། །།འདུལ་བ་གཞི། བམ་པོ་ དོན་དྲུག་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ལས་ཅི་ ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་མིག་གི་འབྲས་བུ་རིན་པོ་ཆེ་ལྟར་བཀྲ་ཞིང་དབྱིག་གི་སྐད་དང་ལྡན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱིམ་ བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་ པས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི། ཕྱི་ རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི་འདི་ལྟར་ལས་དགེ་བ་དང། མི་དགེ་བ་བྱས་ ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་རྣམས་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་ [312B] རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག། སྔོན་བྱུང་བ། རི་བོར་ཞིག་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་བཟུང་བ་ཡངས་ཤིང་ རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་ཏེ། དེས་སོས་ཀའི་དུས་ལ་བབ་པའི་ཚེ་མེ་ཏོག་གི་ཤིང་རྣམས་འབུས་ཤིང། ངང་པ་དང། ཁྲུང་ཁྲུང་དང་ རྨ་བྱ་དང། ནེ་ཙོ་དང། རི་སྐེགས་དང། ཁུ་བྱུག་དང། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཚལ་གྱི་གཞིར་ནང་མི་དང་ལྷན་ཅིག་དོང་ངོ། །སངས་རྒྱས་རྣམས་བྱུང་བ་མེད་པ་ན། རང་སངས་ རྒྱས་དམན་པ་དང་ངན་པ་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། འཇིག་རྟེན་རྣམས་ཀྱི་ཡོན་གནས་གཅིག་པུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་བས། ཇི་ཙམ་ན་རང་སངས་རྒྱས་ཤིག་ ལྗོངས་རྒྱུ་ཞིང་སོང་ན་རི་བོར་དེར་ཕྱིན་ནས། དེ་སྐྱེད་མོས་ཚལ་དེའི་ཕྱོགས་ཤིག་ན་འདུག་གོ། སྐྱེད་མོས་ཚལ་སྲུང་བའི་མིས་ཁྱིམ་བདག་དེ་ལ་སྨྲས་པ། དཔོན་པོ། ཕྱོགས་འདི་ན་རབ་ཏུ་བྱུང་བ་ཞི་བའི་ བདག་ཉིད་ཅན་ཞིག་བཞུགས་སོ། །དེས་ཐོས་ནས། དེ་ཡིད་དགའ་བར་གྱུར་ཅིང་དད་པ་སྐྱེས་ཏེ། བདག་གི་སྐྱེད་མོས་ཚལ་ན་འདི་འདྲ་བའི་རབ་ཏུ་བྱུང་བ་གནས་པ་ནི། བདག་སྐལ་བ་ཅན་ཡིན་ནོ་སྙམ་ མོ། །བདག་ཉིད་ཆེན་པོ་དེ་ཡང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ཁྱིམ་བདག་དེས་མཛའ་བཤེས་དང། ཉེ་དུ་དང་ [313A]༄༅། །གཉེན་དང། ནང་མི་རྣམས་དང་ལྷན་ཅིག་ཏུ་བཀུར་སྟི་ཆེན་པོ་བྱས་ནས་བསྲེགས་ཏེ། མེ་དེའོ་མས་བསད་ནས་རུས་པ་དེ་རྣམས་ཤེལ་ལས་བྱས་པའི་བུམ་པའི་ནང་དུ་རིན་པོ་ ཆེ་དང་བསྲེས་ཏེ་བླུགས་པ་དང། རུས་པ་དེ་རྣམས་འོད་དང་ལྡན་ཞིང་སྒྲ་འབྱིན་པར་གྱུར་ཏོ། །དེ་ནས་དེས་དྲུང་དུ་གཏུགས་ནས་སྨོན་ལམ་བཏབ་པ། ཇི་ལྟར་རུས་པ་འདི་རྣམས་རིན་པོ་ཆེ་དང་བསྲེས་ ནས་ཤིན་ཏུ་འོད་དང་ལྡན་ཞིང་སྒྲ་འབྱིན་པ་དེ་བཞིན་དུ། དགེ་བའི་རྩ་བ་འདིས་བདག་གི་མིག་གི་འབྲས་བུ་རིན་པོ་ཆེ་ལྟར་བཀྲ་ཞིང། དབྱིག་གི་སྐད་དང་ལྡན་པར་གྱུར་ཅིག་ཅེས་བྱས་སོ། །དགེ་ སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་གང་ཡིན་པ་དེ་ནི། ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཡིན་ཏེ་འདིས་རང་སངས་རྒྱས་ལ་བྱ་བ་བྱས་ནས་སྨོན་ལམ་བཏབ་པ་ གང་ཡིན་པ་དེ་དང། ཁྱིམ་བདག་རྒྱལ་གྱི་ཚ་བོར་གྱུར་པ་ན་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་ནོར་བུ་འབར་བ་བཏགས་པ་གང་ ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས། མིག་གི་འབྲས་བུ་རིན་པོ་ཆེ་ལྟར་བཀྲ་ཞིང་དབྱིག་གི་སྐད་དང་ལྡན་པར་གྱུར་ཏོ། །དགེ་སློང་དག། དེ་ལྟ་བས་ན། ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་ པར་སྨིན་པ་ནི། གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་ནི། གཅིག་ཏུ་དཀར་བ་དང། འདྲེན་མ་རྣམས་ཀྱི་ནི། འདྲེན་མ་ཡིན་ཏེ་དེ་ལྟ་བས་ན། དགེ་སློང་དག་འདི་ [313B] ལས་གནག་པ་དང་འདྲེན་མ་གང་ཡིན་པ་རྣམས་ནི། སྤངས་ལ། ལས་གཅིག་ཏུ་དཀར་བ་རྣམས་ལ་བཙལ་བར་བྱ་སྟེ། དགེ་སློང་དག། ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ།། བར་གྱི་སྡོམ་ནི། རྒྱལ་དང་རྒྱས་པ་ཆུ་དང་ནི། །སྲིད་སྦྱིན་དང་ནི་ཕུར་བུ་དང། །ཆུ་སྟོད་དང་ནི་ཟས་སྦྱིན་དང། །ཕྱི་མ་པ་ནི་ནོར་བཟང་ཡིན། །དབྱིག་རྣམས་དང་ནི་གསེར་དང་ནི། །གསུམ་པ་ནོར་བུ་མུ་ ཏིག་ཡིན། །བ་དང་ནས་དང་གོས་དང་ནི། །བྱེ་བ་དབྱིག་གིས་བསྡུས་པ་ཡིན། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བྱེ་བའི་གཤིབས་པས་གཤིབས་ནས། གཞན་ནུ་རྒྱལ་བྱེད་ལས་ ཉོས་ཏེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་བ་དེའི་ཚེ། ཡུལ་སྣ་ཚོགས་ན་གནས་པའི་དད་པ་ཅན་མཆོད་རྟེན་ལ་ཕྱག་འཚལ་བ་དག་མཉན་ཡོད་དུ་ལྷགས་ན། དེ་རྣམས་ལས་ ཁ་ཅིག་མངོན་པར་དད་པར་གྱུར་ནས། སྨྲས་པ། འཕགས་པ། བདག་ཅག་གིས་ཀྱང་འཕགས་པའི་དགེ་འདུན་གྱི་སླད་དུ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཞི་ཅུང་ཟད་རྩིག་གོ། དགེ་སློང་རྣམས་ ཀྱིས་སྨྲས་པ། རིན་གྱིས་ས་ཉོས་ལ་རྩིགས་ཤིག། འཕགས་པ། རིན་ཇི་ཙམ་སྩལ་ལགས། དབྱིག་འདི་སྙེད་དོ། །འཕགས་པ། རེ་ཞིག་འདི་སྙེད་ཀྱི་འབྱོར་པ་བདག་ཅག་ལ་ལྟ་ག་ལ་མཆིས་ དེ་ལྟ་མོད་ཀྱི། གལ་ཏེ་ཕྱོགས་འདི་ཐོབ་ན་བརྩིག་གོ། ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ལ་ [314A]༄༅། །རྟོགས་ལ་གལ་ཏེ། བྱིན་ན་རྩིགས་ཤིག། དགེ་སློང་རྣམས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བརྟགས་པ་དང། དེས་སྨྲས་པ། གལ་ཏེ་བདག་ལ་བརྟེན་ཏེ་བྲམ་ ཟེ་དང། ཁྱིམ་བདག་དད་པ་ཅན་རྣམས་དགེ་འདུན་གྱི་ཕྱིར་བསོད་ནམས་བགྱི་བའི་དངོས་པོ་བགྱིད་ན་སྩལ་ཏོ། །གང་ཟག་གི་ཕྱིར་བགྱིད་ན་མི་སྩལ་ཏོ། །ཞེས་པའི་སྐབས་དེ། དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་འདུན་གྱི་ཕྱིར་ནི་བརྩིག་པར་བྱའོ། །གང་ཟག་གི་ཕྱིར་ནི། ཡོན་ བདག་ལ་བརྟགས་ཏེ། གལ་ཏེ་བྱིན་ན། བརྩིག་པར་བྱའོ། །མ་བྱིན་ན་བརྩིག་པར་མི་བྱའོ། །གློ་བུར་བའི་དགེ་སློང་མཆོད་རྟེན་ལ་ཕྱག་འཚལ་བ་དག་མཉན་ཡོད་དུ་ལྷགས་པ་ན། དེ་རྣམས་ སྨོས་འདྲིན་ཇི་ལྟ་བ་བཞིན་དགེ་སློང་རྣམས་ཀྱི་དྲུང་དུ་དོང་བ་དང། གཞན་དག་ལ་སྨོས་འདྲིན་མེད་པ་དེ་དག་ཕོངས་པར་གྱུར་ནས་བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློ་ བུར་བ་རྣམས་ཀྱི་ཕྱིར་མ་བགོས་པའི་གནས་གཞག་པར་བྱའོ། །རི་བོར་ཞིག་ན་གཙུག་ལག་ཁང་ཞིག་ཡོད་པ་དེར་དགེ་སློང་རྣམས་དབྱར་གནས་པར་དམ་བཅས་པ་ལས། ཇི་ཙམ་ན་རི་བོར་ དེར་དབྱར་གྱི་ནོར་ལེགས་སུ་འཇིགས་པ་བྱུང་ནས། དེ་ན་གནས་པའི་དགེ་སློང་རྣམས་སྐྲག་ནས་དགག་དབྱེ་མ་བྱས་པར་མཉན་ཡོད་དུ་ལྷགས་པ་དང། དེ་རྣམས་དགེ་སློང་རྣམས་ཀྱིས་ལམ་ [314B] ལམ་གྱིས་དུབ་པ་ངལ་སོས་ནས། དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག། བདག་ཅག་ལ་གནས་མལ་སྐོས་ཤིག། དེ་རྣམས་ཀྱིས་དབྱར་གྱི་ནང་ལོགས་ཡིན་ ནོ། །སྙམ་ནས་མ་བསྐོས་པ་དང། གློ་བུར་བའི་དགེ་སློང་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དེ། ཚེ་དང་ལྡན་པ་དག། ཁྱེད་ད་ལྟར་སྟོན་པ་ཉིད་བཞུགས་པ་བཞིན་དུ་བསྟན་ པ་ནུབ་པར་བྱེད་དམ་ཅི། གལ་ཏེ་ཁྱེད་ལ་འགྱོད་པ་ཡོད་ན། རྒན་རིམ་ཇི་ལྟ་བ་བཞིན་དུ་གནས་མལ་བྱིན་ཅིག་དེ་རྣམས་འོན་ཀྱང་མ་བསྐོས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ ལ་གསོལ་པ་དང། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། འཇིགས་པས་རལ་པའི་དགེ་སློང་རྣམས་ཀྱི་ཕྱིར་དབྱར་གཉིས་པར་གནས་པར་དམ་ བཅའ་བར་བྱའོ། །དགེ་སློང་རྣམས་ཀྱིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟླ་བ་གསུམ་པའི་དགག་དབྱེ་བྱ་ཞིང་དབྱར་ཟླ་ཐ་ཆུང་ལ་དབྱར་ཕྱི་མར་གནས་པར་དམ་བཅའ་བར་ བྱའོ། །བཅོམ་ལྡན་འདས་ཀྱིས་འཇིགས་པས་རལ་པའི་དགེ་སློང་རྣམས་ཀྱི་ཕྱིར་དབྱར་གཉིས་པར་གནས་པར་དམ་བཅའ་བར་བྱའོ། །ཞེས་གསུངས་པ་དང། ཇི་ཙམ་ན་འཇིགས་པས་རལ་པའི་ དགེ་སློང་གཞན་དག་ཀྱང་མཉན་ཡོད་དུ་ལྷགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ངས་ [315A]༄༅། །འཇིགས་པས་རལ་པའི་དགེ་སློང་རྣམས་ལ་བརྟེན་ནས་དབྱར་གཉིས་པར་གནས་པར་དམ་བཅའ་བ་བཅས་ཀྱི། གསུམ་པ་ནི། མ་ཡིན་ནོ་།འཇིགས་པས་རལ་པའི་དགེ་ སློང་རྣམས་ཀྱང། སྨོས་འདྲིན་ཇི་ལྟ་བ་བཞིན་དུ་ངལ་བསོར་གཞུག་པར་བྱའོ། །དགེ་སློང་རྣམས་ཀྱིས་དེ་རྣམས་ལས་སུ་སྐོ་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ ལས་སུ་བསྐོ་བར་མི་བྱའོ། །དགེ་སློང་རྣམས་ཀྱིས་དེ་རྣམས་ལ་རྙེད་པ་བྱིན་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ལ་རྙེད་པ་མི་སྦྱིན་ནོ། །དགེ་སློང་རྣམས་ཀྱིས་ཁ་ ཟས་ཀྱི་རྙེད་པ་ཡང་མ་བྱིན་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ལ་ཁ་ཟས་ཀྱི་རྙེད་པ་ནི། སྦྱིན་གྱི། གོས་ཀྱི་རྙེད་པ་ནི། མ་ཡིན་ནོ། །དད་པ་ཅན་རྣམས་ཀྱིས་གཙུག་ ལག་ཁང་མང་དུ་བརྩིགས་པ་ལས། མཉན་ཡོད་ན་དགེ་སློང་ཉུང་ངུ་ཞིག་དབྱར་གནས་པར་དམ་བཅས་ཏེ། དེ་རྣམས་སྟོང་པར་འདུག་པས་སྦྱིན་བདག་རྣམས་ཀྱི་ལོངས་སྤྱོད་ལས་བྱུང་བའི་ བསོད་ནམས་མེད་ཅིང་ནལ་ཕྲུག་རྣམས་ཀྱི་གནས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་བགོ་བར་བྱ་སྟེ། རེ་རེས་ཀྱང་སོ་སོར་གཉིས་སམ། གསུམ་མམ་ བཞི་ཅི་རན་པར་ཐམས་ཅད་ལ་ལོངས་སྤྱད་པར་བྱ་སྟེ། ལ་ལར་ནི་སྔ་དྲོ་འདུག་པར་བྱའོ། །ལ་ལར་ནི། ཉི་མའི་གུང་ལའོ། །ལ་ལར་ནི། ཕྱི་དྲོའོ། །ལ་ལར་ནི། ནུབ་མོ་གནས་པར་ [315B] །དགེ་སློང་རྣམས་ཀྱིས་ལག་གི་ལས་མ་བྱས་པས་དེ་རྣམས་འདྲུམས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོན་བདག་ལ་སྤྲོ་བ་བསྐྱེད་པར་བྱའོ། །གལ་ཏེ་གྲུབ་ན། དེ་ལྟ་ན་ ལེགས། གལ་ཏེ་མ་གྲུབ་པར་གྱུར་ན། དགེ་འདུན་གྱིས་ཕྱིར་བཅོས་པར་བྱའོ། །གལ་ཏེ་མི་ནུས་པར་གྱུར་ན། ཅི་ཙམ་ནུས་པ་དེ་ཙམ་བཅོས་པར་བྱ་སྟེ། གཞན་ནི། བཏང་སྙོམས་སུ་གཞག་པར་ བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱི་བསྟན་པ་རྒྱས་པར་གྱུར་པ་དེའི་ཚེ་དགེ་སློང་མང་པོ་མཉན་ཡོད་དུ་ལྷགས་པ་དང། དེ་རྣམས་གནས་ཁང་གིས་ཕོངས་པར་གྱུར་ནས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། གཉིས་དང་གསུམ་གྱིས་བགོ་བར་བྱ་སྟེ། ཆུ་སྣོད་གཞག་པ་དང། འདག་ཆལ་དང། སྨན་དང། སོ་ཤིང་གཞག་པ་དང། ཕན་ཚུན་གྱི་ཐེམ་སྐས་མ་གཏོགས་པར་ ཆུང་ངུ་ན་འདུག་པའི་ཚད་ཙམ་ཡང་ཐམས་ཅད་ཀྱིས་འདྲ་བར་བགོ་བར་བྱ་སྟེ། ཉེ་འཁོར་ནི། སྤྱིའི་ཡིན་པ་ཉིད་པས་བགོ་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས། དགེ་སློང་དག། དགོན་པ་ དང། ཤིང་དྲུང་དང། ཁང་སྟོང་དང། རི་སུལ་དང། བྲག་ཕུག་དང། རྩྭའི་སྟན་དང། བླ་གབ་མེད་པ་དང། དུར་ཁྲོད་དང་ནགས་མཐའ་དང། བས་མཐའི་གནས་མལ་འདི་རྣམས་སུ་ བསམ་གཏན་གྱིས་ཤིག། །ཕྱིས་ཡིད་ལ་གཅགས་པར་མི་འགྱུར་བར་བག་ཡོད་པར་གྱིས་ཤིག། ཅེས་དགོན་པའི་བསྔགས་པ་མང་དུ་གསུངས་པ་དེའི་ཚེ། དགེ་སློང་ཁ་ཅིག་དགོན་པ་བར་ [316A]༄༅། །དམ་བཅས་ནས་དགོན་པ་ན་གནས་པ་ལས། དེ་རྣམས་དེ་ན་ཆོམ་རྐུན་པ་རྣམས་ཀྱིས་གཏོགས་པར་གྱུར་ཏོ། །གཏོགས་ནས་བྲམ་ཟེ་དང། ཁྱིམ་བདག་གི་ཁྱིམ་རྣམས་ སུ་ཆོས་གོས་ཚོལ་བའི་ཕྱིར་བརྩོན་པར་གྱུར་པས། ལུང་ནོད་པ་དང། ཀློག་པ་དང། གདོན་པ་དང། རྣལ་འབྱོར་དང། ཡིད་ལ་བྱ་བ་ཉམས་པར་གྱུར་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་ བཅོམ་ལྡན་འདས་ལ་གསོལ་པ་དང། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དགོན་པ་པ་རྣམས་ཀྱི་ཕྱིར་གནས་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་ སློང་དགོན་པ་པ་རྣམས་ཀྱི་ཕྱིར་གནས་གཞག་པར་བྱའོ། །ཞེས་གསུངས་པ་དང། དགེ་སློང་རྣམས་ཀྱིས་མི་གསལ་བ་ཞིག་ཏུ་བཞག་པ་དང། དགེ་སློང་དགོན་པ་པ་ཞིག་གིས་ལྷུང་བཟེད་དང་ ཆོས་གོས་བཞག་ནས་སྒོ་བཅད་དེ་ལྡེ་མིག་བླངས་ནས་སོང་བ་དང་དགེ་སློང་དགོན་པ་པ་གཞན་དག་ཕོངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་གསལ་བར་ དགེ་སློང་དགོན་པ་པ་རྣམས་ཀྱི་གནས་གཞག་པར་བྱའོ། །ཉེ་དགས་ཁྱིམ་བདག་ཅིག་གཙུག་ལག་ཁང་རྩིག་ཏུ་བཅུག་ནས། དེ་ནི། དེ་ན་མི་གནས་པར་དགེ་སློང་གློ་བུར་བ་གང་ཞིག་འོངས་ པ་དེ་ལ་གནས་བྱིན་ནས་རྙེད་པ་ནི། བདག་ཉིད་ཀྱིས་ཁྱེར་རོ། །ཇི་ཙམ་ན་དགེ་སློང་ཆོས་གོས་གསུམ་པ་ཞིག་འོངས་པ་དང། དེས་གཙུག་ལག་ཁང་དེ་སྟོང་པར་མཐོང་ནས། དེས་དྲིས་ [316B] འདི་སུའི་གཙུག་ལག་ཁང་ཡིན། དགེ་སློང་རྣམས་ཀྱིས་སྨྲས་པ། དགེ་སློང་ཉེ་དགའི་ཡིན་ནོ། །དེ་དེའི་དྲུང་དུ་སོང་ནས་བརྙས་པ་དང། དེས་སྨྲས་པ། གཙུག་ལག་འདིར་འདུག་ལ། རྙེད་པ་ གང་ཡིན་པ་དེ་ནི། ཁོ་བོའི་ཡིན་ནོ། །དེ་དེར་གནས་ཏེ། དེས་གཙུག་ལག་ཁང་དེ་ལན་འགའ་ཡང་ཕྱག་དར་མ་བྱས། བའི་ལྕི་བ་གསར་བའི་བྱུག་བསམ་བྱུགས་སོ། །དེ་ཇི་ཙམ་ཞིག་ན་གཙུག་ལག་ ཁང་དེ་ནས་སོང་ངོ། །དགེ་སློང་གཞན་ཞིག་འོངས་ཏེ། དེས་ཀྱང་ཉེ་དགའ་ལས་བརྙས་ནས་གཙུག་ལག་ཁང་དེར་གནས་པ་དང། གཙུག་ལག་ཁང་དེ་ཕྱག་དར་གྱི་ཕུང་པོས་གང་བར་མཐོང་ནས། དེས་དེ་ ཕྱགས་ནས་ཕྱག་དར་བོར་ཏེ། ཕྱགས་མ་འཛིན་བཞིན་དུ་ཕྱག་དར་གྱི་ཕུང་པོའི་དྲུང་ན་འགྲེང་བ་དང། ཇི་ཙམ་ན་དགེ་སློང་གཞན་ཞིག་གིས་དེ་མཐོང་ནས་དེས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཕྱགས་ མ་ལག་པ་ན་ཐོགས་བཞིན་དུ་དེ་ཉིད་ན་འགྲེང་ངམ་ཅི། ཕྱགས་མ་དེ་མི་གཞག་གམ། དེས་སྨྲས་པ། འདི་ན་ལག་པ་སྲུང་བ་འགའ་ཞིག་གནས་གནས་པ་ལྟ་སྟེ། དེས་ཕྱགས་མའི་རྗེས་ཀྱང་མེད་ དོ། །དེས་སྨྲས་པ། འདི་ན་དགེ་སློང་ཆོས་གོས་གསུམ་པ་ཆེ་གེ་མོ་ཞིག་གནས་གནས་སོ། །ཇི་ཙམ་ན་དེས་དེ་བསོད་སྙོམས་ལ་རྒྱུ་བ་མཐོང་ནས་མ་ནོངས་སོ། །དེས་སྨྲས་པ། རྙེད་པ་ནི། ཉེ་ དགས་ཁྱེར་ལ། དེའི་གཙུག་ལག་ཁང་ཁོ་བོས་ཕྱག་དར་བྱའམ་ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ [317A]༄༅། །པ། རྙེད་པ་སུ་ཁྱེར་བ་དེས་གཙུག་ལག་ཁང་ཕྱག་དར་བྱའོ། །བཅོམ་ལྡན་འདས་ཀྱིས་སྦྱིན་བདག་ཤི་བ་རྣམས་ཀྱི་མིང་གིས་ཡོན་བསྔོ་བར་བྱའོ། །ཞེས་གསུངས་པ་དང་ དགེ་འདུན་གྱི་གནས་བརྟན་གྱིས་ཤི་བ་རྣམས་ཀྱི་ཕྱིར་ཚིགས་སུ་བཅད་པ་འདོན་པ་ན། ཁྱིམ་བདག་ཅིག་གཙུག་ལག་ཁང་དུ་འོངས་ན། དེས་དེ་ཡོན་བསྔོ་བ་ཐོས་ནས་དེ་དེའི་དྲུང་དུ་སོང་སྟེ་སྨྲས་ པ། འཕགས་པ། གལ་ཏེ་བདག་གིས་ཀྱང་གཙུག་ལག་ཁང་བརྩིགས་ན་བདག་གི་མིང་གིས་ཀྱང་ཡོན་བཤད་པ་མཛད་དམ། དེས་སྨྲས་པ་རྩིགས་ཤིག་དང་ལེགས་པར་བསྔོའོ། །ཇི་ ཙམ་ན་ཁྱིམ་བདག་དེས་གཙུག་ལག་ཁང་ཞིག་རྩིག་ཏུ་བཅུག་ནས་དེས་དེར་ཅི་ཡང་མ་བཞག་གོ་དེས་སྟོང་པ་ཉིད་དུ་འདུག་པ་ཇི་ཙམ་ན་ཁྱིམ་བདག་དེས་མཐོང་ནས་དེས་གཙུག་ལག་ཁང་ དུ་འོངས་ནས་སྨྲས་པ། འཕགས་པ། བདག་གི་གཙུག་ལག་ཁང་སྟོང་པར་མཆིས་ན། དེ་ན་སུ་ཡང་མི་བཞུགས་སམ། དགེ་འདུན་གྱི་གནས་བརྟན་གྱིས་སྨྲས་པ། བཞིན་བཟང་མི་ སྣུམ་པས་སོ། །ཁྱིམ་བདག་དེས་སྨྲས་པ། འཕགས་པ། ཚྭ་རྒོ་ཅན་དགོན་དུང་ལ་བརྩིགས་པ་ལ་ག་ལ་སྣུམ་པར་འགྱུར། ཁྱིམ་བདག་དེ་ལ་བསམ་ནས་ཁོ་བོ་སྨྲ་བ་མ་ཡིན་ཏེ་ འོན་ཀྱང་དེ་ན་རྙེད་པ་མེད་དོ། །དེས་སྨྲས་པ། འཕགས་པ། དེ་ནི་བདག་གི་གཙུག་ལག་ཁང་དུ་སུ་བཞུགས་པ་ལ་རས་ཡུག་ཆེན་བསྐོན་ནོ་།ཉེ་དགས་རྙེད་པ་འཐོབ་བོ། །སྙམ་ [317B]ནི་གཞན་ཉིད་ན་གནས་ཏེ། དེ་ནི་སྟོང་པར་འདུག་གོ། ཇི་ཙམ་ན་བསོད་སྙོམས་པ་མཆོད་རྟེན་ལ་ཕྱག་འཚལ་བ་ཞིག་མཉན་ཡོད་དུ་ འོངས་པ་དེས། གཙུག་ལག་ཁང་སྟོང་པ་དེ་མཐོང་ནས། དེས་དགེ་སློང་དག་ལ་དྲིས་པ། གཙུག་ལག་ཁང་འདི་སུའི་ཡིན། དེ་དག་གིས་སྨྲས་པ། དགེ་འདུན་གྱི་གཙུག་ལག་ཁང་ཡིན་མོད་ཀྱི་ དགེ་སློང་ཉེ་དགའི་སྐལ་པར་དབང་ངོ། །དེ་ཉེ་དགའི་དྲུང་དུ་སོང་ནས། ཁྱོད་ཀྱི་སྐལ་པའི་གཙུག་ལག་ཁང་འདིར་འདུག་གོ་དེས་སྨྲས་པ། དེ་བཞིན་བྱོས་ཤིག་དེ་དེ་ན་གནས་པ་ན་བསོད་ སྙོམས་པ་དེ། མཁས་པ་སྙོམས་ལས་མི་བྱེད་པ་ཞིག་ཡིན་པས། དེས་དེ་ཉི་མ་རེ་རེར་བྱུག་པ་དང་ཕྱག་དར་བྱས་སོ། །ཕྱག་དར་བྱེད་པ་ལ་ནི། ཕན་ཡོན་ལྔ་ཡོད་དེ། འདི་ལྟ་སྟེ། བདག་ཉིད་ སེམས་དང་བར་འགྱུར་བ་དང། གཞན་སེམས་དང་པར་འགྱུར་བ་དང་ལྷ་རྣམས་ཡིད་དགའ་བར་འགྱུར་བ་དང། མཛེས་པར་འགྱུར་བའི་དགེ་བའི་རྩ་བ་གསོག་པ་དང། ལུས་ཞིག་ནས་བདེ་ འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །གང་དག་གིས་གཙུག་ལག་ཁང་དེ་བྱུག་པ་དང། ཕྱག་དར་བྱས་པ་མཐོང་བ་དེ་དག་གིས་ཁྱིམ་བདག་དེའི་དྲུང་དུ་སོང་སྟེ་སྨྲས་པ་ དེས་ཐོས་ནས་མཆོག་ཏུ་དགའ་བ་སྐྱེས་སོ། །ཇི་ཙམ་དུས་གཞན་ཞིག་ན་རང་ཉིད་དེར་སོང་ན། གཙུག་ལག་ཁང་དེ་དེ་བཞིན་དུ་བྱུག་པ་དང་ཕྱག་དར་བྱས་པ་མཐོང་ནས། དེ་དད་པ་སྐྱེས་ [318A]༄༅། །ཏེ། དེས་བསོད་སྙོམས་པ་ལ་རས་ཡུག་ཆེན་བསྐོན་པ་ཉེ་དགས་ཐོས་ནས་དེ་རིངས་པར་རིངས་པར་སོང་སྟེ་སྨྲས་པ། བསོད་སྙོམས་པ། གཙུག་ལག་ཁང་འདི་ ཁོ་བོས་སྐལ་བ་ཡིན་གྱི། རས་ཡུག་ཆེན་ཁོ་བོ་ལ་བྱིན་ཅིག་བསོད་སྙོམས་པས་བསམ་པ། ཆགས་པའི་བདག་ཉིད་ཅན་འདི་ལ་གལ་ཏེ་བདག་གིས་མ་བྱིན་ཡང་འོན་ཀྱང་མཐུས་ཁྱེར་ནས་ བདག་ཀྱང་གཙུག་ལག་ཁང་ནས་བསྐྲད་པར་འགྱུར་རོ། །སྙམ་ནས་དེས་དེ་ལ་བྱིན་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བྱུང་བ་འདི་ལ་བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། གང་ལ་དད་པ་སྐྱེས་ནས་དད་པའི་ལྷག་པར་བྱ་བ་བྱས་པ་ནི། དེ་ཁོ་ནའི་ཡིན་ནོ། །དབྱར་གྱི་རྙེད་པ་ནི། ཉེ་དགའི་ཡིན་ནོ། །འཇིག་རྟེན་པ་ནི། ཡོན་ཏན་ལ་ དགའ་བ་ཡིན་པས་བདག་ཉིད་དང། བུ་དང། ཆུང་མ་སྡུག་བསྔལ་བར་གྱུར་ཀྱང། ཡོན་ཏན་དང་ལྡན་པ་ལ་སྦྱིན་པ་སྦྱིན་པར་བྱེད་དེ་བྲམ་ཟེ་དང། ཁྱིམ་བདག་དད་པ་ཅན་རྣམས་ དགེ་སློང་དགོན་པ་པ་རྣམས་ཟས་ལ་མགྲོན་དུ་འབོད་པར་བྱེད་དོ། །དགེ་སློང་དགོན་པ་པ་རྣམས་ཟས་ལ་ཁྱིམ་རྣམས་སུ་དོང་བ་དང། མ་བྱིན་པར་ལེན་པ་རྣམས་ཀྱིས་གཙུག་ལག་ཁང་ ནས་བརྐུས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་བཅད་ལ་ལྡེ་མིག་བླངས་ལ་འདོང་བར་བྱའོ། །མ་བྱིན་པར་ལེན་པ་རྣམས་ཀྱིས་ཀྱང་ལྡེ་མིག་བྱས་ཏེ་ [318B] སྲུང་མའི་དགེ་སློང་བཞག་ལ་འདོང་བར་བྱ་སྟེ། དེ་ལ་བསོད་སྙོམས་ཀྱིས་བྲེལ་བ་མེད་པར་བྱའོ། །མ་བྱིན་པ་ལེན་པ་རྣམས་ཀྱིས་དགེ་ སློང་གཞན་ཁྲིད་དེ་འོངས་ནས། དེས་སྒོ་ཕྱེ་ཞེས་སྨྲས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིམས་དང་བཅས་སམ་རིམས་མེད་ཅེས་བརྡ་བྱའོ། །གལ་ཏེ་རིམས་དང་བཅས་སོ། ། ཞེས་ཟེར་ན། མི་དབྱེའོ། །འོན་ཏེ་རིམས་མེད་ཅེས་སྨྲ་ན། དབྱེ་བར་བྱའོ། །གཞན་ཡང། དགེ་སློང་དགོན་པ་པས་ལོ་མ་ལྟར་མཉེན་པ་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་ སློང་དགོན་པ་པས་ལོ་མ་ལྟར་མཉེན་པ་གཞག་པར་བྱའོ། །ཞེས་གསུངས་པ། དགེ་སློང་རྣམས་ཀྱིས་ལོ་མ་ལྟར་མཉེན་པ་ཅི་འདྲ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ དགེ་སློང་དག། ལོ་མ་ལྟར་མཉེན་པ་ནི། ཁྱི་ཡིན་ཏེ། དེ་ལ་ལྷུང་བཟེད་ཀྱི་ལྷག་མ་སྦྱིན་པར་བྱའོ། །དགེ་སློང་དགོན་པ་རྣམས་ཀྱིས་ཁྱི་བཅངས་པ་ལས་མཆོད་རྟེན་གྱི་འཁོར་ས་དང་ གཙུག་ལག་ཁང་སྡེར་མོས་བྲུད་ཅིང། བཤད་བ་དང་གཅི་བས་མ་རུང་བར་བྱས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་དགེ་སློང་ཁྱི་བསྲེལ་བའི་ཀུན་ ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་ཁྱི་བསྲེལ་བས་ནང་པར་སྔར་ལངས་ལ་མཆོད་རྟེན་གྱི་འཁོར་ས་དང་གཙུག་ལག་ཁང་བྱུལ་བར་བྱ་སྟེ། སྡེར་བྲུད་པ་གང་ཡིན་པ་དེ་ [319A]༄༅། །བསྙམ་པར་བྱའོ། །བཤང་བ་དང་གཅི་བ་ཡང་ཕྱག་དར་བྱའོ། །དགེ་སློང་ཁྱི་བསྲེལ་བས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་ པར་མི་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །དེའི་ཚེ་ཚེ་དང་ལྡན་པ་ཉེ་དགའ་གཙུག་ལག་ཁང་ཞིག་གི་དགེ་འདུན་གྱི་གནས་བརྟན་དུ་གྱུར་པ་དང། ཇི་ཙམ་ན་དེར་དགེ་འདུན་གྱི་གནས་ བརྟན་གཞན་ཞིག་འོངས་ནས་ཉེ་དགས་བསམ་པ། བདག་གཙུག་ལག་ཁང་འདིའི་དགེ་འདུན་གྱི་གནས་བརྟན་བྱེད་བྱེད་པ་ལས། གནས་བརྟན་གཉིས་པར་བྱ་བའམ། བདག་གཙུག་ལག་ ཁང་གཞན་དུ་འགྲོའོ་སྙམ་དུ་བསམ་པ་ལས། གཙུག་ལག་ཁང་དེ་ནས་བྱུང་སྟེ། དེ་གཙུག་ལག་ཁང་གཞན་ཞིག་ཏུ་སོང་བ་དང་དེའི་གནས་བརྟན་གཉིས་པའི་རྙེད་པ་གང་ཡིན་པ་ དེ། དེའི་དགེ་འདུན་གྱི་གནས་བརྒན་གྱི་ཡིན་ནས་དེས་བསམ་པ། བདག་གི་རྙེད་པ་འདི་ན་ཡང་དེར་ཟད་ལ། བདག་གི་རྙེད་པ་དེ་ན་ཡང་དེར་ཟད་ན། སྤོགས་མེད་པར་དགེ་འདུན་ གྱི་གནས་བརྟན་གྱིས་ཅི་ཞིག་བྱ་ཞེས། དེ་སླར་རིངས་པ་རིངས་པར་གཙུག་ལག་ཁང་དེ་ཉིད་དུ་སོང་བ་དང། གནས་མལ་ཕྱེད་བསྐོས་ཙམ་ན་གཙུག་ལག་ཁང་དུ་ཕྱིན་ནས་དེས་ སྨྲས་པ། རྒན་རིམ་ཇི་ལྟ་བ་བཞིན་དུ་གཙུག་ལག་ཁང་སྐོས་ཤིག་དགེ་སློང་རྣམས་ཀྱིས་འདས་ཟིན་ཏོ། །ཞེས་དེ་མ་བསྐོས་པ་དང། ཉེ་དགས་སྨྲས་པ། ཚེ་དང་ལྡན་ [319B] སྟོན་པ་བཞུགས་བཞིན་དུ་བསྟན་པ་ནུབ་པར་བྱེད་དམ་ཅི། རྒན་རིམ་ཇི་ལྟ་བ་བཞིན་དུ་གཙུག་ལག་ཁང་སྐོས་ཤིག། ཅེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་དགེ་འདུན་གྱིའམ་མཆོད་རྟེན་གྱི་བྱ་བ་ལ་སོང་སོང་བ་ཞིག་ཡིན་ན་དེའི་གནས་མལ་རྒན་རིམས་ཇི་ལྟ་བ་བཞིན་དུ་བསྐོ་ བར་བྱའོ། །གཞན་གྱི་ནི། གར་བབ་པ་བཞིན་དུའོ། །ཉེ་དགའ་ལྷག་པར་ཆགས་པས་གཙུག་ལག་ཁང་གཉིས་ཀྱི་རྙེད་པ་འཐོབ་པར་འགྱུར་རོ། །སྙམ་ནས། གཙུག་ལག་ཁང་གཉིས་སུ་ དབྱར་གནས་པར་དམ་བཅས་ཏེ། དེས་དབྱར་གནས་ནས་རྙེད་པ་མནོས་པ་དང་གཅིག་ནས་ཀྱང་མ་ཐོབ། གཅིག་ཤོས་ནས་ཀྱང་མ་ཐོབ་ནས་གནས་མལ་འགྱེད་པའི་དགེ་སློང་རྣམས་ལ་ཁ་ཟེར་ བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་དབྱར་གནས་པར་ཁས་བླངས་པས་དེ་ལ་རྙེད་པ་བྱིན་ཅིག་ དགེ་སློང་རྣམས་ཀྱིས་གཙུག་ལག་ཁང་གཉིས་ཀ་ནས་ཀྱང་བྱིན་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་གཉིས་ཀ་ནས་སྦྱིན་པར་མི་བྱའོ། །གཅིག་ནས་བྱིན་པ་ དང། དགེ་སློང་གཞན་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད་ཁ་ཟེར་བར་བྱེད་དེ། གཙུག་ལག་ཁང་གཉིས་ཀར་དབྱར་གནས་ན་ཅིའི་ཕྱིར་གཅིག་ནས་སྦྱིན་ཞེས་པའི་ [320A]༄༅། །སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་གཉིས་ཀ་ནས་ཕྱེད་ ཕྱེད་སྦྱིན་པར་བྱ་སྟེ། དགེ་སློང་གིས་གཙུག་ལག་ཁང་གཉིས་སུ་གནས་པར་དམ་མི་བཅའོ། །དམ་བཅའ་བར་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །ཁྱིམ་བདག་ཅིག་ གིས་གཙུག་ལག་ཁང་གཉིས་རྩིག་ཏུ་བཅུག་སྟེ། གཅིག་ནི། དགོན་པ་པ་རྣམས་ཀྱི་ཡིན་ནོ། །གཅིག་ཤོས་ནི། གྲོང་མཐའ་པ་རྣམས་ཀྱི་ལན་ནོ་།ཁྱིམ་བདག་དེའི་ཀུན་ཏུ་ སྤྱོད་པ་ནི། དབྱར་གནས་པའི་དགེ་སློང་གི་དགེ་འདུན་གྱི་དགེ་སློང་རེ་རེ་ལ་རས་ཡུག་ཆེན་རེ་རེ་བསྐོན་པ་ཡིན་པས། དེ་རས་ཡུག་ཆེན་རྣམས་ཁྱེར་ཏེ། དགོན་པ་བ་རྣམས་ཀྱི་གཙུག་ ལག་ཁང་དུ་སོང་བ་དང། ཉེ་དགས་དགོན་པ་བ་རྣམས་ཀྱི་གཙུག་ལག་ཁང་དུ་རྙེད་པ་འབུལ་ལོ། །ཞེས་ཐོས་ནས་དེས་དགའ་བོ་ལ་སླིང་པ། གལ་ཏེ་འདིར་རྙེད་པ་འབུལ་ན། སྐལ་བ་ ནོས་ཤིག་ཅེས་སྨྲས་ནས། དེ་རིངས་པ་རིངས་པར་དགོན་པ་བ་རྣམས་ཀྱི་གཙུག་ལག་ཁང་དུ་སོང་བ་དང། ཁྱིམ་བདག་དེས་མཐོང་ནས་དེས་བསམ་པ། འོ་ནི། གོམ་སྟངས་དང་སྦྱར་ ན། དགོན་པ་བའི་གཙུག་ལག་ཁང་དེར་སོང་གི། ད་ཇི་ལྟར་བྱས་ན་རུང་སྙམ་པ་ལས། རེ་ཞིག་གྲོང་མཐའ་བའི་གཙུག་ལག་ཁང་དུ་ཕུལ་ལ། ཕྱིས་འདིར་དབུལ་ལོ། །སྙམ་ [320B] དེ་ཕྱིར་ལོག་ནས་རས་ཡུག་པོ་ཆེ་བྲིམ་པར་བརྩམས་པ་ན། དགའ་བོས་ལག་པ་བཟེད་པ་དང། ཁྱིམ་བདག་དེས་རས་ཡུག་པོ་ཆེ་གཅིག་བྱིན་ནོ། །ཡང་བཟེད་པ་དང། ཁྱིམ་བདག་ གིས་སྨྲས་པ། འཕགས་པ། ཁྱོད་ལ་རས་ཡུག་པོ་ཆེ་ཕུལ་ལགས་ན་ཅི། ཡང་བཞེད་དམ། དེས་སྨྲས་པ། ཁྱིམ་བདག། ཁྱོད་ཀྱི་གཙུག་ལག་ཁང་དུ་ཉེ་དགས་དབྱར་གནས་པས་དེའི་ སྐལ་པ་ནོད་དོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ། བཅོམ་ལྡན་འདས་ཀྱིས་རང་གི་ལག་ནས་སྦྱིན་པ་ལ་བསྔགས་པ་མཛད་པས། རང་གི་ལག་ཁོ་ན་ནས་འབུལ་ལོ། །དེ་སྐྱེངས་ ནས་ཅང་མི་སྨྲ་བར་འདུག་གོ། ཉེ་དགས་བསམ་པ། ཁྱིམ་བདག་དེ་རིང་ཞིག་ཐོགས་ན་གྲོང་གི་མཐར་མ་སོང་གྲང་སྙམ་དུ་བསམ་ནས། གྲོང་མཐའ་བའི་གཙུག་ལག་ཁང་དུ་སོང་ནས་དགའ་བོ་ ལ་དྲིས་པ། ཚེ་དང་ལྡན་པ། བདག་གི་རས་ཡུག་པོ་ཆེ་མནོས་སམ་དེས་ཇི་ལྟར་གྱུར་པ་སྨྲས་སོ། །ཁྱིམ་བདག་གིས་ལམ་གཞན་ནས་དགོན་པ་བའི་གཙུག་ལག་ཁང་དུ་སོང་སྟེ་རས་ ཡུག་པོ་ཆེ་བྲིམས་ནས་སོང་ངོ། །ཉེ་དགས་ཡང་སླར་དགོན་པ་བའི་གཙུག་ལག་ཁང་དུ་བརྒྱུགས་ན། ཇི་ཙམ་ན་རས་ཡུག་པོ་ཆེ་རྣམས་བྲིམས་ཟིན་པ་དང། དེ་གཙུག་ལག་ཁང་གཉིས་ཀྱི་རྙེད་པ་ ལ་ལྷག་པར་ཆགས་པ་ལས་རྙེད་པ་ལས་ཉམས་ནས། མྱ་ངན་བྱེད་ཅིང་ཡི་མུག་ནས་སྨྲེ་སྔགས་འདོན་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ། སངས་ [321A]༄༅། །རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཉེ་དགའ་ལྷག་པར་ཆགས་པས་རས་ཡུག་པོ་ཆེ་ལས་ཉམས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱི། ཇི་ལྟར་འདིས་འདས་པའི་དུས་ན་ཡང་ལྷག་པར་ཆགས་པས་ཟས་ཆད་པར་བྱས་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་ བ༑ འབབ་ཆུའི་ངོས་གཉིས་ན་གཙུག་ལག་ཁང་གཉིས་ཤིག་ཡོད་དེ་གཅིག་ན་ནི། དགེ་འདུན་གྱི་རྙེད་པའོ། །གཅིག་ཤོས་ན་ནི། བསོད་སྙོམས་པ་རྣམས་ཀྱིའོ། །ཇི་ཙམ་ན་ཁྱི་ གཎྜཱིའི་སྒྲ་ཤེས་པ་ཞིག་ཡོད་དེ། དེ་གཎྜཱིའི་སྒྲ་ཐོས་ནས་དགེ་འདུན་གྱི་རྙེད་པ་ཡོད་པའི་གཙུག་ལག་ཁང་དུ་སོང་ན། དེ་ལ་དགེ་སློང་ཁ་ཅིག་གིས་ལྷུང་བཟེད་ཀྱི་ལྷག་མ་བྱིན་པ་དང། དེས་ དེ་ཟོས་ནས་བསོད་སྙོམས་པ་རྣམས་ཀྱི་གཙུག་ལག་ཁང་དུ་སོང་སྟེ་དེར་ཡང་ལྷུང་བཟེད་ཀྱི་ལྷག་མ་ཟོས་ནས་དགའ་མགུར་འགྲོའོ། །ཇི་ཙམ་དུས་གཞན་ཞིག་ན་བསོད་སྙོམས་པ་རྣམས་ ལ་གློ་བུར་གྱི་རྙེད་པ་ཞིག་བྱུང་ནས་དེ་རྣམས་ཀྱིས་སྔར་གཎྜཱི་བརྡུངས་པ་དང། ཁྱི་དེས་གཎྜཱིའི་སྒྲ་ཐོས་ནས། ཆུ་བརྒལ་བར་བརྩམས་ཏེ་དེས་དབུས་སུ་ཕྱིན་པ་དང། དགེ་འདུན་གྱི་ རྙེད་པ་ཅན་གྱི་གཙུག་ལག་ཁང་གི་གཎྜཱི་ཡང་བརྡུངས་ནས་དེ་སྤྲོ་བ་མེད་ནས་སླར་ལོག་པར་བརྩམས་པ་ལས། དེ་ཆུའི་རྒྱུན་གྱིས་རིང་དུ་ཁྱེར་ནས་གཉིས་ཀ་ལས་ཉམས་པར་གྱུར་ཏོ།། [321B]ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱི་གཎྜཱིའི་སྒྲ་ཤེས་པ་གང་ཡིན་པ་དེ་ནི། ཉེ་དགའ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་ལྷག་པར་ཆགས་པས་གཉིས་ཀ་ལས་ཉམས་པར་གྱུར་ ཏོ༑ ༑ད་ལྟར་ཡང་ལྷག་པར་ཆགས་པས་གཉིས་ཀ་ལས་ཉམས་པར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན། དགེ་སློང་གིས་ལྷག་པར་ཆགས་པར་མི་བྱའོ། །བྱེད་ན། འགལ་ཚབས་ཅན་ དུ་འགྱུར་རོ། །སྡོམ་ལ། འཐབ་དང་ནད་པ་རྫོགས་པ་དང། །ནུབ་མོའི་དུས་དང་ཀ་ཤི་དང། །ཤིང་དང་གསིང་མ་འདུག་གནས་དང་།ཆ་རྣམས་དང་ནི་བསྒོ་བའོ། །སངས་རྒྱས་བཅོམ་ ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། འདི་ལྟར་དགེ་སློང་རྣམས་ཀྱིས། དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་ བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་མཆི་ཞིང། དེ་དག་ངོ་ཚ་མ་མཆིས་པས་མཐོ་འཚམ་པའི་སླད་དུ་བདག་ཅག་ལ་གླེང་བར་བགྱིད། དྲན་པར་བགྱིད་དོ། །ཞེས་ཐོས་ན། དེ་རྣམས་ ཀྱིས་དེ་དག་ལ་ཇི་ལྟར་བསྒྲུབ་པར་བགྱི། ཉེ་བར་འཁོར། དགེ་སློང་གཉུག་མར་གནས་པ་རྣམས་ཀྱིས། དགེ་སློང་འཐབ་ཀྲོལ་བྱེད་པ་རྣམས་འོང་ངོ། །ཞེས་ཐོས་ན་གནས་མལ་བསྐོ་བ་ གསུམ་དང་གནས་མལ་གཟུང་བ་དྲུག་བྱའོ། །གནས་མལ་བསྐོ་བ་གསུམ་གང་ཞེ་ན། དགུན་གྱི་དང། དཔྱིད་ཀྱི་དང། དབྱར་གྱིའོ། །གནས་མལ་གཟུང་བ་དྲུག་གང་ཞེ་ན། གཙུག་ [322A]༄༅། །ལག་ཁང་ཐམས་ཅད་དང། གཙུག་ལག་ཁང་གི་ཉེ་འཁོར་ཐམས་ཅད་དང། ཁང་ཕྲན་ཐམས་ཅད་དང། ཁང་ཕྲན་གྱི་ཉེ་འཁོར་ཐམས་ཅད་དང། ཀུན་ དགའི་ར་བ་ཐམས་ཅད་དང། ཀུན་དགའི་ར་བའི་ཉེ་འཁོར་ཐམས་ཅད་བསྐོ་བར་བྱའོ། །གལ་ཏེ་གཙུག་ལག་སྐོས་ཤིག་ཅེས་ཟེར་ན། འདི་བསྐོས་ཟིན་ཏོ། །ཞེས་བརྗོད་པར་བྱ་ཞིང་ གཙུག་ལག་ཁང་གི་ཉེ་འཁོར་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ཏོ། །ཁང་ཕྲན་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ཏོ། །ཁང་ཕྲན་གྱི་ཉེ་འཁོར་སྐོས་ཤིག་ཅེ་ན། འདི་ ཡང་བསྐོས་ཟིན་ཏོ། །ཀུན་དགའི་ར་བ་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ཏོ། །ཀུན་དགའི་ར་བའི་ཉེ་འཁོར་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ཏོ། །ཞེས་བརྗོད་པར་བྱའོ།། དེ་རྣམས་གནས་མེད་དེ་མི་གནས་ན། གང་ལ་ཉེས་པ་སྐྱེད་པར་འགྱུར་དེ་ནས་བསྔོ་བ་རྣམས་མེད། ཕྱིར་རྒོལ་བ་རྣམས་མེད། མི་མཛའ་བ་རྣམས་མེད་ནས། དེའི་འོག་ཏུ་རྒན་ རིམ་ཇི་ལྟ་བ་བཞིན་དུ་གནས་མལ་བསྐོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་རྒན་རིམ་ཇི་ལྟ་བ་བཞིན་དུ་གནས་མལ་བསྐོ་བར་བྱའོ། །ཞེས་གསུངས་པ་དང། ཇི་ཙམ་ན་དགེ་སློང་ནད་པ་གཅིག་ ཅིག་ཡོད་པ་དེ་བས་ཆེས་རྒན་པའི་དགེ་སློང་ཞིག་འོངས་ནས། རྒན་རིམ་ཇི་ལྟ་བ་བཞིན་དུ་དེའི་གནས་ཁང་བསྐོས་ཏེ། དེ་ནི་ཐམས་ཅད་པས་གཞོན་པས་དེའི་གནས་ཁང་གཞན་ནི་ [322B] །དགེ་སློང་དེས་དེ་ལ་སྨྲས་པ། ཚེ་དང་ལྡན་པ། གནས་ཁང་འདི་ཁོ་བོའི་ཡིན་པར་བསྐོས་ཀྱི་བྱུང་ཞིག་དེས་སྨྲས་པ། བདག་བྲོ་འཚལ་བས་ནམ་སོས་པ་ནའོ། །དགེ་སློང་དེ་གཏུམ་པོ་ ཞིག་པས་དེས་ཕྱུང་ནས། གང་དགར་བཞག་གོ་ཇི་ཙམ་ན་བྲམ་ཟེ་དང་ཁྱིམ་བདག་གཙུག་ལག་ཁང་ལྟ་བར་འདོད་པ་ལྷགས་པ་དེ་རྣམས་ཀྱིས། དགེ་སློང་དེ་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ་ འཕགས་པ་དག་ཅི། དགེ་སློང་འདི་གུམ་ལགས་སམ། བཞིན་བཟང་དག་།འདི་ཤི་བ་ནི། མ་ཡིན་ནོ། །འོ་ན་ཅིའི་ཕྱིར་འདིར་བཞག་འདི་བས་ཆེས་རྒན་པའི་དགེ་སློང་ཞིག་འོངས་ནས་ འདིའི་གནས་ཁང་དེ་དེའི་ཡིན་པར་བསྐོས་པ་དང། དེས་འདི་ཕྱུང་ནས་འདིར་བཞག་གོ་འཕགས་པ་དག་བདག་ཅག་ཁྱིམ་པ་ལགས་ཀྱང་ནད་པ་རྗེས་སུ་བསྲུང་བའི་ཕྱིར་ཁྱིམ་ནས་མི་འབྱིན་ན་ ཁྱེད་ཅག་རབ་ཏུ་བྱུང་ལ། སྟོན་པ་ཡང་ཐུགས་རྗེ་ཅན་ཡིན་ན། དེ་ཇི་ལྟར་ནད་པ་ཕྱིར་འབྱིན་པར་བྱེད་ཅེས་དེ་རྣམས་སྨོད་པར་བྱེད་གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་ སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་ནད་པ་ལ་གཞི་སྤང་བ་སྦྱིན་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དགེ་སློང་ནད་པ་ལ་གཞི་སྤང་བ་སྦྱིན་པར་བྱའོ། །ཞེས་གསུངས་པ་དང། ཚེ་དང་ལྡན་པ་ཉེ་དགས་འཇལ་ཏོ་།ཞེས་བྱས་ནས་ཅང་མི་སྨྲ་བར་འདུག་གོ་ཇི་ཙམ་ན་ [323A]༄༅། །ཞག་དྲུག་གམ། བདུན་ན་གནས་མལ་འགྱེད་པར་འགྱུར་བ་ན་རྐང་པ་རྨ་བྱུང་བ་ལྟར་བྱས་ཏེ་གོས་ཀྱིས་དཀྲིས་ནས་འདུག་པ་དང། གནས་ཁང་འགྱེད་པའི་དགེ་ སློང་རྣམས་ཀྱིས་ནད་པ་ཡིན་ནོ། །སྙམ་ནས་དེའི་གནས་མལ་བསྐོས་སོ། །དེ་གནས་མལ་བསྐོས་ཟིན་ནས་རྨའི་གཡོགས་མ་བོར་ཏེ་འདུག་གོ་།ནད་པ་ལྟ་བའི་དགེ་སློང་རྣམས་ཀྱིས་དེ་ལ་ དྲིས་པ། ཅི། གནས་བརྟན་ཞབས་སྙུན་སོས་སམ། དེ་སྨྲས་པ། བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཐམས་ཅད་ནི། མི་རྟག་པའོ། །ཞེས་བཀའ་མ་སྩལ་ཏམ། ཅི། ཁོ་བོའི་ནད་རྟག་ པར་གྱུར་ཏམ། དེ་རྣམས་ཀྱིས་སྨྲས་པ། གནས་བརྟན་མྱུར་དུ་སོས་པར་གྱུར་པ། ན་བར་སྒྱུ་ནི། མ་བཏབ་གྲང། དེས་སྨྲས་པ། ཁོ་བོ་གནས་ཁང་སྒོ་དྲུང་དུ་གཞག་པར་འདོད་དམ་ཅི་ དགེ་སློང་དོན་ཉུང་བ་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད་ཁ་ཟེར་བར་བྱེད་དེ། དེ་ལྟར་དགེ་སློང་དག་མི་ན་བཞིན་དུ་གནས་ཁང་སྤང་པ་རང་གིས་བྱེད་པ་ཅིའི་ཐ་ཚིག་ཅེས་པའི་ སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དེ་ལྟ་བས་ན་སྒྱུ་འདེབས་པའི་ནད་ པ་ལ་གཞི་སྤང་བ་སྦྱིན་པར་མི་བྱ་ཞིང། དེས་རང་གིར་ཡང་མི་བྱའོ། །རང་གིར་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །ལྔ་ཚན་རྣམས་ཀྱིས་བསྡུས་པའི་སྡོམ་ནི། མདུན་དུ་ [323B] །མ་ཆགས་པ་དང་དེ་བཞིན་དུ་།སྣང་བ་སྐྱེས་དང་བྱུང་བ་དང། །བར་དུ་གཅོད་དང་དེ་བཞིན་དུ། །ཕྱི་མར་བྱས་པ་ལྟུང་བ་སྟེ། །བསྡུས་པའི་སྡོམ་དུ་བསྡུས་པ་ཡིན། ། བར་སྡོམ་ནི། མདུན་དུ་བྱ་དང་གཞན་དང་ཡང། །ནད་དང་གཞན་རྣམས་དག་དང་ནི། །སེམས་ཅན་མང་པོ་ཕན་བྱ་བ། །ལྔ་ཚན་དག་ནི་དང་པོ་ཡིན། །བཅོམ་ལྡན་འདས་ཀྱིས་ལྷ་དང་མི་རྣམས་ ལ་མདོ་སྡེ་དང་མ་མོ་བཞག་གོ་ཀླུ་རྣམས་ལ་ནི། མདོ་སྡེའོ། །འདུལ་བ་ནི། ཟབ་པ། ཟབ་པར་སྣང་བ། མཐོང་བར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། དགོངས་པ་མང་བ། འཇིག་ རྟེན་གྱི་སྤྱོད་པ་དང་མཐུན་པ་ཡིན་ན། དགེ་སློང་རྣམས་ཀྱིས་འདུལ་བ་ཟབ་པ་ཉིད་དང། དགོངས་པ་མང་བ་ཉིད་དང། འཇིག་རྟེན་གྱི་སྤྱོད་པ་དང་མཐུན་པ་ཉིད་ཡིན་པས། འདོན་པར་མི་སྤྲོའོ། ། འདི་ནི། ཆོས་ཉིད་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྟན་པའི་ཡན་ལག་གང་ཞིག་ཡོངས་སུ་ཉམས་པ་དེའི་བསྔགས་པ་ལྷག་པར་རྗོད་པར་མཛད་པ་ཡིན་པས། དེ་ནས་ བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་འདུལ་བ་འཛིན་པའི་གང་ཟག་ལ་ཕན་ཡོན་ལྔ་ཡོད་དེ་ལྔ་གང་ཞེ་ན། འཁོར་བཞིས་མདུན་དུ་བདར་བ་ ཡིན༑ གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནང་གི་ [324A]༄༅། །མཛོད་སྲུང་བ་ཡིན། དགེ་སྦྱོང་དང་བྲམ་ཟེ་གཞན་རྣམས་ཀྱི་སྤྱི་བོ་ལ་འདུག་པ་ཡིན། དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་དང། བསླབ་པའི་ཆེད་ཀྱི་ཕྱིར་སྐྱེ་བོ་ མང་པོ་ལ་ཕན་པ་དང། སྐྱེ་བོ་མང་པོ་ལ་བདེ་བར་ཞུགས་པ་ཡིན་ནོ། །བར་སྡོམ་ནི། བདག་ཉིད་ཁྲིམས་ལྡན་མངོན་པར་བསུ། །འགྱོད་པ་དང་ནི་བག་ཚ་མེད། །ཆོས་དང་མཐུན་པས་བྱེད་པ་ སྟེ༑ ༑ལྔ་ཚན་གཉིས་པ་ཡིན་པར་བཤད། །གཞན་ཡང། འདུལ་བ་འཛིན་པའི་གང་ཟག་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན་འདིའི་རང་གི་ཚུལ་ཁྲིམས་ཀྱི་ཕུང་བོས་ལེགས་པར་ བསྲུངས་ཤིང་ལེགས་པར་སྦས་པ་ཡིན། འཁོར་བཞིས་མངོན་སུམ་དུ་བསུ་བར་བྱ་བ་ཡིན། གང་ཟག་འགྱོད་པ་སྐྱེས་པ་རྣམས་ཀྱི་སྟོན་པར་གྱུར་པ་ཡིན། དགེ་འདུན་གྱི་ནང་ན་བག་ཚ་བ་མེད་ པས་གནས་པ་ཡིན། ཆོས་དང་མཐུན་པས་ཕྱིར་རྒོལ་བ་ཚར་གཅོད་པ་ཡིན་ནོ། །བར་སྡོམ་ནི། མ་འདྲེས་དོན་དང་ངེས་པ་དང། །བསླབ་པ་ཡི་ནི་གཞི་དག་དང། །སྣང་བ་དག་ནི་གཉིས་ པོ་ཉིད། །ལྔ་ཚན་དག་ནི་གསུམ་པ་ཡིན། །གཞན་ཡང། གང་ཟག་འདུལ་བ་འཛིན་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། དོན་མ་འདྲེས་པར་བསྲེལ་བ་ཡིན། དོན་རྣམ་པར་ གཏན་ལ་དབབ་པར་བྱ་བ་ལ་ཤིན་ཏུ་ངེས་པ་ཡིན། དེའི་བསླབ་པའི་གཞི་རྣམས་ལེགས་པར་བཟུང་བ་ཡིན། སེམས་ཀྱི་སྣང་བ་སྐྱེས་པས་མང་དུ་གནས་པ་ཡིན། སྐྱེ་བོ་ཕྱི་མ་རྣམས་ཀྱི་ [324B] སྡོམ་ནི། སྣང་བ་གསལ་བ་འོད་དང་ནི། །སེམས་ལས་ཆུང་དང་མི་སྟོང་པའོ། །གཞན་ཡང། གང་ཟག་འདུལ་བ་འཛིན་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན་ཕྱོགས་ གང་ན་གང་ཟག་འདུལ་བ་འཛིན་པ་གནས་པའི་ཕྱོགས་དེ་ངས་སྣང་བ་སྐྱེས་པ་དང། གསལ་བ་སྐྱེས་པ་དང། འོད་སྐྱེས་པར་མཐོང་ཕྱོགས་དེར་ང་ཐུགས་ཁྲལ་ཆུང་ངུར་གནས། ཕྱོགས་དེ་ ངས་སྟོང་པ་མ་ཡིན་པར་མཐོང་ངོ། །སྡོམ་ནི། བྱུང་དང་དེ་ནས་བཅས་པ་དང། །རྗེས་སུ་བཅས་དང་དེ་བཞིན་དུ། །བཀག་དང་རྗེས་སུ་གནང་བ་ནི། །ལྔ་ཚན་ལྔ་པར་བྱས་པའོ། །གཞན་ཡང་ གང་ཟག་འདུལ་བ་འཛིན་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། བྱུང་བ་ཤེས། བཅས་པ་ཤེས། རྗེས་སུ་བཅས་པ་ཤེས། བཀག་པ་ཤེས། རྗེས་སུ་གནང་བ་ཤེས་པ་ཡིན་ནོ། ། སྡོམ་ནི། བར་ཆད་བར་ཆད་མ་ཡིན་དང། །གདམས་ངག་དང་ནི་རྗེས་བསྟན་དང། །སློབ་མའི་མཐུ་ནི་ཡོད་པ་སྟེ། ལྔ་ཚན་དྲུག་པ་དག་ཏུ་བཤད། །གཞན་ཡང། གང་ཟག་འདུལ་བ་ འཛིན་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། བར་དུ་གཅོད་པ་རྣམས་ཤེས། བར་དུ་གཅོད་པ་མ་ཡིན་པ་རྣམས་ཤེས། འདོམས་པར་བྱེད། རྗེས་སུ་སྟོན་པར་བྱེད། ལྷན་ཅིག་གནས་ པ་དང་ཉེ་གནས་རྣམས་ཀྱི་གནས་འཆར་འཇུག་ནུས་སོ། །སྡོམ་ནི་ལྟུང་བ་དང་ནི་ལྟུང་བ་མིན། །ལྕི་དང་ཡང་དང་དེ་བཞིན་དུ་།སོ་སོར་ཐར་པ་རྒྱས་པར་ཡང། །གདོན་པ་དག་ནི་ལྔ་ [325A]༄༅། །ཚན་ཡིན། །གཞན་ཡང། གང་ཟག་འདུལ་བ་འཛིན་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། ལྟུང་བ་བྱུང་བ་ཤེས་ལྟུང་བ་མ་བྱུང་བ་ཤེས། ལྕི་བ་ཤེས་ ཡང་བ་ཤེས་ཤིང། དེ་སོ་སོར་ཐར་པའི་མདོ་གདོན་པ་ལ་རྒྱས་པར་ཞུགས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་འདུལ་བའི་བསྔགས་པ་གསུངས་པ་དང། དགེ་སློང་གནས་བརྟན་གནས་བརྟན་ རྣམས། སྤྲོ་བ་དང་བཅས་པས་འདུལ་བ་གདོན་པར་བརྩམས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཉེ་བར་འཁོར་འདུལ་བའི་གླེང་གཞི་དང་བྱུང་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་གྱུར་ནས་དགེ་སློང་ གནས་བརྟན་གནས་བརྟན་རྣམས་འདུལ་བ་ཀུན་ཆུབ་པར་བྱེད་པར་འགྱུར་རོ། །སྙམ་སྟེ། གུས་པས་བསྟན་པར་བརྩམས་པས། དེ་ལུས་སྐྱ་བོ་སེང་སེང་པོར་གྱུར་ཅིང། རིད་པ་དང། ཉམ་ ཆུང་བ་དང། ན་བས་ཉམ་དམས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི། མི་མཁྱེན་པར་མི་རྨེད་ དུས་སུ་རྨེད་ཀྱི། དུས་ལས་ཡོལ་བར་མི་རྨེད། དོན་དང་ལྡན་པར་རྨེད་ཀྱི། དོན་དང་མི་ལྡན་པར་མི་རྨེད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དོན་དང་ལྡན་པ་མ་ ཡིན་པ་རྨེད་པ་ལ་ཆུ་ལོན་གྱིས་བཟློག་པར་མཛད་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དོན་དང་ལྡན་པར་རྨེད་པ་ལ་དུས་མཁྱེན་པས། སངས་རྒྱས་བཅོམ་ལྡན་ [325B] ཀུན་དགའ་བོ། ཅིའི་ཕྱིར་དགེ་སློང་ཉེ་བར་འཁོར་ལུས་སྐྱ་བོ་སེང་སེང་བོར་གྱུར་ཅིང། རིད་པ་དང། ཉམ་ཆུང་བ་དང། ན་བས་ཉམ་ དམས་པར་གྱུར། དེས་གསོལ་པ། བཅོམ་ལྡན་འདས་ཀྱིས་འདུལ་བའི་བསྔགས་པ་གསུངས་པ། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་དེ་ཐོས་ནས་སྤྲོ་བ་དང་བཅས་པས་འདུལ་བ་གདོན་ པར་བརྩམས་པ་དང། ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས། དགེ་སློང་གནས་བརྟན་གནས་བརྟན་རྣམས་འདུལ་བ་ཀུན་ཆུབ་པར་འགྱུར་རོ་།ཞེས་གུས་པས་བསྟན་པར་བརྩམས་ཏེ། དེས་ན་དེ་ ལུས་སྐྱ་བོ་སེང་སེང་པོར་གྱུར་ཅིང། རིད་པ་དང། ཉམ་ཆུང་བ་དང། བྲོ་འཚལ་བས་ཉམ་དམས་པར་གྱུར་ལགས་སོ། །བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ ངས་ལུང་འབོགས་པའི་དགེ་སློང་གི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། ལུང་འབོགས་པའི་དགེ་སློང་གིས་སྤྱོད་ལམ་རྣམ་བཞིར་ལུང་དབོག་པར་བྱ་སྟེ། འཆག་པ་དང། འགྲེང་བ་དང། འདུག་ པ་དང། ཉལ་བ་ནའོ། །ལུང་ནོད་པའི་དགེ་སློང་གིས་སྤྱོད་ལམ་རྣམ་པ་གསུམ་གྱིས་ལུང་ནོད་པར་བྱ་སྟེ། གལ་ཏེ་ལུང་འབོགས་པའི་དགེ་སློང་འཆག་སར་ལུང་ནོད་པའི་དགེ་སློང་འོངས་ལ། གསར་ བུ་ཞིག་ཡིན་ན་དེས་ཕྱག་བྱས་ལ་ཁམས་སྙོམས་སམ་ཞེས་དྲིས་ནས་ལུས་བཏུད་དེ་སེམས་དྲང་པོ་གུས་པ་དང་བཅས་པས་གོམ་པ་བསྲི་ཞིང་ལུང་ནོད་པར་བྱའོ། །ཅི་སྟེ་ཆེས་རྒན་པ་ཞིག་ཡིན་ན་ [326A]༄༅། །དེས་ཁམས་སྙོམས་སམ་ཞེས་དྲིས་ནས་ལུས་བཏུད་དེ་སེམས་དྲད་པོས་གུས་པ་དང་བཅས་པས་གོམ་པ་བསྲི་ཞིང་ལུང་ནོད་པར་བྱའོ། །ཅི་སྟེ་འགྲེང་བ་ན་འོངས་ལ་གསར་ བུ་ཞིག་ཡིན་ན། དེས་ཕྱག་བྱས་ལ་ཁམས་སྙོམས་སམ་ཞེས་དྲིས་ནས་སྟན་ཆེས་དམའ་བ་ལ་ཙོག་ཙོག་པོར་འདུག་ལ། སེམས་དྲང་པོས་གུས་པ་དང་བཅས་པས་ལུང་ནོད་པར་བྱའོ། །ཅི་སྟེ་རྒན་པ་ ཞིག་ཡིན་ན། དེས་ཁམས་སྙོམས་སམ་ཞེས་དྲིས་ལ་ལུས་བཏུད་ནས་སེམས་དྲང་པོས་གུས་པ་དང་བཅས་པས་ལུང་ནོད་པར་བྱའོ། །འགྲེང་བ་ལ་ཇི་ལྟ་བ་དེ་བཞིན་དུ་འདུག་པ་དང། ཉལ་བ་ལ་ཡང་ སྦྱར་བར་བྱའོ། །ལུང་འབོགས་པའི་དགེ་སློང་གིས་ཤིན་ཏུ་གོམས་པ་དང། ལེགས་པར་བྱང་བ་དང། ཐེ་ཚོམ་མེད་པར་བྱས་ནས་ལུང་དབོག་པར་བྱའོ། །ལུང་ནོད་པས་ཀྱང་ཤིན་ཏུ་བྱང་བ་ དང༑ ཤིན་ཏུ་ཟིན་པ་དང། ཐེ་ཚོམ་མེད་པར་བྱས་ནས་ལུང་ནོད་པར་བྱའོ། །ལུང་འབོགས་པའི་དགེ་སློང་དང། ལུང་ནོད་པའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་ དག་པར་བླངས་ཏེ་འཇུག་པར་མི་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། །དྲུག་སྡེའི་དགེ་སློང་རྣམས་ལྗོངས་རྒྱུ་ཞིང་དོང་བ་ན་གཙུག་ལག་ཁང་ཞིག་ཏུ་ནུབ་མོ་ཕྱིན་ནས། དེ་རྣམས་ འགྲོགས་བཤེས་ཇི་ལྟ་བ་བཞིན་དུ་དགེ་སློང་རྣམས་ཀྱིས་ངལ་བསོར་བཅུག་པ་དང་དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག། འདུག་སྟེ་ཅི་བྱེད། གནས་མལ་བསྐོ་བ་བོས་ཤིག། དེ་དག་ [326B] ཅི་དགོས། གནས་མལ་བསྐོར་གཞུག་མོད། དེ་རྣམས་ཀྱིས་སྨྲས་པ། གནས་མལ་ཡོད་ཀྱི། བདེ་བར་ཉོལ་ཅིག་དང་ནམ་ནངས་ནས་བགོའོ། །དེ་རྣམས་ཀྱིས་ཀུན་ནས་ དཀྲིས་པས་སྨྲས་པ། ཅི། ཁྱེད་ཅག་སྟོན་པ་བཞུགས་བཞིན་དུ་བསྟན་པ་ནུབ་པར་བྱེད་དམ། གལ་ཏེ་ཁྱེད་ལ་འགྱོད་པ་ཡོད་ན། རྒན་རིམ་ཇི་ལྟ་བ་བཞིན་དུ་གནས་མལ་སྐོས་ཤིག་དེ་རྣམས་ ཁ་སྟོབས་ཅན་ཡིན་པས་གནས་མལ་བསྐོ་བ་བྲེད་ནས་གནས་མལ་བསྐོས་པ་དང། དྲུག་སྡེ་དེ་རྣམས་ཀྱིས་རྒན་རིམ་བཞིན་དུ་གནས་མལ་མནོས་ཏེ་ཉལ་ལོ། །ཇི་ཙམ་གཞོན་རིམ་གྱི་བར་དུ་ བསྐོ་བ་དེའི་བར་དུ་ནམ་ནངས་སོ། །དྲུག་སྡེ་རྣམས་མྱུར་བ་མྱུར་བར་ལངས་ཏེ་སྨྲས་པ། ཚེ་དང་ལྡན་པ་དག། གནས་མལ་སྡུས་ཤིག་།འདོད་དོ། །དགེ་སློང་དེ་རྣམས་ཀྱིས་སྨྲས་པ། ཚེ་ དང་ལྡན་པ་དག་ཁྱེད་ཀྱིས་ནུབ་གཅིག་གི་ཕྱིར་དགེ་སློང་གི་དགེ་འདུན་མཐའ་དག་ནུབ་མོ་མཐོ་འཚམ་མམ། ཀྱེ་མའོ། །ཁྱེད་ཅག་འདི་ཉིད་དུ་འདུག་ཅིག། དེ་རྣམས་ཀྱིས་སྨྲས་པ། དགའ་ བོ་ཉེ་དགའ་མཉན་ཡོད་དུ་འདོང་ངོ། །འདི་དག་ནི། རླུང་ནད་ཅན་ཡིན་ནོ། །ཞེས་བྱས་ནས་དོང་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བྱུང་བ་འདི་ ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་ལྟ་བས་ན། ནུབ་མོ་གནས་མལ་བསྐོ་བར་མི་བྱའོ། །གལ་ཏེ་ནུབ་མོ་ལྷགས་ན་འགྲོགས་བཤེས་ཇི་ལྟ་བ་བཞིན་དུ་སོ་སོར་ [327A]༄༅། །ངལ་བསོར་གཞུག་པར་བྱའོ། །ཡུལ་ཞིག་ནས་དགེ་སློང་མཆོད་རྟེན་ལ་ཕྱག་བྱེད་པ་ཞིག་མཉན་ཡོད་དུ་འོངས་ན། དེ་དེའི་སྤྱོད་ཡུལ་ལ་མི་མཁས་པས་ནང་པར་ སྔར་ལངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་རྐང་པ་གཉིས་ལ་ཕྱག་བྱས་ནས་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ སོ། །དེ་བསོད་སྙོམས་སྤྱོད་པ་དྲོ་བབ་ཏུ་ཉེ་ནས་དེ་ཉིད་དུ་ར་བ་ཞིག་གི་དྲུང་དུ་འདུག་ནས་ཟས་ཀྱི་བྱ་བ་བྱེད་པར་བརྩམས་སོ་།ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་མཆོད་རྟེན་ལ་ཕྱག་འཚལ་ ཞིང་ལམ་དེ་ནས་སོང་བ་ལས། དེས་དེ་མཐོང་ནས་སྨྲས་པ། འཕགས་པ། ཀུན་ནས་མཛེས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡིན་ན། མི་རིགས་པ་མཛད་དམ་ཅི། དེས་སྨྲས་པ། ཚེ་དང་ ལྡན་པ། དྲོ་ལ་བབ་ཏུ་ཉེ་བ་མ་མཐོང་ངམ། འདི་ལ་མི་རིགས་པ་ཅི་ཞིག་ཡོད། དེས་སྨྲས་པ། ཁྱོད་ཅིའི་སླད་དུ་བདག་གི་ཁྱིམ་དུ་མི་བྱོན། ཁྱོད་ཀྱི་མིང་ཅི། མགོན་མེད་ཟས་སྦྱིན་ནོ། ། ཁོ་བོས་མདོ་སྡེ་དེ་དང་དེ་རྣམས་ལས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་ཐོས་པ་ཞིག་ཡོད་ཀྱི། ཁྱོད་ཀྱང་མི་ཤེས་ལ་ཁྱིམ་ཡང་མི་ཤེས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ གྱིས་བསམ་པ། དགེ་སློང་འདི་ནི། ལམ་རིང་པོ་ནས་འོངས་ལ་རྒྱུས་མི་ཤེས་བ་ཞིག་ཡིན་ཏེ། གདོན་མི་ཟ་བར་བདག་ཀྱང་མི་ཤེས་ལ། བདག་གི་ཁྱིམ་ཡང་མི་ཤེས་ཀྱི། འདི་ [327B]ལ། གང་ཡང་མཉན་ཡོད་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་གྱི་བར་བར་དུ་བསྟི་གནས་བརྩིག་པར་བྱའོ། །སྙམ་ནས། བཅོམ་ལྡན་ འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་གློ་བུར་བ་སྤྱོད་ཡུལ་མ་འཚལ་བ་ཞིག་བསོད་སྙོམས་སྤྱོད་པ་ན། དྲོ་ཡོལ་ཏུ་ཉེ་ནས་རབ་ཞིག་གི་དྲུང་དུ་གཡར་ཟས་ཀྱི་བགྱི་བ་བགྱིད་དེ། མ་ དད་པ་རྣམས་ཡན་ལག་འདིས་འཕགས་པ་རྣམས་ལ་སྨོད་པར་འགྱུར་རོ་།གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་གང་ཡང་མཉན་ཡོད་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་གྱི་བར་ བར་དུ་བསྟི་གནས་བརྩིག་པར་བགྱི་སྟེ། གང་ཞིག་གང་དུ་དྲོ་ལ་བབ་པ་དེ་དེར་བསོད་སྙོམས་ལོངས་སྤྱོད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་ རྗེས་སུ་གནང་གི་རྩིགས་ཤིག་དེས་གང་ཡང་མཉན་ཡོད་ནས་རྒྱལ་བྱེད་ཀྱི་ཚལ་གྱི་བར་གྱི་བར་བར་དུ་བསྟི་གནས་དག་བརྩིགས་ནས་དགེ་སློང་གང་ཞིག་གང་དུ་དྲོ་བབ་པ་དེ་དེར་ཟས་ཀྱི་བྱ་བ་བྱེད་ དོ། །དགེ་སློང་གཞན་དག་ཆུས་ཕོངས་པར་གྱུར་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེར་ཁྲོན་པ་བརྐོས་ནས་ཚ་བ་གསུམ་དང་འབྲས་བུ་གསུམ་གྱིས་ཤིང་རྟ་བཀང་སྟེ་བཏབ་པས། ཆུ་དེ་ [328A]༄༅། །རོ་ཕུན་སུམ་ཚོགས་པར་གྱུར་ཏོ། །ཞེས་འཇིག་རྟེན་ཐམས་ཅད་དུ་གྲགས་པ་སྐྱེ་བོའི་ཚོགས་ཀྱིས་ཐོས་ནས་ལྷགས་པ། དགེ་སློང་རྣམས་ཀྱིས་བཀག་པ་དང། མཉན་ ཡོད་ན་གནས་པ་རྣམས་ཀྱིས་སྨྲས་པ། འཕགས་པ་ཁྱེད་ཅག་ལ་བདག་ཅག་གིས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིས་ན། ཆབ་འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་ཁྱེད་འགོག་ པར་མཛད་དམ་ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགག་པར་མི་བྱའོ། །བུད་མེད་དགེ་ སློང་རྣམས་ལ་ཆུ་སློང་པ་ན་དགེ་སློང་རྣམས་ཀྱིས་མ་བྱིན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བུད་མེད་ནི། ཀུན་ནས་ཞགས་པ་ སྟེ། བདུད་ཀྱི་འཆིང་བ་ཡིན་ནོ། །ཞེས་གསུངས་པས། དགེ་སློང་རྣམས་བུད་མེད་ལ་ཆུ་སྦྱིན་པར་བྱེད་པ་ན་ཆགས་པར་གྱུར་ཏོ། །ཇི་ཙམ་ན་བུད་མེད་བྱད་བཞིན་དང་ལང་ཚོས་རྒྱགས་ པ་ཞིག་དགེ་སློང་གཞོན་ནུ་ཞིག་ལ་ཤིན་ཏུ་ཆགས་པས་དེ་ལ་ཆུ་བསླངས་པ་དང། དེ་ཡང་དེ་ལ་ཆགས་པས་བཅིངས་པའི་སེམས་ཀྱིས་སླར་བཟློག་ཀྱང་རྒྱུན་མ་བཅད་པར་བླུགས་ཏེ། དེ་ ཡང་དེ་ལ་རྟོག་བཞིན་འཐུངས་པ་ལས། ཆུ་དེ་གློར་སོང་ནས་ཤིའོ་།དོན་ཉུང་བའི་དགེ་སློང་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་ [328B] བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུད་མེད་གང་ཞིག་ཆགས་པས་བཅིངས་པའི་སེམས་ཀྱིས་དགེ་སློང་ལ་ཆུ་སློང་བ་ དེ་ལ་རང་གིས་སྦྱིན་པར་མི་བྱའོ། །བུད་མེད་ལ་ཆུ་རྒྱུན་མ་ཆད་པར་སྦྱིན་པར་མི་བྱ་ཞིང། སྙིམ་པ་ཁོང་ལ་འཐུངས་ཤིག་ཅེས་བསྒོ་ལ། སྐབས་སྐབས་སུ་བཅད་ཅིང་བླུགས་པར་བྱའོ། །གཞན་ དུ་ན། འགལ་ཚབས་ཅན་དུ་འགྱུར་རོ།། །།འདུལ་བ་གཞི། བམ་པོ་དོན་བདུན་པ། དེའི་ཚེ་གང་དག་བསོད་སྙོམས་ཀྱི་ཐོག་མ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དབུལ་བ་དེ་རྣམས་ ཀྱིས་དེ་ཉིད་དུ་དབུལ་བར་བརྩམས་པ་དྲུག་སྡེ་རྣམས་ཀྱིས་ཐོས་ནས་དེ་རྣམས་བསྟི་གནས་སུ་དོང་སྟེ་འདུག་ནས་བསོད་སྙོམས་ཀྱི་ཐོག་མ་ཁྱེར་ཏེ་འོངས་པ་གང་ཡིན་པ་དེ་ལ་རྨས་ཏེ་གལ་ཏེ་འོ་ཐུགས་ཡིན་ ན་ནི། ལྷུང་བཟེད་ཟེད་པར་བྱེད་དེ། ཅི་སྟེ་ཆུ་ཐུག་ཡིན་ན་ནི་རྫུ་འཕྲུལ་ཆེན་པོའི་དགེ་འདུན་དང། མཐུ་ཆེན་པོའི་དགེ་འདུན་ལ་ཕུལ་ཅིག་ཅེས་སྨྲའོ། །དེ་བཞིན་དུ་ཧྭགས་ཀྱི་བཅའ་བ་ལ་ སོགས་པ་ལ་ཡང་སྦྱར་བར་བྱ་སྟེ། དོན་ཉུང་བའི་དགེ་སློང་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ གསོལ་བ་དང། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགེ་སློང་གིས་གཞན་གྱི་རྙེད་པ་ལ་ཁ་བརྔམ་མི་བྱའོ། །ཁ་བརྔམ་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ། ། [329A]༄༅། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཞན་གྱི་རྙེད་པ་ལ་ཁ་བརྔམ་མི་བྱའོ། །ཞེས་གསུངས་པ་དང། དགེ་སློང་ཁ་ཅིག་དགོས་པ་ཞིག་ལ་གཙུག་ལག་ཁང་གཞན་དུ་ དོང་སྟེ། དེ་རྣམས་དེར་ཕྱིན་པ་ན་དྲོ་ལ་བབ་ཀྱང་འགྱོད་པས་ལོངས་མ་སྤྱད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཆེད་དུ་བསམ་སྟེ་འགྲོ་བར་མི་བྱའོ། །མ་བསམ་པར་འོངས་པ་ལས་གལ་ཏེ་དྲོ་ལ་བབ་པར་གྱུར་ན། ལོངས་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །ཕོངས་པ་ དང་བཅས་པའི་དུས་བྱུང་བ་ན་དགེ་སློང་དག་གཙུག་ལག་ཁང་གཞན་དུ་དོང་བ་ལས། དེ་ན་དགེ་སློང་དེ་རྣམས་ལོངས་སྤྱོད་པ་མཐོང་ནས་ཡང་བཟའ་བར་འདོད་པ་ལས་འགྱོད་པས་ལོངས་མ་སྤྱད་ པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་སྔ་མར་དེ་རྣངས་ལ་དེ་ཡང་གལ་ ཏེ་ཚད་མེད་པ་ཞིག་ཏུ་འབྲིམ་ན་བླང་བར་བྱའོ། །ཅི་སྟེ་དགེ་སློང་ཚད་ཡོད་པར་བྱས་པ་ཞིག་ཡིན་ན། བླང་བར་མི་བྱའོ། །ལེན་ན། འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་བཅོམ་ ལྡན་འདས་ཡུལ་ཀ་ཤིའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་རི་ནག་པོ་ལ་གཤེགས་སོ། །དེའི་ཚེ་རི་ནག་པོ་ལ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་གནས་ཏེ། དེ་གཉིས་ཀྱིས་བཅོམ་ [329B]ཤི་ནས་ལྗོངས་རྒྱུ་ཞིང་གཤེགས་ཤིང། འདིར་གཤེགས་པར་འགྱུར་རོ་།ཞེས་ཐོས་སོ། །ཐོས་ནས་ཀྱང་བསམ་པ། སྟོན་པའི་ སྤྱན་སྔར་དགེ་སློང་ངོ་ཚ་མེད་པ་དང། འཛེམ་པ་མེད་པ་རྣམས་ཀྱིས་བདག་ཅག་ལ་གླེང་བར་བྱེད། དྲན་པར་བྱེད་པར་འགྱུར་གྱི། མ་ལ་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ ཁང་ཆེན་པོ་གཅིག་མ་གཏོགས་པ་དགེ་སློང་རྣམས་ལས་བརྩམས་ཏེ་གནས་མལ་བསྐོ་བ་གསུམ་དང། གནས་མལ་གཟུང་བ་ཡང་དྲུག་བྱའོ་།གནས་མལ་བསྐོ་བ་གསུམ་གང་ཞེ་ན། དགུན་ གྱི་དང། དཔྱིད་ཀྱི་དང། དབྱར་གྱིའོ། །གནས་མལ་གཟུང་བ་དྲུག་གང་ཞེ་ན། གཙུག་ལག་ཁང་ཐམས་ཅད་དང། གཙུག་ལག་ཁང་གི་ཉེ་འཁོར་ཐམས་ཅད་དང། ཁང་ཕྲན་ཐམས་ ཅད་དང། ཁང་ཕྲན་གྱི་ཉེ་འཁོར་ཐམས་ཅད་དང། ཀུན་དགའ་ར་བ་ཐམས་ཅད་དང། ཀུན་དགའ་ར་བའི་ཉེ་འཁོར་ཐམས་ཅད་བསྐོ་བར་བྱའོ། །གལ་ཏེ་གཙུག་ལག་ཁང་སྐོས་ཤིག་ཅེས་སྨྲས་ པ་དང་འདི་བསྐོས་ཟིན་ཏོ། །ཞེས་བརྗོད་པར་བྱ་ཞིང། ཁང་ཕྲན་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ཏོ། །གཙུག་ལག་ཁང་གི་ཉེ་འཁོར་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ཏོ། ། ཁང་ཕྲན་གྱི་ཉེ་འཁོར་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ཏོ་།ཀུན་དགའ་ར་བ་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ཏོ། །ཀུན་དགའ་ར་བའི་ཉེ་འཁོར་སྐོས་ཤིག་ཅེ་ན། འདི་ཡང་ [330A]༄༅། །བསྐོས་ཟིན་ཏོ། །ཞེས་བརྗོད་པར་བྱ་སྟེ། དེ་རྣམས་གནས་མེད་དེ་མི་གནས་ན། ངོ་ཚ་མེད་པ། འཛེམ་པ་མེད་པས་བདག་ཅག་ལ་གླེང་བར་མི་འགྱུར་རོ། །སྙམ་ ནས། དེ་གཉིས་ཀྱིས་གནས་མལ་བསྐོ་བ་གསུམ་དང། གནས་མལ་གཟུང་བ་དྲུག་བྱས་སོ། །ཇི་ཙམ་ན་བཅོམ་ལྡན་འདས་རི་ནག་པོ་ལ་གཤེགས་པ་ན། དེ་གཉིས་ཀྱིས་བཅོམ་ལྡན་འདས་ ཀྱི་གཙུག་ལག་ཁང་ནི། སྔ་ནས་བསྡོགས་ཟིན་ཏོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་མལ་དང། གཙུག་ལག་ཁང་སྐོས་ཤིག་དེ་གཉིས་ཀྱིས་སྨྲས་ པ། གཙུག་ལག་ཁང་སྔར་བསྐོས་ཟིན་ཏོ། །ཁང་ཕྲན་སྐོས་ཤིག་།དེ་ཡང་བསྐོས་ཟིན་ཏོ། །གཙུག་ལག་ཁང་གི་ཉེ་འཁོར་སྐོས་ཤིག་དེ་ཡང་བསྐོས་ཟིན་ཏོ། །ཁང་ཕྲན་གྱི་ཉེ་ འཁོར་སྐོས་ཤིག་དེ་ཡང་བསྐོས་ཟིན་ཏོ། །ཀུན་དགའ་ར་བ་སྐོས་ཤིག་དེ་ཡང་བསྐོས་ཟིན་ཏོ། །ཀུན་དགའ་ར་བའི་ཉེ་འཁོར་སྐོས་ཤིག། དེ་ཡང་བསྐོས་ཟིན་ཏོ། །གང་གི་ ཕྱིར་དེ་གཉིས་ཀྱིས་གནས་ཐམས་ཅད་མ་བསྐོས་པ་དང། དེ་ནས་ཀུན་དགའ་ར་བའི་ནང་དུ་སྒྲ་མཐོན་པོ་དང། སྒྲ་ཆེན་པོ་བྱུང་ངོ་།སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་ བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི། མི་མཁྱེན་པར་མི་རྨེད། དུས་སུ་རྨེད་ཀྱི། དུས་ལས་ཡོལ་བར་མི་རྨེད། དོན་དང་ལྡན་པར་རྨེད་ཀྱི། དོན་དང་མི་ [330B] སངས་རྒྱས་བཅོམ་ལྡན་འདས་རྣམས་དོན་དང་ལྡན་པ་མ་ཡིན་པ་རྨེད་པ་ལ་ཆུ་ལོན་གྱིས་བཟློག་པར་མཛད་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དོན་དང་ ལྡན་པ་རྨེད་པ་དེ་ལ་དུས་མཁྱེན་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ། ཀུན་དགའ་ར་བའི་ནང་ན་སྐྱེ་བོའི་ཚོགས་ཆེན་པོའི་ སྒྲ་མཐོན་པོ་དང། སྒྲ་ཆེན་པོར་གྲགས་པ་འདི་ཅི་ཞིག་ཡིན། དེས་གསོལ་པ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ཀྱིས་གནས་མལ་བསྐོ་བ་གསུམ་དང། གནས་མལ་གཟུང་བ་ དྲུག་བགྱིས་ནས་དགེ་སློང་རྣམས་ཀྱིས་གནས་མལ་མ་ཐོབ་པར་གྱུར་ཏེ་དེས་ན། ཀུན་དགའ་ར་བའི་ནང་ན་སྐྱེ་བོའི་ཚོགས་ཆེན་པོའི་སྒྲ་མཐོན་པོ་དང། སྒྲ་ཆེན་པོ་འདི་གྲགས་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། །ངས་འཐབ་ཀྲོལ་བྱེད་པའི་དགེ་སློང་རྣམས་ལ་དགོངས་ནས་གནས་མལ་བསྐོ་བ་གསུམ་དང་གནས་མལ་གཟུང་བ་དྲུག་མཛད་ཀྱི། རང་ བཞིན་དུ་གནས་པ་ལ་ནི་མ་ཡིན་པས། དེ་ལྟ་བས་ན། དགེ་སློང་རྣམས་ཀྱིས་རང་བཞིན་དུ་གནས་པའི་དགེ་སློང་རྣམས་ལས་བརྩམས་ཏེ་གནས་མལ་བསྐོ་བ་གསུམ་དང། གནས་མལ་ གཟུང་བ་དྲུག་མི་བྱའོ། །བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ་།སངས་རྒྱས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཡུལ་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་ [331A]༄༅། །ན་གྲོང་མེད་པའི་དགོན་པ་ཞིག་ཏུ་ནུབ་མོ་དགོངས་བཏབ་བོ། །དྲུག་སྡེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཕྱིར་ཤིང་བཟང་པོ་ཞིག་བཞག་ནས། ཤིང་བཟང་པོ་གཞན་ ནི༑ རང་རང་གིས་བཟུང་ངོ། །དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ནི། ཤིང་ཁོང་སྟོང་དག་ཐོབ་བོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས། དཔུང་གི་ཚོགས་ ཡན་ལག་བཞི་དང་ཆས་ཏེ་བསུ་ནས། དེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་བརྟགས་ན། ཇི་ཙམ་ན་དྲུག་ སྡེ་རྣམས་ནི། ཤིང་བཟང་པོ་དག་གི་དྲུང་ན་གནས་ལ། གནས་བརྟན་གནས་བརྟན་རྣམས་ཀྱི་ནི། ཤིང་ཁོང་སྟོང་རྣམས་མཐོང་ནས་དེས་འཇལ་ཏོ་ཞེས་བྱས་ནས་བཅོམ་ལྡན་འདས་གང་ ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། གཙོ་བོ་ལགས་ཏེ། ཡུལ་མཐའ་དག་ནས་འབྱུང་བའི་རིན་པོ་ཆེ་ རྣམས་ལས་ཐམས་ཅད་ཀྱི་མཆོག་གི་དངོས་པོ་གང་ལགས་པ་དེ་ནི་བདག་གི་ལགས་ལ། ལྷག་མ་རྣམས་ལས་ཇི་ལྟར་འཚལ་བ་བཞིན་དུ་མཆིས་བྲང་དང། གཞོན་ནུ་དང། བློན་པོ་ [331B] ཁྲོམ་གྱི་རུ་བ་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་ཀྱང་བླ་ན་མ་མཆིས་པའི་ཆོས་ཀྱི་རྒྱལ་པོ་ལགས། འཕགས་པ་ཀོའུ་དི་ནྱ་དང། ཤཱ་རིའི་བུ་དང། མོའུ་འགལ་གྱི་བུ་དང། འོད་ སྲུང་དང། ཀུན་དགའ་བོ་དང། ནམ་གྲུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་ནི། ཞུགས་ཤིང་ཁོང་སྟོང་རྣམས་ཀྱི་དྲུང་ན་མཆིས་ལ་དྲུག་སྡེ་རྣམས་ཀྱི་ནི། ཞུགས་ཤིང་བཟང་ཆེས་ལགས་ ཀྱི༑ ཀྱེ་མའོ། །བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ཞུགས་ཤིང་ལ་ཡང་རྒན་རིམ་ཇི་ལྟ་བ་བཞིན་གྱི་བཅའ་བ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་ རྒྱལ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་ བོས་ཕྱག་བྱས་ཏེ་སྟན་ལས་ལངས་ནས་སོང་ངོ། །བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དང། དེ་ལྟ་བས་ན་ཤིང་རྣམས་དང། སྒང་བུ་དང། གསིང་མ་ རྣམས་ཀྱང་རྒན་རིམ་ཇི་ལྟ་བ་བཞིན་བསྐོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཤིང་དང། སྒང་བུ་དང། གསིང་མ་རྣམས་ཀྱང་རྒན་རིམ་ཇི་ལྟ་བ་བཞིན་དུ་བསྐོ་བར་བྱའོ། །ཞེས་གསུངས་པ་དང་ དགེ་སློང་རྣམས་རང་ཉིད་སྒོ་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ཁང་སྐོ་བའི་དགེ་སློང་བསྐོ་བར་བྱའོ། །དགེ་སློང་རྣམས་ཀྱིས་ཕལ་པ་ལས་བསྐོས་ནས་ [332A]༄༅། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ལྔ་དང་ལྡན་པའི་དགེ་སློང་གཙུག་ལག་ཁང་འགོད་པར་མ་བསྐོས་པ་ནི་བསྐོ་བར་མི་བྱའོ། །བསྐོས་པ་ནི། དབྱུང་བར་ བྱའོ། །ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང། ཞེ་སྡང་གིས་འགྲོ་བ་དང། གཏི་མུག་གིས་འགྲོ་བ་དང། འཇིགས་པས་འགྲོ་བ་དང་གཙུག་ལག་ཁང་བསྐོས་པ་དང་མ་བསྐོས་པ་ མི་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པ་ནི། གཙུག་ལག་ཁང་སྐོ་བར་མ་བསྐོས་པ་ནི། བསྐོ་བར་མི་བྱའོ། །བསྐོས་པ་ནི་དབྱུང་བར་བྱའོ། །ཡང། ཆོས་ལྔ་དང་ལྡན་པ་ནི། གཙུག་ ལག་ཁང་སྐོ་བར་མ་བསྐོས་པ་ནི། བསྐོ་བར་བྱའོ། །བསྐོས་པ་ནི་དབྱུང་བར་མི་བྱའོ། །ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་ཞེ་སྡང་གིས་མི་འགྲོ་བ་དང། གཏི་མུག་གིས་མི་ འགྲོ་བ་དང། འཇིགས་པས་མི་འགྲོ་བ་དང། གཙུག་ལག་ཁང་བསྐོས་པ་དང་མ་བསྐོས་པ་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པ་ནི་གཙུག་ལག་ཁང་སྐོ་བར་མ་བསྐོས་པ་ནི། བསྐོ་ བར་བྱའོ། །བསྐོས་པ་ནི། དབྱུང་བར་མི་བྱའོ། །བསྐོ་བ་ནི། འདི་ལྟར་བྱ་སྟེ། གནས་མལ་བཤམས་ཏེ་གཎྜཱི་བརྡུངས་ལ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་ པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། རེ་ཞིག་ཐོག་མར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད། དགེ་འདུན་གྱི་གཙུག་ལག་ཁང་སྐོ་བར་ [332B] དེ་གལ་ཏེ་སྤྲོ་བར་གྱུར་ན། དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ་།དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་ ལག་ཁང་སྐོ་བ་དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་གྱི་གཙུག་ལག་ཁང་སྐོ་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་ དང༑ འདི་ལྟར། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི། གཙུག་ལག་ཁང་སྐོ་བར་བསྐོ་བ་མཛད་དོ། །འདི་ནི། གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་ དུ་གསོལ། གཙུག་ལག་ཁང་སྐོ་བ་དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་གྱི་གཙུག་ལག་ཁང་སྐོ་བར་སྤྲོ་ནས། འདི་ལྟར། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བྱ་བ་ འདི། གཙུག་ལག་ཁང་སྐོ་བར་བསྐོས་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི། གཙུག་ལག་ཁང་སྐོ་བར་བསྐོ་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་ གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག་དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི། གཙུག་ལག་ཁང་སྐོ་བར་བསྐོས་ཏེ་ འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གཙུག་ལག་ཁང་འགོད་པ་ཇི་ལྟ་བ་བཞིན་དུ་ཟས་ལ་སྐོ་བ་དང། ཐུག་པ་འབྲིམ་པ་དང། བག་ཚོས་འབྲིམ་པ་དང། ཕྲན་ [333A]༄༅། །ཚེགས་འབྲིམ་པ་དང། སྣོད་སྤྱད་འདྲུབ་པ་དང། གོས་སྦེད་པ་དང། གེས་འགེད་པ་དང། དབྱར་གྱི་རས་ཆེན་སྦེད་པ་དང། དབྱར་གྱི་རས་ཆེན་འགེད་པ་དང་ མངག་གཞུག་པ་དང། མཛེས་འཆོས་པ་ཡང་དེ་བཞིན་ཏེ། ཆོས་ལྔ་དང་ལྡན་པའི་དགེ་སློང་མ་བསྐོས་པ་ནི། བསྐོ་བར་མི་བྱའོ་།བསྐོས་པ་ནི། དབྱུང་བར་བྱའོ། །ལྔ་གང་ཞེ་ན་ འདུན་པས་འགྲོ་བ་དང། ཞེ་སྡང་གིས་འགྲོ་བ་དང། གཏི་མུག་གིས་འགྲོ་བ་དང། འཇིགས་པས་འགྲོ་བ་དང། མཛེས་པ་དང་མི་མཛེས་པ་མི་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པའི་དགེ་ སློང་མཛེས་འཆོས་པར་མ་བསྐོས་པ་ནི། བསྐོ་བར་མི་བྱའོ། །བསྐོས་པ་ནི། དབྱུང་བར་བྱའོ། །ཡང། ཆོས་ལྔ་དང་ལྡན་པའི་དགེ་སློང་མཛེས་འཆོས་པར་མ་བསྐོས་པ་ནི། བསྐོ་བར་ བྱའོ། །བསྐོས་པ་ནི། དབྱུང་བར་མི་བྱའོ། །ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང། ཞེ་སྡང་གིས་མི་འགྲོ་བ་དང། གཏི་མུག་གིས་མི་འགྲོ་བ་དང། འཇིགས་པས་མི་འགྲོ་བ་དང་ མཛེས་པ་དང་མི་མཛེས་པ་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པའི་དགེ་སློང་མཛེས་འཆོས་པར་མ་བསྐོས་པ་ནི། བསྐོ་བར་བྱའོ་།བསྐོས་པ་ནི། དབྱུང་བར་མི་བྱའོ། །གཙུག་ལག་ ཁང་དང་ཟས་འགེད་དང། །ཐུག་པ་འབྲིམ་དང་བག་ཚོས་དང་།ཕྲན་ཚེགས་སྣོད་སྤྱད་སྦེད་པ་དང། །ཆོས་གོས་གཉིས་དང་དེ་བཞིན་དུ། །དབྱར་གྱི་རས་ཆེན་སྦེད་པ་དང། །འགེད་ [333B] །དེ་བཞིན་དུ་ནི་མཛེས་འཆོས་ཏེ། །གང་ཟག་བཅུ་གཉིས་ཡིན་པར་བཤད། །གནས་མལ་གྱི་གཞི་རྫོགས་སོ།། །།རྩོད་པ་ཞི་བར་བྱེད་པའི་གཞིའི་སྡོམ་ ལ༑ འཐབ་དང་འགྱེད་པའི་རྩོད་པ་དང། །རྩ་བ་གང་དང་དགེ་བ་གང། །འགྱེད་པ་ཡིན་ལ་རྩོད་མིན་དང། །འགྱེད་པ་དུས་ནི་ཞི་བ་དང། །འགྱེད་པ་མངོན་སུམ་ཞི་བ་དང། །ཚུལ་ཤིང་དག་ནི་བླངས་ པ་ཡིས། །གདམས་ངག་མེད་པ་མངོན་སུམ་དང། །དྲན་དང་མ་མྱོས་འདུལ་འོས་དང། །དེ་ཡི་ངོ་བོ་ཚོལ་གཞུག་དང། །རྩྭ་བཀྲམ་ལྟ་བུར་འོས་པ་ཡིས། །དགེ་འདུན་དག་ནི་མཐུན་པ་ཡིས། །དེ་ བཞིན་བྱ་བའི་རྩོད་པ་ནི། །ཉེ་བར་ཞི་བར་བྱའོ་ཞེས། །དྲང་སྲོང་ཆེན་པོས་རབ་ཏུ་གསུངས། །སངས་རྒྱས་བཅོམ་ལྡན་འདས་ཡུལ་སེར་སྐྱའི་གཞི་ནྱ་གྲོ་དཧའི་ཀུན་དགའ་ར་བ་ན་བཞུགས་སོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཤཱཀྱ་རྣམས་བདེན་པ་ལ་བཀོད་པ་དེའི་ཚེ། དེ་རྣམས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དུས་གསུམ་དུ་འདོང་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ རྣམས་ལ་ཡང་དང་ཡང་དུ་ཆོས་འཆད་པར་མཛད་དོ། །རྒྱལ་པོ་ཟས་གཙང་གི་ཀུན་ཏུ་སྤྱོད་པ་ནི། ཤཱཀྱའི་ཚོགས་ཀྱིས་བསྐོར་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དུས་གསུམ་དུ་འགྲོ་བར་ བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན། བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ནས་སྦྲང་མའི་སྦྲང་རྩི་དྭངས་མ་ལྟ་བུའི་ཆོས་བཤད་པ་ནི། འཁོར་བརྒྱ་ཕྲག་དུ་མ་དབང་པོ་ [334A]༄༅། །རྣམས་མི་གཡོ་བས། བཅོམ་ལྡན་འདས་ལས་སྙན་པ་སྙན་པའི་ཆོས་ཉན་པར་བྱེད་དོ། །རྒྱལ་པོ་ཟས་གཙང་ཡང་ཆོས་མཉན་པའི་ཕྱིར་རྒྱལ་པོའི་འབྱོར་པ་ཆེན་ པོ་དང། རྒྱལ་པོའི་མཐུ་ཆེན་པོས་ཤཱཀྱའི་ཚོགས་ཀྱིས་བསྐོར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་དེས་ཆོས་མཉན་ནས་སོང་ངོ། །དེ་ནས་ཤཱཀྱ་མིང་ཆེན་གྱིས། བཅོམ་ལྡན་འདས་ ཀྱི་སྤྱན་སྔ་ནས་ཆོས་མཉན་ཏེ་དད་པ་སྐྱེས་ནས་རང་གི་ཁྱིམ་དུ་སོང་སྟེ་སྨྲས་པ། ཀྱེ་མའོ་སངས་རྒྱས། ཀྱེ་མའོ་ཆོས། ཀྱེ་མའོ་དགེ་འདུན། སངས་རྒྱས་བྱུང་བ་ནི། བདག་འབྲས་བུ་དང་བཅས་ པ་ཡིན་ནོ། །མིང་ཆེན་གྱི་ཆུང་མ་དམ་པས་སྨྲས་པ། རྗེའི་སྲས་དེ་ཅི་ལགས། དེས་སྨྲས་པ། དེང་བཅོམ་ལྡན་འདས་ཀྱིས་འཁོར་བརྒྱ་ཕྲག་དུ་མའི་མདུན་དུ་འདི་འདྲ་བའི་ཆོས་བཤད་པ་ མཛད་དེ། དེ་ཐོས་པས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མས་ཁྱད་པར་ཆེན་པོ་རྟོགས་སོ། །དེས་སྨྲས་པ། རྗེའི་སྲས། སངས་རྒྱས་བྱུང་བ་ནི། བདག་འབྲས་བུ་དང་བཅས་པ་ཡིན་ནོ། །ཞེས་ གསུངས་པ་གང་ལགས་པ་དེ་མད་དེ། སངས་རྒྱས་བྱུང་བ་ནི། ཁྱེད་ཅག་ཁོ་ན་ལ་འབྲས་བུ་དང་བཅས་ལགས་ཀྱི། བདག་ཅག་ལ་ནི། མ་ལགས་སོ། །ཅིའི་ཕྱིར། འདི་ལྟར། བཅོམ་ ལྡན་འདས་འཇིག་རྟེན་དུ་བྱུང་བ་ནི། སྐྱེས་པ་རྣམས་ཀྱི་ཕྱིར་ལགས་ཀྱི། བུད་མེད་རྣམས་ཀྱི་ཕྱིར་ནི། མ་ལགས་སོ། །དེས་སྨྲས་པ། བཟང་མོ། དེ་སྐད་མ་སྨྲ་ཞིག། བཅོམ་ [334B] སེམས་ཅན་ཐམས་ཅད་ལ་ཕན་པ་དང། ཐུགས་བརྩེ་བ་ཡིན་གྱི། སོང་ཞིག་དང། ཁྱོད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆོས་ཐོས་པར་འགྱུར་རོ། །དེས་སྨྲས་པ་ ལྷ་ཤཱཀྱའི་ཚོགས་ཀྱིས་བསྐོར་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དུས་གསུམ་དུ་བཞུད་ལ། ལྷའི་མདུན་དུ་མངོན་སུམ་དུ་བདག་གིས་ཆོས་མཉན་པ་གཡར་ཚ་ལགས་སོ། །འདི་ལྟར། གལ་ ཏེ་ལྷ་སྔ་དྲོ་བཞུད་ན། བདག་གིས་ཀྱང་སླད་དྲོ་བཅོམ་ལྡན་འདས་ལ་ཆོས་མཉན་པར་བགྱིའོ། །ཤཱཀྱ་མིང་ཆེན་གྱིས་བསམ་པ། ལྷ་ལ་གསོལ་གྱི། འགྲོའོ། །སྙམ་པ་ལས་ཡང་བསམ་ པ༑ རང་གི་ཆུང་མའི་ཆེད་ལ་ལྷ་ལ་གསོལ་པ་བྱེད་ནི། མི་ཕོད་ཀྱི། ལྷ་ནི། སྐྱེ་རྒུའི་བདག་མོ་ཆེན་མོ་ལ་བཀུར་སྟི་མང་དུ་བྱེད་དེ། དེའི་ཚིག་ཉན་པར་གྱུར་བས། དེ་ལ་དོན་འདི་རིག་ པར་བྱའོ། །སྙམ་ནས། དེ་སྐྱེ་རྒུའི་བདག་མོ་ཆེན་མོ་གོའུ་ཏ་མི་གང་ན་བ་དེར་སོང་སྟེ་ཕྱིན་ནས། སྐྱེ་རྒུའི་བདག་མོ་ཆེན་པོ་གོའུ་ཏ་མི་ལ་དོན་དེ་སྨྲས་པ་དང། དེས་སྨྲས་པ། བཀའ་བཞིན་ འཚལ། ལྷ་ལ་གསོལ་བར་བགྱིའོ། །དེ་ནས་ཤཱཀྱ་མིང་ཆེན་ཁྱིམ་དུ་སོང་ནས་ཤཱཀྱ་རྣམས་ཀྱི་ཆུང་མ་རྣམས་ལ་སྨྲས་པ་དང། དེ་ནས་ཤཱཀྱ་རྣམས་ཀྱི་ཆུང་མ་དང། གཞན་དག་གི་ཆུང་ མ་རྣམས་སྐྱེ་རྒུའི་བདག་མོ་ཆེན་མོ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། སྐྱེ་རྒུའི་བདག་མོ་ཆེན་མོ་གོའུ་ཏ་མི་ལ་འདི་སྐད་ཅེས་སྨྲས་སོ། །གོའུ་ཏ་མི་མཁྱེན་པར་མཛོད་ཅིག་བདག་ཅག་ [335A]༄༅། །གིས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་མདུན་དུ་སྙན་པ་སྙན་པའི་ཆོས་སྦྲང་མའི་སྦྲང་རྩི་དྭངས་མ་ལྟ་བུ་བཤད་པ་ན། འཁོར་བརྒྱ་ཕྲག་དུ་མ་དབང་པོ་རྣམས་ མི་གཡོ་བས། བཅོམ་ལྡན་འདས་ལས་སྙན་པ་སྙན་པའི་ཆོས་ཉན་ཏོ་།ཞེས་ཐོས་ནས། བདག་ཀྱང་བཅོམ་ལྡན་འདས་ལས་ཆོས་དེ་ཐོས་པར་འཚལ་གྱི། བདག་ཅག་གི་ཕྱིར་ལྷ་ལ་ཅི་ ནས་ཀྱང་ལྷ་ནི། སྔ་དྲོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཞུད་ལ། བདག་ཅག་ཀྱང་སླད་དྲོ་མཆི་བར་གསོལ་བ་མཛོད་ཅིག། དེས་སྨྲས་པ། ཕུ་ནུ་མོ་དག། ཁྱོད་ཀྱིས་སེམས་བསྐྱེད་ པ་ལེགས་ཏེ། རྒྱལ་པོ་ཟས་གཙང་ལ་བརྟག་གི་སྐད་ཅིག་སྡོད་ཅིག་།དེ་ནས་སྐྱེ་རྒུའི་བདག་མོ་ཆེན་མོ་གོའུ་ཏ་མི་རྒྱལ་པོ་ཟས་གཙང་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ཟས་ གཙང་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛོད་ཅིག་བདག་གིས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ནས་སྙན་པ་སྙན་པའི་ཆོས་སྦྲང་མའི་སྦྲང་རྩི་ དྭངས་མ་ལྟ་བུ་བཤད་པ་ན། འཁོར་བརྒྱ་ཕྲག་དུ་མ་དབང་པོ་རྣམས་མི་གཡོ་བས། བཅོམ་ལྡན་འདས་ལ་སྙན་པ་སྙན་པའི་ཆོས་ཉན་ཏོ། །ཞེས་ཐོས། ཤཱཀྱའི་མཆིས་བྲང་རྣམས་ ཀྱིས་ཀྱང་དེ་སྐད་ཐོས་ནས་དེ་རྣམས་ཆོས་ཉན་པར་འཚལ་ན། ལྷ་ནི། སྔ་དྲོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཤེགས་པའི་རིགས་སོ་།བདག་གིས་ཀྱང་ཤཱཀྱའི་མཆིས་བྲང་རྣམས་ [335B]བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། སྔ་དྲོ་ནི། དེ་རྣམས་སྡུམ་པའི་བགྱི་བདག་བགྱིད་པས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆི་བའི་སྐབས་ མ་མཆིས་སོ། །རྒྱལ་པོ་ཟས་གཙང་མའི་ཀུན་ཏུ་སྤྱོད་པ་ནི། གང་གི་ཚེ་སྐྱེ་རྒུའི་བདག་མོ་ཆེན་མོ་གོའུ་ཏ་མིས་ཚིག་སྨྲས་པ་དེའི་ཚེ་ལུས་ཀྱི་སྤུ་ཟིང་ཞེས་བྱེད་ནས་ལངས་ཏེ། རེ་ཞིག་སྐྱེ་རྒུའི་བདག་མོ་ ཆེན་མོའི་ཚིག་གི་ལན་མ་བྱིན་པ་དེའི་བར་དུ་མི་འདུག་པ་ཡིན་པས་དེས་མགོ་བོས་བཏུད་ནས་སྨྲས་པ། གོའུ་ཏ་མི། བཀའ་བཞིན་འཚལ། དེ་ནས་སྐྱེ་རྒུའི་བདག་མོ་ཆེན་མོ་གོའུ་ཏ་མི་ཤཱཀྱའི་ ཆུང་མ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་ནྱ་གྲོ་དཧའི་ཀུན་དགའ་ར་བར་སོང་ངོ། །ཇི་ཙམ་ན་ཤཱཀྱ་མིང་ཆེན་གྱི་ཆུང་མ་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་ ནས་དེ་དང་ལྷན་ཅིག་སོང་སྟེ་གཟུགས་དང་ལང་ཚོ་དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པས། འདོད་ཆགས་དང་མ་བྲལ་བ་དག་ཆགས་པ་སྐྱེ་བར་ཞུགས་པ་དེ། ཚེ་དང་ལྡན་པ་ཀུན་དགའ་བོས་ མཐོང་ནས་སྨྲས་པ། སྲིང་མོ། རེ་ཞིག་ཁྱོད་ཀྱིས་རང་བཞིན་གྱི་གཟུགས་ཉིད་ཀྱང་བཟང་མོ་བསྟན་སྡུག་པ་མཛེས་པ་ཡིན་ན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་རྒྱན་ གྱིས་བརྒྱན་ཏེ་འདིར་འོང་བ་གང་ཡིན་པ་དེ་ནི། མ་ལེགས་པ་ཞིག་བྱས་ཏེ། བདག་ཉིད་ཆེན་པོ་འདི་དག་ནི། ཐམས་ཅད་འདོད་ཆགས་དང་བྲལ་བ་ཁོ་ན་ཡང་མ་ཡིན་ནོ། །ཞེས་དེ་ལ་དེ་སྐད་ [336A]༄༅། །ཅེས་སྨྲས་པ་དང། ངོ་ཚ་བ་སྙིང་ལ་ཕོག་པས་སྤྱི་བོ་སྨད་ནས་མཐའ་གཅིག་ཏུ་སོང་སྟེ་རྒྱན་རྣམས་བཀྲོལ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལས། དེའི་མངག་ གཞུག་མ་བུ་མོ་སྐྱེད་མ་ཞེས་བྱ་བ་དང། དེ་ལྷན་ཅིག་ཆོས་མཉན་པའི་ཕྱིར་འོངས་པས་དེས་དེ་ལ་བོས་ཏེ་སྨྲས་པ། སྐྱེད་མ། སོང་ལ་རྒྱན་འདི་དག་ཁྱིམ་དུ་ཞོག་ལ་ཤོག་ཅིག་དེ་རིངས་ པར་སོང་ནས་དེས་ཁྱིམ་དུ་བཞག་སྟེ་སླར་འོངས་སོ། །དེ་ནས་སྐྱེ་རྒུའི་བདག་མོ་ཆེན་མོ་གོའུ་ཏ་མི་འཁོར་ལྔ་བརྒྱ་དང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བས་ཕྱག་འཚལ་ནས་ཕྱོགས་གཅིག་ ཏུ་འདུག་སྟེ་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་བཤད་པ་མཛད་དོ་།ཆོས་བཤད་པ་མཛད་པ་དེའི་ཚེ། ཇི་ཙམ་ན་ཤཱཀྱའི་བུ་མོ་ཞིག་མགུལ་བ་ན་མུ་ཏིག་གི་དོ་ཤལ་བཏགས་པ་ལ་མྱུར་བ་མྱུར་ བར་ལྟ་ཞིང་ལག་པས་ནོམ་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས། མི་རྟག་པ་དང་ལྡན་པའི་ཆོས་བཤད་པར་བརྩམས་སོ། །འོན་ཀྱང་དེས་ཆོས་ལ་མི་གཏོད་ཀྱི། མུ་ཏིག་གི་དོ་ ཤལ་ཁོ་ན་ལ་རྟོག་པར་བྱེད་དོ། །མིང་ཆེན་གྱི་ཆུང་མ་དམ་པས་ཤཱཀྱའི་བུ་མོ་མགུལ་པ་ན་མུ་ཏིག་གི་དོ་ཤལ་བཏགས་པ་ལ་མྱུར་བ་མྱུར་བར་རྟོག་པར་བྱེད་པ་མཐོང་ངོ། །མཐོང་ནས་ ཀྱང་འདི་སྙམ་དུ་སེམས་ཏེ། ཉོན་མོངས་འདི། འདུ་བྱེད་རྣམས་འདི་ལྟར་མི་རྟག་བར་བཤད་ན། མུ་ཏིག་གི་དོ་ཤལ་འདི་ལ་ལྷག་པར་ཆགས་ཏེ་མྱུར་བ་མྱུར་བར་བརྟག་ཏུ་ཅི་ཡོད་ [336B] འདིའི་རྒྱགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །སྙམ་དུ་བསམ་ནས། མངག་གཞུག་མའི་བུ་མོ་སྐྱེད་མ་ལ་སྨྲས་པ། སྐྱེད་མ། སོང་ ལ་ཁོ་མོའི་མུ་ཏིག་གི་དོ་ཤལ་མྱུར་དུ་ཁྱེར་ཏེ་ཤོག་ཅིག་དེ་ཆོས་ཉན་པ་ལ་སེམས་བསྡུས་པས། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་ཧུད་འདི་འདྲ་བའི་ཆོས་འཆད་ན། བདག་རྗེ་མོས་མངགས་ པས་ཆོས་ཀྱི་བར་ཆད་བྱུང་བར་གྱུར་ཏེ། མདོར་ན་བྲན་གྱི་རང་བཞིན་དུ་གྱུར་པ་ནི། རེ་སྡུག་སྙམ་དུ་བསམ་ནས་སྡུག་བསྔལ་དང་ཡིད་མི་བདེ་བས་གདུངས་པས་ཚིགས་སུ་བཅད་པས་སྨྲས་ པ༑ གང་ཡང་སྡིག་པས་དེ་རིང་རྒྱལ་ཞལ་བལྟ་བ་དང། །བདེ་གཤེགས་ཞལ་ནས་དྲི་མེད་ཆོས་མཉན་མི་འཐོབ་པ། །བྲན་དངོས་གཞན་དབང་སྡུག་བསྔལ་མང་པོ་ཐ་ཆད་དེ། །བདག་གི་ འཚོ་བ་སྔོན་བྱས་ལས་ཀྱིས་ཐོབ་པ་ངན། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། བུ་མོ་སྐྱེད་མ་འདི་ནི། སྔོན་གྱི་སངས་རྒྱས་རྣམས་ལ་ལྷག་པར་བྱ་བ་བྱས་པ་ཡིན་མོད་ཀྱི། ཚེ་ ཅུང་ཞིག་ཡོད་པས་འདི་འཁོར་བའི་བཙོན་ར་ནས་དབྱུང་བར་བྱའོ་།སྙམ་དུ་དགོངས་ནས། རྫུ་འཕྲུལ་གྱིས་གྲོ་ག་ལ། དགེ་མ་སྐྱེ་བ་བྱུང་ན་ནི། །འཇིག་པ་ཡིན་པར་བསམ་ནས་སུ། །ངས་ གསུངས་པ་ཡི་དགེ་བ་ལ། །བརྩོན་འགྲུས་བསྐྱེད་ནས་མཉན་པར་བྱ་།ཞེས་བྲིས་ནས་བྱིན་ནོ། །དེ་ནས་བུ་མོ་སྐྱེད་མ་དགའ་བ་དང། མགུ་བ་དང། རངས་པ་དང། ཡིད་བདེ་བ་སྐྱེས་ [337A]༄༅། །ནས་ཚིགས་སུ་བཅད་པ་སྨྲས་བཞིན་སངས་རྒྱས་ལ་དམིགས་པའི་སེམས་ཁོ་ནས་སོང་བ་དང། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་ དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་བྱ་བ་ཡིན་པས། ཚེ་ཅུང་ཞིག་ཡོད་པའི་ལས་ཚོགས་པ་རྙེད་དེ། བ་དྲུས་མ་ཞིག་གིས་བསད་དོ། །དེ་ སངས་རྒྱས་ལ་སེམས་མངོན་པར་དད་པར་བྱས་ཏེ་ཤི་བས། སིངྒ་ལའི་གླིང་དུ་སིངྒ་ལའི་རྒྱལ་པོའི་བཙུན་མོ་དམ་བའི་མངལ་དུ་སྐྱེས་པར་གྱུར་ཏེ། གང་གི་ཉི་མ་ལ་ཉིང་མཚམས་སྦྱར་བ་དེ་ ཁོ་ནའི་ཉིན་པར་མུ་ཏིག་གི་ཆར་པ་བབ་བོ། །རྒྱལ་པོས་ལྟས་མཁན་རྣམས་བཀུག་སྟེ་སྨྲས་པ་དང། དེ་རྣམས་ཀྱིས་སྨྲས་པ། ལྷ། འདི་ནི། སེམས་ཅན་ཞིག་བཙུན་མོའི་ལྷུམས་ སུ་ཞུགས་པ་དེའི་མཐུ་ལགས་སོ། །ཇི་ཙམ་ན་མངལ་གྱི་སྨིན་པར་བྱ་བའི་ཕྱིར་ཏེ། སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་གྲག་ཅིང། གྲང་བ་ན་གྲང་བའི་ཡོ་བྱད་དང། དྲོ་བ་ན་དྲོ་བའི་ཡོ་ བྱད་དང། སྨན་པས་བསྟན་པའི་ཁ་ཟས་ཧ་ཅང་ཁ་བ་མ་ཡིན་པ་དང། ཧ་ཅང་སྐྱུར་བ་མ་ཡིན་པ་དང། ཧ་ཅང་ལན་ཚྭ་ཅན་མ་ཡིན་པ་དང། ཧ་ཅང་མངར་བ་མ་ཡིན་པ་དང། ཧ་ཅང་ རྩུབ་པ་མ་ཡིན་པ་དང། ཧ་ཅང་བསྐ་བ་མ་ཡིན་པ་དང། ཁ་བ་དང། སྐྱུར་བ་དང། ལན་ཚྭ་དང། མངར་བ་དང། རྩུབ་པ་དང་བསྐ་བ་རྣམས་སྤངས་པའི་ཁ་ཟས་ཀྱིས་བསྙེན་ [337B] དོ་ཤལ་དང་སེ་མོ་དོས་ལུས་བརྒྱན་ནས་ལྷའི་བུ་མོ་དགའ་ཚལ་ན་རྒྱུ་བ་བཞིན་དུ་ཁྲི་ནས་ཁྲི་དང། ཁྲིའུ་ནས་ཁྲིའུ་འགྲོ་ཞིང། འོག་གི་ས་ལ་འབབ་པར་མི་བྱེད་དོ། །དེ་ཟླ་ བ་བརྒྱད་དམ་དགུ་འདས་ནས་བུ་མོ་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་ཞིག་བཙས་ཏེ། གང་གི་ཉི་མ་ལ་བཙས་པ་དེ་ཉིད་ཀྱི་ཉིན་པར་ཡང་མུ་ཏིག་གི་ཆར་བབས་ནས་རྒྱལ་པོས་བསམ་པ་ འདི་ཇི་ལྟར་བུ་མོའི་མཐུས་མུ་ཏིག་གི་ཆར་བབས་པ་ནི། དེ་ཉིད་ཀྱི་མུ་ཏིག་ཏུ་འགྱུར་རོ། །ཞེས་དེས་དེ་ཉིད་ལ་བྱིན་ནོ། །དེ་ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་དེས་བཙས་སྟོན་རྒྱ་ཆེར་བྱས་ ནས༑ བུ་མོའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །བློན་པོ་རྣམས་ཀྱིས་སྨྲས་པ། གང་གི་ཕྱིར་འདིའི་མཐུས་མུ་ཏིག་གི་ཆར་བབ་པས། དེ་བས་ན། བུ་མོའི་མིང་མུ་ཏིག་ཅན་ ཞེས་གདགས་སོ། །ཞེས་དེའི་མིང་མུ་ཏིག་ཅན་ཞེས་བྱ་བར་བཏགས་ཏེ་བུ་མོ་མུ་ཏིག་ཅན་མ་མ་བརྒྱད་ལ་གཏད་དེ། པང་ན་འཚོ་བའི་མ་མ་གཉིས་དང། ནུ་མ་སྣུན་པའི་མ་མ་གཉིས་ དང༑ དྲི་མ་འཕྱི་བའི་མ་མ་གཉིས་དང། རྩེན་གྲོགས་ཀྱི་མ་མ་གཉིས་ཏེ། དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང། ཞོ་དང། མར་དང། ཞུན་མར་དང། མར་གྱི་སྙིང་པོ་དང། གཞན་ ཡང༑ ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང། རྫིང་ན་གནས་པའི་པདྨ་བཞིན་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་མོར་གྱུར་པའི་ཚེ་ [338A]༄༅། །རང་གི་རིགས་དང་མཐུན་པའི་སྤྱོད་པ་དང་གནས་པས་རྒྱལ་པོ་ནང་མི་དང་བཅས་པས་ལྷག་པར་བཀུར་སྟི་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན། མཉན་ཡོད་ཀྱི་ ཚོང་པ་རྣམས་ཀྱིས་ནོར་བསྒྲུབ་པའི་ཕྱིར་རྒྱ་མཚོའི་གྲུ་བོ་ཆེ་བསྒྲུབས་ཏེ་རྒྱ་མཚོ་ཆེན་པོར་ཞུགས་པ་དང། དེ་རྣམས་གྲུ་བོ་ཆེ་ཕན་ཕུན་མེད་པར་རླུང་གི་ཤུགས་ཀྱིས་སིངྒ་ལའི་གླིང་དུ་ ཕྱིན་ཏོ། །དེ་ནས་སྣོད་རྣམས་མཁོས་སུ་ཕབ་སྟེ་རྒྱལ་པོའི་ཕོ་བྲང་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་བྲང་བཏབ་བོ། །དེ་རྣམས་ཀྱིས་མཚན་མོའི་ཐུན་ཐ་མ་ལ་ཆེད་དུ་བརྗོད་པ་དང། ཕ་རོལ་ འགྲོ་བྱེད་དང། བདེན་པ་མཐོང་བ་དང། གནས་བརྟན་གྱི་ཚིགས་སུ་བཅད་པ་དང། གནས་བརྟན་མའི་ཚིགས་སུ་བཅད་པ་དང། རི་གནས་ཀྱི་ཚིགས་སུ་བཅད་པ་དང། ཐུབ་པའི་ ཚིགས་སུ་བཅད་པ་དང། དོན་གྱི་ཚོམས་ཀྱི་མདོ་སྡེ་རྣམས་རྒྱས་པར་འདོན་པ་ལ་ཞུགས་པ། མུ་ཏིག་ཅན་ཁྱིམ་གྱི་ནང་ན་འདུག་པས་སྐར་ཁུང་ནས་ཐོས་ནས། དེ་ནས་དེས་རྒྱལ་པོ་ལ་ སྨྲས་པ། ལྷ། ཡུལ་དབུས་ཀྱི་ཚོང་པ་དག་མཆིས་ནས་ཚིག་སྙན་པར་ལེན་ཏོ། །རྒྱལ་པོས་བློན་པོ་དག་ལ་བསྒོ་བ། ཤེས་ལྡན་དག། གླུ་མཁན་རྣམས་ཁུག་ཅིག། དེ་རྣམས་བཀུག་ པ་དང་མུ་ཏིག་ཅན་གྱིས་སྨྲས་པ། ཤེས་ལྡན་དག་ཡུལ་དབུས་ཀྱི་རོལ་མོ་ཅི་འདྲ་བ་ཁོ་མོས་མཉན་གྱི། ལོངས་ཤིག་དེ་རྣམས་ཀྱིས་སྨྲས་པ། ལྷ་མོ། བདག་ཅག་ནི། རོལ་ [338B] བདག་ཅག་ནི། མཉན་ཡོད་ཀྱི་ཚོང་པ་རླུང་གི་ཤུགས་ཀྱིས་འདིར་མཆིས་པ་ལགས་ཏེ། བདག་ཅག་གིས་མཚན་མོའི་ཐུན་ཐ་མ་ལ་སངས་རྒྱས་ཀྱི་གསུང་བཏོན་ཏོ། །མུ་ ཏིག་ཅན་གྱིས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་ཐོས་པ་ཐོས་ནས་སྙིང་དགའ་བས་བ་སྤུ་ཐམས་ཅད་ཟིང་ཞེས་བྱེད་དེ། དེ་ངོ་མཚར་སྐྱེས་ནས་དྲིས་པ། སངས་རྒྱས་ཞེས་བྱ་བ་འདི་ཅི་ཡིན། དེ་རྣམས་ ཀྱིས། སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་རྒྱས་པར་སྨྲ་བར་བརྩམས་ཏེ། ལྷ་མོ། ཤཱཀྱ་རྣམས་ཀྱི་གཞོན་ནུ། གངས་རིའི་ངོས་དང་ཉེ་བ། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་ སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་བྱུང་སྟེ་དེ་བྲམ་ཟེ་མཚན་མཁན་རྣམས་དང། ལྟས་མཁན་རྣམས་ཀྱིས། གལ་ཏེ་ཁྱིམ་པ་ཁྱིམ་ན་གནས་པར་གྱུར་ན། འཁོར་ལོས་ བསྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་འདི་ལྟ་བུ་དག་འབྱུང་བར་འགྱུར་བ་ འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང་རྟ་རིན་པོ་ཆེ་དང། ནོར་བུ་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། ཁྱིམ་བདག་རིན་པོ་ཆེ་དང། བདུན་པ་བློན་པོ་རིན་པོ་ཆེའོ།། དེ་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡང་ཚང་བར་འགྱུར་ཞིང། དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་ [339A]༄༅། །པ་གནོད་པར་བསྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་ འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པའི་སངས་རྒྱས་ཞེས་བྱ་བ་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ། །ཞེས་ལུང་བསྟན་ཏེ། དེ་ལྟ་བུ་ནི། སངས་རྒྱས་ཞེས་བགྱི་བ་ལགས་སོ། །མུ་ཏིག་ཅན་གྱིས་སྨྲས་པ། གང་ གི་ཚེ་ཁྱེད་ཅག་ཡུལ་དུ་འདོང་བ་དེའི་ཚེ་ཁོ་མོ་ལ་སྦྲོན་ཅིག་དེ་རྣམས་ཀྱིས་སྨྲས་པ། ལྷ་མོ། བཀའ་བཞིན་འཚལ། སྦྲན་པར་བགྱིའོ་།ཇི་ཙམ་ན་དེ་རྣམས་ཡུལ་དུ་འདོང་བའི་དུས་ལ་བབ་ ནས། དེ་རྣམས་ཀྱིས་མུ་ཏིག་ཅན་ལ་སྦྲན་པ་དང། དེས་བཅོམ་ལྡན་འདས་ལ་ཡི་གེ་གསོལ་པ། ལྷ་དང་ལྷ་མིན་མི་ཡིས་ཕྱག་བགྱིས་པ་།སྐྱེ་དང་སྙུན་དང་བསྙེངས་ལས་ངེས་བྱུང་ཞིང།། གཙོ་བོ་གྲགས་པ་རྒྱ་ཆེར་རབ་གྲགས་པ། །དྲང་སྲོང་བདུད་རྩིའི་ཆ་ལས་ཐུགས་རྗེས་གནོང། །ཞེས་གསོལ་ཏོ། །དེ་ནས་ཡི་གེ་དེ་ཚོང་པ་དེ་རྣམས་ཀྱིས་ཁྱེར་ནས་རིམ་གྱིས་མཉན་ཡོད་དུ་ ཕྱིན་པ་དང། ལམ་གྱིས་དུབ་པ་ངལ་སོས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་ [339B]ཕྱོགས་གཅིག་ཏུ་འདུག་ནས་མཉན་ཡོད་ཀྱི་ཚོང་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སིངྒ་ལའི་གླིང་ན་སིངྒ་ལའི་རྒྱལ་པོའི་བུ་མོ་དེས། མཆིད་ ཡི་གེ་གསོལ་བ་འདི་ལགས་སོ། །བཅོམ་ལྡན་འདས་ཀྱིས་མུ་ཏིག་ཅན་འདུལ་བའི་དུས་མཁྱེན་ནས་ཉིད་ཀྱིས་བླངས་ཏེ་བཀླགས་སོ། །བཀླགས་ནས་བཀའ་སྩལ་པ། གང་གི་ཚེ་ཁྱེད་ཅག་སླར་འདོང་ པར་གྱུར་པ་དེའི་ཚེ་ངའི་སྙན་དུ་གསོལ་ཅིག་བཙུན་པ། བཀའ་བཞིན་འཚལ་ཞེས་ཚོང་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་དོང་ངོ། །དེ་ནས་ཟོང་བསྒྱུར་ ཏེ་བསྒྱུར་བའི་ཟོང་ཐོགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་གསོལ་བ། བཅོམ་ལྡན་འདས། བདག་ཅག་མཆི་ན། བདག་ཅག་གིས་མུ་ཏིག་ཅན་ལ་ཇི་སྐད་བགྱི་བཀའ་སྩལ་པར་ གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་ལེགས་པར་བྱི་དོར་བྱས་པའི་རས་དང། རི་མོ་མཁན་དག་ཁུག་ཅིག་དེ་རྣམས་ཀྱིས་རས་དང་རི་མོ་མཁན་དག་བཀུག་ནས་ཕུལ་ བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་ལ་དེ་བཞིན་གཤེགས་བའི་སྐུའི་གཟུགས་བརྙན་བྲིས་ཤིག་རི་མོ་མཁན་རྣམས་ཀྱིས་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་བྲི་བར་ བརྩམས་པ་ལས། དེ་བཞིན་གཤེགས་པ་ནི། བསོད་ནམས་བརྒྱ་ཕྲག་དུ་མས་བསྒྲུབས་པ་ཡིན་པས། རི་མོ་མཁན་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུའི་གཟུགས་བརྙན་བྲི་བར་མ་ [340A]༄༅། །ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་སྟོན་ཅིག་དང་འོད་གཏང་ངོ། །དེ་རྣམས་ཀྱིས་རས་བསྟན་པ་དང་བཅོམ་ལྡན་འདས་ཀྱིས་འོད་བཏང་བ་ལ་ རི་མོ་མཁན་རྣམས་ཀྱིས་ཚོན་རྩི་སྣ་ཚོགས་ཀྱིས་རྒྱས་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུའི་གཟུགས་བརྙན་གྱི་འོག་ཏུ་གསུམ་ལ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་ལྔ་ རྣམས་དང། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ལུགས་དང་མཐུན་པ་དང། ལུགས་དང་མི་མཐུན་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་བྲིས་སོ། །གོང་ དུ་ནི། ཚིགས་སུ་བཅད་པ་གཉིས་པོ། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་ པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྲིས་ནས་སིངྒ་ལའི་ རྒྱལ་པོ་ལ་བཀའ་ཡིག་སྤྲིང་པ། རས་ལ་རི་མོ་བྲིས་པ། ངས་མུ་ཏིག་ཅན་ལ་སྐྱེས་སུ་བསྐུར་བ་ཡིན་གྱི། ཁྱོད་ཀྱིས་དེ་ལ་ས་ཕྱོགས་ཡངས་ཤིང་རྒྱ་ཆེ་བར་སིངྒ་ལའི་གླིང་ན་གནས་བའི་ སྐྱེ་བོའི་ཚོགས་བསྡུས་ལ་བཀུར་སྟི་ཆེན་པོས་རས་འདི་ཁྲོམས་ཤིག་།ཚོང་པ་དེ་རྣམས་ལ་བཀའ་སྩལ་པ། གལ་ཏེ་མུ་ཏིག་ཅན་འདི་ཅི་ཡིན་ཞེས་འདྲི་ན། འདི་ནི། བཅོམ་ལྡན་འདས་ [340B] །ཞེས་བརྗོད་པར་བྱའོ། །གལ་ཏེ་འོག་མ་འདི་ཅི་ཡིན་ཞེས་འདྲི་ན། འདི་དག་ནི། གསུམ་ལ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་ལྔ་རྣམས་དང། ལུགས་ དང་མཐུན་པ་དང། ལུགས་དང་མི་མཐུན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ། འགྲོ་བར་འཇུག་པ་དང་ལྡོག་པའོ། །འདི་ནི། བདུད་རྩི་རྟོགས་པའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་ནོ། ། ཞེས་བརྗོད་པར་བྱའོ། །གལ་ཏེ་གོང་མ་འདི་ཅི་ཡིན་ཞེས་འདྲི་ན་སྤྲོ་བར་བྱ་བ་ཡིན་ཏེ། གང་ཞིག་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་ཏེ་ལུགས་དང་མཐུན་པ་དང། ལུགས་ དང་མི་མཐུན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ལ་རྟོག་ཅིང་བརྩོན་འགྲུས་རྩོམ་པ་དེ། བདུད་རྩི་རྟོགས་པའི་འཕགས་པའི་ལམ་ཐོབ་ནས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་བ་ཡིན་ ནོ༑ ༑ཞེས་བརྗོད་པར་བྱའོ། །བཙུན་པ། བཀའ་བཞིན་འཚལ་ཞེས་ཚོང་པ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལས་མཉན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ། །དེ་ནས་དགེ་མཚན་ དང། བཀྲ་ཤིས་དང། བདེ་ལེགས་སུ་གྱུར་བ་དག་བྱས་ཏེ་ཟོང་ཁྱེར་ནས་སིངྒ་ལའི་གླིང་དུ་སོང་སྟེ། རིམ་གྱིས་སིངྒ་ལའི་གླིང་དུ་ཕྱིན་ནས་ལམ་གྱིས་དུབ་པ་ངལ་སོས་ཏེ་རྒྱལ་པོའི་དྲུང་དུ་སོང་ནས་ རྐང་པ་གཉིས་ལ་གཏུགས་ཏེ་ཡི་གེ་བྱིན་ནོ། །རྒྱལ་པོས་ཡི་གེ་བླངས་ཏེ་བཀླགས་ནས་གྲོང་ཁྱེར་དེ། རྡོ་བ་དང། གསེག་མ་དང། གྱོ་མོ་བསལ་ནས་ཙནྡན་གྱི་ཆུས་ཆག་ཆག་བཏབ། རྒྱལ་ [341A]༄༅། །མཚན་དང་བ་དན་བསྒྲེང། དར་གྱི་ཆུན་འཕྱང་མང་བོ་བཏགས། ཤིན་ཏུ་དྲི་ཞིམ་པོའི་བོག་པོར་ཉེ་བར་བཞག་མེ་ཏོག་སྣ་ཚོགས་བཀྲམ་སྟེ་སིངྒ་ལའི་གླིང་ན་གནས་ པའི་སྐྱེ་བོའི་ཚོགས་བསགས་ནས་དེ་ནས་བཀུར་སྟི་ཆེན་པོ་བྱས་ཏེ་གྲོང་ཁྱེར་གྱི་དབུས་སུ་རིན་པོ་ཆེ་སྣ་བཞི་ལས་བྱས་བའི་སེངྒེའི་ཁྲི་བཤམས་ཏེ། རས་ཕྱེ་བ་དང་སྐྱེ་བོའི་ཚོགས་ཆེན་པོས་ སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ་།ཞེས་གསང་བསྟོད་དེ་སྨྲས་སོ། །དེ་ནས་རྒྱལ་པོའི་བུ་མོ་མུ་ཏིག་ཅན་དད་པ་དྲག་པོས་གཏད་པའི་སྙིང་གིས་བ་སྤུ་ཟིང་ཞེས་ བྱེད་ཅིང། མིག་མཆི་མས་གང་པས་ཞབས་གཉིས་ལ་གཏུགས་ཏེ་ཚོང་པ་རྣམས་ལ་དྲིས་པ། ཤེས་ལྡན་དག་འདི་ཅི་ཡིན། དེ་རྣམས་ཀྱིས་སྨྲ་བར་བརྩམས་པ། འདི་ནི། བཅོམ་ ལྡན་འདས་དེའི་སྐུའི་གཟུགས་བརྙན་ལགས་སོ། །འོག་མ་འདི་དག་ཅི་ཡིན། འདི་ནི། གསུམ་ལ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་ལྔ་རྣམས་དང། ལུགས་དང་མཐུན་པ་དང་ ལུགས་དང་མི་མཐུན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ། འགྲོ་བར་འཇུག་པ་དང་ལྡོག་པའོ། །འདི་ནི། བདུད་རྩི་རྟོགས་པར་འགྱུར་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལགས་ སོ། །གོང་མ་འདི་ཅི་ཡིན། སྤྲོ་བར་བགྱི་བ་ལགས་ཏེ། གང་ཞིག་སྐྱབས་སུ་སོང་ནས་བསླབ་པའི་གཞི་རྣམས་བླངས་ཏེ་ལུགས་དང་མཐུན་པ་དང། ལུགས་དང་མི་མཐུན་པའི་རྟེན་ [341B]ཅིང་བརྩོན་འགྲུས་རྩོམ་པ་དེ། བདུད་རྩི་རྟོགས་པའི་ལམ་ཐོབ་ནས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་གྱུར་པ་ལགས་སོ། །དེ་ནས་ མུ་ཏིག་ཅན་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་ལུགས་དང་མཐུན་པ་དང། ལུགས་དང་མི་མཐུན་པ་བསམ་པར་བརྩམས་ཏེ། ཇི་སྲིད་ལན་གསུམ་དུ་མ་བཟླས་པ་དེའི་བར་ དུ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཚིགས་སུ་བཅད་པས་སྨྲས་པ་ རིང་ན་བཞུགས་པའི་སངས་རྒྱས་ཀྱིས། །ཤེས་རབ་མིག་ནི་རྣམ་སྦྱངས་པས། །གང་ལ་འདི་འདྲའི་གསོས་མངའ་བ། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །རིང་ན་བཞུགས་པའི་སངས་རྒྱས་ ཀྱིས། །ལྟ་བའི་རི་བོ་དྲུངས་ཕྱུང་སྟེ། །ལྟ་བའི་ཟུག་རྔུ་སེལ་མཛད་པ། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །ཞེས་ཚིགས་སུ་བཅད་པ་སྨྲས་ནས་ཚོང་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ ལྡན་དག་ཁྱེད་ཅག་ནམ་འདོང་བ་དེའི་ཚེ་ཁོ་མོ་ལ་སྦྲོན་ཅིག་དེ་ནས་ཚོང་པ་རྣམས་ཀྱིས་ཟོང་རྣམས་བསྒྱུར་ཏེ་བསྒྱུར་བའི་ཟོང་རྣམས་ཁྱེར་ནས་མུ་ཏིག་ཅན་གྱི་དྲུང་དུ་སོང་སྟེ། ལྷ་མོ། བདག་ ཅག་ནི། མཆི་ན། བདག་གིས་ཅི་ཞིག་བགྱི་བ་བཀའ་སྩལ་པར་གསོལ་དེས་སྨྲས་པ། ཁོ་མོའི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ལ། གནོད་པ་ [342A]༄༅། །ཆུང་ངམ། ཉམ་ང་བ་ཉུང་ངམ། འྪོའམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་དང་སྐུ་ཉམས་དང་ལྡན་ནམ། བདེ་བ་ལ་རེག་པར་གནས་སམ་ཞེས་ཞུས་ ལ་འདི་སྐད་ཅེས། བཙུན་པ། དགེ་བའི་བཤེས་གཉེན་གྱི་བགྱི་བ་གང་ལགས་པ་དེ། བཅོམ་ལྡན་འདས་ཀྱིས་མཛད་དེ། བདག་གིས་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་ ནས་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་རྣམས་ལས་ནི་རྐང་པ་ཕྱུང། ལྷ་དང་མི་རྣམས་སུ་ནི། བཞག་འཁོར་བ་ལས་ནི་རྒྱང་བསྲིངས། ཁྲག་དང་མཆི་མའི་ རྒྱ་མཚོ་ནི། བསྐམས། རུས་པའི་རི་བོ་ལས་ནི། བསྒྲལ། ངན་སོང་གི་སྒོ་ནི། བཀུམ། མཐོ་རིས་དང་ཐར་པའི་སྒོ་ནི། ཕྱེ། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་པ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་ཏེ་བཙུན་པ། བདག་ནི། འཕགས་སོ། །མངོན་པར་འཕགས་སོ།། བདག་བཅོམ་ལྡན་འདས་དང། ཆོས་དང། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡི། དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོ་བའི་བར་དུ་སྲོག་དང་ཡང་བསྔོས་ཏེ་ སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །ཞེས་གསོལ་ལ། མུ་ཏིག་བྲེ་གསུམ་པོ་འདི་ཁྱེར་ལ་ཆ་གཅིག་ནི། སངས་རྒྱས་ལ། ཆ་གཅིག་ནི། ཆོས་ལ། ཆ་གཅིག་ནི། དགེ་འདུན་ [342B]དེ་ནས་ཚོང་པ་དེ་རྣམས་ཀྱིས་ཟོང་དང་སྐྱེས་བསྐུར་པ་ཡང་ཁྱེར་ཏེ་དོང་ནས་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང། ལམ་གྱིས་དུབ་པ་ངལ་སོས་ནས། བཅོམ་ལྡན་འདས་གང་ན་བ་དེར་ སོང་སྟེ་ཞབས་གཉིས་ལ་གཏུགས་ནས་ཇི་སྐད་སྤྲིང་པ་བཞིན་བཅོམ་ལྡན་འདས་ལ་གསོལ་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཙུན་པ་སྐྱེས་སུ་ཕུལ་བའི་མུ་ཏིག་བྲེ་གསུམ་པོ་འདི་ལགས་ཏེ་ མུ་ཏིག་ཆ་གཅིག་ནི། སངས་རྒྱས་ལ། ཆ་གཅིག་ནི། ཆོས་ལ། ཆ་གཅིག་ནི། དགེ་འདུན་ལ་ཕུལ་ལགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྐྱེས་ འདི་གང་ནས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་ཤཱཀྱ་མིང་ཆེན་གྱི་མངག་གཞུག་མ་སྐྱེད་མ་ཞེས་བྱ་བ། ང་ལས་ཆོས་མཉན་ནས་སོང་བ་ལས། ལམ་ ཀར་བ་དྲུས་མས་བསད་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ་།དེས་ང་ལ་སེམས་དང་པ་བསྐྱེད་དེ་ཤི་བས། སིངྒ་ལའི་རྒྱལ་པོའི་བུ་མོ་མུ་ཏིག་ཅན་ཞེས་བྱ་བར་གྱུར་ཏེ་བདེན་པ་མཐོང་ནས་ དེས་སྐྱེས་བསྐུར་བ་འདི་ཡིན་ནོ། །འདི་ལས་སངས་རྒྱས་ཀྱི་སྐལ་བ་གང་ཡིན་པ་དེས་དྲི་གཙང་ཁང་གི་ཞལ་ཞལ་བྱོས་ཤིག་ཆོས་ཀྱི་གང་ཡིན་པ་དེ་ནི། ཆོས་འཛིན་པའི་གང་ཟག་རྣམས་ལའོ། ། དགེ་འདུན་གྱི་གང་ཡིན་པ་དེ་ནི། དགེ་འདུན་གྱིས་མཉམ་པར་བགོས་ཤིག་།དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་ [343A]༄༅། །བཙུན་པ། མུ་ཏིག་ཅན་གྱིས་ལས་ཅི་ཞིག་བགྱིས་ན། དེས་ན་བྲན་མོར་གྱུར་ལགས། ལས་ཅི་ཞིག་བགྱིས་ན། དེས་རྒྱལ་པོ་ཕྱུག་པོའི་རིགས་སུ་སྐྱེས་ཤིང་བདེན་པ་ མཐོང་བར་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མུ་ཏིག་ཅན་འདི་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་ གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས། མུ་ཏིག་ཅན་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་།གཞན་སུ་ཞིག་གིས་སོ་སོར་མྱོང་བར་ འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ ཁམས་ལ་མི་འགྱུར་གྱི། འདི་ལྟར། ལས་དགེ་བ་དང་མི་དགེ་བ་དག་བྱས་ཤིང་བསགས་པ་དག་ནི། ཟིན་པའི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པར་སྨིན་པར་འགྱུར་ ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་ བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། འཇིག་རྟེན་དུ་སྟོན་པ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ [343B] ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས། དེས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་བུད་ཤིང་ ཟད་པའི་མེ་བཞིན་དུ་ཝཱ་ར་ཎཱ་སིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དང་རྒྱལ་པོ་ཀྲི་ཀྲིས་དེའི་སྐུ་དྲི་ཞིམ་པོའི་ཤིང་ཐམས་ཅད་ཀྱིས་སྤུངས་ ཏེ། སྤུངས་ནས་བཀུར་སྟི་ཆེན་པོས་བསྲེགས་ཏེ། མེ་དེ་འོ་མས་བསད་ནས་སྐུ་གདུང་དེ་རྣམས་གསེར་གྱི་བུམ་པར་བླུགས་ཏེ་ལམ་པོ་ཆེའི་བཞི་མདོར་རིན་པོ་ཆེ་སྣ་བཞི་ལས་བྱུང་བའི་མཆོད་རྟེན་ཁོ་ར་ ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་དཔག་ཚད་ཕྱེད་པ་ཞིག་བརྩིགས་ནས་དུས་མཆོད་ཆེན་པོ་བཙུགས་སོ། །ཝཱ་ར་ཎཱ་སི་ན་ཚོང་དཔོན་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་ སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུལ་ནོར་གྱིས་འགྲན་བ་ཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དང་ལྷན་ཅིག་རྩེ་བར་བྱེད་ དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཀྱང་དེ་ལ་བུ་ཕོ་ཡང་མེད། བུ་མོ་ཡང་མེད་ནས། དེ་ལག་པ་འགྲམ་པ་ལ་ གཏད་ནས་བདག་གི་ཁྱིམ་དུ་ནོར་ཕལ་པོ་ཆེ་བསགས་ཀྱང་བདག་ལ་བུ་ཕོ་ཡང་མེད། བུ་མོ་ཡང་མེད་པས། བདག་ཤི་ནས་བདོག་པ་ཐམས་ཅད་བུ་མེད་དོ་ཞེས་བྱས་ཏེ། རྒྱལ་པོས་དབང་བྱེད་ [344A]༄༅། །པར་འགྱུར་རོ། །སྙམ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་དེ་ལ་དགེ་སྦྱོང་དང། བྲམ་ཟེ་དང། གྲོགས་པོ་དང། མཛའ་བཤེས་དང། ཉེ་དུ་དང། ལྟས་མཁན་རྣམས་ ཀྱིས་སྨྲས་པ། ལྷ་མཉེས་པར་བྱོས་ཤིག་དང་ཁྱོད་ལ་བུ་ཡོད་པར་འགྱུར་རོ། །དེ་བུ་མེད་དེ། བུ་མངོན་པར་འདོད་པས། ཞི་བ་དང། ཆུ་ལྷ་དང། ལུས་ངན་དང། བརྒྱ་བྱིན་དང། ཚངས་པ་ ལ་སོགས་པ་གཞན་ཡང་ལྷ་ཁྱད་པར་ཅན་རྣམས་ལ་གསོལ་བ་འདེབས་པ་འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང། ནགས་ཚལ་གྱི་ལྷ་དང་བཞི་མདོའི་ལྷ་དང། སུམ་མདོའི་ལྷ་དང། གཏོར་ མ་ལེན་པའི་ལྷ་དང། ལྷན་ཅིག་སྐྱེས་པའི་ལྷ་དང། ཆོས་མཐུན་པ་དང། རྟག་ཏུ་རྗེས་སུ་འབྲང་བའི་ལྷ་ལ་ཡང་གསོལ་བ་འདེབས་སོ་།འདི་ལྟར། གསོལ་བ་འདེབས་པའི་རྒྱུས་བུ་ཕོ་དང་ བུ་མོ་སྐྱེ་བར་འགྱུར་རོ། །ཞེས་འཇིག་རྟེན་ན་དེ་སྐད་དུ་གྲགས་པ་ཡོད་དེ། དེ་ཡང་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་འགྱུར་ན་ནི། རེ་རེ་ལ་ཡང་དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞིན་ དུ་བུ་སྟེང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་གསུམ་མངོན་དུ་གྱུར་པ་ལས་བུ་ཕོ་དང་བུ་མོ་སྐྱེས་པར་འགྱུར་ཏེ། གནས་གསུམ་གང་ཞེ་ན། ཕ་དང་མ་གཉིས་ཆགས་པར་གྱུར་ཅིང་ལྷན་ཅིག་ འདུས་པ་དང། མ་མངལ་རུང་བར་གྱུར་ཅིང་ཟླ་མཚན་དང་ལྡན་པ་དང། དྲི་ཟ་ཉེ་བར་གནས་པར་གྱུར་པ་སྟེ། གནས་དེ་གསུམ་མངོན་དུ་གྱུར་པ་ལས་བུ་ཕོ་དང་བུ་མོ་སྐྱེ་བར་འགྱུར་བ་ཡིན་ [344B] དེས་བུ་ཡོད་པའི་ལས་མ་བྱས་པས། དེས་ན་དེ་ལ་བུ་ཕོ་དང་བུ་མོ་མེད་དོ། །ཇི་ཙམ་ན་དེ་ནད་ཀྱིས་ཐེབས་ནས། དེ་རྩ་བ་དང། སྡོང་བུ་དང། ལོ་མ་དང། མེ་ཏོག་དང་ འབྲས་བུའི་སྨན་རྣམས་ཀྱིས་བསྙེན་བཀུར་བྱས་ཀྱང། དེའི་ནད་ཞི་བར་མ་གྱུར་ཏོ། །དེ་ནས་དེའི་ཆུང་མས་བསམ་པ། བདག་གི་ཁྱིམ་ན་ནོར་ཕལ་མོ་ཆེ་བསགས་པ་ནི། བདག་ལ་བུ་ཕོ་ཡང་མེད་ བུ་མོ་ཡང་མེད་ལ། བདག་གི་ཁྱིམ་ཐབ་འདི་ནི། འཆི་བར་འགྱུར་གྱི་ད་ནི། གལ་ཏེ་འཇིག་རྟེན་ཕ་རོལ་གྱི་ལམ་རྒྱགས་མ་བླངས་ན། ནོར་ཟས་འདི་ཐམས་ཅད་བདག་ལ་བུ་མེད་དོ་ཞེས་བྱས་ ནས་རྒྱལ་པོས་དབང་བྱེད་པར་འགྱུར་རོ། །སྙམ་ནས། དེའི་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་མགུལ་ན་ཐོགས་པ་དེས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་དེ་ལ་དྲི་དང་ བྱུག་པས་བྱུགས་ནས་མཆོད་པ་བྱས་ཏེ་བཏགས་ནས་དད་པ་དྲག་པོས་དྲུང་དུ་གཏུགས་ཏེ་སྨོན་ལམ་བཏབ་པ། སྦྱིན་པའི་ཆོས་ཡོངས་སུ་བཏང་བ་དང། སེམས་བསྐྱེད་པའི་དགེ་བའི་རྩ་བ་འདིས་ བདག་ཕྱུག་པོའི་རིགས་སུ་སྐྱེ་ཞིང་ཡོན་ཏན་འདི་ལྟ་བུ་ཡང་ཐོབ་ཅིང། སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་ཀྱི། མི་མཉེས་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས་ དེའི་ཚེ་དེའི་དུས་ཀྱི་ཚོང་དཔོན་གྱི་ཆུང་མ་གང་ཡིན་པ་དེ་ནི་མུ་ཏིག་ཅན་འདི་ཉིད་ཡིན་ཏེ། འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་བྱ་བ་བྱས་ནས་སྨོན་ལམ་ [345A]༄༅། །བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཕྱུག་པོའི་རིགས་སུ་སྐྱེས་ཤིང་བཙས་པ་ན་མུ་ཏིག་གི་ཆར་བབ་བོ་།ངའི་བསྟན་པ་ལ་ཡང་དད་པ་སྐྱེས་པས་འཇིག་ ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ་།གཞན་ཡང། ཚོང་དཔོན་ནོར་མང་དུ་བསགས་པ་དེའི་ཆུང་མར་ གྱུར་པ་ན། དེ་ན་འདིས་དབང་ཕྱུག་གི་དྲེགས་པས་རྒྱགས་ནས་སྤྱོད་ཡུལ་ན་གནས་པའི་འཇིག་རྟེན་ཐམས་ཅད་ལ་ཚིག་ཏུ་བྲན་མོའི་བུ་ཞེས་སྨྲས་པས། དེའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རབས་ མང་པོར་བྲན་མོར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན། ལས་གཅིག་ཏུ་ནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི། གཅིག་ཏུ་ནག་པ་ཡིན་ཞིང། གཅིག་ཏུ་དཀར་བ་རྣམས་ཀྱི་ནི། གཅིག་ ཏུ་དཀར་ལ། འདྲེན་མ་རྣམས་ཀྱི་ནི། འདྲེན་མ་ཡིན་ནོ། །དེ་བས་ན་དགེ་སློང་དག་གཅིག་ཏུ་ནག་པའི་ལས་རྣམས་དང། འདྲེན་མ་རྣམས་ནི། སྤངས་ལ། གཅིག་ཏུ་དཀར་བའི་ ལས་ཁོ་ན་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཆ་གང་ཡིན་པ་དེ་ནི། ཆོས་སྨྲ་བའི་གང་ཟག་རྣམས་ཀྱི་ཡིན་ ནོ། །ཞེས་གསུངས་པ་དང། དེ་ལ་མདོ་སྡེ་འཛིན་པ་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་ནི། བཅོམ་ལྡན་འདས་ཀྱི་མདོ་སྡེ་མཐའ་དག་འཛིན་པས་ཁོ་བོ་ཅག་ཆོས་འཛིན་པ་ཡིན་པས་ [345B] ཁོ་བོ་ཅག་དབང་ངོ། །འདུལ་བ་འཛིན་པ་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་ནི། བཅོམ་ལྡན་འདས་ཀྱི་ནང་གི་མཛོད་སྲུང་ཞིང་ཁོ་བོ་ཅག་འདུལ་བ་མཐའ་དག་འཛིན་པས་ཁོ་བོ་ཅག་ཆོས་ འཛིན་པ་ཡིན་པས། རྙེད་པ་འདི་ནི། ཁོ་བོ་ཅག་དབང་ངོ། །མ་མོ་འཛིན་པ་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་ནི། མདོ་སྡེ་དང་འདུལ་བའི་རང་གི་མཚན་ཉིད་དང། སྤྱིའི་མཚན་ཉིད་འཛིན་པས་ཁོ་བོ་ ཅག་ཆོས་འཛིན་པ་ཡིན་པས། རྙེད་པ་འདི་ནི། ཁོ་བོ་ཅག་དབང་ངོ་ཞེས་དེ་ན་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རྣམས་འཐབ་པ་དང། མཚང་འདྲུ་བ་དང། འཐབ་ མོ་དང། འགྱེད་པ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མ་འཐབ་ཅིག་།མཚང་མ་འདྲུ་ཞིག་འཐབ་མོ་མ་བྱེད་ཅིག་མ་ འགྱེད་ཅིག་དགེ་སློང་དག་བཞི་པོ་འདི་དག་ནི། རྩོད་པ་ཡིན་ཏེ་བཞི་གང་ཞེ་ན། འགྱེད་པའི་རྩོད་པ་དང། གདམས་ངག་མེད་པའི་རྩོད་པ་དང། ལྟུང་བའི་རྩོད་པ་དང། བྱ་བའི་རྩོད་ པའོ། །འགྱེད་པའི་རྩོད་པ་གང་ཞེ་ན། དགེ་འདུན་སྣ་ཚོགས་སུ་སྨྲ་བ། འགལ་བར་སྨྲ་བ། རིགས་མི་འཕྲོད་པར་སྨྲ་བ། མི་མཐུན་པ། ཀུན་ཏུ་མི་དགའ་བ། རྒྱུད་གཅིག་ཏུ་མ་གྱུར་པ་གང་ ཡིན་པ་དེ་ལ་བརྟེན་ཏེ་འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་གང་ཡིན་པ་འདི་ནི། འགྱེད་པའི་རྩོད་བ་ཞེས་བྱའོ། །གདམས་ངག་མེད་པའི་རྩོད་པ་གང་ཞེ་ན། དགེ་ [346A]༄༅། །འདུན་གདམས་ངག་མི་ལེན་པ་དང། གདམས་ངག་མི་སྦྱིན་པ་དང། གདམས་ངག་བཞག་པ་གང་ཡིན་པ་དེ་ལ་བརྟེན་ནས་འཐབ་པ་དང། མཚང་འདྲུ་བ་དང། འཐབ་ མོ་དང། འགྱེད་པ་གང་ཡིན་པ་འདི་ནི། གདམས་ངག་མེད་པའི་རྩོད་པ་ཞེས་བྱའོ། །ལྟུང་བའི་རྩོད་པ་གང་ཞེ་ན། ལྟུང་བ་ལྔ་ནི། ལྟུང་བའི་ཕུང་པོ་ལྔ་ཞེས་བྱ་སྟེ། ལྔ་གང་ཞེ་ན། ཕས་ཕ་མ་ པ་དང། དགེ་འདུན་ལྷག་མ་དང། ལྟུང་བྱེད་དང། སོ་སོར་བཤགས་པར་བྱ་བ་དང། ཉེས་བྱས་གང་ཡིན་པ་དེ་ལ་བརྟེན་ནས་འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་ གང་ཡིན་པ་འདི་ནི། ལྟུང་བའི་རྩོད་པ་ཞེས་བྱའོ། །བྱ་བའི་རྩོད་པ་གང་ཞེ་ན། དགེ་འདུན་གྱི་བྱ་བ་གསོལ་བ་དང། གསོལ་བ་དང་གཉིས་དང། གསོལ་བ་དང་བཞིའི་ལས་གང་ཡིན་པ་དེ་ ལ་བརྟེན་ནས་འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང་འགྱེད་པ་གང་ཡིན་པ་དེ་ནི། བྱ་བའི་རྩོད་པ་ཞེས་བྱའོ། །དགེ་སློང་དག་འགྱེད་པ་ནི། ཅི་ཞིག་གི་རྩ་བ་ཅན་ཡིན་ཞིང་ འགྱེད་པའི་རྩོད་པའི་རྩ་བ་ནི། ཅི་ཡིན་ཞེ་ན། འགྱེད་པའི་རྩ་བ་དྲུག་དང། འགྱེད་པར་བྱེད་པའི་གཞི་བཅུ་བཞི་སྟེ། འགྱེད་པའི་རྩ་བ་དྲུག་གང་ཞེ་ན། འདི་ལྟར། འདི་ན་ལ་ལ་ཁྲོ་བ་ཡིན་ ཞིང་འཁོན་དུ་འཛིན་པ་ཡིན་ཏེ། ཁྲོ་ཞིང་འཁོན་དུ་འཛིན་པ་གང་ཡིན་པ་དེ་ནི། སྟོན་པ་ལ་བཀུར་སྟི་མི་བྱེད། བླ་མར་མི་བྱེད། རི་མོར་མི་བྱེད། མཆོད་པར་མི་བྱེད་དོ། །སྟོན་པ་ལ་ [346B] བླ་མར་མ་བྱས། རི་མོར་མ་བྱས། མཆོད་པར་མ་བྱས་པས་ཆོས་མི་མཐོང་ངོ། །ཆོས་མ་མཐོང་བས་དགེ་སྦྱོང་གི་ཚུལ་ལ་མི་ལྟའོ། །དགེ་སྦྱོང་གི་ཚུལ་ལ་མི་ལྟ་ན། དགེ་འདུན་ལ་ འདི་ལྟ་བུའི་འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང་འགྱེད་པ་འབྱིན་པར་བྱེད་དོ། །འཐབ་པ་དང། མཚང་འདྲུ་བ་དང་འཐབ་མོ་དང། འགྱེད་པ་གང་ཡིན་པ་དེ་ནི། སྐྱེ་བོ་མང་པོ་ལ་ ཕན་པ་མ་ཡིན་པ་དང། སྐྱེ་བོ་མང་པོ་ལ་གནོད་པ་དང། སྐྱེ་བོ་མང་པོ་ལ་སྡུག་བསྔལ་བ་དང། ལྷ་དང་མི་རྣམས་ལ་མི་ཕན་པ་དང། གནོད་པ་དང། སྡུག་བསྔལ་བར་བྱེད་པ་ཡིན་ནོ། །དགེ་སློང་ དག་གལ་ཏེ་ཁྱོད་ཀྱིས་འགྱེད་པའི་རྩ་བ་དེ་ལྟ་བུ་ནང་གིའམ་ཕྱི་རོལ་གྱི་ཡང་རུང། མ་སྤངས་པར་ཡང་དག་པར་མཐོང་ན། དེ་ལ་ཁྱེད་ཅག་ལྷན་ཅིག་མཐུན་ཞིང་ཀུན་ཏུ་དགའ་བ་དང། འགྱེད་པ་ མེད་པས་འདུན་པ་དྲག་པོ་དང། བརྩོན་འགྲུས་དང། འབད་པ་དང་སྤྲོ་བ་དང། སྒྲིམ་པ་དང། མི་ལྡོག་པའི་དྲན་པ་དང། ཤེས་བཞིན་གྱིས་ཇི་ཙམ་འགྱེད་པའི་རྩ་བ་བྱུང་བ་དེ་ཉིད་སྤངས་ཀྱི་ བར་དུ་བརྩོན་པར་བྱའོ། །དེ་ལྟར་ན། ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ཡང་སྤོང་བར་འགྱུར་རོ། །དགེ་སློང་དག་གལ་ཏེ་ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ལྟ་བུ་ནང་གི་ཡང་རུང། ཕྱིའི་ཡང་རུང་ལེགས་ པར་སྤངས་པར་ཡང་དག་པར་མཐོང་ན། དེ་ལ་ཁྱེད་ཅག་ལྷན་ཅིག་མཐུན་ཞིང་ཀུན་ཏུ་དགའ་བ་དང། འགྱེད་པ་མེད་པས། འདུན་པ་དྲག་པོ་དང། བརྩོན་འགྲུས་དང། འབད་པ་དང། སྤྲོ་བ་ [347A]༄༅། །དང། སྒྲིམ་པ་དང། མི་ལྡོག་པའི་དྲན་པ་དང། ཤེས་བཞིན་གྱིས་ཅི་ནས་ཀྱང་རྩོད་པའི་རྩ་བ་སྤངས་པ་དེ་ཉིད་ཕྱིར་ཡང་མི་འབྱུང་བར་བརྩོན་པར་བྱ་སྟེ། དེ་ལྟར་ན་ ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ཡང་དག་པར་ལེགས་པར་བསལ་བས་ཕྱིས་སྐྱེ་བར་མི་འགྱུར་རོ།། །།འདུལ་བ་གཞི། བམ་པོ་དོན་བརྒྱད་པ། ཁྲོ་ཞིང་འཁོན་དུ་འཛིན་པ་ཇི་ལྟ་བ་བཞིན་ དུ། འཆབ་ཅིང་འཚིག་པ་དང། ཕྲག་དོག་བྱེད་ཅིང་སེར་སྣ་ཅན་དང། གཡོ་བྱེད་ཅིང་སྒྱུ་ཅན་དང། ངོ་ཚ་མེད་ཅིང་ཁྲེལ་མེད་པ་ཡང་དེ་དང་འདྲའོ། །གཞན་ཡང། འདི་ན་ལ་ལ་རང་གི་ལྟ་བ་ མཆོག་ཏུ་འཛིན་པ་ཡིན་ཞིང་འཆབ་པའི་འཛིན་པ་དང། སྨྲས་པ་ལ་དང་ན་ཐེན་བྱེད་པ་ཡིན་ཏེ། རང་གི་ལྟ་བ་མཆོག་ཏུ་འཛིན་པ་འཆབ་པ་འཛིན་པ། སྨྲས་པ་ལ་དང་ན་འཐེན་བྱེད་པ་གང་ ཡིན་པ་དེ་ནི། སྟོན་པ་ལ་བཀུར་སྟི་མི་བྱེད། བླ་མར་མི་བྱེད། རི་མོར་མི་བྱེད། མཆོད་པར་མི་བྱེད་དོ། །དེ་སྟོན་པ་ལ་བཀུར་སྟི་མ་བྱས། བླ་མར་མ་བྱས། རི་མོར་མ་བྱས། མཆོད་པར་ མ་བྱས་པས་ཆོས་མི་མཐོང་ངོ། །ཆོས་མི་མཐོང་བས་དགེ་སྦྱོང་གི་ཚུལ་ལ་མི་ལྟའོ། །དགེ་སྦྱོང་གི་ཚུལ་ལ་མི་ལྟ་ན། དགེ་འདུན་ལ་དེ་ལྟ་བུའི་འཐབ་པ་དང། མཚང་འདྲུ་བ་དང། འཐབ་ མོ་དང། འགྱེད་པ་འབྱིན་པར་བྱེད་དོ། །འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་གང་ཡིན་པ་ནི། སྐྱེ་བོ་མང་པོ་ལ་ཕན་པ་མ་ཡིན་པ་དང། སྐྱེ་བོ་མང་པོ་ལ་ [347B] སྐྱེ་བོ་མང་པོ་ལ་སྡུག་བསྔལ་བ་དང། ལྷ་དང་མི་རྣམས་ལ་མི་ཕན་པ་དང། གནོད་པ་དང། སྡུག་བསྔལ་བར་བྱེད་པ་ཡིན་ནོ། །དགེ་སློང་དག་གལ་ཏེ་ཁྱེད་ཀྱིས་འགྱེད་པའི་རྩ་བ་ དེ་ལྟ་བུ་ནང་གི་ཡང་རུང། ཕྱིའི་ཡང་རུང། མ་སྤངས་པར་ཡང་དག་པར་མཐོང་ན། དེ་ལ་ཁྱེད་ཅག་ལྷན་ཅིག་མཐུན་ཞིང་ཀུན་ཏུ་དགའ་བ་དང། འགྱེད་པ་མེད་པས་འདུན་པ་དྲག་པོ་དང། བརྩོན་ འགྲུས་དང། འབད་པ་དང། སྤྲོ་བ་དང། སྒྲིམ་པ་དང། མི་ལྡོག་པའི་དྲན་པ་དང། ཤེས་བཞིན་གྱིས་ཇི་ཙམ་འགྱེད་པའི་རྩ་བ་བྱུང་བ་དེ་ཉིད་སྤོང་པའི་བར་དུ་བརྩོན་པར་བྱ་སྟེ། དེ་ལྟར་ན། ཁྱོད་ ཀྱིས་འགྱེད་པའི་རྩ་བ་དེ་སྤོང་བར་འགྱུར་རོ། །དགེ་སློང་དག་།གལ་ཏེ་ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ལྟ་བུ། ནང་གི་ཡང་རུང། ཕྱིའི་ཡང་རུང། ལེགས་པར་སྤངས་པར་ཡང་དག་པར་ མཐོང་ན། དེ་ལ་ཁྱེད་ཅག་ལྷན་ཅིག་མཐུན་ཞིང་ཀུན་ཏུ་དགའ་བ་དང། འགྱེད་པ་མེད་པས་འདུན་པ་དྲག་པོ་དང། བརྩོན་འགྲུས་དང་འབད་པ་དང། སྤྲོ་བ་དང། སྒྲིམ་པ་དང། མི་ལྡོག་ པའི་དྲན་པ་དང། ཤེས་བཞིན་གྱིས་ཅི་ནས་ཀྱང་འགྱེད་པའི་རྩ་བ་སྤངས་པ་དེ་ཉིད་ཕྱིས་ཀྱང་མི་འབྱུང་བར་བརྩོན་པར་བྱ་སྟེ། དེ་ལྟར་ན། ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ཡང་དག་པར་ལེགས་ པར་བསལ་པས། ཕྱིས་སྐྱེ་བར་མི་འགྱུར་རོ། །འདི་དག་ནི། འགྱེད་པའི་རྩ་བ་དྲུག་ཅེས་བྱའོ། །འགྱེད་པར་བྱེད་པའི་གཞི་བཅུ་བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སོ། །ཞེ་འམ་ [348A]༄༅། །ཆོས་མ་ཡིན་ནོ། །ཞེའམ། འདུལ་བའོ། །ཞེའམ། འདུལ་བ་མ་ཡིན་ནོ། །ཞེའམ། ལྟུང་བའོ། །ཞེའམ། ལྟུང་བ་མ་ཡིན་པའོ་།ཞེའམ། ལྕི་བའམ། ཡང་བའམ་ ལྷག་མ་དང་བཅས་པའམ། ལྷག་མ་མེད་པའམ། བཤགས་པར་བྱ་བའམ་བསྡམ་པར་བྱ་བའམ། ཉེས་བར་བཤད་པར་གཏོགས་པའམ། ལེགས་པར་བཤད་པར་གཏོགས་པ་ སྟེ༑ འདི་དག་ནི། འགྱེད་པར་བྱེད་པའི་གཞི་བཅུ་བཞི་ཞེས་བྱའོ་།དགེ་སློང་དག་འགྱེད་པའི་རྩོད་པ་ནི། དེའི་རྩ་བ་ཅན་ཡིན་ཞིང། འགྱེད་པའི་རྩོད་པའི་རྩ་བ་ནི། དེ་ཡིན་ནོ། །དགེ་ སློང་དག་གདམས་ངག་མེད་པའི་རྩོད་པ་ནི། ཅི་ཞིག་གི་རྩ་བ་ཅན་ཡིན་ཞིང། གདམས་ངག་མེད་པའི་རྩོད་པའི་རྩ་བ་ནི། ཅི་ཡིན་ཞེ་ན། དགེ་འདུན་གདམས་ངག་མི་ལེན་པ་དང་ གདམས་ངག་མི་སྦྱིན་པ་དང། གདམས་ངག་བཞག་པ་གང་ཡིན་པ་དེ་ལ་བརྟེན་ནས་འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང་འགྱེད་པ་གང་ཡིན་པ་སྟེ། དགེ་སློང་དག་ གདམས་ངག་མེད་པའི་རྩོད་པ་ནི། དེའི་རྩ་བ་ཅན་ཡིན་ཞིང་གདམས་ངག་མེད་པའི་རྩོད་པའི་རྩ་བ་ནི། དེ་ཡིན་ནོ། །དགེ་སློང་དག་ལྟུང་བའི་རྩོད་པ་ནི། ཅི་ཞིག་གི་རྩ་བ་ ཅན་ཡིན་ཞིང། ལྟུང་བའི་རྩོད་པའི་རྩ་བ་ནི། ཅི་ཡིན་ཞེ་ན་ལྟུང་བའི་རིགས་ལྔ་ནི། ལྟུང་བའི་རིགས་དང། ལྟུང་བའི་ཕུང་པོ་ཞེས་བྱ་སྟེ། ལྔ་གང་ཞེ་ན། ཕས་ཕམ་པ་ [348B] དགེ་འདུན་ལྷག་མ་དང། ལྟུང་བྱེད་དང། སོ་སོར་བཤགས་པར་བྱ་བ་དང། ཉེས་བྱས་སོ། །གཞན་ཡང། ལུས་ཀྱི་ལྟུང་བ་ཡིན་གྱི། ངག་གི་མ་ཡིན། སེམས་ཀྱི་མ་ཡིན་པ་ཡང་ ཡོད། ངག་གི་ཡིན་གྱི། ལུས་ཀྱི་མ་ཡིན། སེམས་ཀྱི་མ་ཡིན་པའང་ཡོད་ལུས་ཀྱི་དང་སེམས་ཀྱི་ཡིན་གྱི། ངག་གི་མ་ཡིན་པ་ཡང་ཡོད། ལུས་དང་ངག་དང་སེམས་ཀྱི་ཡིན་པ་ཡང་ཡོད་ དོ༑ ༑ལུས་ཀྱི་ལྟུང་བ་ཡིན་གྱི། ངག་གི་མ་ཡིན། སེམས་ཀྱི་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང། ཁྱིམ་པའམ། བསྙེན་པར་མ་རྫོགས་པའི་ཕྱིར་མ་བྱུང་བར་ཁྱིམ་པའམ། བསྙེན་ པར་མ་རྫོགས་པའི་ཕྱིར་བྱུང་ངོ། །སྙམ་ནས་ཉལ་བར་བྱེད་པ་ན། དེ་གཉིད་ལོག་པ་དང། བུད་མེད་ཉལ་བའམ། གཉིད་ལོག་ནས་ཁྲི་སྟན་ཆེན་པོའི་སྟེང་དུ་བཞག་པ་སྟེ། འདི་ནི། ལུས་ཀྱི་ལྟུང་ བ་ཡིན་གྱི། ངག་གི་མ་ཡིན། སེམས་ཀྱི་མ་ཡིན་ནོ། །ངག་གི་ལྟུང་བ་ཡིན་གྱི། ལུས་ཀྱི་མ་ཡིན། སེམས་ཀྱི་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་བུད་མེད་ལ་ཆོས་ཚིག་ལྔ་འཆད་ པ་ལས་ཆེད་དུ་མ་བསམ་པར་ཚིག་དྲུག་ཏུ་ཐལ་བའམ། ཚིག་དྲུག་འཆད་པ་ན་ཚིག་བདུན་ཐལ་བ་སྟེ། འདི་ནི། ངག་གི་ལྟུང་བ་ཡིན་གྱི། ལུས་ཀྱི་མ་ཡིན། སེམས་ཀྱི་མ་ཡིན་ནོ། །ལུས་ དང་སེམས་ཀྱི་ལྟུང་བ་ཡིན་གྱི། ངག་གི་མ་ཡིན་པ་གང་ཞེ་ན་འདི་ལྟ་སྟེ། དགེ་སློང་གིས་ཆེད་དུ་བསམ་སྟེ་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་སྲོག་དང་ཕྲལ་ནས་འདི་སྐད་ཅེས། ཇི་ [349A]༄༅། །ལྟར་བདག་གིས་བསད་པ་དེ་བཞིན་དུ་སྲོག་ཆགས་སྲོག་དང་དབྲལ་བར་བྱ་སྟེ། དེ་ལྟར་བསད་པ་ནི། དེ་ལེགས་པར་བསད་པ་ཡིན་ནོ། །ཞེས་མི་སྨྲ་ཞིང། མ་བྱིན་པར་ ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། མྱོས་པར་འགྱུར་བ་འཐུང་ལ། འདི་སྐད་ཅེས། ཇི་ལྟར་བདག་གིས་འཐུངས་པ་དེ་བཞིན་དུ་མྱོས་པར་འགྱུར་བ་བཏུང་བར་བྱ་སྟེ། དེ་ལྟར་ འཐུངས་པ་ནི། ལེགས་པར་འཐུངས་པ་ཡིན་ནོ། །ཞེས་མི་སྨྲ་བ་སྟེ་འདི་ནི། ལུས་དང། སེམས་ཀྱི་ལྟུང་བ་ཡིན་གྱི། ངག་གི་མ་ཡིན་ནོ་།ལུས་དང་ངག་དང་སེམས་ཀྱི་ལྟུང་བ་གང་ ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་ཆེད་དུ་བསམ་སྟེ། དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་སྲོག་དང་ཕྲལ་ལ། འདི་སྐད་ཅེས། ཇི་ལྟར་བདག་གིས་བསད་པ་དེ་བཞིན་དུ་སྲོག་ ཆགས་སྲོག་དང་དབྲལ་བར་བྱ་སྟེ། དེ་ལྟར་བསད་པ་ནི། ལེགས་པར་བསད་པ་ཡིན་ནོ། །ཞེས་སྨྲ་ཞིང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། མྱོས་པར་ འགྱུར་བའི་ཆང་འཐུངས་ལ། འདི་སྐད་ཅེས། ཇི་ལྟར་བདག་གིས་འཐུངས་པ་དེ་བཞིན་མྱོས་པར་འགྱུར་བ་བཏུང་བར་བྱ་སྟེ། དེ་ལྟར་མྱོས་པར་འགྱུར་བ་འཐུངས་པ་ནི། ལེགས་པར་ འཐུངས་པ་ཡིན་ནོ། །ཞེས་སྨྲ་བ་སྟེ། འདི་ནི། ལུས་དང་ངག་དང་སེམས་ཀྱི་ལྟུང་བ་ཡིན་ཏེ། དགེ་སློང་དག་ལྟུང་བའི་རྩོད་པ་ནི་དེའི་རྩ་བ་ཅན་ཡིན་ཞིང། ལྟུང་བའི་རྩོད་པའི་རྩ་ [349B] དེ་ཡིན་ནོ། །དགེ་སློང་དག་བྱ་བའི་རྩོད་པ་ནི། ཅི་ཞིག་གི་རྩ་བ་ཅན་ཡིན་ཞིང། བྱ་བའི་རྩོད་པའི་རྩ་བ་ནི། ཅི་ཡིན་ཞེ་ན། དགེ་འདུན་གྱི་བྱ་བ་གང་ཡིན་པ་གསོལ་བ་དང། གསོལ་བ་ དང་གཉིས་དང། གསོལ་བ་དང་བཞིའི་ལས་གང་ཡིན་པ་སྟེ། དགེ་སློང་དག་བྱ་བའི་རྩོད་པ་ནི། དེའི་རྩ་བ་ཅན་ཡིན་ཞིང། བྱ་བའི་རྩོད་པའི་རྩ་བ་ནི། དེ་ཡིན་ནོ། །དགེ་སློང་དག་འགྱེད་པའི་ རྩོད་པ་ནི། དགེ་བ་ཞེས་བརྗོད་པར་བྱ། མི་དགེ་བ་ཞེས་བརྗོད་པར་བྱ། ལུང་དུ་མ་བསྟན་པ་ཞེས་བརྗོད་པར་བྱ་སྟེ། དགེ་བ་གང་ཞེ་ན། དགེ་འདུན་དོན་སྒྲུབ་ཅིང་དོན་སེམས་ལ། དགེ་བའི་དོན་ སྒྲུབ་ཅིང་དགེ་བ་སེམས་པའི་དོན་སྣ་ཚོགས་སུ་སྨྲ་བ། འགལ་བར་སྨྲ་བ། རིགས་མི་མཐུན་པར་སྨྲ་བ་གང་ཡིན་པ་དེ་ལ་བརྟེན་ཏེ་འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་ གང་ཡིན་པ་འདི་ནི། དགེ་བ་ཡིན། མི་དགེ་བ་གང་ཞེ་ན། དགེ་འདུན་དོན་མི་སྒྲུབ་ཅིང་དོན་མི་སེམས་ལ། དགེ་བའི་དོན་མི་སྒྲུབ་ཅིང་དགེ་བ་མི་སེམས་པའི་དོན་སྣ་ཚོགས་སུ་སྨྲ་བ། འགལ་བར་ སྨྲ་བ། རིགས་མི་མཐུན་པར་སྨྲ་བ་གང་ཡིན་པ་དེ་ལ་བརྟེན་ནས་འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་གང་ཡིན་པ་དེ་ནི། མི་དགེ་བ་ཡིན་ནོ། །ལུང་དུ་མ་བསྟན་པ་གང་ ཞེ་ན། དགེ་འདུན་དོན་སྒྲུབ་པ་ཡང་མ་ཡིན། དོན་མ་ཡིན་པ་སྒྲུབ་པ་ཡང་མ་ཡིན་ཞིང། དོན་སེམས་པ་ཡང་མ་ཡིན། དོན་མ་ཡིན་པ་སེམས་པ་ཡང་མ་ཡིན་ལ། དགེ་བའི་དོན་སྒྲུབ་པ་ [350A]༄༅། །ཡང་མ་ཡིན། མི་དགེ་བའི་དོན་སྒྲུབ་པ་ཡང་མ་ཡིན་ཞིང། དགེ་བ་སེམས་པ་ཡང་མ་ཡིན། མི་དགེ་བ་སེམས་པ་ཡང་མ་ཡིན་པའི་དོན་སྣ་ཚོགས་སུ་སྨྲ་བ། འགལ་ བར་སྨྲ་བ། རིགས་མི་མཐུན་པར་སྨྲ་བ་གང་ཡིན་པ་དེ་ལ་བརྟེན་ནས་འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་གང་ཡིན་པ་འདི་ནི། ལུང་དུ་མ་བསྟན་པ་ཡིན་ནོ། ། གདམས་ངག་མེད་པའི་རྩོད་པ་ནི། དགེ་བ་ཞེས་བརྗོད་པར་བྱ། མི་དགེ་བ་ཞེས་བརྗོད་པར་བྱ། ལུང་དུ་མ་བསྟན་པ་ཞེས་བརྗོད་པར་བྱ་སྟེ། དགེ་བ་གང་ཞེ་ན། དགེ་འདུན་དོན་སྒྲུབ་ཅིང་ དོན་སེམས་ལ། དགེ་བའི་དོན་སྒྲུབ་ཅིང་དགེ་བ་སེམས་པའི་གདམས་ངག་མི་ལེན་པ་དང། གདམས་ངག་མི་སྦྱིན་པ་དང། གདམས་ངག་འཇོག་པ་གང་ཡིན་པ་དེ་ལ་བརྟེན་ཏེ་འཐབ་པ་ དང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་གང་ཡིན་པ་འདི་ནི། དགེ་བ་ཡིན་ནོ། །མི་དགེ་བ་གང་ཞེ་ན། དགེ་འདུན་དོན་མི་སྒྲུབ་ཅིང་དོན་མི་སེམས་ལ། དགེ་བའི་དོན་ མི་སྒྲུབ་ཅིང། དགེ་བ་མི་སེམས་པའི་གདམས་ངག་མི་ལེན་པ་དང་གདམས་ངག་མི་སྦྱིན་པ་དང། གདམས་ངག་འཇོག་པ་གང་ཡིན་པ་དེ་ལ་བརྟེན་ཏེ་འཐབ་པ་དང། མཚང་འདྲུ་བ་ དང། འཐབ་མོ་དང། འགྱེད་པ་གང་ཡིན་པ་འདི་ནི། མི་དགེ་བ་ཡིན་ནོ། །ལུང་དུ་མ་བསྟན་པ་གང་ཞེ་ན། དགེ་འདུན་དོན་སྒྲུབ་པ་ཡང་མ་ཡིན། དོན་མ་ཡིན་པ་སྒྲུབ་པ་ཡང་མ་ཡིན་ [350B] དོན་སེམས་པ་ཡང་མ་ཡིན། དོན་མ་ཡིན་པ་སེམས་པ་ཡང་མ་ཡིན་ལ། དགེ་བའི་དོན་སྒྲུབ་པ་ཡང་མ་ཡིན། མི་དགེ་བའི་དོན་སྒྲུབ་པ་ཡང་མ་ཡིན་ཞིང། དགེ་བ་སེམས་པ་ཡང་མ་ ཡིན༑ མི་དགེ་བ་སེམས་པ་ཡང་མ་ཡིན་པའི་གདམས་ངག་མི་ལེན་པ་དང། གདམས་ངག་མི་སྦྱིན་པ་དང། གདམས་ངག་འཇོག་པ་གང་ཡིན་པ་དེ་ལ་བརྟེན་ཏེ་འཐབ་པ་དང། མཚང་འདྲུ་བ་དང་ འཐབ་མོ་དང། འགྱེད་པ་གང་ཡིན་པ་འདི་ནི། ལུང་དུ་མ་བསྟན་པ་ཡིན་ནོ། །ལྟུང་བའི་རྩོད་པ་ནི། མི་དགེ་བ་ཞེས་བརྗོད་པར་བྱ་ལུང་དུ་མ་བསྟན་པ་ཞེས་བརྗོད་པར་བྱ་སྟེ། མི་དགེ་བ་གང་ཞེ་ ན༑ སངས་རྒྱས་ཀྱིས་བསླབ་པ་བཅས་པ་དང། དགེ་འདུན་གྱིས་ཁྲིམས་སུ་བཅས་པ་ལས། ཆེད་དུ་བསམ་སྟེ་འདས་པ་གང་ཡིན་པ་འདི་ནི། མི་དགེ་བ་ཡིན་ནོ། །ལུང་དུ་མ་བསྟན་པ་གང་ཞེ་ན་ སངས་རྒྱས་ཀྱིས་བསླབ་པ་བཅས་པ་དང། དགེ་འདུན་གྱིས་ཁྲིམས་སུ་བཅས་པ་ལས། ཆེད་དུ་མ་བསམ་པར་འདས་པ་གང་ཡིན་པ་འདི་ནི། ལུང་དུ་མ་བསྟན་པ་ཡིན་ནོ། །བྱ་བའི་རྩོད་པ་ནི། དགེ་ བ་ཞེས་བརྗོད་པར་བྱ། མི་དགེ་བ་ཞེས་བརྗོད་པར་བྱ། ལུང་དུ་མ་བསྟན་པ་ཞེས་བརྗོད་པར་བྱ་སྟེ། དགེ་བ་གང་ཞེ་ན། དགེ་འདུན་དོན་སྒྲུབ་ཅིང་དོན་སེམས་ལ། དགེ་བའི་དོན་སྒྲུབ་ཅིང་དགེ་ བ་སེམས་པའི་གསོལ་བ་དང། གསོལ་བ་དང་གཉིས་དང། གསོལ་བ་དང་བཞིའི་ལས་གང་ཡིན་པ་དེ་ལ་བརྟེན་ཏེ་འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་གང་ཡིན་པ་ [351A]༄༅། །འདི་ནི། དགེ་བ་ཡིན་ནོ། །མི་དགེ་བ་གང་ཞེ་ན། དགེ་འདུན་དོན་མི་སྒྲུབ་ཅིང་མི་སེམས་ལ། དགེ་བའི་དོན་མི་སྒྲུབ་ཅིང། དགེ་བ་མི་སེམས་པའི་གསོལ་བ་དང། གསོལ་ བ་དང་གཉིས་དང། གསོལ་བ་དང་བཞིའི་ལས་གང་ཡིན་པ་དེ་ལ་བརྟེན་ཏེ་འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་གང་ཡིན་པ་འདི་ནི། མི་དགེ་བ་ཡིན་ནོ། །ལུང་དུ་མ་ བསྟན་པ་གང་ཞེ་ན། དགེ་འདུན་དོན་སྒྲུབ་པ་ཡང་མ་ཡིན། དོན་མ་ཡིན་པ་སྒྲུབ་པ་ཡང་མ་ཡིན་ཞིང། དོན་སེམས་པ་ཡང་མ་ཡིན། དོན་མ་ཡིན་པ་སེམས་པ་ཡང་མ་ཡིན་ལ། དགེ་བའི་ དོན་སྒྲུབ་པ་ཡང་མ་ཡིན། མི་དགེ་བའི་དོན་སྒྲུབ་པ་ཡང་མ་ཡིན་ཞིང། དགེ་བ་སེམས་པ་ཡང་མ་ཡིན་ལ། མི་དགེ་བ་སེམས་པ་ཡང་མ་ཡིན་པའི་འཐབ་པ་དང། མཚང་འདྲུ་བ་དང། འཐབ་ མོ་དང། འགྱེད་པ་གང་ཡིན་པ་འདི་ནི། ལུང་དུ་མ་བསྟན་པ་ཡིན་ནོ་།འགྱེད་པ་གང་ཡིན་པ་དེ། རྩོད་པ་ལགས་ལ། རྩོད་པ་གང་ལགས་པ་དེ། འགྱེད་པ་ལགས་སམ། བཀའ་སྩལ་ པ། འགྱེད་པ་ཡིན་ལ། རྩོད་པ་མ་ཡིན་པ་ཡང་ཡོད། རྩོད་པ་ཡིན་ལ། འགྱེད་པ་མ་ཡིན་པ་ཡང་ཡོད། འགྱེད་པ་ཡང་ཡིན། རྩོད་པ་ཡང་ཡིན་པ་ཡང་ཡོད། འགྱེད་པ་ཡང་མ་ཡིན་ རྩོད་པ་ཡང་མ་ཡིན་པ་ཡང་ཡོད་དོ། །རེ་ཞིག་འགྱེད་པ་ཡིན་ལ་རྩོད་པ་མ་ཡིན་པ་ནི། དགེ་འདུན་སྣ་ཚོགས་སུ་སྨྲ་བ། འགལ་བར་སྨྲ་བ། རིགས་མི་མཐུན་པར་སྨྲ་བ་གང་ཡིན་པའོ། ། [351B] འགྱེད་པ་མ་ཡིན་པ་ནི། རྩོད་པ་གསུམ་པོ་གདམས་ངག་མེད་པའི་རྩོད་པ་དང། བྱ་བའི་རྩོད་པ་དང། ལྟུང་བའི་རྩོད་པའོ། །རྩོད་པ་ཡང་ཡིན་ལ་འགྱེད་པ་ཡང་ཡིན་པ་ནི་ དགེ་འདུན་སྣ་ཚོགས་སུ་སྨྲ་བ། འགལ་བར་སྨྲ་བ། རིགས་མི་འཕྲོད་པར་སྨྲ་བ། མི་མཐུན་པ། ཀུན་ཏུ་མི་དགའ་བ། རྒྱུད་གཅིག་ཏུ་མ་གྱུར་པ་གང་ཡིན་པ་དེ་ལ་བརྟེན་ཏེ་འཐབ་པ་དང། མཚང་ འདྲུ་བ་དང། འཐབ་མོ་དང། འགྱེད་པ་གང་ཡིན་པའོ། །འགྱེད་པ་ཡང་མ་ཡིན། རྩོད་པ་ཡང་མ་ཡིན་པ་ནི། རྣམ་པ་དེ་དག་མ་གཏོགས་པའོ། །གདམས་ངག་མ་མཆིས་པ་གང་ལགས་པ་དེ་ རྩོད་པ་ལགས་ལ། རྩོད་པ་གང་ལགས་པ་དེ། གདམས་ངག་མ་མཆིས་པ་ལགས་སམ། བཀའ་སྩལ་པ། གདམས་ངག་མེད་པ་ཡིན་ལ། རྩོད་པ་མ་ཡིན་པ་ཡང་ཡོད། རྩོད་པ་ཡིན་ལ་ གདམས་ངག་མེད་པ་མ་ཡིན་པ་ཡང་ཡོད། གདམས་ངག་མེད་པ་ཡང་ཡིན་ལ། རྩོད་པ་ཡང་ཡིན་པ་ཡང་ཡོད། གདམས་ངག་མེད་པ་ཡང་མ་ཡིན་ལ། རྩོད་པ་ཡིན་པ་ཡང་ཡོད་དོ། །རེ་ཞིག་ གདམས་ངག་མེད་པ་ཡིན་ལ། རྩོད་པ་མ་ཡིན་པ་ནི། དགེ་འདུན་གདམས་ངག་མི་ལེན་པ་དང། གདམས་ངག་མི་སྦྱིན་པ་དང། གདམས་ངག་འཇོག་པ་གང་ཡིན་པའོ། །རྩོད་པ་ཡིན་ལ་ གདམས་ངག་མེད་པ་མ་ཡིན་པ་ནི། རྩོད་པ་གསུམ་པོ་འགྱེད་པའི་རྩོད་པ་དང། ལྟུང་བའི་རྩོད་པ་དང། བྱ་བའི་རྩོད་པའོ། །གདམས་ངག་མེད་པ་ཡང་ཡིན་ལ། རྩོད་པ་ཡང་ཡིན་པ་ནི། དགེ་ [352A]༄༅། །འདུན་གདམས་ངག་མི་ལེན་པ་དང། གདམས་ངག་མི་སྦྱིན་པ་དང། གདམས་ངག་འཇོག་པ་གང་ཡིན་པ་དེ་ལ་བརྟེན་ཏེ་འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང་ འགྱེད་པ་གང་ཡིན་པའོ། །གདམས་ངག་མེད་པ་ཡང་མ་ཡིན་ལ། རྩོད་པ་ཡང་མ་ཡིན་པ་ནི། རྣམ་པ་དེ་དག་མ་གཏོགས་པའོ། །ལྟུང་བ་གང་ལགས་པ་དེ། རྩོད་པ་ལགས་ལ། རྩོད་པ་གང་ ལགས་པ་དེ། ལྟུང་བ་ལགས་སམ། བཀའ་སྩལ་པ། ལྟུང་བ་ཡིན་ལ་རྩོད་པ་མ་ཡིན་པ་ཡང་ཡོད། རྩོད་པ་ཡིན་ལ། ལྟུང་བ་མ་ཡིན་པ་ཡང་ཡོད། ལྟུང་བ་ཡང་ཡིན་ལ། རྩོད་ པ་ཡང་ཡིན་པ་ཡང་ཡོད། ལྟུང་བ་ཡང་མ་ཡིན་ལ། རྩོད་པ་ཡང་མ་ཡིན་པ་ཡང་ཡོད་དོ། །རེ་ཞིག་ལྟུང་བ་ཡིན་ལ། རྩོད་པ་མ་ཡིན་པ་ནི། ལྟུང་བའི་རིགས་ལྔ་ནི། ལྟུང་བའི་རིགས་ དང། ལྟུང་བའི་ཕུང་པོ་ཞེས་བྱ་སྟེ། ཕས་ཕམ་པ་དང། དགེ་འདུན་ལྷག་མ་དང། ལྟུང་བྱེད་དང། སོ་སོར་བཤགས་པར་བྱ་བ་དང། ཉེས་བྱས་ཡིན་ནོ། །རྩོད་པ་ཡིན་ལ། ལྟུང་བ་ མ་ཡིན་པ་ནི། རྩོད་པ་གསུམ་པོ། འགྱེད་པའི་རྩོད་པ་དང། གདམས་ངག་མེད་པའི་རྩོད་པ་དང། བྱ་བའི་རྩོད་པའོ། །ལྟུང་བ་ཡང་ཡིན་ལ། རྩོད་པ་ཡང་ཡིན་པ་ནི། ལྟུང་བའི་རིགས་ ལྔ་པོ་ནི། ལྟུང་བའི་རིགས་དང། ལྟུང་བའི་ཕུང་པོ་ཞེས་བྱ་སྟེ། ཕས་ཕམ་པ་དང། དགེ་འདུན་ལྷག་མ་དང། ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང། ཉེས་བྱས་གང་ [352B] འཐབ་པ་དང། མཚང་འདྲུ་བ་དང་འཐབ་མོ་དང། འགྱེད་པ་གང་ཡིན་པའོ། །ལྟུང་བ་ཡང་མ་ཡིན་ལ་རྩོད་པ་ཡང་མ་ཡིན་པ་ནི། རྣམ་པ་དེ་དག་མ་གཏོགས་པའོ་ བྱ་བ་གང་ལགས་པ་དེ། རྩོད་པ་ལགས་ལ། རྩོད་པ་གང་ལགས་པ་དེ་ཡང་བྱ་བ་ལགས་སམ། བཀའ་སྩལ་པ། བྱ་བ་ཡིན་ལ། རྩོད་པ་མ་ཡིན་པ་ཡང་ཡོད། རྩོད་པ་ཡིན་ལ། བྱ་བ་མ་ཡིན་ པ་ཡང་ཡོད། བྱ་བ་ཡང་ཡིན་ལ་རྩོད་པ་ཡང་ཡིན་པ་ཡང་ཡོད་བྱ་བ་ཡང་མ་ཡིན་ལ་རྩོད་པ་ཡང་མ་ཡིན་པ་ཡང་ཡོད་དོ། །རེ་ཞིག་བྱ་བ་ཡིན་ལ། རྩོད་པ་མ་ཡིན་པ་ནི། དགེ་འདུན་གྱི་གསོལ་ བ་དང། གསོལ་བ་དང་གཉིས་དང། གསོལ་བ་དང་བཞིའི་ལས་གང་ཡིན་པའོ། །རྩོད་པ་ཡིན་ལ། བྱ་བ་མ་ཡིན་པ་ནི། རྩོད་པ་གསུམ་པོ། འགྱེད་པའི་རྩོད་པ་དང། གདམས་ངག་མེད་པའི་ རྩོད་པ་དང། ལྟུང་བའི་རྩོད་པའོ། །བྱ་བ་ཡང་ཡིན་ལ་རྩོད་པ་ཡང་ཡིན་པ་ནི། དགེ་འདུན་གྱི་བྱ་བ་གསོལ་བ་དང། གསོལ་བ་དང་གཉིས་དང། གསོལ་བ་དང་བཞིའི་ལས་གང་ཡིན་པ་དེ་ལ་ བརྟེན་ཏེ་འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་གང་ཡིན་པའོ། །བྱ་བ་ཡང་མ་ཡིན་ལ་རྩོད་པ་ཡང་མ་ཡིན་པ་ནི། རྣམ་པ་དེ་དག་མ་གཏོགས་པའོ། །དགེ་སློང་དག་ འགྱེད་པའི་རྩོད་པ་ལ་རྩོད་པ་ཞི་བར་བྱེད་པའི་ཆོས་དུ་ཞིག་གིས་འདུལ་བར་བྱ། ཞི་བར་བྱ། ཉེ་བར་ཞི་བར་བྱ་ཞེ་ན། བཀའ་སྩལ་པ། གཉིས་ཀྱིས་ཏེ། མངོན་སུམ་དུ་འདུལ་བར་འོས་པ་དང། གང་ཡང་ཚུལ་ཤིང་མང་ [353A]༄༅། །པོ་བླངས་པས་སོ། །མངོན་སུམ་དུ་འདུལ་བ་ནི། ཇི་ལྟར་རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན། འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། མངོན་སུམ་དུ་འདུལ་ བར་འོས་པའི་རྩོད་པ་ཞི་བར་བྱེད་པས། འདུལ་བ་དང། ཞི་བ་དང། ཉེ་བར་ཞི་བ་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་ དགའ་ར་བར་དབྱར་བཞུགས་པར་ཞལ་གྱིས་བཞེས་སོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག་ལྗོངས་ཤིག་ཏུ་དབྱར་གནས་པར་དམ་བཅས་པ་ལས། དེ་རྣམས་དབྱར་གྱི་ནང་ལོགས་སུ་འཐབ་པ་དང་ མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་བྱུང་ནས་དེ་རྣམས་ཀྱིས་རྩོད་པ་དེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མོའུ་འགལ་གྱི་བུ་ལ་གཏད་པ་དང། དེ་གཉིས་ཀྱིས་སྟོན་པའི་བསྟན་པ་ཆོས་འདུལ་ བས་རྩོད་པ་དེ་ཞི་བར་བྱས་སོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་ལྗོངས་སུ་དབྱར་གནས་པའི་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་པ་དང། ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ ནས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་དོང་ནས་རིམ་གྱིས་རྒྱུ་ཞིང་དོང་བ་དང་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོས་ལྷུང་བཟེད་དང་ཆོས་གོས་མཁོས་ སུ་ཕབ་ནས་རྐང་པ་བཀྲུས་ཏེ། བཅོམ་ལྡན་འདས་ག་ན་བ་དེར་དོང་ནས་ལྷགས་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཆོས་ཉིད་ [353B] གློ་བུར་བའི་དགེ་སློང་རྣམས་ལ་སོ་སོར་ཡང་དག་པར་དགའ་བར་མཛད་པའི་འདིས་སོ་སོར་ཡང་དག་པར་དགའ་བར་མཛད་པ་ཡིན་པས། བཅོམ་ལྡན་ འདས་ཀྱིས་སོ་སོར་ཡང་དག་པར་དགའ་བར་མཛད་པས་དགེ་སློང་རབ་ཏུ་མང་པོ་ལ། ཀྱེ་དགེ་སློང་དག་ཁྱེད་ཅག་གང་ནས་འདིར་འོངས་གང་དུ་ཁྱེད་ཅག་དབྱར་གནས། བཙུན་པ། བདག་ ཅག་ནི། ལྗོངས་ཤིག་ནས་གནས་འདིར་མཆིས་ཏེ། ལྗོངས་ཤིག་ན་བདག་ཅག་དབྱར་གནས་གནས་ལགས་སོ། །དགེ་སློང་དག་ཁྱེད་ཅག་ཇི་ག་ལྗོངས་སུ་བདེ་བ་ལ་རེག་པར་དབྱར་གནས་སམ་ ཁྱེད་བསོད་སྙོམས་ཀྱིས་ཕོངས་པར་མ་གྱུར་ཏམ། བཙུན་པ་མེད་པར་བདག་ཅག་ལྗོངས་སུ་བདེ་བ་ལ་རེག་པར་གནས་པས་དབྱར་གནས་ཤིང་བདག་ཅག་བསོད་སྙོམས་ཀྱིས་ཀྱང་ཕོངས་པར་མ་གྱུར་ཏོ། །དེ་ ལྟ་ལགས་མོད་ཀྱི། བདག་ཅག་དབྱར་གྱི་ནང་ལོགས་སུ་འཐབ་པ་དང་མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་བྱུང་ནས་བདག་ཅག་གིས་རྩོད་པ་དེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མོའུ་འགལ་ གྱི་བུ་ལ་གཏད་པ་དང། དེ་གཉིས་ཀྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཀྱེ་མའོ། །ངའི་ཉན་ཐོས་སྐམ་ལ་གནས་པ་དག་ གིས་ནི། སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་སྐྱེས་ཤིང་བྱུང་བ་ཞི་བར་ནུས་སོ། །སྙམ་ནས། དགེ་སློང་དག་དེ་ལྟ་བས་ན། སྐམ་ལ་གནས་པའི་དགེ་སློང་རྣམས་ཀྱིས་སྟོན་པའི་བསྟན་པ་ [354A]༄༅། །ཆོས་འདུལ་བས་རྩོད་པ་སྐྱེས་ཤིང་བྱུང་བ་ཞི་བར་བྱའོ། །དགེ་སློང་རྣམས་ཀྱིས་སྐམ་ལ་གནས་པ་དུ་ཡིན་པ་མ་ཡིན་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ དག་དགེ་འདུན་ལ་མི་ལྟོས་པར་རྩོད་པ་སྐྱེས་ཤིང་བྱུང་བ་ཞི་བར་ནུས་པའོ། །དེ་ཡང་གསུམ་སྟེ། སྐམ་ལ་གནས་པ་ལུས་ཀྱིས་བསྡམས་པ་མ་ཡིན་ཞིང་ངག་གིས་ཀྱང་མ་ཡིན་པ་ཡང་ཡོད། ལུས་ ཀྱིས་བསྡམས་ལ། ངག་གིས་མ་ཡིན་པ་ཡང་ཡོད། ལུས་དང་ངག་གིས་བསྡམས་པ་ཡང་ཡོད་དོ། །ལུས་ཀྱིས་བསྡམས་པ་མ་ཡིན་ཞིང་ངག་གིས་ཀྱང་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ་ སྐམ་ལ་གནས་པ་དགེ་སློང་འཐབ་པར་གྱུར། མཚང་འདྲུ་བར་གྱུར་འཐབ་མོ་བྱུང། །འགྱེད་པར་གྱུར་ནས་ཕྱོགས་དང་ཕྱོགས་གཞན་དུ་གནས་པ་རྣམས་ཀྱི་དྲུང་དུ་བདག་ཉིད་སོང་ནས་འདི་ སྐད་ཅེས། ཚེ་དང་ལྡན་པ་དག་ལེགས་སོ། །རྩོད་པ་འདི་ནི། ལེགས་པར་བཟུང་བ་ཡིན་གྱི། ཉེས་པར་བཟུང་བ་མ་ཡིན། ལེགས་པར་སྦྱར་བ་ཡིན་གྱི། ཉེས་པར་སྦྱར་བ་མ་ཡིན། ལེགས་ པར་བརྟགས་པ་ཡིན་གྱི། ཉེས་པར་བརྟགས་པ་མ་ཡིན་པས། འདི་དང་འདི་ནི། སྨྲོས་ཤིག་འདི་དང་འདི་ནི། མ་སྨྲ་ཞིག། ཚེ་དང་ལྡན་པ་ཕ་རོལ་པོ་དག་ཆོམས་ཤིག་ཕ་རོལ་པོ་དག་ གིས་ཆོམས་ས་རེ། བདག་ནི། ཚེ་དང་ལྡན་པ་དག་གི་ཕྱོགས་དང་དཔུང་དང། གྲོགས་བྱེད་པ་ཡིན་ནོ། །ཞེས་སྨྲ་ཞིང། ཕྱོགས་གཅིག་ཤོས་ཀྱི་དྲུང་དུ་ཡང་བདག་ཉིད་སོང་ནས་འདི་སྐད་ [354B] ཚེ་དང་ལྡན་པ་དག་ལེགས་སོ། །རྩོད་པ་འདི་ནི། ལེགས་པར་བཟུང་བ་ཡིན་གྱི། ཉེས་པར་བཟུང་བ་མ་ཡིན། ལེགས་པར་སྦྱར་བ་ཡིན་གྱི། ཉེས་པར་སྦྱར་བ་མ་ཡིན། ལེགས་པར་བརྟགས་ པ་ཡིན་གྱི། ཉེས་པར་བརྟགས་པ་མ་ཡིན་པས་འདི་དང་འདི་ནི། སྨྲོས་ཤིག་འདི་དང་འདི་ནི། མ་སྨྲ་ཞིག། ཚེ་དང་ལྡན་པ་དག་གིས་ཕ་རོལ་པོ་དག་ཆོམས་ཤིག་ཕ་རོལ་པོ་དག་གིས་ཆོམས་ས་ རེ། བདག་ནི། ཚེ་དང་ལྡན་པ་དག་གི་ཕྱོགས་དང། དཔུང་དང་གྲོགས་ཡིན་ནོ། །ཞེས་སྨྲ་སྟེ། འདི་ནི། སྐམ་ལ་གནས་པ་ལུས་ཀྱིས་བསྡམས་པ་མ་ཡིན་ཞིང། ངག་གིས་ཀྱང་མ་ཡིན་པའོ། ། སྐམ་ལ་གནས་པ་ལུས་ཀྱིས་བསྡམས་ལ། ངག་གིས་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། སྐམ་ལ་གནས་པ་དགེ་སློང་འཐབ་པར་གྱུར། མཚང་འདྲུ་བར་གྱུར། འཐབ་མོ་བྱུང། འགྱེད་པར་གྱུར་ ནས་གནས་ཤིང་ཕྱོགས་དང་ཕྱོགས་གཞན་དུ་གནས་པ་རྣམས་ཀྱི་ཕྱོགས་གཅིག་ཏུ་བདག་ཉིད་མི་འགྲོ་མོད་ཀྱི། ཕོ་ཉ་བཏང་ནས་ཚེ་དང་ལྡན་པ་དག་ལེགས་སོ། །རྩོད་པ་འདི་ནི། ལེགས་པར་བཟུང་ བ་ཡིན་གྱི། ཉེས་པར་བཟུང་བ་མ་ཡིན། ལེགས་པར་སྦྱར་བ་ཡིན་གྱི་ཉེས་པར་སྦྱར་བ་མ་ཡིན། ལེགས་པར་བརྟགས་པ་ཡིན་གྱི། ཉེས་པར་བརྟགས་པ་མ་ཡིན་པས་འདི་དང་འདི་ནི། སྨྲོས་ ཤིག་འདི་དང་འདི་ནི། མ་སྨྲ་ཞིག་ཚེ་དང་ལྡན་པ་དག་གིས་ཕ་རོལ་པོ་དག་ཆོམས་ཤིག་ཕ་རོལ་པོ་དག་གིས་ཆོམས་ས་རེ། བདག་ནི་ཚེ་དང་ལྡན་པ་དག་གི་ཕྱོགས་དང། དཔུང་དང་ [355A]༄༅། །གྲོགས་ཡིན་ནོ། །ཕྱོགས་གཅིག་ཤོས་སུ་ཡང་བདག་ཉིད་མི་འགྲོ་མོད་ཀྱི། ཕོ་ཉ་བཏང་ནས་ཚེ་དང་ལྡན་པ་དག་ལེགས་སོ་།རྩོད་པ་འདི་ནི། ལེགས་པར་བཟུང་བ་ཡིན་གྱི། ། ཉེས་པར་བཟུང་བ་མ་ཡིན། ལེགས་པར་སྦྱར་བ་ཡིན་གྱི། ཉེས་པར་སྦྱར་བ་མ་ཡིན། ལེགས་པར་བརྟགས་པ་ཡིན་གྱི། ཉེས་པར་བརྟགས་པ་མ་ཡིན་པས་འདི་དང་འདི་ནི། སྨྲོས་ཤིག་འདི་ དང་འདི་ནི། མ་སྨྲ་ཞིག་ཚེ་དང་ལྡན་པ་དག་གིས་ཕ་རོལ་པོ་དག་ཆོམས་ཤིག་ཕ་རོལ་པོ་དག་གིས་ཆོམས་ས་རེ། བདག་ནི། ཚེ་དང་ལྡན་པ་དག་གི་ཕྱོགས་དང། དཔུང་དང། གྲོགས་ ཡིན་ནོ། །ཞེས་ཟེར་བ་སྟེ། འདི་ནི། སྐམ་ལ་གནས་པ་ལུས་ཀྱིས་བསྡམས་ལ། ངག་གིས་མ་ཡིན་པ་ཡིན་ནོ། །སྐམ་ལ་གནས་པ་ལུས་དང་ངག་གིས་བསྡམས་པ་གང་ཞེ་ན། འདི་ལྟ་སྟེ། སྐམ་ ལ་གནས་པ་དགེ་སློང་འཐབ་པར་གྱུར། མཚང་འདྲུ་བར་གྱུར། འཐབ་མོ་བྱུང། འགྱེད་པར་གྱུར་ནས་གནས་ཤིང། ཕྱོགས་དང་ཕྱོགས་གཞན་ན་གནས་པ་རྣམས་ཀྱི་ཕྱོགས་གཅིག་ཏུ་བདག་ ཉིད་མི་འགྲོ་ཞིང། ཕོ་ཉ་ཡང་གཏོང་བར་མི་བྱེད་ལ། ཕྱོགས་གཅིག་ཤོས་སུ་ཡང་བདག་ཉིད་མི་འགྲོ་ཞིང། ཚིག་གི་ཕོ་ཉ་གཏོང་བར་མི་བྱེད་པའོ། །དེ་ལ་སྐམ་ལ་གནས་པ་ལུས་ཀྱིས་བསྡམས་ པ་མ་ཡིན་ཞིང། ངག་གིས་ཀྱང་མ་ཡིན་པ་གང་ཡིན་པ་དེ་ལྟ་བུའི་སྐམ་ལ་གནས་པ་ཡང། མ་བསྐོས་པ་ནི། བསྐོ་བར་མི་བྱའོ། །བསྐོས་པ་ནི། དབྱུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་ [355B]བྱུང་བ་རྣམས་ནི། འབྱུང་ལ། བྱུང་བ་རྣམས་ནི། སྟོན་པའི་བསྟན་པ་ཆོས་འདུལ་བས་མྱུར་དུ་ཞི་བར་མི་འགྱུར་རོ། །དེ་ལ་སྐམ་ལ་གནས་ པ་ལུས་ཀྱིས་བསྡམས་ལ་ངག་གིས་མ་ཡིན་པ་གང་ཡིན་པ་དེ་ལྟ་བུའི་སྐམ་ལ་གནས་པ་ཡང། མ་བསྐོས་པ་ནི། བསྐོ་བར་མི་བྱའོ། བསྐོས་པ་ནི། དབྱུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་ བུའི་སྐམ་ལ་གནས་པ་ལ་བརྟེན་ནས་ཀྱང་དགེ་འདུན་ལ་རྩོད་པ་མ་བྱུང་བ་རྣམས་ནི། འབྱུང་ལ། བྱུང་བ་རྣམས་ནི། སྟོན་པའི་བསྟན་པ་ཆོས་འདུལ་བས་མྱུར་དུ་ཞི་བར་མི་འགྱུར་རོ། །དེ་ལ་ སྐམ་ལ་གནས་པ་ལུས་དང་ངག་གིས་བསྡམས་པ་གང་ཡིན་པ་དེ་ལྟ་བུའི་སྐམ་ལ་གནས་པ་མ་བསྐོས་པ་ནི། བསྐོ་བར་བྱའོ། །བསྐོས་པ་ནི། དབྱུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་སྐམ་ ལ་གནས་པ་ལ་བརྟེན་ནས་དགེ་འདུན་ལ་རྩོད་པ་མ་བྱུང་བ་རྣམས་ནི། མི་འབྱུང་ལ། བྱུང་བ་རྣམས་ནི། སྟོན་པའི་བསྟན་པ་ཆོས་འདུལ་བས་མྱུར་དུ་ཞི་བར་འགྱུར་རོ། །དགེ་སློང་དག་དེ་ལྟ་བུའི་ སྐམ་ལ་གནས་པ་ནི། རྩོད་པ་ཞི་བར་བྱེད་པ་ཡིན་གྱི། གཞན་དག་ནི། མ་ཡིན་ནོ། །དེ་ལྟ་བུ་སྐམ་ལ་གནས་པ་རྣམས་ཀྱིས་རྩོད་པ་སྐྱེས་ཤིང་བྱུང་བ་ཞི་བར་བྱ་སྟེ། དེ་ལྟ་བུའི་སྐམ་ལ་གནས་པ་ རྣམས་ཀྱིས་རྩོད་པ་ཞི་བར་བྱས་པ་ནི། མངོན་སུམ་དག་པ་ཡིན་ནོ་།དེ་ལ་མངོན་སུམ་ཇི་ལྟ་བུ་ཞེ་ན། མངོན་སུམ་ནི། གཉིས་ཏེ། གང་ཟག་མངོན་སུམ་དང། ཆོས་མངོན་སུམ་མོ། །གང་ [356A]༄༅། །ཟག་མངོན་སུམ་གང་ཞེ་ན། གང་དག་གིས་རྩོད་པ་དེ་ཞི་བར་བྱེད་པ་དང། གང་དག་གིས་རྩོད་པ་དེ་ཞི་བར་བྱ་བ་དེ་དག་ཐམས་ཅད་འདུས་པར་གྱུར་ཅིང་མངོན་སུམ་དུ་གྱུར་པ་ སྟེ༑ འདི་ནི། གང་ཟག་མངོན་སུམ་ཞེས་བྱའོ། །ཆོས་མངོན་སུམ་གང་ཞེ་ན། སྟོན་པའི་བསྟན་པ་གང་དང། ཆོས་གང་དང། འདུལ་བ་གང་དང་གང་གིས་རྩོད་པ་དེ་ཞི་བར་འགྱུར་བའི་སྟོན་པའི་ བསྟན་པ་དེ་དང། ཆོས་དེ་དང། འདུལ་བ་དེས། རྩོད་པ་དེ་ཞི་བར་བྱེད་པ་འདི་ནི། ཆོས་མངོན་སུམ་ཞེས་བྱའོ། །གལ་ཏེ་དགེ་སློང་སྐམ་ལ་གནས་པ་དག་གིས་རྩོད་པ་དེ་ཞི་བར་བྱེད་མི་ནུས་ན། དེ་ དེ་རྣམས་ཀྱིས་རྩོད་པ་དེ་དགེ་འདུན་ལ་གཏད་པར་བྱ་ཞིང། དགེ་འདུན་གྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ། །དགེ་འདུན་གྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་ པ་དེ་ཞི་བར་བྱས་ན། ལེགས་པར་ཞི་བར་བྱས་པའོ། །ཞེས་བརྗོད་པར་བྱ་སྟེ། མངོན་སུམ་དག་པ་ཡིན་ནོ། །དེ་ལ་མངོན་སུམ་ཇི་ལྟ་བུ་ཡིན་ཞེ་ན། མངོན་སུམ་ནི། གསུམ་སྟེ། དགེ་འདུན་ མངོན་སུམ་དང། གང་ཟག་མངོན་སུམ་དང། ཆོས་མངོན་སུམ་མོ། །དགེ་འདུན་མངོན་སུམ་གང་ཞེ་ན། མཚམས་ན་གནས་པའི་དགེ་སློང་བྱ་བར་འོས་པ་ཇི་སྙེད་པ་དེ་དག་ཐམས་ཅད་འདུས་ཤིང་ མངོན་སུམ་དུ་གྱུར་པ་དང། འདུན་པ་བླང་བར་འོས་པ་རྣམས་ལས་འདུན་པ་བླངས་པ་དང། དགེ་སློང་རྣམས་འདུས་ཤིང་མངོན་སུམ་དུ་གྱུར་ཀྱང་མི་བཏུབ་ཅིང་གཤེ་བ་གང་དག་གིས་གཤེ་བར་ [356B] ལས་དག་བྱེད་པ་འདི་ནི། དགེ་འདུན་མངོན་སུམ་ཞེས་བྱའོ། །གང་ཟག་མངོན་སུམ་གང་ཞེ་ན། གང་དག་གིས་རྩོད་པ་དེ་ཞི་བར་བྱེད་པ་དང། གང་ དག་གིས་རྩོད་པ་དེ་ཞི་བར་བྱ་བ་དེ་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་སྟེ། འདི་ནི། གང་ཟག་མངོན་སུམ་ཞེས་བྱའོ། །ཆོས་མངོན་སུམ་གང་ཞེ་ན། སྟོན་པའི་བསྟན་པ་གང་དང། ཆོས་གང་ དང། འདུལ་བ་གང་གིས་རྩོད་པ་དེ་ཉེ་བར་ཞི་བར་འགྱུར་བའི་སྟོན་པའི་བསྟན་པ་དེ་དང། ཆོས་དེ་དང། འདུལ་བ་དེས། རྩོད་པ་དེ་ཉེ་བར་ཞི་བར་བྱེད་པ་འདི་ནི། ཆོས་མངོན་སུམ་ཞེས་བྱའོ་།གལ་ ཏེ་དགེ་འདུན་གྱིས་རྩོད་པ་དེ་ཞི་བར་བྱ་མི་ནུས་ན། དེའི་འོག་ཏུ་དགེ་འདུན་གྱིས་དགེ་སློང་གསལ་བ་བྕུའམ། བཅུ་གཉིས་བསྐོ་བར་བྱའོ་།བསྐོ་བ་ནི། འདི་ལྟར་བྱ་སྟེ། གནས་མལ་བཤམས་ ནས་གཎྜཱི་བརྡུངས་ལ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། རེ་ཞིག་ཐོག་མར་སྤྲོ་བར་བྱ་སྟེ། སངས་རྒྱས་ སྐྱོང་དང། ཆོས་སྦྱིན་དང། དགེ་འདུན་སྡེ། ཁྱེད་གསལ་བ་ཡིན་ན་མཚམས་ཀྱི་ཕྱི་ལོགས་སུ་དོང་ནས་དགེ་འདུན་གྱི་རྩོད་པ་ཞི་བར་བྱ་བར་སྤྲོའམ། གལ་ཏེ་སྤྲོ་བར་གྱུར་ན། དེ་རྣམས་ཀྱིས་ སྤྲོའོ། །ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་སངས་རྒྱས་སྐྱོང་དང། ཆོས་སྦྱིན་དང། དགེ་འདུན་ [357A]༄༅། །སྡེ་འདི་རྣམས་གསལ་བ་ལགས་ཏེ། མཚམས་ཀྱི་སླད་རོལ་ཏུ་མཆིས་ནས་དགེ་འདུན་གྱི་རྩོད་པ་ཞི་བར་བགྱི་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་ དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། འདི་ལྟར། དགེ་འདུན་གྱིས་སངས་རྒྱས་སྐྱོང་དང། ཆོས་སྦྱིན་དང། དགེ་འདུན་སྡེ་གསལ་བ་རྣམས་བསྐོས་ཏེ། སངས་རྒྱས་སྐྱོང་དང། ཆོས་སྦྱིན་ དང། དགེ་འདུན་སྡེ་གསལ་བ་མཚམས་ཀྱི་སླད་རོལ་ཏུ་མཆིས་ནས་དགེ་འདུན་གྱི་རྩོད་པ་ཞི་བར་བགྱིད་པར་འགྱུར་རོ། །འདི་ནི། གསོལ་བའོ་།ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་ གསན་དུ་གསོལ། སངས་རྒྱས་སྐྱོང་དང། ཆོས་སྦྱིན་དང། དགེ་འདུན་སྡེ་འདི་རྣམས་གསལ་བ་ལགས་ཏེ། མཚམས་ཀྱི་སླད་རོལ་ཏུ་མཆིས་ནས་དགེ་འདུན་གྱི་རྩོད་པ་ཞི་བར་བགྱི་བར་སྤྲོ་ ནས་དེའི་སླད་དུ་དགེ་འདུན་གྱིས་སངས་རྒྱས་སྐྱོང་དང། ཆོས་སྦྱིན་དང། དགེ་འདུན་སྡེ་རྣམས་གསལ་བ་རྣམས་བསྐོས་ཏེ། སངས་རྒྱས་སྐྱོང་དང། ཆོས་སྦྱིན་དང། དགེ་འདུན་སྡེ་གསལ་བ་ རྣམས་མཚམས་ཀྱི་སླད་རོལ་ཏུ་མཆིས་ནས་དགེ་འདུན་གྱི་རྩོད་པ་ཞི་བར་བགྱིད་ན། ཚེ་དང་ལྡན་པ་གང་དག་སངས་རྒྱས་སྐྱོང་དང་ཆོས་སྦྱིན་དང། དགེ་འདུན་སྡེ་གསལ་བ་རྣམས་བསྐོས་ཏེ་ སངས་རྒྱས་སྐྱོང་དང། ཆོས་སྦྱིན་དང། དགེ་འདུན་སྡེ་གསལ་བ་མཚམས་ཀྱི་སླད་རོལ་ཏུ་མཆིས་ནས་དགེ་འདུན་གྱི་རྩོད་པ་ཞི་བར་བགྱིད་པར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་ [357B] གསུངས་ཤིག་དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་སངས་རྒྱས་སྐྱོང་དང། ཆོས་སྦྱིན་དང། དགེ་འདུན་སྡེ་གསལ་བ་དེ་རྣམས་མཚམས་ཀྱི་སླད་རོལ་ཏུ་ མཆིས་ནས་དགེ་འདུན་གྱི་རྩོད་པ་ཞི་བར་བགྱི་བར་བསྐོས་ལགས་ཏེ་འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གསལ་བ་རྣམས་ཀྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་ བྱའོ། །གསལ་བ་རྣམས་ཀྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱས་ན། ལེགས་པར་ཞི་བར་བྱས་པར་བརྗོད་པར་བྱ་སྟེ། མངོན་སུམ་དག་པ་ཡིན་ནོ། །དེ་ལ་མངོན་སུམ་ཇི་ལྟ་བུ་ཞེ་ ན༑ མངོན་སུམ་ནི། གཉིས་ཏེ། གང་ཟག་མངོན་སུམ་དང། ཆོས་མངོན་སུམ་མོ། །གང་ཟག་མངོན་སུམ་གང་ཞེ་ན། གང་དག་གིས་རྩོད་པ་དེ་ཞི་བར་བྱེད་པ་དང། གང་དག་གིས་རྩོད་པ་དེ་དག་ཞི་ བར་བྱ་བ་དེ་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་སྟེ། འདི་ནི། གང་ཟག་མངོན་སུམ་ཞེས་བྱའོ། །ཆོས་མངོན་སུམ་གང་ཞེ་ན་སྟོན་པའི་བསྟན་པ་གང་དང། ཆོས་གང་དང། འདུལ་བ་གང་ གིས་རྩོད་པ་དེ་ཞི་བར་འགྱུར་བའི་སྟོན་པའི་བསྟན་པ་དེ་དང་ཆོས་དེ་དང། འདུལ་བ་དེས། རྩོད་པ་དེ་ཞི་བར་བྱེད་པ་འདི་ནི་ཆོས་མངོན་སུམ་ཞེས་བྱའོ། །གལ་ཏེ་དགེ་སློང་གསལ་བ་རྣམས་ཀྱིས་ རྩོད་པ་དེ་ཞི་བར་མི་ནུས་ན། དེ་རྣམས་ཀྱིས་དགེ་སློང་གསལ་བ་བས་ཀྱང་གསལ་བ་བརྒྱད་དམ་དགུ་བསྐོ་བར་བྱ་སྟེ། གསལ་བ་བས་ཀྱང་གསལ་བ་རྣམས་ཀྱིས་སྟོན་པའི་བསྟན་པ་ཆོས་འདུལ་ [358A]༄༅། །བས་རྩོད་པ་དེ་ཞི་བར་བྱའོ། །གསལ་བ་བས་ཀྱང་གསལ་བ་རྣམས་ཀྱིས་རྩོད་པ་དེ་ཞི་བར་བྱས་ན། ལེགས་པར་ཞི་བར་བྱས་པར་བརྗོད་པར་བྱའོ། །གལ་ཏེ་དགེ་སློང་ གསལ་བ་བས་ཀྱང་གསལ་བ་རྣམས་ཀྱིས། རྩོད་པ་དེ་ཞི་བར་བྱ་མི་ནུས་ན། དེ་རྣམས་ཀྱིས་རྩོད་པ་དེ་དགེ་འདུན་ལ་གཏད་པར་བྱའོ། །དེ་ནས་དགེ་འདུན་གྱིས་དགེ་སློང་རྩོད་པ་དེ་སྦེད་པ་བསྐོ་བར་བྱའོ། ། ཆོས་ལྔ་དང་ལྡན་པའི་དགེ་སློང་རྩོད་པ་སྦེད་པ་མ་བསྐོས་པ་ནི། བསྐོ་བར་མི་བྱའོ། །བསྐོས་པ་ནི། དབྱུང་བར་བྱའོ། །ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང། ཞེ་སྡང་གིས་འགྲོ་བ་དང། གཏི་མུག་ གིས་འགྲོ་བ་དང། འཇིགས་པས་འགྲོ་བ་དང། རྩོད་པ་སྦེད་པ་དང་མ་སྦེད་པ་མི་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པའི་དགེ་སློང་རྩོད་པ་སྦེད་པ་མ་བསྐོས་པ་ནི། བསྐོ་བར་མི་བྱའོ། །བསྐོས་པ་ནི་ དབྱུང་བར་བྱའོ། །ཆོས་ལྔ་དང་ལྡན་པའི་དགེ་སློང་རྩོད་པ་སྦེད་པ་མ་བསྐོས་པ་ནི། བསྐོ་བར་བྱའོ། །བསྐོས་པ་ནི། དབྱུང་བར་མི་བྱའོ། །ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང། ཞེ་སྡང་གིས་ མི་འགྲོ་བ་དང། གཏི་མུག་གིས་མི་འགྲོ་བ་དང། འཇིགས་པས་མི་འགྲོ་བ་དང། རྩོད་པ་སྦེད་པ་དང་མ་སྦེད་པ་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པའི་དགེ་སློང་རྩོད་པ་སྦེད་པ་མ་བསྐོས་པ་ནི་ བསྐོ་བར་བྱའོ། །བསྐོས་པ་ནི། དབྱུང་བར་མི་བྱའོ། །གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་ [358B] རེ་ཞིག་ཐོག་མར་སྤྲོ་བར་བྱ་སྟེ་ཚེ་དང་ལྡན་པ་དག་ཁྱོད་དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོའམ། གལ་ཏེ་སྤྲོ་ན། དེས་སྤྲོའོ། །ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་ གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྩོད་པ་སྦེད་པའི་དགེ་སློང་མིང་འདི་ཞེས་བགྱི་བ། དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་ དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཇད་ཅིག་དང་འདི་ལྟར། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ཏེ། རྩོད་པ་སྦེད་པའི་དགེ་སློང་མིང་འདི་ཞེས་ བགྱི་བ་འདི། དགེ་འདུན་གྱི་རྩོད་པ་སྦེད་པར་འགྱུར་རོ། །འདི་ནི་གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་རྩོད་པ་སྦེད་པའི་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོ་ནས་དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ཏེ་རྩོད་པ་སྦེད་པའི་དགེ་སློང་མིང་འདི་ཞེས་བགྱི་བ། དགེ་འདུན་གྱི་རྩོད་པ་སྦེད་ པར་བགྱིད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་དེ་སྦེད་པར་བསྐོས་ཏེ། རྩོད་པ་སྦེད་པའི་དགེ་སློང་མིང་འདི་ཞེས་བགྱི་བ། དགེ་འདུན་གྱི་རྩོད་པ་སྦེད་པར་བགྱིད་པར་ བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག་དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བ་ [359A]༄༅། །དགེ་འདུན་གྱིས་རྩོད་པ་སྦེད་པར་བསྐོས་ལགས་ཏེ། འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ངས་རྩོད་པ་སྦེད་པའི་དགེ་སློང་གི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་ བར་བྱ་སྟེ། རྩོད་པ་སྦེད་པའི་དགེ་སློང་གིས། རྩོད་པ་དེ་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་གཏད་པར་བྱ་ཞིང། རྒན་རབས་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱ་སྟེ་ དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྩོད་པ་འདི་ནི། གནས་ག་གེ་མོ་ཞིག་ཏུ་གཞི་འདི་ལས་བྱུང་ནས་དུས་འདི་སྲིད་ཅིག་ལོན་ཏེ། རྩོད་པ་དེ་སྐམ་ལ་གནས་པའི་དགེ་སློང་རྣམས་ཀྱིས་ ཞི་བར་བགྱི་བ་རྡོ་མ་ཐོགས་ནས་དེ་རྣམས་ཀྱིས་དགེ་འདུན་ལ་གཏད་པ་ལས། དགེ་འདུན་གྱིས་ཀྱང་མ་སྤྱོད་ནས་དེ་གསལ་བའི་དགེ་སློང་རྣམས་བསྐོས་པ་ལས། དགེ་སློང་གསལ་བ་རྣམས་ཀྱིས་རྔོ་མ་ ཐོགས་ནས་དེ་རྣམས་ཀྱིས་དགེ་སློང་གསལ་བ་བས་ཀྱང་གསལ་བ་རྣམས་བསྐོས་པ་ལས། དགེ་སློང་གསལ་བ་བས་ཀྱང་གསལ་བ་དེ་རྣམས་ཀྱིས་ཀྱང་རྔོ་མ་ཐོགས་ནས་དེ་རྣམས་ཀྱིས་དགེ་འདུན་ལ་གཏད་ པ་དང། དགེ་འདུན་གྱིས་ཀྱང་བདག་དགེ་སློང་མིང་འདི་ཞེས་བགྱི་བ། རྩོད་པ་སྦེད་པར་བསྐོས་ནས་བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི་གནས་བརྟན་དང་བཅས། སོ་སོར་ ཐར་པ་དང། བཅས་པའི་དགེ་འདུན་ལ་དབུལ་གྱི། དགེ་འདུན་བཙུན་པ་རྣམས་ཀྱིས་འདི་ནས་བཟུང་སྟེ་རྩོད་པ་འདི་ཟླ་བ་དྲུག་གི་མཐའི་བར་གྱིས་ཞི་བར་མཛད་དུ་གསོལ། གནས་བརྟན་དང་བཅས་ [359B]པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ། །གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་དེས། སྟོན་པའི་བསྟན་པ་ ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱས་ན། ལེགས་པར་ཞི་བར་བྱས་པར་བརྗོད་པར་བྱ་སྟེ། མངོན་སུམ་དག་པ་ཡིན་ནོ། །དེ་ལ་མངོན་སུམ་ཇི་ལྟ་བུ་ཞེ་ན། མངོན་སུམ་ནི། གསུམ་སྟེ། དགེ་འདུན་ མངོན་སུམ་དང། གང་ཟག་མངོན་སུམ་དང། ཆོས་མངོན་སུམ་མོ། །དགེ་འདུན་མངོན་སུམ་གང་ཞེ་ན། མཚམས་ན་གནས་པའི་དགེ་སློང་བྱ་བར་འོས་པ་ཇི་སྙེད་པ་དེ་དག་ཐམས་ཅད་འདུས་ཤིང་མངོན་ སུམ་དུ་གྱུར་པ་དང། འདུན་པ་བླང་བར་འོས་པ་རྣམས་ལ་འདུན་པ་བླངས་པ་དང། དགེ་སློང་རྣམས་འདུས་ཤིང་མངོན་སུམ་དུ་གྱུར་ཀྱང་མི་བཏུབ་ཅིང་གཤེ་བ་གང་དག་གིས་གཤེ་བ་འོས་པ་རྣམས་མི་ བཏུབ་པ་མེད་ཅིང་མི་གཤེ་ལ། ལས་དག་བྱེད་པ་འདི་ནི། དགེ་འདུན་མངོན་སུམ་ཞེས་བྱའོ། །གང་ཟག་མངོན་སུམ་གང་ཞེ་ན། གང་དག་གིས་རྩོད་པ་དེ་ཞི་བར་བྱེད་པ་དང། གང་དག་གིས་རྩོད་པ་དེ་ཞི་ བར་བྱ་བ་དེ་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་འདི་ནི་གང་ཟག་མངོན་སུམ་ཞེས་བྱའོ། །ཆོས་མངོན་སུམ་གང་ཞེ་ན། སྟོན་པའི་བསྟན་པ་གང་དང། ཆོས་གང་དང། འདུལ་བ་གང་གིས་ རྩོད་པ་དེ་ཞི་བར་འགྱུར་བའི་སྟོན་པའི་བསྟན་པ་དང། ཆོས་དེ་དང། འདུལ་བ་དེས་རྩོད་པ་དེ་ཞི་བར་བྱེད་པ་འདི་ནི། ཆོས་མངོན་སུམ་ཞེས་བྱའོ། །གལ་ཏེ་གནས་བརྟན་དང་བཅས། སོ་སོར་ [360A]༄༅། །ཐར་པ་དང་ཅས་པའི་དགེ་འདུན་གྱིས་རྩོད་པ་དེ་ཞི་བར་བྱེད་མི་ནུས་ན། དེས་རྩོད་པ་དེ་རྩོད་པ་སྦེད་པའི་དགེ་སློང་ཉིད་ལ་གཏད་པར་བྱའོ། །རྩོད་པ་སྦེད་པའི་དགེ་སློང་གིས་ མདོ་སྡེ་དང། འདུལ་བ་དང། མ་མོ་འཛིན་པའི་དགེ་སློང་རྣམས་ལ་གཏད་པར་བྱ་ཞིང། རྒན་རིམ་ཇི་ལྟ་བ་བཞིན་བརྗོད་པར་བྱ་སྟེ་ཤེས་ལྡན་མདོ་སྡེ་དང། འདུལ་བ་དང། མ་མོ་འཛིན་པའི་ དགེ་སློང་རྣམས་གསན་དུ་གསོལ། རྩོད་པ་འདི་ནི། གནས་ག་གེ་མོ་ཞིག་ཏུ་གཞི་འདི་ལས་བྱུང་ནས་དུས་འདི་སྲིད་ཅིག་ལོན་ཏེ། རྩོད་པ་དེ་སྐམ་ལ་གནས་པའི་དགེ་སློང་རྣམས་ཀྱིས་ཞི་བར་བྱེད་མ་ ནུས་ནས་དེ་རྣམས་ཀྱིས་དགེ་འདུན་ལ་གཏད་པ་ལས། དགེ་འདུན་གྱིས་ཀྱང་མ་སྤྱོད་ནས། དེས་ཀྱང་དགེ་སློང་གསལ་བ་རྣམས་བསྐོས་པ་ལས། དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་མ་ནུས་ནས། དེ་ རྣམས་ཀྱིས་ཀྱང་དགེ་སློང་གསལ་བ་བས་ཀྱང་གསལ་བ་རྣམས་བསྐོས་པ་ལས། དགེ་སློང་གསལ་བ་བས་ཀྱང་གསལ་བ་རྣམས་ཀྱིས་ཀྱང་མ་ནུས་ནས། དེ་རྣམས་ཀྱིས་ཀྱང་དགེ་འདུན་ལ་གཏད་པ་ དང། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ། རྩོད་པ་སྦེད་པར་བསྐོས་ཏེ། བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས། རྩོད་པ་འདི་གནས་བརྟན་དང་བཅས། སོ་སོར་ ཐར་པ་དང་བཅས་པའི་དགེ་འདུན་ལ་གཏད་པ་ལས། གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གྱིས་མ་སྤྱོད་ནས་བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བ་ལ་ [360B] བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས། རྩོད་པ་འདི། མདོ་སྡེ་དང། འདུལ་བ་དང། མ་མོ་འཛིན་པའི་དགེ་སློང་རྣམས་ལ་གཏད་ཀྱི། ཤེས་ལྡན་མདོ་སྡེ་དང། འདུལ་བ་དང་ མ་མོ་འཛིན་པའི་དགེ་སློང་རྣམས་ཀྱིས་འདི་ནས་བཟུང་སྟེ་རྩོད་པའི་ལོ་གཅིག་གི་མཐའི་བར་གྱིས་ཞི་བར་མཛོད་ཅིག་མདོ་སྡེ་དང་འདུལ་བ་དང། མ་མོ་འཛིན་པའི་དགེ་སློང་རྣམས་ཀྱིས་སྟོན་པའི་ བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ། །མདོ་སྡེ་དང་འདུལ་བ་དང། མ་མོ་འཛིན་པའི་དགེ་སློང་རྣམས་ཀྱིས་རྩོད་པ་དེ་ཞི་བར་བྱས་ན། ལེགས་པར་ཞི་བར་བྱས་པར་བརྗོད་པར་བྱ་སྟེ་མངོན་ སུམ་དག་པ་ཡིན་ནོ། །དེ་ལ་མངོན་སུམ་ཇི་ལྟ་བུ་ཞེ་ན། མངོན་སུམ་གཉིས་ཏེ། གང་ཟག་མངོན་སུམ་དང། ཆོས་མངོན་སུམ་མོ། །གང་ཟག་མངོན་སུམ་གང་ཞེ་ན། གང་དག་གིས་རྩོད་པ་དེ་ཞི་བར་ བྱེད་པ་དང། གང་དག་གིས་རྩོད་པ་དེ་ཞི་བར་བྱ་བ་དེ་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་འདི་ནི། གང་ཟག་མངོན་སུམ་ཞེས་བྱའོ། །ཆོས་མངོན་སུམ་གང་ཞེ་ན། སྟོན་པའི་བསྟན་པ་གང་དང་ ཆོས་གང་དང། འདུལ་བ་གང་གིས་རྩེད་པ་དེ་ཞི་བར་འགྱུར་བའི་སྟོན་པའི་བསྟན་པ་དེ་དང། ཆོས་དེ་དང། འདུལ་བ་དེས་རྩོད་པ་དེ་ཞི་བར་བྱེད་པ་དེ་ནི། ཆོས་མངོན་སུམ་ཞེས་བྱའོ། །གལ་ཏེ་མདོ་སྡེ་ དང། འདུལ་བ་དང། མ་མོ་འཛིན་པའི་དགེ་སློང་རྣམས་ཀྱིས། རྩོད་པ་དེ་ཞི་བར་བྱེད་མི་ནུས་ན། དེ་རྣམས་ཀྱིས་རྩོད་པ་སྦེད་པའི་དགེ་སློང་ཉིད་ལ་གཏད་པར་བྱའོ། །རྩོད་པ་སྦེད་པའི་དགེ་སློང་གིས་ [361A]༄༅། །གནས་གང་ན་དགེ་སློང་གནས་བརྟན་གནས་བརྟན་གང་ཡང་རུང་བའམ། ཤེས་ཉེན་ཅན་ཤེས་ཉེན་ཅན་གང་ཡང་རུང་བའམ་གཙོ་བོ་གཙོ་བོ་གང་ཡང་རུང་བ་ཡོད་པ་དེ་ལ་ གཏད་པར་བྱ་ཞིང། རྒན་རིམ་ཇི་ལྟ་བ་བཞིན་ལ་བརྗོད་པར་བྱ་སྟེ། གནས་བརྟན་དག་གསོན་ཅིག་རྩོད་པ་འདི་ནི། གནས་ག་གེ་མོ་ཞིག་ཏུ་གཞི་འདི་ལས་བྱུང་ནས་དུས་འདི་སྲིད་ཅིག་ལོན་ཏེ་ རྩོད་པ་དེ་སྐམ་ལ་གནས་པའི་དགེ་སློང་རྣམས་ཀྱིས་ཞི་བར་བྱེད་མ་ནུས་ནས། དེ་རྣམས་ཀྱིས་དགེ་འདུན་ལ་གཏང་བ་དང། དགེ་འདུན་གྱིས་ཀྱང་མ་སྤྱོད་ནས། དེས་ཀྱང་དགེ་སློང་གསལ་བ་རྣམས་ བསྐོས་པ་ལས། དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་མ་ནུས་ནས། དེ་རྣམས་ཀྱིས་ཀྱང་དགེ་སློང་གསལ་བ་བས་ཀྱང་གསལ་བ་བསྐོས་པ་ལས། དགེ་སློང་གསལ་བ་བས་ཀྱང་གསལ་བ་རྣམས་ ཀྱིས་ཀྱང་མ་ནུས་ནས། དེ་རྣམས་ཀྱིས་དགེ་འདུན་ལ་གཏང་པ་ལས་དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ནས། བདག་དགེ་སློང་རྩོད་པ་སྦེད་པ་མིང་ འདི་ཞེས་བགྱི་བས། རྩོད་པ་འདི་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་གཏད་པ་ལས། གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ གྱིས་ཞི་བར་མ་སྤྱོད་ནས། དེས་ཀྱང་བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བ་ལ་གཏད་ནས། བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས། རྩོད་པ་འདི་མདོ་སྡེ་དང་ [361B] མ་མོ་འཛིན་པའི་དགེ་སློང་རྣམས་ལ་གཏད་པ་དང། མདོ་སྡེ་དང། འདུལ་བ་དང། མ་མོ་འཛིན་པ་རྣམས་ཀྱིས་ཀྱང་མ་ནུས་ནས། དེ་རྣམས་ཀྱིས་ཀྱང་བདག་དགེ་སློང་རྩོད་པ་སྦེད་པ་ མིང་འདི་ཞེས་བགྱི་བ་ལ་གཏད་ནས། བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས། རྩོད་པ་འདི་གནས་བརྟན་ལ་འབུལ་ན་གནས་བརྟན་གྱིས་འདི་ནས་བཟུང་སྟེ་རྩོད་པ་འདི་ཇི་ཙམ་གྱིས་ མཐར་ཕྱིན་གྱི་བར་དུ་ཞི་བར་མཛད་དུ་གསོལ་ཞེས་བརྗོད་པར་བྱའོ། །ངས་དགེ་སློང་གནས་བརྟན་གྱི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་གནས་བརྟན་གྱིས་རྒོལ་བ་དང་ཕྱིར་རྒོལ་བའི་ དགེ་སློང་རྣམས་སོ་ཤིང་སྟོབ་ན། བདག་གིར་མི་བྱ་སྟེ། བའི་ལྕི་བ་སྟོབ་ན། མ་ཡིན། འདག་ཆལ་སྟོབ་ན། མ་ཡིན་ཞིང། གདོན་པ་དང་འདྲི་བ་ཡང་བྱེད་དུ་མི་གཞུག་སྟེ། གཞན་དུ་ན། མདུན་ ནམ་རྒྱབ་ཏུ་འདུག་ནས་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག་མ་འཐབ་ཅིག་མཚང་མ་འདྲུ་ཞིག་འཐབ་མོ་མ་བྱེད་ཅིག་མ་འགྱེད་ཅིག་དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་རྩོད་པ་ ལ་གཉིས་ཀ་རྒྱལ་བ་མེད་ཀྱི། འོན་ཀྱང་གཅིག་རྒྱལ། གཅིག་ཕམ་པར་འགྱུར་རོ། །འགྱེད་པ་ལ་གཉིས་ཀ་རྒྱལ་བ་མེད་ཀྱི། འོན་ཀྱང་གཅིག་རྒྱལ། གཅིག་ཕམ་པར་འགྱུར་རོ། །ཞེས་བྱ་ ཞིང། དགེ་སློང་གནས་བརྟན་གྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ། །དགེ་སློང་གནས་བརྟན་གྱིས་རྩོད་པ་དེ་ཞི་བར་བྱས་ན། ལེགས་པར་ཞི་བར་བྱས་པར་བརྗོད་ [362A]༄༅། །པར་བྱའོ། །དགེ་སློང་དག་དེ་ལྟར་ན། མངོན་སུམ་དུ་འདུལ་བར་འོས་པའི་རྩོད་པ་ཞི་བར་བྱེད་པ་ཡིན་ཞིང། དེ་ལྟར་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། མངོན་སུམ་ དུ་འདུལ་བར་འོས་པའི་རྩོད་པ་ཞི་བར་བྱེད་པས་འདུལ་བ་དང། ཞི་བ་དང། ཉེ་བར་ཞི་བ་ཡིན་ནོ། །དགེ་སློང་དག་གང་ཚུལ་ཤིང་མང་པོ་བླང་བའི་རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན། འདི་ ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། གང་ཚུལ་ཤིང་མང་པོ་བླང་བའི་རྩོད་པ་ཞི་བར་བྱེད་པས་འདུལ་བ་དང། ཞི་བ་དང་ཉེ་བར་ཞི་བ་ཡིན་ཞེ་ན། སྐམ་ལ་གནས་པ་ནས་བཟུང་སྟེ། གནས་ བརྟན་གྱི་བར་གོང་མ་བཞིན་དུ་སྟེ། གལ་ཏེ་དགེ་སློང་གནས་བརྟན་གྱིས་རྩོད་པ་དེ་ཞི་བར་བྱེད་མི་ནུས་ན། རྩོད་པ་དེ་རྩོད་པ་སྦེད་པའི་དགེ་སློང་དེ་ཉིད་ལ་གཏད་པར་བྱའོ། །དེས་ཀྱང་རྩོད་པ་དེ་དགེ་འདུན་ ལ་གཏད་པར་བྱའོ། །དགེ་འདུན་གྱིས་རྩོད་པ་དེ་གང་ཚུལ་ཤིང་མང་པོ་བླང་བའི་རྩོད་པ་ཞི་བས་ཞི་བར་བྱའོ། །རྒྱུད་ལྔ་གང་ཚུལ་ཤིང་མང་པོ་ལེན་པའི་རྩོད་པ་ཞི་བ་ནི། རྩུབ་པ་དང། གདུག་པ་ དང། དམ་པོ་དང། དབྱེ་བའི་བསམ་པ་དང། སྦྱོར་བ་གཞན་དུ་མི་འགྱུར་པ་ཅན་ཡིན་ནོ། །རྩུབ་པ་ཇི་ལྟ་བུ་ཞེ་ན། རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་ཀྱིས་རྩུབ་པོ་རབ་ཏུ་བཟུང་བ་ཡིན་ ཏེ༑ དེ་ལྟར་ན། རྩུབ་པོ་ཅན་ཡིན་ནོ། །གདུག་པ་ཇི་ལྟ་བུ་ཞེ་ན་རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་གདུག་པ་དང་རྣམ་པར་གནོན་པ་ཡིན་ཏེ། དེ་ལྟར་ན། གདུག་པ་ཅན་ཡིན་ནོ། ། [362B] རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་ཀྱིས་དམ་པོ་རབ་ཏུ་བཟུང་བ་ཡིན་ཏེ། དེ་ལྟར་ན། དམ་པོ་ཅན་ཡིན་ནོ། །དབྱེ་བའི་བསམ་པ་ཇི་ལྟ་བུ་ཞེ་ན། དབྱེ་བར་བྱེད་པའི་གཞི་ བཅུ་བཞི་ལས་འབྱེད་པར་བྱེད་པའི་གཞི་གང་ཡང་རུང་བ་ཞིག་ལེགས་པར་ཤིན་ཏུ་རབ་ཏུ་བཟུང་བ་ཡིན་ཏེ། དེ་ལྟར་ན། དབྱེ་བའི་བསམ་པ་ཅན་ཡིན་ནོ། །སྦྱོར་བ་གཞན་དུ་མི་འགྱུར་བ་ཅན་ཇི་ལྟ་བུ་ ཞེ་ན། སྐམ་ལ་གནས་པ་ནས་བཟུང་ནས་གནས་བརྟན་གྱི་བར་གྱིས་ཏེ་དེ་ལྟར་ན། སྦྱོར་བ་གཞན་དུ་མི་འགྱུར་བ་ཅན་ཡིན་ཏེ། ཆོས་འདི་ལྔ་དང་ལྡན་པས་ན། གང་ཚུལ་ཤིང་མང་པོ་བླང་བའི་ཞི་ བ་ནི། རྩུབ་པ་དང། གདུག་པ་དང། དམ་པོ་དང། དབྱེ་བའི་བསམ་པ་དང། སྦྱོར་བ་གཞན་དུ་མི་འགྱུར་བ་ཅན་ཡིན་ནོ། །དེས་ན་ཚུལ་ཤིང་འབྲིམ་པའི་དགེ་སློང་བསྐོ་བར་བྱ་སྟེ། ཆོས་ལྔ་དང་ ལྡན་པའི་དགེ་སློང་ཚུལ་ཤིང་འབྲིམ་པར་མ་བསྐོས་པ་ནི། བསྐོ་བར་མི་བྱའོ། །བསྐོས་པ་ནི། དབྱུང་བར་བྱའོ། །ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང། ཞེ་སྡང་གིས་འགྲོ་བ་དང། གཏི་ མུག་གིས་འགྲོ་བ་དང། འཇིགས་པས་འགྲོ་བ་དང། ཚུལ་ཤིང་བྲིམས་པ་དང་མ་བྲིམས་པ་མི་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པའི་དགེ་སློང་ཚུལ་ཤིང་འབྲིམ་མ་བསྐོས་པ་ནི། བསྐོ་ བར་མི་བྱའོ། །བསྐོས་པ་ནི། དབྱུང་བར་བྱའོ། །ཆོས་ལྔ་དང་ལྡན་པའི་དགེ་སློང་ཚུལ་ཤིང་འབྲིམ་པར་མ་བསྐོས་པ་ནི། བསྐོ་བར་བྱའོ། །བསྐོས་པ་ནི། དབྱུང་བར་མི་བྱའོ། །ལྔ་གང་ [363A]༄༅། །ཞེ་ན། འདུན་པས་མི་འགྲོ་བ་དང། ཞེ་སྡང་གིས་མི་འགྲོ་བ་དང། གཏི་མུག་གིས་མི་འགྲོ་བ་དང། འཇིགས་པས་མི་འགྲོ་བ་དང་ཚུལ་ཤིང་བྲིམས་པ་དང། མ་བྲིམས་ པ་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པའི་དགེ་སློང་ཚུལ་ཤིང་འབྲིམ་པར་མ་བསྐོས་པ་ནི། བསྐོ་བར་བྱའོ། །བསྐོས་པ་ནི། དབྱུང་བར་མི་བྱའོ། །ཚུལ་ཤིང་བྲིམས་པ་ནི། བཞི་སྟེ། བཞི་ གང་ཞེ་ན། སྦ་བ་དང། མངོན་པ་དང། རྣ་དྲུང་དུ་བཤུབ་པ་དང་བཅས་པ་དང། དགེ་འདུན་ཐམས་ཅད་པའོ། །སྦ་བའི་ཚུལ་ཤིང་བྲིམས་པ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཤིང་འབྲིམ་པའི་ དགེ་སློང་འདི་སྙམ་དུ་སེམས་ཏེ། གནས་འདི་ན་དགེ་སློང་གནས་བརྟན་གནས་བརྟན་རབ་ཏུ་མང་པོ་དག་ནི། ཆོས་མ་ཡིན་པ་སྨྲ་ལ། དགེ་སློང་གསར་བུ་ཉུང་ཟད་ཅིག་ནི། ཆོས་སྨྲ་བས། གལ་ ཏེ་བདག་གིས་ཚུལ་ཤིང་མངོན་པར་བྲིམས་ནས་དགེ་སློང་གསར་བུ་དགེ་སློང་གནས་བརྟན་རྣམས་ཀྱི་རྗེས་སུ་བྱེད་པ་རྣམས་ཆོས་མ་ཡིན་པར་ཚུལ་ཤིང་རབ་ཏུ་མང་པོ་ལེན་པར་འགྱུར་བའི་གནས་ གང་ཡིན་པ་དེ་ཡོད་ཀྱི། མ་ལ་བདག་གིས་ཚུལ་ཤིང་སྦས་ཏེ་བྲིམ་མོ་སྙམ་ནས། དེ་ཚུལ་ཤིང་སྦས་ནས་འབྲིམ་པ་སྟེ། འདི་ནི། སྦ་བའི་ཚུལ་ཤིང་འབྲིམ་པ་ཞེས་བྱའོ། །མངོན་པའི་ཚུལ་ཤིང་ འབྲིམ་པ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཤིང་འབྲིམ་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། གནས་འདི་ན་དགེ་སློང་གནས་བརྟན་རབ་ཏུ་མང་པོ་དག་ནི། ཆོས་སྨྲ་ལ། དགེ་སློང་གསར་བུ་ཉུང་ [363B] ཆོས་མ་ཡིན་པ་སྨྲ་བས། གལ་ཏེ་བདག་གིས་ཚུལ་ཤིང་སྦས་ཏེ་བྲིམས་ན། དགེ་སློང་གསར་བུ་རྣམས་ཆོས་མ་ཡིན་པའི་ཚུལ་ཤིང་ལེན་པར་འགྱུར་བ་གང་ཡིན་པའི་གནས་དེ་ཡོད་ཀྱི། མ་ ལ་བདག་གིས་ཚུལ་ཤིང་མངོན་པར་བྲིམ་མོ། །བདག་གིས་ཚུལ་ཤིང་གསལ་བར་བྲིམས་ན། དགེ་སློང་གསར་བུ་དགེ་སློང་གནས་བརྟན་རྣམས་ཀྱི་རྗེས་སུ་བྱེད་པ་རྣམས་ཆོས་ཀྱི་ཚུལ་ཤིང་རབ་ཏུ་མང་པོ་ ལེན་པར་འགྱུར་བ་གང་ཡིན་པའི་གནས་དེ་ཡོད་དོ་སྙམ་ནས། དེ་ཚུལ་ཤིང་མངོན་པར་འབྲིམ་པ་སྟེ། འདི་ནི། མངོན་པའི་ཚུལ་ཤིང་འབྲིམ་པ་ཞེས་བྱའོ། །རྣ་དྲུང་དུ་བཤུབ་པ་དང་བཅས་པའི་ཚུལ་ཤིང་ འབྲིམ་པ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཤིང་འབྲིམ་པའི་དགེ་སློང་གིས་རྣ་དྲུང་དུ་གཏུགས་ཏེ་བཤུབས་ལ། ཚེ་དང་ལྡན་པ་ཁྱོད་ཀྱི་མཁན་པོས་ཆོས་ཀྱི་ཚུལ་ཤིང་བླངས་ཀྱི། ཁྱོད་ཀྱིས་ཀྱང་ ཆོས་ཀྱི་ཚུལ་ཤིང་ལོངས་ཤིག་ཁྱོད་ཀྱི་སློབ་དཔོན་དང་མཁན་པོ་གཅིག་པ་དང། སློབ་དཔོན་གཅིག་པ་དང། གཏམ་འདྲེས་པ་དང། ཕེབས་པར་སྨྲ་བ་དང། སྨོས་འདྲིན་དང། འགྲོགས་བཤེས་ ཀྱིས་ཆོས་ཀྱི་ཚུལ་ཤིང་བླངས་ཀྱི། ཁྱོད་ཀྱིས་ཀྱང་ཆོས་ཀྱི་ཚུལ་ཤིང་ལོངས་ཤིག་ཅེས་སྨྲ་བ་སྟེ། འདི་ནི། རྣ་དྲུང་དུ་བཤུབ་པ་དང་བཅས་པའི་ཚུལ་ཤིང་འབྲིམ་པ་ཞེས་བྱའོ། །དགེ་འདུན་ཐམས་ཅད་ པའི་ཚུལ་ཤིང་འབྲིམ་པ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཤིང་འབྲིམ་པའི་དགེ་སློང་འདི་སྙམ་དུ་སེམས་ཏེ། གནས་འདི་ན་དགེ་སློང་ནད་པ་རབ་ཏུ་མང་བས། གལ་ཏེ་བདག་གིས་དགེ་འདུན་མ་འཚོགས་ [364A]༄༅། །ཤིང་མ་འདུས་པར་ཚུལ་ཤིང་བྲིམས་ན། དགེ་སློང་རབ་ཏུ་མང་པོས་ཆོས་མ་ཡིན་པའི་ཚུལ་ཤིང་ལེན་པར་འགྱུར་བ་གང་ཡིན་པའི་གནས་དེ་ཡོད་ཀྱི། མ་ལ་བདག་གིས་ དགེ་འདུན་ཐམས་ཅད་ཚོགས་ཤིང་འདུས་པ་དང། ཚུལ་ཤིང་བྲིམ་པར་བྱའོ། །སྙམ་ནས། དེ་དགེ་འདུན་ཐམས་ཅད་ཚོགས་ཤིང་འདུས་པ་དང་ཚུལ་ཤིང་འབྲིམ་པ་སྟེ། འདི་ནི། དགེ་འདུན་ ཐམས་ཅད་པའི་ཚུལ་ཤིང་འབྲིམ་པ་ཞེས་བྱའོ། །ཆོས་མ་ཡིན་པའི་ཚུལ་ཤིང་ལེན་པ་བཅུ་དང། ཆོས་ཀྱི་བཅུའོ། །ཆོས་མ་ཡིན་པའི་ཚུལ་ཤིང་ལེན་པ་བཅུ་གང་ཞེ་ན། ཆོས་མ་ཡིན་པས་ ཚུལ་ཤིང་ལེན་པ་དང། མི་མཐུན་པས་ཚུལ་ཤིང་ལེན་པ་དང་ཆུང་བ་བས་ཀྱང་ཆུང་བས་ཚུལ་ཤིང་ལེན་པ་དང། འབྱེ་བའི་བསམ་པས་ཚུལ་ཤིང་ལེན་པ་དང། སྦྱོར་བ་གཞན་དུ་མ་གྱུར་ པས་ཚུལ་ཤིང་ལེན་པ་དང། རྟེན་ཁ་ལོ་སྒྱུར་བ་དང་མི་བསྟུན་པས་ཚུལ་ཤིང་ལེན་པ་དང། ཚུལ་ཤིང་བླངས་པས་དགེ་འདུན་བྱེ་ཡང་ཅི་མ་རུང་སྙམ་པས་ཚུལ་ཤིང་ལེན་པ་དང། ཚུལ་ཤིང་ བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ཡིན་པ་སྨྲ་བར་གྱུར་ཀྱང་ཅི་མ་རུང་སྙམ་ནས་ཚུལ་ཤིང་ལེན་པ་དང། ཚུལ་ཤིང་བླངས་པས་དགེ་འདུན་འབྱེ་བར་འགྱུར་བར་ཤེས་བཞིན་དུ་ཚུལ་ཤིང་ ལེན་པ་དང། ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་དག་ཆོས་མ་ཡིན་པ་སྨྲ་བར་འགྱུར་བར་ཤེས་བཞིན་དུ་ཚུལ་ཤིང་ལེན་པའོ།། །།འདུལ་བ་གཞི། བམ་པོ་དོན་ [364B] ཆོས་མ་ཡིན་པས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན་འདུལ་བ་དང་མཐུན་པ་མ་ཡིན་པས་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི། ཆོས་མ་ཡིན་པས་ཚུལ་ཤིང་ལེན་པ་ཡིན་ནོ། །མི་མཐུན་པས་ ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། དགེ་འདུན་མི་མཐུན་པས་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི། མི་མཐུན་པས་ཚུལ་ཤིང་ལེན་པ་ཡིན་ནོ། །ཆུང་བ་བས་ཀྱང་ཆུང་བས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ ཞེ་ན། བསྡོམ་པར་བྱ་བ་དང། བཤགས་པར་བྱ་བ་ཡིན་ནོ། །སྙམ་ནས་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི། ཆུང་བ་བས་ཀྱང་ཆུང་བས་ཚུལ་ཤིང་ལེན་པ་ཡིན་ནོ། །འབྱེ་བའི་བསམ་པས་ཚུལ་ ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། དབྱེ་བར་བྱེད་པའི་གཞི་བཅུ་བཞི་ལས། དབྱེ་བར་བྱེད་པའི་གཞི་གང་ཡང་རུང་བ་ཞིག་ལེགས་པར་ཤིན་ཏུ་རབ་ཏུ་བཟུང་བ་དེ་ལྟ་བུ་ནི། དགེ་འདུན་དབྱེ་བའི་བསམ་པས་ ཚུལ་ཤིང་ལེན་པ་ཡིན་ནོ། །སྦྱོར་བ་གཞན་དུ་མ་གྱུར་པས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། སྐམ་ལ་གནས་པ་མ་ཡིན་པ་ནས་བཟུང་ནས་གནས་བརྟན་གྱིས་མ་ཡིན་པ་ཞེས་བྱ་བའི་བར་དུ་སྟེ། དེ་ལྟ་ བུའི་སྦྱོར་བ་གཞན་དུ་མ་གྱུར་པས་ཚུལ་ཤིང་ལེན་པ་ཡིན་ནོ་།རྟེན་ཁ་ལོ་སྒྱུར་བ་དང་མི་བསྟུན་པས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་ མོ་འཛིན་པར་གྱུར་པ་གང་དག་ནི། ཆོས་འདུལ་བ་འདི་ལ་རྟེན་དང་ཁ་ལོ་སྒྱུར་བ་ཞེས་བྱ་སྟེ། དེ་རྣམས་ལ་མ་བརྟགས་པར་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི། རྟེན་ཁ་ལོ་སྒྱུར་བ་དང་མི་ [365A]༄༅། །བསྟུན་པས་ཚུལ་ཤིང་ལེན་པ་ཡིན་ནོ། །ཚུལ་ཤིང་བླངས་པས་དགེ་འདུན་བྱེ་བར་གྱུར་ཀྱང་ཅི་མ་རུང་སྙམ་པས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཡིན་ཞེ་ན། ཚུལ་ཤིང་བླངས་པས་ དགེ་འདུན་བྱེ་བར་གྱུར་ཀྱང་ཅི་མ་རུང་ཞེས་དེ་སྙམ་དུ་བསམ་ནས་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི། ཚུལ་ཤིང་བླངས་པས། དགེ་འདུན་བྱེ་བར་གྱུར་ཀྱང་ཅི་མ་རུང་སྙམ་པས་ཚུལ་ཤིང་ལེན་པ་ ཡིན་ནོ། །ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ཡིན་པར་གྱུར་ཀྱང་ཅི་མ་རུང་སྙམ་པས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ ཡིན་པ་བླངས་ནས་འཇུག་པར་གྱུར་ཀྱང་ཅི་མ་རུང་སྙམ་པས་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི། ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ཡིན་པ་སྨྲ་བར་གྱུར་ཀྱང་ཅི་མ་རུང་སྙམ་པས་ ཚུལ་ཤིང་ལེན་པ་ཡིན་ནོ། །ཚུལ་ཤིང་བླངས་པས་དགེ་འདུན་དབྱེ་བར་འགྱུར་བར་ཤེས་པ་བཞིན་དུ་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། ཚུལ་ཤིང་བླངས་པས་དགེ་འདུན་དབྱེ་བར་འགྱུར་བར་ཤེས་ བཞིན་དེ་ལྟར་བསམ་ནས་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི། ཚུལ་ཤིང་བླངས་པས་དགེ་འདུན་འབྱེ་བར་འགྱུར་བར་ཤེས་བཞིན་དུ་ཚུལ་ཤིང་ལེན་པ་ཡིན་ནོ། །ཚུལ་ཤིང་བླངས་པས་དགེ་ སློང་རབ་ཏུ་མང་པོ་ཆོས་མ་ཡིན་པ་སྨྲ་བར་འགྱུར་བར་ཤེས་པ་བཞིན་དུ་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ཡིན་པ་བླངས་ནས་འཇུག་པར་ [365B] དེ་ལྟར་བསམ་ནས་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི། ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ཡིན་པ་སྨྲ་བར་འགྱུར་བར་ཤེས་བཞིན་དུ་ཚུལ་ཤིང་ལེན་པ་སྟེ་ འདི་དག་ནི། ཆོས་མ་ཡིན་པའི་ཚུལ་ཤིང་ལེན་པ་བཅུ་ཡིན་ནོ། །ཆོས་ཀྱི་ཚུལ་ཤིང་ལེན་པ་བཅུ་གང་ཞེ་ན། ཆོས་ཀྱིས་ཚུལ་ཤིང་ལེན་པ་དང། མཐུན་པས་ཚུལ་ཤིང་ལེན་པ་དང། ཆུང་བ་བས་ ཀྱང་ཆུང་བ་མ་ཡིན་པས་ཚུལ་ཤིང་ལེན་པ་དང། མི་དབྱེ་བའི་བསམ་པས་ཚུལ་ཤིང་ལེན་པ་དང། སྦྱོར་བ་གཞན་དུ་གྱུར་པས་ཚུལ་ཤིང་ལེན་པ་དང། རྟེན་ཁ་ལོ་སྒྱུར་བ་དང་བསྟུན་པས་ཚུལ་ ཤིང་ལེན་པ་དང། ཚུལ་ཤིང་བླངས་པས་དགེ་འདུན་འབྱེ་བར་མ་གྱུར་ཀྱང་ཅི་མ་རུང་སྙམ་པས་ཚུལ་ཤིང་ལེན་པ་དང། ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ཡིན་པར་སྨྲ་བར་མ་ གྱུར་ཀྱང་ཅི་མ་རུང་སྙམ་པས་ཚུལ་ཤིང་ལེན་པ་དང། ཚུལ་ཤིང་བླངས་པས་དགེ་འདུན་འབྱེ་བར་འགྱུར་བར་མི་ཤེས་པས་ཚུལ་ཤིང་ལེན་པ་དང། ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་ པོ་ཆོས་མ་ཡིན་པ་སྨྲ་བར་འགྱུར་བར་མི་ཤེས་པས་ཚུལ་ཤིང་ལེན་པ་ཡིན་ནོ། །ཆོས་ཀྱིས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། འདུལ་བ་དང་མཐུན་པས་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི། ཆོས་ཀྱིས་ ཚུལ་ཤིང་ལེན་པ་ཡིན་ནོ། །མཐུན་པས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། དགེ་འདུན་མཐུན་པས་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི་མཐུན་པས་ཚུལ་ཤིང་ལེན་པ་ཡིན་ནོ། །ཆུང་བ་བས་ [366A]༄༅། །ཀྱང་ཆུང་བ་མ་ཡིན་པས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། བསྡམ་པར་བྱ་བ་མ་ཡིན་པ་དང། བཤགས་པར་བྱ་བ་མ་ཡིན་ནོ། །སྙམ་དུ་བསམ་ནས་ཚུལ་ཤིང་ལེན་པ་སྟེ། དེ་ ལྟ་བུ་ནི། ཆུང་བ་བས་ཀྱང་ཆུང་བ་མ་ཡིན་པས་ཚུལ་ཤིང་ལེན་པ་ཡིན་ནོ། །མི་དབྱེ་བའི་བསམ་པས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། དབྱེ་བར་བྱེད་པའི་གཞི་བཅུ་བཞི་ལས། དབྱེ་བར་བྱེད་པའི་ གཞི་གང་ཡང་རུང་བ་ལེགས་པར་ཤིན་ཏུ་རབ་ཏུ་མ་བཟུང་བ་སྟེ་དེ་ལྟ་བུ་ནི། མི་དབྱེ་བའི་བསམ་པས་ཚུལ་ཤིང་ལེན་པ་ཡིན་ནོ་།སྦྱོར་བ་གཞན་དུ་གྱུར་པས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན་ སྐམ་ལ་གནས་པ་ནས་བཟུང་ནས་གནས་བརྟན་གྱི་བར་གྱིས་ཏེ། དེ་ལྟ་བུ་ནི། སྦྱོར་བ་གཞན་དུ་གྱུར་བས་ཚུལ་ཤིང་ལེན་པ་ཡིན་ནོ། །རྟེན་ཁ་ལོ་སྒྱུར་བ་དང་བསྟུན་པས་ཚུལ་ཤིང་ལེན་པ་ཇི་ལྟ་ བུ་ཞེ་ན། དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་གང་དག་ཡིན་པ་དེ་དག་ནི། ཆོས་འདུལ་བ་འདི་ལ་རྟེན་དང་ཁ་ལོ་སྒྱུར་བ་ཞེས་བྱ་སྟེ། དེ་རྣམས་ལ་བརྟགས་ ནས་ཚུལ་ཤིང་ལེན་པ་དེ་ལྟ་བུ་ནི། རྟེན་ཁ་ལོ་སྒྱུར་བ་དང་བསྟུན་པས་ཚུལ་ཤིང་ལེན་པ་ཡིན་ནོ། །ཚུལ་ཤིང་བླངས་པས་དགེ་འདུན་དབྱེ་བར་མ་གྱུར་ཀྱང་ཅི་མ་རུང་སྙམ་པས་ཚུལ་ཤིང་ལེན་ པ་ཇི་ལྟ་བུ་ཞེ་ན། ཚུལ་ཤིང་བླངས་པས་དགེ་འདུན་བྱེ་བར་གྱུར་ཀྱང་ཅི་མ་རུང་ཞེས་དེ་ལྟར་མི་སེམས་པས་ཚུལ་ཤིང་ལེན་པ་སྟེ་དེ་ལྟ་བུ་ནི། ཚུལ་ཤིང་བླངས་པས་དགེ་འདུན་བྱེ་བར་མ་ [366B]།ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ཡིན་པ་སྨྲ་བར་མ་གྱུར་ཀྱང་ཅི་མ་རུང་སྙམ་པས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། ཚུལ་ ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ཡིན་པ་བླངས་ཏེ་འཇུག་པར་མ་གྱུར་ཀྱང་ཅི་མ་རུང་སྙམ་པས་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི། ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ ཡིན་པ་སྨྲ་བར་མ་གྱུར་ཀྱང་ཅི་མ་རུང་སྙམ་པས་ཚུལ་ཤིང་ལེན་པ་ཡིན་ནོ། །ཚུལ་ཤིང་བླངས་པས་དགེ་འདུན་དབྱེ་བར་འགྱུར་བར་མི་ཤེས་པས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། ཚུལ་ཤིང་བླངས་ པས་དགེ་འདུན་དབྱེ་བར་འགྱུར་བར་མི་ཤེས་ཤིང་དེ་ལྟར་མི་སེམས་པས་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི། ཚུལ་ཤིང་བླངས་པས་དགེ་འདུན་འབྱེ་བར་འགྱུར་བར་མི་ཤེས་པས་ཚུལ་ཤིང་ལེན་པ་ ཡིན་ནོ། །ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ཡིན་པ་སྨྲ་བར་འགྱུར་བར་མི་ཤེས་པས་ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ཡིན་པ་ བླངས་ནས་སྤྱོད་པར་མི་ཤེས་ཤིང་དེ་ལྟར་མི་སེམས་པས་ཚུལ་ཤིང་ལེན་པ་སྟེ། དེ་ལྟ་བུ་ནི། ཚུལ་ཤིང་བླངས་པས་དགེ་སློང་རབ་ཏུ་མང་པོ་ཆོས་མ་ཡིན་པ་སྨྲ་བར་འགྱུར་བར་མི་ཤེས་པས་ཚུལ་ ཤིང་ལེན་པ་སྟེ། འདི་ནི། ཆོས་ཀྱི་ཚུལ་ཤིང་ལེན་པ་བཅུ་ཡིན་ནོ་།ངས་དགེ་སློང་ཚུལ་ཤིང་འབྲིམ་པའི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་ཚུལ་ཤིང་འབྲིམ་པས། ཚུལ་ཤིང་ [367A]༄༅། །རྣམ་པ་གཉིས་བཤམ་པར་བྱ་སྟེ། ཆོས་ཀྱི་ཚུལ་ཤིང་དང། ཆོས་མ་ཡིན་པའི་ཚུལ་ཤིང་ངོ། །ཆོས་ཀྱི་ཚུལ་ཤིང་རྣམས་ནི། ཡ་ཡོ་མེད་པ། ཀྱག་ཀྱོག་མེད་པ། ཀྱར་ ཀྱོར་མེད་པ། ཁ་དོག་བཟང་བ། རེག་ན་བདེ་བར་བྱའོ། །ཆོས་མ་ཡིན་པའི་ཚུལ་ཤིང་རྣམས་ནི། ཡ་ཡོ་དང། ཀྱག་ཀྱོག་དང། ཀྱར་ཀྱོར་དང། ཁ་དོག་ངན་པ་དང། རེག་ན་མི་བདེ་བར་བྱའོ། །དེ་ ནས་དགེ་སློང་ཚུལ་ཤིང་འབྲིམ་པས་ལག་པ་གཡས་པས་ཆོས་ཀྱི་ཚུལ་ཤིང་རྣམས་བླངས་ལ། གཡོན་པས་ཆོས་མ་ཡིན་པའི་ཚུལ་ཤིང་རྣམས་བླངས་ནས། དགེ་འདུན་གྱི་གནས་བརྟན་གྱི་མདུན་ དུ་འདུག་སྟེ། ཆོས་ཀྱི་ཚུལ་ཤིང་རྣམས་ཀྱི་བསྔགས་པ་དང། ཆོས་མ་ཡིན་པའི་ཚུལ་ཤིང་རྣམས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་པར་བྱ་སྟེ། གནས་བརྟན། འདི་དག་ནི། ཆོས་ཀྱི་ཚུལ་ཤིང་ ལགས་ཏེ། ཡ་ཡོ་མ་མཆིས་པ། ཀྱག་ཀྱོག་མ་མཆིས་པ། ཀྱར་ཀྱོར་མ་མཆིས་པ། ཁ་དོག་བཟང་བ། རེག་ན་བདེ་བ་ལགས་ཀྱི། བཞེས་ཤིག་།འདི་དག་ནི་ཆོས་མ་ཡིན་པའི་ཚུལ་ཤིང་ ལགས་ཏེ། ཡ་ཡོ་དང། ཀྱག་ཀྱོག་དང། ཀྱར་ཀྱོར་དང། ཁ་དོག་ངན་པ། རེག་ན་མི་བདེ་བ་ལགས་ན། བཞེས་ཤིག་གལ་ཏེ་ཆོས་མ་ཡིན་པའི་ཚུལ་ཤིང་གང་ན་བ་དེ་ལོགས་སུ་ལག་པ་ཟེད་ ན༑ ཚིག་དང་པོ་ལ་ཡང་སྦྱིན་པར་མི་བྱ། གཉིས་པ་ལ་ཡང་སྦྱིན་པར་མི་བྱ། གསུམ་པ་ལ་སྦྱིན་པར་བྱ་སྟེ། དགེ་འདུན་གྱི་གནས་བརྟན་གྱིས་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་ [367B] །དེ་བཞིན་དུ་དགེ་འདུན་གསར་བུའི་བར་གྱི་མདུན་དུ་འདུག་ནས་ཆོས་ཀྱི་ཚུལ་ཤིང་རྣམས་ཀྱི་བསྔགས་པ་དང་ཆོས་མ་ཡིན་པའི་ཚུལ་ཤིང་རྣམས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་ པར་བྱ་སྟེ། འདི་དག་ནི། ཆོས་ཀྱི་ཚུལ་ཤིང་ལགས་ཏེ། ཡ་ཡོ་མ་མཆིས་པ། ཀྱག་ཀྱོག་མ་མཆིས་པ། ཀྱར་ཀྱོར་མ་མཆིས་པ། ཁ་དོག་བཟང་བ། རེག་ན་བདེ་བ་ལགས་ཀྱི། བཞེས་ཤིག་འདི་ དག་ནི། ཆོས་མ་ཡིན་པའི་ཚུལ་ཤིང་ལགས་ཏེ། ཡ་ཡོ་དང། ཀྱག་ཀྱོག་དང། ཀྱར་ཀྱོར་དང། ཁ་དོག་ངན་པ། རེག་ན་མི་བདེ་བ་ལགས་ན། བཞེས་ཤིག་གལ་ཏེ་ཆོས་མ་ཡིན་པའི་ཚུལ་ ཤིང་གང་ན་བ་དེ་ལོགས་སུ་ལག་པ་ཟེད་ན། ཚིག་དང་པོ་ལ་སྦྱིན་པར་མི་བྱ། གཉིས་པ་ལ་སྦྱིན་པར་མི་བྱ། གསུམ་པ་ལ་སྦྱིན་པར་བྱ་སྟེ། དེ་བཞིན་དུ་དགེ་འདུན་གསར་བུས་འདུལ་བ་དང་འགལ་ བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པར་བྱའོ། །གལ་ཏེ་ཆོས་ཀྱི་ཚུལ་ཤིང་ཉུང་བར་གྱུར་ན། ཀུན་ཤེས་ཀོའུ་དི་ནྱའི་ཚུལ་ཤིང་བླང་བར་བྱའོ། །གལ་ཏེ་ཆོས་ཀྱི་ཚུལ་ཤིང་གཅིག་གིས་ལྷག་པར་ གྱུར་ན་ཡང། དེ་ལྟར་ན། འདི་ལྟ་སྟེ། ཆོས་ཀྱིས་རྩོད་པ་དེ་ཉེ་བར་ཞི་བ་ཡིན་ནོ། །དེ་ལྟར་རྩོད་པ་དེ་ཞི་བར་བྱས་པ་ལ་གལ་ཏེ་འགའ་ཞིག་སྐྱོ་སྔོགས་བྱེད་ན། ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་ གལ་ཏེ་ཆོས་མ་ཡིན་པའི་ཚུལ་ཤིང་གཅིག་གིས་ལྷག་པར་གྱུར་ན་ཡང། དེ་ལྟར་ན། འདི་ལྟ་སྟེ། ཆོས་མ་ཡིན་པས་རྩོད་པ་དེ་ཞི་བར་བྱས་པ་ཡིན་ནོ། །དེ་ལྟར་རྩོད་པ་དེ་ཞི་བར་བྱས་པ་ལ་ [368A]༄༅། །འགའ་ཞིག་སྐྱོ་སྔོགས་བྱེད་ན། ཉེས་བྱས་སུ་འགྱུར་རོ་།དེ་ལྟར་ན། གང་ཚུལ་ཤིང་མང་པོ་བླང་བའི་རྩོད་པ་ཞི་བར་བྱེད་པ་ཡིན་ཞིང། དེ་ལྟར་ན། འདི་ན་ཁ་ཅིག་གི་རྩོད་ པ་རྣམས་འདི་ལྟ་སྟེ། གང་ཚུལ་ཤིང་མང་པོ་བླང་བའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང། ཞི་བ་དང། ཉེ་བར་ཞི་བ་ཡིན་ནོ་།དགེ་སློང་དག་འགྱེད་པའི་རྩོད་པ་ལས། རྩོད་པ་ཞི་བར་བྱེད་པ་ གཉིས་ཀྱིས་དུལ་བར་བྱ། ཞི་བར་བྱ། ཉེ་བར་ཞི་བར་བྱ་བ་ནི་འདི་ལྟ་སྟེ། མངོན་སུམ་དུ་འདུལ་བར་འོས་པ་དང། གང་ཚུལ་ཤིང་མང་པོ་བླང་བས་སོ། །དགེ་སློང་དག་གདམས་ངག་མེད་ པའི་རྩོད་པ་ལ་རྩོད་པ་ཞི་བར་བྱེད་པའི་ཆོས་གསུམ་གྱིས་དུལ་བར་བྱ། ཞི་བར་བྱ། ཉེ་བར་ཞི་བར་བྱའོ། །གསུམ་གང་ཞེ་ན་མངོན་སུམ་དུ་འདུལ་བ་དང། དྲན་པས་འདུལ་བ་དང། མ་མྱོས་ པས་འདུལ་བའོ། །དགེ་སློང་དག་ཇི་ལྟར་ན་མངོན་སུམ་གྱིས་འདུལ་བ་ནི། རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན། འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། མངོན་སུམ་དུ་འདུལ་བའི་ རྩོད་པ་ཞི་བར་བྱེད་པས། དུལ་བ་དང། ཞི་བ་དང། ཉེ་བར་ཞི་བ་ཡིན་ཞེ་ན། སྐམ་ལ་གནས་པ་ནས་བཟུང་ནས་གནས་བརྟན་གྱི་བར་གྱིས་གོང་མ་བཞིན་དུ་སྟེ། དགེ་སློང་དག། དེ་ལྟར་མངོན་ སུམ་དུ་འདུལ་བ་ནི། རྩོད་པ་ཞི་བར་བྱེད་པ་ཡིན་ཞིང། དེ་ལྟར་ན། འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། མངོན་སུམ་དུ་འདུལ་བའི་རྩོད་པ་ཞི་བར་བྱེད་པས། དུལ་བ་དང། ཞི་བ་ [368B] ཉེ་བར་ཞི་བ་ཡིན་ནོ། །དགེ་སློང་དག་ཇི་ལྟར་ན་དྲན་པས་འདུལ་བ་ནི། རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན་འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། དྲན་པས་འདུལ་བའི་རྩོད་པ་རྣམས་ ཞི་བར་བྱེད་པས་དུལ་བ་དང། ཞི་བ་དང། ཉེ་བར་ཞི་བ་ཡིན་ཞེ་ན། དཔེར་ན། ཚེ་དང་ལྡན་པ་གྱད་བུ་ནོར་ལ་དགེ་སློང་མ་མཛའ་མོས་མི་བདེན་པས་སྐུར་པ་བཏབ་པ་དེ་ལ་དགེ་སློང་རྣམས་གླེང་བར་བྱེད་ དེ༑ གཞི་དེས་གླེང་བ་ན། ངོ་ཚའོ། །ཞེས་བྱ་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་གྱད་ བུ་ནོར་དང། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་པ་ལ་དྲན་པས་འདུལ་བར་འོས་པ་བྱིན་ཅིག་སྦྱིན་པ་ནི། འདི་ལྟར་སྦྱིན་པར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ནས་དྲིས་པའི་ ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། གྱད་བུ་ནོར་གྱིས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། རྒན་རིམ་ཇི་ལྟ་བ་བཞིན་ དུ་འདུད་པ་བྱས་ལ། རྒན་པའི་མཐར་ཙོག་ཙོག་པོར་འདུག་ནས་ཐལ་མོ་སྦྱར་ཏེ། ཚིག་འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་གྱད་བུ་ནོར་ལ་དགེ་སློང་མ་མཛའ་མོས་ མི་བདེན་པས་སྐུར་པ་བཏབ་པས་བདག་ལ་དགེ་སློང་རྣམས་གཞི་དེས་གླེང་བར་བགྱིད་དེ། བདག་ལ་གཞི་དེས་གླེང་བར་བགྱིད་པ། དགེ་འདུན་ལ་དྲན་པས་འདུལ་བ་གསོལ་ན། དགེ་འདུན་བཙུན་པ་ [369A]༄༅། །ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་བདག་གྱད་བུ་ནོར་ལ་དྲན་པས་འདུལ་བ་སྩལ་དུ་གསོལ། དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ།། དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གྱད་བུ་ནོར་འདི་ལ་དགེ་སློང་མ་མཛའ་མོས་མི་བདེན་པས་སྐུར་པ་བཏབ་པས་འདི་ལ་ དགེ་སློང་རྣམས་གཞི་དེས་གླེང་བར་བགྱིད་དེ། འདི་ལ་གཞི་དེས་གླེང་བར་བགྱིད་པ། དགེ་འདུན་ལས་དྲན་པས་འདུལ་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་ དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། འདི་ལྟར། དགེ་འདུན་གྱིས་གྱད་བུ་ནོར་ལ་དྲན་པས་འདུལ་བ་སྩོལ་བར་མཛད་དོ། །འདི་ནི། གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་ པ་རྣམས་གསན་དུ་གསོལ། གྱད་བུ་ནོར་འདི་ལ་དགེ་སློང་མ་མཛའ་མོས་མི་བདེན་པས་སྐུར་པ་བཏབ་པས། འདི་ལ་དགེ་སློང་རྣམས་གཞི་དེས་གླེང་བར་བགྱིད་དེ། འདི་ལ་གཞི་དེས་ གླེང་བར་བགྱིད་པ་ན། དགེ་འདུན་ལས་དྲན་པས་འདུལ་བ་གསོལ་ཏེ་དེའི་སླད་དུ་དགེ་འདུན་གྱིས་གྱད་བུ་ནོར་ལ་དྲན་པས་འདུལ་བ་སྩོལ་བར་མཛད་ན། ཚེ་དང་ལྡན་པ་གང་དག་གྱད་ བུ་ནོར་ལ་དྲན་པས་འདུལ་བ་སྩོལ་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག་འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ [369B] གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་གྱད་བུ་ནོར་ལ་དྲན་པས་འདུལ་བ་སྩལ་ལགས་ཏེ། འདི་ལྟར། ཅང་མི་ གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཆོས་མ་ཡིན་པའི་དྲན་པས་འདུལ་བ་སྦྱིན་པ་གསུམ་དང། ཆོས་ཀྱི་གསུམ་མོ། །ཆོས་མ་ཡིན་པའི་དྲན་པས་འདུལ་བ་སྦྱིན་པ་གསུམ་གང་ཞེ་ན། འདི་ལྟ་སྟེ་ དགེ་སློང་ཕས་ཕམ་པའི་ལྟུང་བ་བྱུང་བ་དེ་ལ། དགེ་སློང་རྣམས་གཞི་དེས་གླེང་བར་བྱེད་ཅིང། དེ་ལ་གཞི་དེས་གླེང་བར་བྱེད་ན་དགེ་འདུན་ལས་དྲན་པས་འདུལ་བ་གསོལ་ཏེ། དེ་ལ་དགེ་འདུན་ གྱིས་དྲན་པས་འདུལ་བ་སྦྱིན་པ་ནི། ཆོས་མ་ཡིན་པའི་དྲན་པས་འདུལ་བ་སྦྱིན་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། བསྙིལ་བར་འོས་པའི་ཕྱིར་རོ། །འདི་ལྟ་སྟེ། དགེ་སློང་དགེ་འདུན་ལྷག་མ་ དང། ལྟུང་བྱེད་དང། སོ་སོར་བཤགས་པ་དང། ཉེས་བྱེས་ཀྱི་ལྟུང་བ་བྱུང་བ་དེ་ལ། དགེ་སློང་རྣམས་གཞི་དེས་གླེང་བར་བྱེད་ཅིང་དེ་ལ་གཞི་དེས་གླེང་བར་བྱེད་པ་ན། དགེ་འདུན་ལས་དྲན་པས་ འདུལ་བ་གསོལ་ཏེ། དགེ་འདུན་གྱིས་དེ་ལ་དྲན་པས་འདུལ་བ་སྦྱིན་པ་ནི། ཆོས་མ་ཡིན་པའི་དྲན་པས་འདུལ་བ་སྦྱིན་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། བཤགས་པར་འོས་པའི་ཕྱིར་རོ། ། འདི་ལྟ་སྟེ། དགེ་སློང་བྱེ་མ་སྐྱེས། སྨྱོས། སེམས་འཁྲུགས། ཚོར་བས་ཉེན་ཏེ་སྒྲེན་མོར་བྱུང་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ་མང་དུ་སྤྱད་སྨྲས། བརྩལ་ནས་ [370A]༄༅། །ཁ་ཆུ་ཟགས། །མིག་བགྲད་བཞིན་གྱུར་ཏེ་གཉིད་ཀྱིས་མ་ལོག་པར་གཉིད་ཀྱིས་ལོག་གོ་སྙམ་དུ་ཤེས། ཕ་རོལ་གྱིས་མ་སྨྲས་པར་སྨྲས་སོ། །སྙམ་དུ་ཤེས་སོ། ། དུས་གཞན་ཞིག་ན། དེས་རང་གི་སེམས་སླར་སོར་ཆུད་པ་དང། དེ་ལ་གཞི་དེས་དགེ་སློང་རྣམས་གླེང་བར་བྱེད་ཅིང་དེ་ལ་གཞི་དེས་གླེང་བར་བྱེད་པ་ན། དགེ་འདུན་ལས་དྲན་པས་འདུལ་བ་ གསོལ་ཏེ། དགེ་འདུན་གྱིས་དེ་ལ་དྲན་པས་འདུལ་བ་སྦྱིན་པ་ནི། ཆོས་མ་ཡིན་པའི་དྲན་པས་འདུལ་བ་སྦྱིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན་དེ་ནི། མ་མྱོས་པས་འདུལ་བར་འོས་པའི་ཕྱིར་རོ། ། འདི་ལྟ་སྟེ། དགེ་སློང་གཞི་ལྡན་དགེ་འདུན་གྱིས་ནང་དུ་ལྟུང་བ་ཉིད་ཤེས་པ་ལས་བརྗེད་ནས་ཕྱིས་དྲན་ཏེ་ཤེས་པ་ལས་ཡང་བརྗེད་པ་དང། དགེ་འདུན་གྱིས་དེ་ལ་དྲན་པས་འདུལ་བ་སྦྱིན་ པ་ནི། ཆོས་མ་ཡིན་པའི་དྲན་པས་འདུལ་བ་སྦྱིན་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པའི་ཕྱིར་ཏེ། འདི་དག་ནི། ཆོས་མ་ཡིན་པའི་དྲན་པས་ འདུལ་བ་སྦྱིན་པ་གསུམ་ཡིན་ནོ། །ཆོས་ཀྱི་དྲན་པས་འདུལ་བ་སྦྱིན་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། གྱད་བུ་ནོར་ལ་དགེ་སློང་མ་མཛའ་མོས་མི་བདེན་པས་སྐུར་བ་བཏབ་པ་དེ་ལ། དགེ་སློང་ རྣམས་གཞི་དེས་གླེང་བར་བྱེད་ཅིང། དེ་ལ་གཞི་དེས་གླེང་བར་བྱེད་པ་ན། དགེ་འདུན་ལ་དྲན་པས་འདུལ་བ་གསོལ་ཏེ། དགེ་འདུན་གྱིས་དེ་ལ་དྲན་པས་འདུལ་བ་སྦྱིན་པ་ནི། ཆོས་ཀྱི་དྲན་ [370B] །འདི་ལྟ་སྟེ། དགེ་སློང་ཞིག་ལ་ལྟུང་བ་གཞན་ཁོ་ན་ཞིག་བྱུང་བར་གྱུར་བ་དེ་ལ། དགེ་སློང་རྣམས་ཀྱིས་གཞི་གཞན་གྱིས་གླེང་བར་བྱེད་ཅིང། དེ་ལ་གཞི་དེས་གླེང་ བར་བྱེད་པ་ན། དགེ་འདུན་ལས་དྲན་པས་འདུལ་བ་གསོལ་ཏེ། དགེ་འདུན་གྱིས་དེ་ལ་དྲན་པས་འདུལ་བ་སྦྱིན་པ་ནི། ཆོས་ཀྱི་དྲན་པས་འདུལ་བ་སྦྱིན་པ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་ཞིག་ལྟུང་བ་ བྱུང་བར་གྱུར་ལ། དེས་དེ་དགེ་སློང་གི་མདུན་དུ་བཤགས་པའམ། བྱིན་གྱིས་བརླབས་པར་གྱུར་བ་དེ་ལ། དགེ་སློང་རྣམས་གཞི་དེས་གླེང་བར་བྱེད་ཅིང། དེ་ལ་གཞི་དེས་གླེང་བར་བྱེད་པ་ན། དགེ་ འདུན་ལས་དྲན་པས་འདུལ་བ་གསོལ་ཏེ། དགེ་འདུན་གྱིས་དེ་ལ་དྲན་པས་འདུལ་བ་སྦྱིན་པ་ནི། ཆོས་ཀྱི་དྲན་པས་འདུལ་བ་སྦྱིན་པ་ཡིན་ཏེ་གསུམ་པོ་འདི་དག་ནི། ཆོས་ཀྱི་དྲན་པས་འདུལ་བ་སྦྱིན་ པ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན། དྲན་པས་འདུལ་བར་འོས་པ་ནི། རྩོད་པ་ཞི་བར་བྱེད་པ་ཡིན་ཞིང། དེ་ལྟར་ན། འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། དྲན་པས་འདུལ་བར་ འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང། ཞི་བ་དང། ཉེ་བར་ཞི་བ་ཡིན་ནོ། །དགེ་སློང་དག་ཇི་ལྟར་ན། མ་མྱོས་པས་འདུལ་བར་འོས་པའི་རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན་ འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། མ་མྱོས་པས་འདུལ་བར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང། ཞི་བ་དང་ཉེ་བར་ཞི་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་བྱེ་མ་སྐྱེས་ [371A]༄༅། །སྨྱོས། སེམས་འཁྲུགས། ཚོར་བས་ཉེན་ནས་སྒྲེན་མོར་བྱུང་སྟེ། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ་མང་དུ་སྤྱད་སྨྲས། བརྩལ་ནས་ཁ་ཆུ་ཟགས་ མིག་གྱུར། བཞིན་གྱུར་ཏེ། གཉིད་ཀྱིས་མ་ལོག་པར་གཉིད་ཀྱིས་ལོག་གོ་།སྙམ་དུ་ཤེས། ཕ་རོལ་གྱིས་མ་སྨྲས་པར་སྨྲས་སོ། །སྙམ་དུ་ཤེས་སོ། །དུས་གཞན་ཞིག་ན་དེས་རང་གི་སེམས་ སོར་ཆུད་པ་དང། དེ་ལ་དགེ་སློང་རྣམས་གཞི་དེས་གླེང་བར་བྱེད་དེ། དེ་ལ་གཞི་དེས་གླེང་བར་བྱེད་པ་ན། དགེ་འདུན་ལ་མ་མྱོས་པས་འདུལ་བ་གསོལ་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་ བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་བྱེ་མ་སྐྱེས་དང། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་མ་ མྱོས་པས་འདུལ་བ་བྱིན་ཅིག་སྦྱིན་པ་ནི། འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། དགེ་སློང་བྱེ་མ་སྐྱེས་ཀྱིས་བླ་གྲོས་ཕྲག་པ་གཅིག་ཏུ་གཟར་ཏེ། རྒན་པ་ཇི་ལྟ་བ་བཞིན་དུ་འདུད་པ་བྱས་ལ། རྒན་པའི་མཐར་ཙོག་ཙོག་པོར་འདུག་ སྟེ་ཐལ་མོ་སྦྱར་ལ་ཚིག་འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་བྱེ་མ་སྐྱེས་མྱོས། སེམས་འཁྲུགས་ཚོར་བས་ཉེན་ནས་སྒྲེན་མོར་བྱུང་སྟེ་ [371B] རྗེས་སུ་མཐུན་པ་མ་ཡིན་པ་མང་དུ་སྤྱད་སྨྲས། བརྩལ་ནས་ཁ་ཆུ་ཟགས། མིག་གྱུར། བཞིན་གྱུར་ཏེ། གཉིད་ཀྱིས་མ་ལོག་པར་གཉིད་ཀྱིས་ལོག་གོ་སྙམ་དུ་འཚལ་ ཕ་རོལ་གྱིས་མ་སྨྲས་པར་སྨྲས་སོ། །སྙམ་དུ་འཚལ་བ་ལས། དུས་གཞན་ཞིག་ན་བདག་སེམས་སོར་ཆུད་པ་དང། བདག་ལ་དགེ་སློང་རྣམས་གཞི་དེས་གླེང་བར་བགྱིད་ཅིང། བདག་ལ་གཞི་དེས་གླེང་ བར་བགྱིད་པ། དགེ་འདུན་ལ་མ་མྱོས་པས་འདུལ་བ་གསོལ་ན། དགེ་འདུན་བཙུན་པ་རྣམས་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་བྱེ་མ་སྐྱེས་ལ་མ་མྱོས་པས་འདུལ་བ་སྩལ་ དུ་གསོལ། དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་བྱེ་མ་སྐྱེས་འདི་ སྨྱོས། སེམས་འཁྲུགས། ཚོར་བས་ཉེན་ནས་སྒྲེན་མོར་བྱུང་སྟེ། དགེ་སྦྱོང་གི་ཚུལ་མ་ལགས་པ། རྗེས་སུ་མཐུན་པ་མ་ལགས་པ། མང་དུ་སྤྱད་སྨྲས། བརྩལ་ནས་ཁ་ཆུ་ཟགས། མིག་གྱུར་ བཞིན་གྱུར་ཏེ། གཉིད་ཀྱིས་མ་ལོག་པར་གཉིད་ཀྱིས་ལོག་གོ་སྙམ་དུ་འཚལ། ཕ་རོལ་གྱིས་མ་སྨྲས་པར་སྨྲས་སོ། །སྙམ་དུ་འཚལ་བ་ལས། དུས་གཞན་ཞིག་ན་འདིས་རང་གི་སེམས་སོར་ཆུད་པ་ དང། འདི་ལ་དགེ་སློང་རྣམས་གཞི་དེས་གླེང་བར་བགྱིད་ཅིང། འདི་ལ་གཞི་དེས་གླེང་བར་བགྱིད་པ། དགེ་འདུན་ལ་མ་མྱོས་པས་འདུལ་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ [372A]༄༅། །ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་ལ་མ་མྱོས་པས་འདུལ་བ་སྩོལ་བར་མཛད་དོ། །འདི་ནི། གསོལ་བའོ་ ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་བྱེ་མ་སྐྱེས་འདི་མྱོས། སེམས་འཁྲུགས། ཚོར་བས་ཉེན་ནས་སྒྲེན་མོར་བྱུང་སྟེ། དགེ་སྦྱོང་གི་ཚུལ་མ་ལགས་པ། རྗེས་ སུ་མཐུན་པ་མ་ལགས་པ་མང་དུ་སྤྱད་སྨྲས། བརྩལ་ནས་ཁ་ཆུ་ཟགས། མིག་གྱུར་བཞིན་གྱུར་ཏེ། གཉིད་ཀྱིས་མ་ལོག་པར་གཉིད་ཀྱིས་ལོག་གོ་སྙམ་དུ་འཚལ། ཕ་རོལ་གྱིས་མ་སྨྲས་པར་སྨྲས་ སོ། །སྙམ་དུ་འཚལ་བ་ལས་དུས་གཞན་ཞིག་ན་འདིས་རང་གི་སེམས་སོར་ཆུད་པ་དང། འདི་ལ་དགེ་སློང་རྣམས་གཞི་དེས་གླེང་བར་བགྱིད་ཅིང། འདི་ལ་གཞི་དེས་གླེང་བར་བགྱིད་པ། དགེ་འདུན་ ལ་མ་མྱོས་པས་འདུལ་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས། དགེ་སློང་བྱེ་མ་སྐྱེས་ལ་མ་མྱོས་པས་འདུལ་བ་སྩོལ་བར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་བྱེ་མ་སྐྱེས་ལ་མ་མྱོས་ པས་འདུལ་བ་སྩོལ་བར་མཛད་པར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་གང་དག་མི་བཟོད་པ་དེ་དག་ནི། གསུངས་ཤིག་འདི་ནི། ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལས་ བརྗོད་པ་གཉིས་པ་དང་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་ལ་མ་མྱོས་པས་འདུལ་བ་སྩལ་ལགས་ཏེ། འདི་ [372B] ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཆོས་མ་ཡིན་པའི་མ་མྱོས་པས་འདུལ་བར་འོས་པ་སྦྱིན་པ་གཅིག་དང། ཆོས་ཀྱི་གཅིག་གོ་ཆོས་མ་ཡིན་པའི་གཅིག་གང་ཞེ་ན། འདི་ལྟ་སྟེ་ དགེ་སློང་མ་སྨྱོས་པར་བདག་ནི། སྨྱོས་སོ། །སེམས་མ་འཁྲུགས་པར་སེམས་འཁྲུགས་སོ། །སྙམ་དུ་ཤེས་པ་དང། དགེ་འདུན་གྱིས་དེ་ལ་མ་མྱོས་པས་འདུལ་བར་འོས་པ་སྦྱིན་པ་ནི། ཆོས་མ་ཡིན་ པའི་མ་མྱོས་པས་འདུལ་བར་འོས་པ་སྦྱིན་པ་ཡིན་ཏེ། འདི་ནི། ཆོས་མ་ཡིན་པའི་གཅིག་ཡིན་ནོ། །ཆོས་ཀྱི་གཅིག་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་བྱེ་མ་སྐྱེས་མྱོས། སེམས་འཁྲུགས། ཚོར་ བས་ཉེན་ནས་སྒྲེན་མོར་བྱུང་སྟེ། དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ་མང་དུ་སྤྱད་སྨྲས་པ། བརྩལ་ནས་ཁ་ཆུ་ཟགས། མིག་གྱུར། བཞིན་གྱུར་ཏེ། དེ་གཉིད་ཀྱིས་མ་ལོག་ པར་གཉིད་ཀྱིས་ལོག་གོ། སྙམ་དུ་ཤེས། ཕ་རོལ་གྱིས་མ་སྨྲས་པར་སྨྲས་སོ། །སྙམ་དུ་ཤེས་པ་ལས། དུས་གཞན་ཞིག་ན་དེས་རང་གི་སེམས་སོར་ཆུད་པ་དང། དེ་ལ་དགེ་སློང་རྣམས་གཞི་དེས་ གླེང་བར་བྱེད་ཅིང། དེ་ལ་གཞི་དེས་གླེང་བར་བྱེད་པ་ན། དགེ་འདུན་ལ་མ་མྱོས་པས་འདུལ་བར་འོས་པ་གསོལ་ཏེ། དགེ་འདུན་གྱིས་དེ་ལ་མ་མྱོས་པས་འདུལ་བར་འོས་པ་སྦྱིན་པ་ནི། ཆོས་ཀྱི་མ་ མྱོས་པས་འདུལ་བར་འོས་པ་སྦྱིན་པ་སྟེ། འདི་ནི། ཆོས་ཀྱི་གཅིག་ཡིན་ནོ། །དགེ་སློང་དག་དེ་ལྟར་ན། མ་མྱོས་པས་འདུལ་བར་འོས་པ་ནི་རྩོད་པ་ཞི་བར་བྱེད་པ་ཡིན་ཞིང། དེ་ལྟར་ན་ [373A]༄༅། །འདི་ན་ཁ་ཅིག་གི་རྩོད་པ་རྣམས་དུལ་བ་དང། ཞི་བ་དང། ཉེ་བར་ཞི་བ་ཡིན་ནོ། །དགེ་སློང་དག་གདམས་ངག་མེད་པའི་རྩོད་པ་ལ། རྩོད་པ་ཞི་བར་བྱ་བའི་ཆོས་འདི་ གསུམ་གྱིས་དུལ་བར་བྱ། ཞི་བར་བྱ། ཉེ་བར་ཞི་བར་བྱ་བ་ནི་འདི་ལྟ་སྟེ། མངོན་སུམ་དུ་འདུལ་བར་འོས་པ་དང། དྲན་པས་འདུལ་བར་འོས་པ་དང། མ་མྱོས་པས་འདུལ་བར་འོས་པས་ སོ། །དགེ་སློང་དག་ལྟུང་བའི་རྩོད་པ་ལ། རྩོད་པ་ཞི་བར་བྱེད་པའི་ཆོས་བཞིས་དུལ་བར་བྱ། ཞི་བར་བྱ། ཉེ་བར་ཞི་བར་བྱའོ་།བཞི་གང་ཞེ་ན། ཁས་བླང་པར་འོས་པ་དང། མངོན་ སུམ་དུ་འདུལ་བར་འོས་པ་དང། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་དང། རྫ་བཀྲམ་པ་ལྟ་བུར་འོས་པས་སོ། །དགེ་སློང་དག་ཇི་ལྟར་ན། ཁས་བླང་བར་འོས་པ་ནི། རྩོད་པ་ཞི་བར་ བྱེད་པ་ཡིན། ཇི་ལྟར་ན། འདི་ན་ཁ་ཅིག་གིས་རྩོད་པ་རྣམས་འདི་ལྟ་སྟེ། ཁས་བླང་པར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང། ཞི་བ་དང། ཉེ་བར་ཞི་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་ སློང་ལྟུང་བ་བྱུང་བར་གྱུར་པ་དེ་ལ་གཞི་དེས་གླེང་ཡང་རུང་མ་གླེང་ཡང་རུང། དྲན་པར་བྱས་ཀྱང་རུང། དྲན་པར་མ་བྱས་ཀྱང་རུང། དགེ་སློང་ཞིག་གི་མདུན་དུ་འདུག་ནས་འདི་སྐད་ཅེས། ཚེ་ དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་ཞིག་བྱུང་བ་དེ། བདག་གིས་ཚེ་དང་ལྡན་པའི་མདུན་དུ་མཐོལ་ཞིང་བཤགས་པར་བགྱིའོ། །བདག་ [373B]གྱི། མ་མཐོལ་མ་བཤགས་ན་ནི་མ་ལགས་སོ། །དེས་ལྟུང་བ་མཐོང་ངམ་ཞེས་བརྗོད་པར་བྱའོ། །དེས་ཀྱང་ལྟུང་བ་མཐོང་ངོ། ། ཞེས་བརྗོད་པར་བྱའོ། །སྔ་མ་ཤོས་ཀྱིས་ཕྱིས་སྡོམ་པར་བྱེད་དམ་ཞེས་བརྗོད་པར་བྱའོ། །ཕྱི་མ་ཤོས་ཀྱིས་བགྱིད་དོ། །ཞེས་བརྗོད་པར་བྱ་སྟེ། འདི་ནི། ཁས་བླང་བའོ། །ཆོས་མ་ཡིན་པའི་ཁས་བླང་ བ་སྦྱིན་པ་བཅུ་དང། ཆོས་ཀྱི་བཅུའོ། །ཆོས་མ་ཡིན་པའི་ཁས་བླང་པ་སྦྱིན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ཕས་ཕམ་པའི་ལྟུང་བ་བྱུང་བ་ལ། བདག་ལ་མ་བྱུང་ངོ། །སྙམ་དུ་ཤེས་པ་དེ་ ལ། དགེ་འདུན་གྱིས་ཁས་ལེན་དུ་འཇུག་པ་ནི། ཆོས་མ་ཡིན་པའི་ཁས་ལེན་བ་སྦྱིན་པ་ཡིན་ནོ། །དགེ་འདུན་ལྷག་མ་དང། ལྟུང་བྱེད་དང་སོ་སོར་བཤགས་པ་དང། ཉེས་བྱས་ཀྱི་ལྟུང་བ་བྱུང་ བ་ལ། བདག་ལ་མ་བྱུང་ངོ། །སྙམ་དུ་ཤེས་པ་དེ་ལ། དགེ་འདུན་གྱིས་ཁས་ལེན་དུ་འཇུག་པ་ནི། ཆོས་མ་ཡིན་པའི་ཁས་ལེན་དུ་སྦྱིན་པ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་ཕས་ཕམ་པའི་ལྟུང་བ་མ་ བྱུང་བ་ལ། བདག་ལ་མ་བྱུང་ངོ། །སྙམ་དུ་ཤེས་པ་དེ་ལ། དགེ་འདུན་གྱིས་ཁས་ལེན་དུ་འཇུག་པ་ནི། ཆོས་མ་ཡིན་པའི་ཁས་ལེན་པ་སྦྱིན་པ་ཡིན་ནོ། །དགེ་འདུན་ལྷག་མ་དང། ལྟུང་བྱེད་ དང། སོ་སོར་བཤགས་པ་དང། ཉེས་བྱས་ཀྱི་ལྟུང་བ་མ་བྱུང་བ་མ། བདག་ལ་བྱུང་ངོ། །སྙམ་དུ་ཤེས་པ་དེ་ལ། དགེ་འདུན་གྱིས་ཁས་ལེན་དུ་འཇུག་པ་ནི། ཆོས་མ་ཡིན་པའི་ཁས་ལེན་པ་ [374A]༄༅། །སྦྱིན་པ་སྟེ། འདི་དག་ནི། ཆོས་མ་ཡིན་པའི་ཁས་ལེན་པ་སྦྱིན་པ་བཅུ་ཡིན་ནོ། །ཆོས་ཀྱི་ཁས་ལེན་པ་སྦྱིན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ཕས་ཕམ་པའི་ལྟུང་ བ་བྱུང་བ་ལ། བདག་ལ་བྱུང་ངོ། །སྙམ་དུ་ཤེས་པ་དེ་ལ། དགེ་འདུན་གྱི་ཁས་ལེན་དུ་འཇུག་པ་ནི། ཆོས་ཀྱི་ཁས་ལེན་པ་སྦྱིན་པ་ཡིན་ནོ། །དགེ་འདུན་ལྷག་མ་དང། ལྟུང་བྱེད་དང། སོ་སོར་ བཤགས་པ་དང། ཉེས་བྱས་ཀྱི་ལྟུང་བ་བྱུང་བ་ལ། བདག་ལ་བྱུང་ངོ། །སྙམ་དུ་ཤེས་པ་དེ་ལ། དགེ་འདུན་གྱིས་ཁས་ལེན་དུ་འཇུག་པ་ནི། ཆོས་ཀྱི་ཁས་ལེན་པ་སྦྱིན་པ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་ ཕས་ཕམ་པའི་ལྟུང་བ་མ་བྱུང་བ་ལ། བདག་ལ་མ་བྱུང་ངོ་།སྙམ་དུ་ཤེས་པ་དེ་ལ། དགེ་འདུན་གྱིས་ཁས་ལེན་དུ་འཇུག་པ་ནི་ཆོས་ཀྱི་ཁས་ལེན་པ་སྦྱིན་པ་ཡིན་ནོ། །དགེ་འདུན་ལྷག་མ་དང་ལྟུང་བྱེད་ དང། སོ་སོར་བཤགས་པ་དང། ཉེས་བྱས་ཀྱི་ལྟུང་བ་མ་བྱུང་བ་ལ། བདག་ལ་མ་བྱུང་ངོ། །སྙམ་དུ་ཤེས་པ་དེ་ལ། དགེ་འདུན་གྱིས་ཁས་ལེན་དུ་འཇུག་པ་ནི། ཆོས་ཀྱི་ཁས་ལེན་པ་སྦྱིན་པ་སྟེ་ འདི་དག་ནི། ཆོས་ཀྱི་ཁས་ལེན་པའི་སྦྱིན་པ་བཅུ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན། ཁས་བླང་བར་འོས་པ་ནི། རྩོད་པ་ཞི་བར་བྱེད་པ་ཡིན་ཞིང། དེ་ལྟར་ན། འདི་ན་ཁ་ཅིག་རྩོད་པ་རྣམས་ འདི་ལྟ་སྟེ། ཁས་བླང་བར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང། ཞི་བ་དང། ཉེ་བར་ཞི་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་ [374B] །དེའི་ཚེ་ཚེ་དང་ལྡན་པ་རི་དྭགས་འཛིན་གྱི་བུ་ནག་པོ་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་འདུག་གོ་དེ་ལ་བརྟེན་ནས་ཡངས་པ་ཅན་གྱི་ལི་ཙ་བྱི་ རྣམས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ལྷག་པར་བྱ་བ་བྱེད་པ་དང། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་བསམ་པ། ཚེ་དང་ལྡན་པ་རི་དྭགས་འཛིན་གྱི་བུ་ནག་པོ་འདི། གཞན་ཉིད་དུ་བཙས་ལ་ གཞན་དུ་ཆེན་པོར་གྱུར་པ་སྟེ། མཉན་ཡོད་དུ་སྐྱེས་པ་དེ་ལ། ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ལྷག་པར་བྱེད་ཀྱི། དེ་ལ་གནས་ནས་དབྱུང་བའི་ལས་བྱ་སྟེ། དེས་ན། དེ་ལ་ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ མ་དད་པ་སྐྱེ་བར་འགྱུར་རོ། །སྙམ་དུ་བསམ་ནས་དེ་ལ་གླགས་ཚོལ་བར་གྱུར་ཏོ། །ཇི་ཙམ་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བསྲོ་གང་གི་ཁྲུས་པ་སྤྱན་དྲངས་པ་དང་ དགེ་སློང་རྣམས་ཀྱིས་གཟར་ཐག་ལ་ཆོས་གོས་རྣམས་བཀལ་ཏེ་ཁྲུས་བྱ་བར་བརྩམས་སོ། །ཚེ་དང་ལྡན་པ་རི་དྭགས་འཛིན་གྱི་བུ་ནག་པོས་ཀྱང། ཤེས་བཞིན་གྱིས་མཐའ་གཅིག་ཏུ་ཆོས་གོས་བཞག་ནས་ ཁྲུས་བྱ་བར་བརྩམས་སོ། །དགེ་སློང་གཞན་ཞིག་གིས་ཀྱང་ཕྱོགས་དེ་ཉིད་དུ་ཆོས་གོས་བཞག་གོ་དེ་ནས་ཚེ་དང་ལྡན་པ་རི་དྭགས་འཛིན་གྱི་བུ་ནག་པོས་ཁྲུས་བྱས་ནས་འདི་ཉིད་བདག་གིས་ཆོས་གོས་ཡིན་ ནོ། །སྙམ་ནས་དགེ་སློང་དེའི་ཆོས་གོས་བགོས་ཏེ་སོང་ངོ། །ཇི་ཙམ་ན་དགེ་སློང་དེ་ལངས་ན། རང་གི་ཆོས་གོས་དེ་མི་སྣང་ནས། དེས་དགེ་སློང་རྣམས་ལ་དྲིས་པ། ཚེ་དང་ལྡན་པ་དག་ཁོ་བོའི་ཆོས་ [375A]༄༅། །གོས་སུས་བརྐུས། ཇི་ཙམ་ན། ཕྱོགས་དེ་ན་ཚེ་དང་ལྡན་པ་རི་དྭགས་འཛིན་གྱི་བུ་ནག་པོའི་ལྷན་ཅིག་གནས་པ་འདུག་བ་དེས་ཐོས་ནས། དེས་སྨྲས་པ། ཚེ་དང་ལྡན་པ་ མཁན་པོས་ཕྱོགས་འདིར་ཆོས་གོས་བཞག་ན། དེས་ནོར་ཏེ་ཁྱེར་བར་མ་གྱུར་གྲང། རེ་ཞིག་ཁོ་བོས་སོང་ལ་མཁན་པོ་ལ་དྲིའོ། །ཞེས་དེ་མཁན་པོའི་དྲུང་དུ་སོང་སྟེ་སྨྲས་པ། མཁན་པོ། ཁྱོད་ཀྱིས་ སུ་ཞིག་གི་ཆོས་གོས་བླངས། དེས་སྨྲས་པ། བུ། ཁོ་བོའིོ། །མཁན་པོ། དགེ་སློང་ཆེ་གེ་མོ་ཞིག་གི་ཆོས་གོས་ཕྱོགས་དེ་ཉིད་དུ་བཞག་པ་དེ་ཁོ་ན་མཆིས་ལགས་སོ། །བུ་གལ་ཏེ་དེ་ལྟ་ན། ཆོས་གོས་དེ་དག་ ཁྱེར་ཏེ་ཤོག་ཅིག་བལྟའོ། །དེས་དེ་ཁྱེར་ཏེ་འོངས་ནས་མཁན་པོ་ཆོས་གོས་འདི་ངོ་མཁྱེན་པར་མཛོད་ཅིག་དེས་ངོ་ཤེས་ནས་བུ། ངས་ནོར་བར་ཁྱེར་ཏེ་འོངས་ཀྱི། དགེ་སློང་དེའི་འདི་དག་ཡིན་ གྱི། སྐྱོལ་ཅིག་དེས་ཁྱེར་ཏེ་དགེ་སློང་དེའི་དྲུང་དུ་སོང་ནས་སྨྲས་པ། ཚེ་དང་ལྡན་པ། ཆོས་གོས་འདི་དག་མཁན་པོས་ནོར་ཏེ་ཁྱེར་རོ། །དེས་སྨྲས་པ། དེས་རྐུ་སེམས་ཀྱིས་བླངས་པས། ཕས་ཕམ་ པའི་ལྟུང་བ་བྱུང་ངོ། །དེ་ནས་གླགས་ཚོལ་བའི་དགེ་སློང་དེ་རྣམས་ཀྱིས་དེ་ལ་གླེང་བ་མ་བྱས། དྲན་པར་མ་བྱས་པར་མཐུས་གནས་ནས་དབྱུང་བའི་ལས་བྱས་སོ། །ཚེ་དང་ལྡན་པ་རི་དྭགས་འཛིན་ གྱི་བུ་ནག་པོས་བསམ་པ། བྲམ་ཟེ་དང་ཁྱིམ་བདག་རྣམས་དད་པ་བསྐྱེད་པར་ནི། དཀའ་ལ། མ་དད་པ་སྐྱེ་བར་ནི། སླ་བས། གལ་ཏེ་འདུག་པར་གྱུར་ན་གདོན་མི་ཟ་བར་ཡངས་པ་ཅན་གྱི་ལི་ཙ་ [375B] མདོར་ན་མཉན་ཡོད་ཁོ་ནར་འགྲོའོ། །སྙམ་ནས། དེས་ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ལ་མ་བལྟས་པར། དེས་ལྷུང་བཟེད་དང་ཆོས་གོས་བླངས་ནས་མཉན་ཡོད་ གང་ན་བ་དེར་རྒྱུ་ཞིང་སོང་སྟེ། རིམ་གྱིས་རྒྱུ་ཞིང་སོང་བ་ན་མཉན་ཡོད་དུ་ཕྱིན་པ་དང། དེ་དག་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ནག་པོ་འོངས་པ་ལེགས་སོ། །འོངས་པ་ལེགས་ སོ། །ཁྱོད་མཐོང་བ་ནི། ཁོ་བོ་ཅག་དགའ་ན། འོངས་པ་ནི། མ་ཡིན་ནོ། །ཅིའི་ཕྱིར། འདི་ལྟར། ཁྱོད་ལ་བརྟེན་ནས་ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་སངས་རྒྱས་ལ་མངོན་པར་དད། ཆོས་དང་དགེ་ འདུན་ལ་མངོན་པར་དད་པས། སངས་རྒྱས་དང། ཆོས་དང། དགེ་འདུན་ལ་ལྷག་པར་བྱ་བ་བྱེད་དོ། །དེས་སྨྲས་པ། དེ་ནི། མད་མོད་ཀྱི་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་བདག་ལ་གླེང་བར་མ་ བྱས། དྲན་པར་མ་བྱས་པར་མཐུས་གནས་ནས་དབྱུང་བའི་ལས་བྱས་སོ། །ཞེས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དགེ་སློང་འདུག་ཅིག་ཁྱོད་ངས་ཆོས་ཀྱིས་བསླང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱིས་བསླང་ངོ། །ཡངས་པ་ཅན་གྱི་དགེ་སློང་རྣམས། བདག་ཅག་གིས་དགེ་སློང་ནག་ པོ་སྐྱོན་མེད་པ། གནོད་པ་མ་བྱས་པ་ལ་མཐུས་གནས་ནས་དབྱུང་བའི་ལས་བྱས་པ་གང་ཡིན་པ་ནི། མ་ལེགས་པ་ཞིག་བྱས་སོ། །ཞེས་འགྱོད་པ་སྐྱེས་ནས། དེ་རྣམས་ལྷུང་བཟེད་དང་ཆོས་གོས་བླངས་ [376A]༄༅། །ཏེ་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་སོང་བ་ལས། དེ་རྣམས་ཀྱིས་ལམ་གར་དགེ་སློང་ཞིག་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ། ཁྱོད་གང་ནས་འོངས། མཉན་ཡོད་ནས་སོ། ། ཁྱོད་ཀྱིས་རི་དྭགས་འཛིན་གྱི་བུ་ནག་པོ་མཐོང་ངམ། མཐོང་ངོ་།དེ་ཅི་བྱ། ཁོ་བོ་ཅག་གིས་དེ་སྐྱོན་མེད་པ། གནོད་པ་མ་བྱས་པ་ལ་གླེང་བ་མ་བྱས། དྲན་པར་མ་བྱས་པར་མཐུས་གནས་ནས་དབྱུང་ བའི་ལས་བྱས་སོ། །བསླང་ཟིན་ཏོ། །སུས། བཅོམ་ལྡན་འདས་ཀྱིས་སོ་།དེ་ན་ཁ་ཅིག་གིས་འདི་སྐད་ཅེས་སྨྲས་སོ། །བསླང་བ་ནི། མ་ཡིན་གྱི། ཐག་བསྲིང་བར་བསླང་བ་ཡིན་ཏེ། འདི་ལྟར་ དེ་བདག་ཅག་གིས་གནས་ནས་དབྱུང་བའི་ལས་བྱས་ལ། བདག་ཅག་གི་མངོན་སུམ་དུ་མ་གྱུར་པར་དེ་བསླང་བ་ནི། རིགས་པ་མ་ཡིན་ནོ། །ཁ་ཅིག་གིས་སྨྲས་པ། གལ་ཏེ་བཅོམ་ལྡན་འདས་ ཆོས་ཀྱི་རྗེ། བདེ་བར་གཤེགས་པ་ཆོས་ཀྱི་རྗེས་བསླང་ན། ལེགས་པར་བསླང་བ་ཡིན་ནོ། །དེ་རྣམས་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་ནས་ རྐང་པ་གཉིས་བཀྲུས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཅག་བུས་པ། བླུན་པ་མི་གསལ་བ། མི་མཁས་པ་རྣམས་ཀྱིས་ [376B] གནོད་པ་མ་བགྱིས་པ་ལ་གླེང་བ་མ་བགྱིས། དྲན་པ་མ་བགྱིས་པར་མཐུས་གནས་ནས་དབྱུང་བའི་ལས་བགྱིས་པ། བདག་ཅག་འགྱོད་པ་སྐྱེས་ནས་ རི་དྭགས་འཛིན་གྱི་བུ་ནག་པོ་ལ་བཟོད་པ་གསོལ་དུ་འདིར་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། རྩོད་པ་དེ། དེ་བཞིན་གཤེགས་པས་འདི་ལྟ་སྟེ། ཆོས་ ཀྱིས་བསླང་ཟིན་ནོ། །བཙུན་པ། བདག་ཅག་གིས་བཤུལ་ཀར་དགེ་སློང་ཞིག་ལས། བཅོམ་ལྡན་འདས་ཀྱིས་རྩོད་པ་དེ། འདི་ལྟ་སྟེ། ཆོས་ཀྱིས་བསླང་ལགས་སོ། །ཞེས་ཐོས་ཏེ། དེ་ལྟ་ལགས་ མོད་ཀྱི། བདག་ཅག་གི་ནང་ན་ཁ་ཅིག་གི་མཆིད་ནས་འདི་སྐད་ཅེས་བསླང་བ་མ་ལགས་ཀྱི། ཐག་བསྲིང་བར་བསླང་བ་ལགས་ཏེ། འདི་ལྟར། དེར་བདག་ཅག་མངོན་སུམ་དུ་མ་གྱུར་ཏོ། །ཞེས་ མཆིའོ། །གཞན་དག་ནི། གལ་ཏེ་བཅོམ་ལྡན་འདས་ཆོས་ཀྱི་རྗེ། བདེ་བར་གཤེགས་པ་ཆོས་ཀྱི་རྗེས་བསླང་བ་ནི། ལེགས་པར་བསླང་བ་ལགས་སོ། །ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་ དགོངས་པ། ཀྱེ་མའོ། །ངའི་ཉན་ཐོས་རྣམས་ནི། འདི་ལྟ་སྟེ། སྟོན་པའི་བསྟན་པ་ཆོས་འདུལ་བས། རྩོད་པ་སྐྱེ་ཞིང་བྱུང་བ་ཞི་བར་བྱ་བར་འདོད་དོ། །སྙམ་དུ་དགོངས་ནས་དགེ་སློང་རྣམས་ ལ་བཀའ་སྩལ་པ། དགེ་སློང་དག། ཇི་ལྟར་ན་མངོན་སུམ་དུ་འདུལ་བར་འོས་པ་ནི། རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན། འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། མངོན་སུམ་དུ་ [377A]༄༅། །འདུལ་བར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང། ཞི་བ་དང། ཉེ་བར་ཞི་བ་ཡིན་ཞེ་ན། དགེ་སློང་དག། འདི་ལ་ཆོས་འདུལ་བས་གང་ཟག་གིས་གང་ཟག་ལ་མིག་བཞི་ མངོན་སུམ་དུ་གླེང་བ་དང། ཆོས་འདུལ་བས་གཉིས་ཀྱིས་མང་པོ་དང། དགེ་འདུན་ལ་མིག་བཞི་མངོན་སུམ་དུ་གླེང་བ་དང། ཆོས་འདུལ་བས་གང་ཟག་གཉིས་ཀྱིས་གང་ཟག་ལ་མིག་བཞི་མངོན་སུམ་དུ་ གླེང་བ་དང། ཆོས་འདུལ་བས་གང་ཟག་གཉིས་ཀྱིས་གཉིས་དང་མང་པོ་དང། དགེ་འདུན་ལ་མིག་བཞི་མངོན་སུམ་དུ་གླེང་བ་དང། ཆོས་འདུལ་བས་གང་ཟག་མང་པོས་གང་ཟག་ལ་མིག་བཞི་མངོན་ སུམ་དུ་གླེང་བ་དང། ཆོས་འདུལ་བས་གང་ཟག་མང་པོས་གཉིས་དང་མང་པོ་དང། དགེ་འདུན་ལ་མིག་བཞི་མངོན་སུམ་དུ་གླེང་བ་དང་ཆོས་འདུལ་བས་དགེ་འདུན་གྱིས་གང་ཟག་ལ་མིག་བཞི་ མངོན་སུམ་དུ་གླེང་བ་དང། ཆོས་འདུལ་བས་དགེ་འདུན་གྱིས་གཉིས་དང་མང་པོ་དང། དགེ་འདུན་ལ་མིག་བཞི་མངོན་སུམ་དུ་གླེང་བའོ་།ཆོས་མ་ཡིན་པའི་མངོན་སུམ་དུ་འདུལ་བར་འོས་པ་སྦྱིན་པ་ བཅུ་དྲུག་དང། ཆོས་ཀྱི་བཅུ་དྲུག་གོ་ཆོས་མ་ཡིན་པའི་བཅུ་དྲུག་གང་ཞེ་ན། གང་ཟག་ཆོས་དང་མི་མཐུན་པས་གང་ཟག་ཆོས་དང་མཐུན་པ་དང། གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས་གང་ ཟག་ཆོས་དང་མཐུན་པ་དང། གང་ཟག་ཆོས་དང་མི་མཐུན་པ་མང་པོས། གང་ཟག་ཆོས་དང་མཐུན་པ་དང། དགེ་འདུན་ཆོས་དང་མི་མཐུན་པས། གང་ཟག་ཆོས་དང་མཐུན་པ་དང། གང་ཟག་ [377B] གང་ཟག་ཆོས་དང་མཐུན་པ་དང། གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས་གང་ཟག་ཆོས་དང་མཐུན་པ་གཉིས་དང། གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས་ གང་ཟག་ཆོས་དང་མི་མཐུན་པ་མང་པོ་དང། གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས། དགེ་འདུན་ཆོས་དང་མཐུན་པ་དང། གང་ཟག་ཆོས་དང་མི་མཐུན་པ་མང་པོས། གང་ཟག་ཆོས་དང་མཐུན་པ་ དང། གང་ཟག་ཆོས་དང་མི་མཐུན་པ་མང་པོས། གང་ཟག་ཆོས་དང་མཐུན་པ་གཉིས་དང། གང་ཟག་ཆོས་དང་མི་མཐུན་པ་མང་པོས་གང་ཟག་ཆོས་དང་མཐུན་པ་མང་པོ་དང། གང་ཟག་ཆོས་དང་ མི་མཐུན་པ་མང་པོས། དགེ་འདུན་ཆོས་དང་མཐུན་པ་དང། དགེ་འདུན་ཆོས་དང་མི་མཐུན་པས། གང་ཟག་ཆོས་དང་མཐུན་པ་དང། དགེ་འདུན་ཆོས་དང་མི་མཐུན་པས། གང་ཟག་ཆོས་དང་མཐུན་ པ་གཉིས་དང། དགེ་འདུན་ཆོས་དང་མི་མཐུན་པས། གང་ཟག་ཆོས་དང་མཐུན་པ་མང་པོ་དང། དགེ་འདུན་ཆོས་དང་མི་མཐུན་པས། དགེ་འདུན་ཆོས་དང་མཐུན་པ་སྟེ། འདི་དག་ནི། ཆོས་མ་ཡིན་ པའི་མངོན་སུམ་དུ་འདུལ་བར་འོས་པ་སྦྱིན་པ་བཅུ་དྲུག་ཡིན་ནོ། །ཆོས་ཀྱི་མངོན་སུམ་དུ་འདུལ་བར་འོས་པ་སྦྱིན་པ་བཅུ་དྲུག་གང་ཞེ་ན་གང་ཟག་ཆོས་དང་མཐུན་པས། གང་ཟག་ཆོས་དང་མི་མཐུན་ པ་དང། གང་ཟག་ཆོས་དང་མཐུན་པས། གང་ཟག་ཆོས་དང་མི་མཐུན་པ་གཉིས་དང། གང་ཟག་ཆོས་དང་མཐུན་པས། གང་ཟག་ཆོས་དང་མི་མཐུན་པ་མང་པོ་དང། གང་ཟག་ཆོས་དང་མཐུན་ [378A]༄༅། །པས་དགེ་འདུན་ཆོས་དང་མི་མཐུན་པ་དང། གང་ཟག་ཆོས་དང་མཐུན་པ་གཉིས་ཀྱིས། གང་ཟག་ཆོས་དང་མི་མཐུན་པ་དང་གང་ཟག་ཆོས་དང་མཐུན་པ་གཉིས་ཀྱིས་ གང་ཟག་ཆོས་དང་མི་མཐུན་པ་གཉིས་དང། གང་ཟག་ཆོས་དང་མཐུན་པ་གཉིས་ཀྱིས། གང་ཟག་ཆོས་དང་མི་མཐུན་པ་མང་པོ་དང་གང་ཟག་ཆོས་དང་མཐུན་པ་གཉིས་ཀྱིས། དགེ་འདུན་ ཆོས་དང་མི་མཐུན་པ་དང། གང་ཟག་ཆོས་དང་མཐུན་པ་མང་པོས་གང་ཟག་ཆོས་དང་མི་མཐུན་པ་དང། གང་ཟག་ཆོས་དང་མཐུན་པ་མང་པོས། གང་ཟག་ཆོས་དང་མི་མཐུན་པ་གཉིས་དང་ གང་ཟག་ཆོས་དང་མཐུན་པ་མང་པོས། གང་ཟག་ཆོས་དང་མི་མཐུན་པ་མང་པོ་དང། གང་ཟག་ཆོས་དང་མཐུན་པ་མང་པོས། དགེ་འདུན་ཆོས་དང་མི་མཐུན་པ་དང། དགེ་འདུན་ཆོས་དང་ མཐུན་པས། གང་ཟག་ཆོས་དང་མི་མཐུན་པ་དང། དགེ་འདུན་ཆོས་དང་མཐུན་པས། གང་ཟག་ཆོས་དང་མི་མཐུན་པ་གཉིས་དང། དགེ་འདུན་ཆོས་དང་མཐུན་པས། གང་ཟག་ཆོས་དང་མི་ མཐུན་པ་མང་པོ་དང། དགེ་འདུན་ཆོས་དང་མཐུན་པས། དགེ་འདུན་ཆོས་དང་མི་མཐུན་པ་སྟེ། འདི་དག་ནི། ཆོས་ཀྱི་མངོན་སུམ་དུ་འདུལ་བར་འོས་པ་སྦྱིན་པ་བཅུ་དྲུག་ཡིན་ནོ། །དགེ་སློང་ དག། དེ་ལྟར་ན། མངོན་སུམ་དུ་འདུལ་བར་འོས་པ་ནི། རྩོད་པ་ཞི་བར་བྱེད་པ་ཡིན་ཞིང། དེ་ལྟར་ན། འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། མངོན་སུམ་དུ་འདུལ་བར་འོས་པའི་ [378B] ཞི་བ་དང། ཉེ་བར་ཞི་བ་ཡིན་ནོ། །དགེ་སློང་དག། ཇི་ལྟར་ན། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ནི། རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན་འདི་ན་ཁ་ ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང། ཞི་བ་དང་ཉེ་བར་ཞི་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་མེ་བཞི་དགེ་འདུན་གྱི་ ནང་དུ་ལྟུང་བ་བརྗེད་པ་ལས་བརྗེད་པ་སླར་དྲན་ཏེ་ཤེས་པ་ལས་ཡང་བརྗེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ སློང་དག། ཁྱོད་ཀྱིས་དགེ་སློང་མེ་བཞི་དང། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་བྱིན་ཅིག། སྦྱིན་པ་ནི། འདི་ལྟར་བྱ་སྟེ། གནས་མལ་བཤམ་ ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང། དགེ་སློང་མེ་བཞིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ ཏེ། རྒན་པའི་མཐར་ཙོག་ཙོག་པོར་འདུག་ལ་ཐལ་མོ་སྦྱར་ཏེ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་གསོལ་བ་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག། དགེ་སློང་མེ་ བཞི་དགེ་འདུན་གྱི་ནང་དུ་ལྟུང་བར་བསྐྱུད་པ་ལས། བསྐྱུད་པ་སླར་དྲན་ཏེ་འཚལ་བ་ལས། ཡང་བསྐྱུད་ནས་དགེ་འདུན་ལ་བདག་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་གསོལ་ན། དགེ་འདུན་ [379A]༄༅། །བཙུན་པ་ཐུགས་བརྩེ་བ་ཅན། ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་མེ་བཞི་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྩལ་དུ་གསོལ། དེ་སྐད་ལན་གཉིས་ ལན་གསུམ་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མེ་བཞི་འདི་དགེ་འདུན་གྱི་ནང་དུ་ལྟུང་ བ་བསྐྱུད་པ་ལས། བསྐྱུད་པ་སླར་དྲན་ཏེ་འཚལ་བ་དང། ཡང་བསྐྱུད་ནས་དགེ་སློང་མེ་བཞི་འདི། དགེ་འདུན་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་གསོལ་ན། གལ་ཏེ་དགེ་འདུན་གྱིས་ དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་འདི་ལྟར། དགེ་འདུན་གྱིས་དགེ་སློང་མེ་བཞི་ལ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྩོལ་བར་མཛད་དོ། ། འདི་ནི། གསོལ་བའོ། །ལས་ནི། འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མེ་བཞི་འདི་དགེ་འདུན་གྱི་ནང་དུ་ལྟུང་བ་བསྐྱུད་པ་ལས། བསྐྱུད་པ་སླར་ དྲན་ཏེ་འཚལ་བ་དང། ཡང་བསྐྱུད་ནས་འདི་ལྟར། དགེ་འདུན་གྱིས་དགེ་སློང་མེ་བཞི་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྩོལ་བར་མཛད་ན། ཚེ་དང་ལྡན་པ་གང་དག། དགེ་ སློང་མེ་བཞི་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྩོལ་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག། གང་ཟག་མི་བཟོད་པ་དེ་དག་ནི། གསུངས་ཤིག། འདི་ནི། ལས་བརྗོད་ [379B] དེ་བཞིན་དུ་ལས་བརྗོད་པ་གཉིས་དང་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མི་བཞི་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ སྩལ་ལགས་ཏེ། འདི་ལྟར། ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ངས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་བྱིན་པའི་དགེ་སློང་གི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དེའི་ངོ་བོ་ཉིད་ཚོལ་དུ་ གཞུག་པར་འོས་པ་བྱིན་པའི་དགེ་སློང་གིས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་མི་སྦྱིན། དགེ་ཚུལ་གཞག་པར་མི་བྱ། འདིས་ལས་མི་བྱ། ལས་བྱེད་པར་བསྐོ་བར་མི་བྱ་ འདིས་དགེ་སློང་མ་ལ་གདམས་ངག་སྦྱིན་པར་མི་བྱ། དགེ་སློང་མའི་གདམས་ངག་སྟོན་པར་བསྐོ་བར་མི་བྱ། སྔོན་བསྐོས་ན་ཡང་དགེ་སློང་མ་ལ་གདམས་ངག་སྦྱིན་པར་མི་བྱ། འདིས་དགེ་སློང་ལ་ཚུལ་ཁྲིམས་ ཉམས་པ་དང། ལྟ་བ་ཉམས་པ་དང། སྤྱོད་པ་ཉམས་པ་དང། འཚོ་བ་ཉམས་པས་གླེང་བར་མི་བྱ། དྲན་པར་མི་བྱ་སྟེ། འདིས་གདམས་ངག་དབོག་པར་མི་བྱ། གསོ་སྦྱོང་ལ་མ་ཡིན། དགག་དབྱེ་ལ་ མ་ཡིན། གསོལ་བ་ལ་མ་ཡིན། གསོལ་བ་དང་གཉིས་ལ་མ་ཡིན། གསོལ་བ་དང་བཞིའི་ལས་ལ་མ་ཡིན་ཞིང། གང་དག་འདུལ་བ་འཛིན་པ་གཞན་ཡོད་ན། དགེ་འདུན་གྱི་ནང་དུ་འདུལ་བ་གདོན་པར་ ཡང་མི་བྱའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་བྱིན་པའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན། འགལ་ཚབས་ཅན་དུ་འགྱུར་ [380A]༄༅། །རོ། །ཆོས་མ་ཡིན་པ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྦྱིན་པ་ཆོས་མ་ཡིན་པའི་གཅིག་དང། ཆོས་ཀྱི་གཅིག་གོ་།ཆོས་མ་ཡིན་པའི་གཅིག་གང་ཞེ་ན། འདི་ལྟ་སྟེ་ དགེ་སློང་གཞི་ཅན་དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ཏེ། ཤེས་པ་ལས་བརྗེད་པ་དེ་བརྗེད་ནས་ཡང་དྲན་པ་དེ་ལ་དགེ་འདུན་གྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྦྱིན་པ་ནི། ཆོས་མ་ཡིན་པའི་དེའི་ ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྦྱིན་པ་སྟེ། འདི་ནི། ཆོས་མ་ཡིན་པའི་གཅིག་ཡིན་ནོ། །ཆོས་ཀྱི་གཅིག་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་གཞི་ཅན་དགེ་འདུན་གྱིས་ནང་དུ་ལྟུང་བ་བརྗེད་ པ་ལས། བརྗེད་པ་སླར་དྲན་ཏེ་ཤེས་པ་དང། ཡང་བརྗེད་པ་དེ་ལ་དགེ་འདུན་གྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྦྱིན་པ་བྱིན་པ་ནི། ཆོས་ཀྱི་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་ པ་སྦྱིན་པ་སྟེ། འདི་ནི། ཆོས་ཀྱི་གཅིག་ཡིན་ནོ། །དགེ་སློང་དག། དེ་ལྟར་ན། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ནི། རྩོད་པ་ཞི་བར་བྱེད་པ་ཡིན་ཞིང། དེ་ལྟར་ན། འདི་ན་ཁ་ ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང། ཞི་བ་དང་ཉེ་བར་ཞི་བ་ཡིན་ནོ། །དགེ་སློང་དག། ཇི་ལྟར་ན། རྩྭ་བཀྲམ་ པ་ལྟ་བུར་འོས་པ་ནི། རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན་འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། རྩྭ་བཀྲམ་པ་ལྟ་བུར་འོས་པའི་རྩོད་པ་ཞི་བར་བྱེད་པ། དུལ་བ་དང། ཞི་བ་དང་ [380B] འདི་ལྟ་སྟེ། དགེ་སློང་རྣམས་འཐབ་པར་གྱུར་ཅིང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པར་གྱུར་ནས་གནས་ཤིང། ཕྱོགས་དང་ཕྱོགས་གཞན་དུ་རྣམ་པར་གནས་ ན། ཕྱོགས་གཅིག་ན་དགེ་སློང་གནས་བརྟན་གནས་བརྟན་གང་ཡང་རུང་བ། ཤེས་ཉེན་ཅན་ཤེས་ཉེན་ཅན་གང་ཡང་རུང་བ། གཙོ་བོ་གཙོ་བོ་གང་ཡང་རུང་བ། ཡོད་པ་གང་ཡིན་པ་དེས་རང་གི་ཕྱོགས་ ཀྱི་དྲུང་དུ་སོང་སྟེ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག་།བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར་ཅིང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་ པར་གྱུར་པ་ནི། བདག་ཅག་གིས་རྙེད་པ་རྙེད་པ་མ་ཡིན་ཏེ། ཉེས་པ་རྙེད་ཀྱི། ལེགས་པ་མ་རྙེད་པས། ཚེ་དང་ལྡན་པ་དག། གཞི་འདི་ལ་ཁོ་བོ་དང་ཁྱོད་ཀྱི་ལྟུང་བ་བྱུང་བ་གང་ཡིན་པ་ལས། ཁ་ན་མ་ ཐོ་བ་སྦོམ་པོའམ། ཁྱིམ་ན་གནས་པ་ལ་བརྟེན་པ་མ་གཏོགས་པ། ཁོ་བོས་བདག་དང་ཁྱོད་ཀྱི་ཆེད་དུ་ཚེ་དང་ལྡན་པ་དེ་དག་གི་དྲུང་དུ་མི་བཅབ་པར་མཐོལ་ཞིང་བཤགས་པར་སྤྲོའོ། །ཞེས་སྨྲ་བར་བྱའོ། ། གལ་ཏེ་དགེ་སློང་དེ་ལ་རང་གི་ཕྱོགས་ནས་དགེ་སློང་གཅིག་གིས་ཀྱང་སྨྲས་པ་མ་བཟློག་ཅིང་མི་གཤེ་ན། དེ་ནས་དགེ་སློང་དེས་ཕྱོགས་གཅིག་ཤོས་ཀྱི་དྲུང་དུ་སོང་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ ཏེ་རྒན་རིམ་ཇི་ལྟ་བ་བཞིན་དུ་འདུད་པ་བྱས་ལ་ཙོག་ཙོག་པོར་འདུག་སྟེ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག། ཁོ་བོ་ཅག་ལེགས་པར་གསུངས་བའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་བར་ [381A]༄༅། །གྱུར་ཅིང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པར་གྱུར་པ་ནི། ཁོ་བོ་ཅག་གིས་རྙེད་པ་རྙེད་པ་མ་ཡིན་ཏེ། ཉེས་པ་རྙེད་ཀྱི། ལེགས་པ་མ་རྙེད་པས། གཞི་འདི་ལ་ཁོ་བོ་ དང་ཚེ་དང་ལྡན་པ་དེ་དག་གི་ལྟུང་བ་བྱུང་བ་གང་ཡིན་པ་ལས། ཁ་ན་མ་ཐོ་བ་སྦོམ་པོའམ། ཁྱིམ་ན་གནས་པ་ལ་བརྟེན་པ་མ་གཏོགས་པ། ཁོ་བོས་བདག་དང་ཚེ་དང་ལྡན་པ་དེ་དག་གི་ཆེད་དུ་ཁྱེད་ཀྱི་ དྲུང་དུ་མི་བཅབ་པར་མཐོལ་ཞིང་བཤགས་པར་སྤྲོའོ། །ཞེས་སྨྲ་བར་བྱའོ། །ཕྱོགས་གཅིག་ཤོས་ན་དགེ་སློང་གནས་བརྟན་གནས་བརྟན་གང་ཡང་རུང་བ། ཤེས་ཉེན་ཅན་ཤེས་ཉེན་ཅན་གང་ ཡང་རུང་བ། གཙོ་བོ་གཙོ་བོ་གང་ཡང་རུང་བ་ཡོད་པ་གང་ཡིན་པ་དེས་ཀྱང་རང་གི་ཕྱོགས་ཀྱི་དྲུང་དུ་སོང་སྟེ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག། བདག་ཅག་ལེགས་པར་གསུངས་པའི་ཆོས་ འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར་ཅིང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པར་གྱུར་པ་ནི། བདག་ཅག་གིས་རྙེད་པ་རྙེད་པ་མ་ཡིན་ཏེ། ཉེས་པ་རྙེད་ཀྱི། ལེགས་པ་མ་རྙེད་ པས། ཚེ་དང་ལྡན་པ་དག་གཞི་འདི་ལ་ཁོ་བོ་དང་ཁྱེད་ཀྱི་ལྟུང་བ་ཕྱུང་བ་གང་ཡིན་པ་ལས། ཁ་ན་མ་ཐོ་བ་སྦོམ་པོའམ་ཁྱིམ་ན་གནས་པ་ལ་བརྟེན་པ་མ་གཏོགས་པ། ཁོ་བོས་བདག་དང་ ཁྱེད་ཀྱི་ཆེད་དུ་ཚེ་དང་ལྡན་པ་དེ་དག་གི་དྲུང་དུ་མི་བཅབ་པར་མཐོལ་ཞིང་བཤགས་པར་སྤྲོའོ། །ཞེས་སྨྲ་བར་བྱའོ། །གལ་ཏེ་དགེ་སློང་དེ་ལ་རང་གི་ཕྱོགས་ནས་དགེ་སློང་གཅིག་གིས་ཀྱང་སྨྲས་པ་ [381B] དེ་ནས་དགེ་སློང་དེ། ཕྱོགས་གཅིག་ཤོས་ཀྱི་དྲུང་དུ་སོང་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་རྒན་རིམ་ཇི་ལྟ་བ་བཞིན་དུ་འདུད་པ་བྱས་ལ་ཙོག་ཙོག་པོར་འདུག་སྟེ་ཚིག་འདི་ སྐད་ཅེས། ཚེ་དང་ལྡན་པ་དག་ཁོ་བོ་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར་ཅིང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པར་གྱུར་པ་ནི། ཁོ་བོ་ཅག་ གིས་རྙེད་པ་རྙེད་པ་མ་ཡིན་ཏེ། ཉེས་པ་རྙེད་ཀྱི། ལེགས་པ་མ་རྙེད་པས། གཞི་འདི་ལ་ཁོ་བོ་དང་ཚེ་དང་ལྡན་པ་དེ་དག་གི་ལྟུང་བ་བྱུང་བ་གང་ཡིན་པ་ལས། ཁ་ན་མ་ཐོ་བ་སྦོམ་པོའམ་ཁྱིམ་ན་གནས་ པ་ལ་བརྟེན་པ་མ་གཏོགས་པ། ཁོ་བོས་བདག་དང་ཚེ་དང་ལྡན་པ་དེ་དག་གི་ཆེད་དུ་ཁྱེད་ཀྱི་དྲུང་དུ་མི་འཆབ་པར་མཐོལ་ཞིང་བཤགས་པར་སྤྲོའོ། །ཞེས་སྨྲ་པར་བྱའོ། །གང་གི་ཚེ་ཕྱོགས་གཅིག་ གིས་གཅིག་ཤོས་ལའམ། གཅིག་ཤོས་ཀྱིས་གཅིག་ཤོས་ལ་སྤུས་ལ་ལྟུང་བ་ལྟ་བུར་བྱེད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་པར་མཛད་ཀྱི། ཕན་ཚུན་དུ་ལྟུང་བ་སྒྲོག་པས་ གླེང་བར་མི་བྱེད་ན། དེ་ལྟར་ན། རྩོད་པ་དེ་འདི་ལྟ་སྟེ། རྩྭ་བཀྲམ་པ་ལྟ་བུར་འོས་པས་ཞི་བ་ཡིན་ཏེ། དགེ་སློང་དག། དེ་ལྟར་ན། རྩྭ་བཀྲམ་པ་ལྟ་བུར་འོས་པ་ནི། རྩོད་པ་ཞི་བར་བྱེད་པ་ཡིན་ ཞིང། དེ་ལྟར་ན། འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ་རྩ་བཀྲམ་པ་ལྟ་བུར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང། ཞི་བ་དང། ཉེ་བར་ཞི་བ་ཡིན་ནོ། །དགེ་སློང་དག་ལྟུང་བའི་རྩོད་ [382A]༄༅། །པ་ནི། རྩོད་པ་ཞི་བར་བྱེད་པའི་ཆོས་བཞི་པོ་འདིས་དུལ་བར་བྱ། ཞི་བར་བྱ། ཉེ་བར་ཞི་བར་བྱ་བ་ནི། འདི་ལྟ་སྟེ་ཁས་བླང་བར་འོས་པ་དང། མངོན་སུམ་དུ་འདུལ་ བར་འོས་པ་དང། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་དང་རྩྭ་བཀྲམ་པ་ལྟ་བུར་འོས་པས་སོ། །དགེ་སློང་དག་བྱ་བའི་རྩོད་པ་ནི། དགེ་འདུན་མཐུན་པས་ཞི་བར་བྱའོ། །དགེ་སློང་ དག་གནས་གང་ན་དགེ་སློང་གཅིག་གནས་པ་དེ་ན་འཐབ་པ་མེད་མཚང་འདྲུ་བ་མེད། འཐབ་མོ་མེད། འགྱེད་པ་མེད་དོ། །གང་ན་གཉིས་ཡོད་པ་དེ་ན་ཡང་འཐབ་པ་མེད། མཚང་འདྲུ་ བ་མེད། འཐབ་མོ་མེད། འགྱེད་པ་མེད་དོ། །གང་ན་གསུམ་ཡོད་པ་དེ་ན་ཡང། འཐབ་པ་མེད། མཚང་འདྲུ་བ་མེད། འཐབ་མོ་མེད། འགྱེད་པ་མེད་དོ། །གང་ན་དགེ་སློང་བྮིའམ། ལྷག་པ་ གནས་པ་དེ་ན་ནི། འཐབ་པ་དང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་ཡོད་དོ། །དགེ་སློང་དག། ཚངས་པ་ཇི་བཞིན་གཅིག་དེ་བཞིན། །བརྒྱ་བྱིན་ཇི་བཞིན་གཉིས་དེ་བཞིན། ། རྒྱལ་པོ་ཇི་བཞིན་གསུམ་དེ་བཞིན། །དེ་ལས་ལྷག་པ་འཁྲུག་པར་འགྱུར། དགེ་སློང་དག། དེ་ལྟ་བས་ན། རྗེས་སུ་གནང་སྟེ། ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་འཛིན་པ་གང་ཡིན་པ་དེ་ལ་ཡང་ ཆོས་ཀྱི་རྙེད་པ་སྦྱིན་པར་བྱ་ཞིང། དེས་ཀྱང་ལོངས་སྤྱོད་པར་བྱ་སྟེ། འདི་ལ་འགྱོད་པར་ནི། མི་བྱའོ། །རྩོད་པའི་བཞི་རྫོགས་སོ།། །།འདུལ་བ་གཞི། བམ་པོ་བརྒྱད་ཅུ་པ་ [382B] མང་པོས་བཀུར་དང་ལྷག་ཡོས་དང། །བ་གམ་རྙིང་དང་བཟང་པོ་དང། །འཁོར་དང་ཀོའུ་དིན་རྫུ་འཕྲུལ་དང། །ཀོའུ་ཤི་ཀས་ཟོས་དང་བ་དང། །མནར་མེད་ལྷག་ གྱུར་ཕྱི་མའོ། །སྡོམ་ནི། མང་པོས་བཀུར་དང་སེང་གེའི་འགྲམ་།ལེགས་པར་རབ་སད་དེ་བཞིན་དུ། དགའ་ལྡན་འདོད་པའི་རིགས་དང་ནི་།འདུན་པས་འདུག་དང་གཞོང་པ་དང། །སྲིན་བུ་གོ་ཆ་ བཟང་ལེན་དང། །ལྷག་བཅས་པ་དང་དེ་བཅུའོ། །ཡངས་པ་ཅན་དུ་བསྟན་པ་དང། །རབ་སྦྱིན་དང་ནི་གྲགས་འཛིན་དང། །དང་བ་དང་ནི་མཁས་མ་དང། །ས་འཚོ་མ་ནི་བསྟན་པ་དང། །འཛམ་བུ་རི་ དྭགས་ནང་སྐྱེས་དང། རིགས་བདུན་ངན་སྤོང་བུ་དང་ནི། །རྒྱལ་པོའི་ཁབ་དང་དཀའ་ཐུབ་དང། །རིང་འཕུར་དཀའ་སྤྱོད་དགའ་བོ་དང། །ནག་པོ་བཀྲ་ཤིས་དེ་བཞིན་དུ། །བདུད་གཞོམ་པ་ནི་བྱས་པ་ དང། །འཁོར་ནི་མདོ་རུ་བསྡུས་པའོ། །གྲུ་འཛིན་དུ་དགྲ་འདུལ་དང་བརྒྱ་ཐམ་པའོ། །དམག་གིས་མི་ཚུགས་སུ་མ་རྒྱལ་བ་ལས་རྒྱལ་དང་ལྔ་ཁྲི་བཞི་སྟོང་ངོ། །ཝཱ་ར་ཎཱ་སིར་བཟོད་དཀའ་དང་དྲུག་ཁྲི་ སུམ་སྟོང་ངོ། །ཀིམ་པི་ལར་ཚངས་སྦྱིན་དང་བརྒྱད་ཁྲི་བཞི་སྟོང་ངོ། །གླང་པོ་ཆེའི་གྲོང་དུ་གླང་པོས་སྦྱིན་དང་སུམ་ཁྲི་ཉིས་སྟོང་ངོ། །རྡོ་འཇོག་ཏུ་བལ་བུ་ཅན་དང་ལྔ་སྟོང་ངོ་།བྲང་གིས་ཉལ་དུ་ཚན་ པོ་ཆེ་འདུལ་དང་སུམ་ཁྲི་ཉིས་སྟོང་ངོ། །མ་རྒྱལ་བ་ལས་རྒྱལ་དུ་བྱིན་དང་སུམ་ཁྲི་ཉིས་སྟོང་ངོ། །ཀཱ་ན་ཀུབ་ཛར་རྒྱལ་སྡེ་དང་ཁྲི་ཉིས་སྟོང་ངོ། །ཙམ་པར་ཀླུའི་ལྷ་དང་ཁྲི་བརྒྱད་སྟོང་ངོ། །ཏ་ལའི་ [383A]༄༅། །ཕྲེང་དུ་མིའི་ལྷ་དང་ཉིས་ཁྲི་ལྔ་སྟོང་ངོ། །ཏམ་ལིར་རྒྱ་མཚོའི་ལྷ་དང་ཁྲི་ཉིས་སྟོང་ངོ། །བ་སོའི་གྲོང་དུ་བློ་གྲོས་བཟང་པོ་དང་ཁྲི་བརྒྱད་སྟོང་ངོ། །རྒྱལ་པོའི་ཁབ་ཏུ་མུན་སེལ་ དང་ཉི་ཁྲི་ལྔ་སྟོང་ངོ། །ཝཱ་ར་ཎཱ་སིར་དབང་ཕྱུག་ཆེན་པོའི་སྡེ་དང་བརྒྱ་ཐམ་པའོ། །རྩྭ་ཅན་དུ་རྒྱ་མཚོའི་སྡེ་དང་བརྒྱད་ཁྲི་བཞི་སྟོང་ངོ། །གྲུ་འཛིན་དུ་དཀའ་ཐུབ་སྤྱོད་དང་སྟོང་ངོ། །རྩྭ་ཅན་དུ་སའི་གདོང་ དང་བརྒྱད་ཁྲི་བཞི་སྟོང་ངོ། །ཝཱ་ར་ཎཱ་སིར་སའི་བདག་པོ་དང་འབུམ་མོ། །དམག་གིས་མི་ཚུགས་པར་ས་འཛིན་དང་འབུམ་མོ། །མི་ཐི་ལར་ལྷ་ཆེན་པོ་དང་བརྒྱད་ཁྲི་བཞི་སྟོང་ངོ། །ཡང་མི་ཐི་ལར་ལྷ་ ཆེན་པོ་ནས་བཟུང་སྟེ་མུ་ཁྱུད་ནས་ཤིང་རྟ་སྲ་བའི་བར་བརྒྱད་ཁྲི་བཞི་སྟོང་ངོ། །ཀུན་ཏུ་སྣང་བར་ནམ་མཁའི་བདག་པོ་དང་ཀླུ་མཉམ་སྐྱོང་དང་བདུན་ཁྲི་བདུན་སྟོང་ངོ། །ཝཱ་ར་ཎཱ་སིར་ཀྲི་ཀྲི་དང་ལེགས་ སྐྱེས་དང་བརྒྱ་ཐམ་པའོ། །གྲུ་འཛིན་དུ་རྣ་བ་ཅན་དང་བུ་རམ་ཤིང་པ་དང་བརྒྱ་ཐམ་པའོ། །གྲུ་འཛིན་དུ་འཕགས་སྐྱེས་པོ་དང་བུ་རམ་ཤིང་པ་ལ་སོགས་པས་ཁྱིམ་གྱི་བར་བརྒྱ་ཐམ་པའོ། །སེར་སྐྱའི་ གཞིར་ཤིང་རྟ་བཅུ་པ་ནས་བཟུང་སྟེ་ལྔ་ཁྲི་ལྔ་སྟོང་བྱུང་བ་ལ་སེང་གེའི་འགྲམ་ལས་བཞི་སྟེ། བཞི་པོ་དེ་རྣམས་ལས་གཉིས་གཉིས་སོ། །སངས་རྒྱས་བཅོམ་ལྡན་འདས་ཡུལ་སེར་སྐྱའི་གཞི་ ནྱ་གྲོ་དཧའི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་སེར་སྐྱའི་གཞི་ན་གནས་པའི་ཤཱཀྱ་རབ་ཏུ་མང་པོ་འདུན་ཁང་དུ་ཚོགས་ཤིང་འདུས་ནས་བར་སྐབས་ཀྱི་གཏམ་འདི་ལྟ་བུ་དག་གླེང་བར་བྱེད་ [383B] ཤེས་ལྡན་དག་ཤཱཀྱ་རྣམས་ནི། གང་ལས་སྐྱེས། ཐོག་མ་ནི། གང་ཡིན། རྒྱུ་ནི། ཅི་ཞིག་ཡིན། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ནི། གང་ཡིན། གལ་ཏེ་བདག་ཅག་གི་དྲུང་དུ་འགའ་ཞིག་ འོངས་ནས་འདི་སྐད་འདྲི་སྟེ། ཤེས་ལྡན་དག་ཤཱཀྱ་རྣམས་ནི་གང་ལས་སྐྱེས། ཐོག་མ་ནི། གང་ཡིན། རྒྱུ་ནི། ཅི་ཞིག་ཡིན་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ནི། གང་ཡིན་ཞེས་དེ་ སྐད་དུ་འདྲི་ན། བདག་ཅག་གིས་ནི། ཤཱཀྱ་རྣམས་ནི། གང་ལས་སྐྱེས་པ་དང། ཐོག་མ་གང་ཡིན་པ་དང། རྒྱུ་ནི། ཅི་ཞིག་ཡིན་པ་དང། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་བརྒྱུད་ནི། གང་ཡིན་ པ་ཡང་མི་ཤེས་ན། ཇི་སྐད་དུ་ལུང་བསྟན། ཚུར། བདག་ཅག་བཅོམ་ལྡན་འདས་གང་ན་བ་དེར་དོང་ལ་ལྷགས་པ་དང། བཅོམ་ལྡན་འདས་ལ་དོན་འདི་ཉིད་ཞུས་ནས། བཅོམ་ལྡན་འདས་ཀྱིས་ བདག་ཅག་ལ་ཇི་སྐད་དུ་ལུང་བསྟན་པ་དེ་བཞིན་དུ་གཟུང་བར་བྱའོ་།དེ་ནས་སེར་སྐྱའི་གཞི་ན་གནས་པའི་ཤཱཀྱ་རབ་ཏུ་མང་པོ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་ འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་སེར་སྐྱའི་གཞིའི་ཤཱཀྱ་རྣམས་ཀྱིས་འདི་སྐད་ཅེས་ གསོལ་ཏོ། །བཙུན་པ། འདིར་བདག་ཅག་སེར་སྐྱའི་གཞིའི་ཤཱཀྱ་རབ་ཏུ་མང་པོ་འདུན་ཁང་དུ་ཚོགས་ཤིང་འདུག་ནས་བར་སྐབས་བཀའ་མཆིད་འདི་ལྟ་བུ་དག་གླེང་སྟེ། ཤཱཀྱ་རྣམས་ནི། གང་ [384A]༄༅། །ལས་སྐྱེས། ཐོག་མ་ནི། གང་ཡིན། རྒྱུ་ནི། ཅི་ཞིག་ཡིན་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ནི། གང་ཡིན། གལ་ཏེ་བདག་ཅག་གི་དྲུང་དུ་འགའ་ ཞིག་འོངས་ནས་འདི་སྐད་ཅེས་འདྲི་སྟེ། ཤེས་ལྡན་དག་ཤཱཀྱ་རྣམས་ནི། གང་ལས་སྐྱེས། ཐོག་མ་ནི། གང་ཡིན། རྒྱུ་ནི། ཅི་ཞིག་ཡིན། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་ རྒྱུད་ནི། གང་ཡིན་ཞེས་དེ་སྐད་འདྲི་ན། བདག་ཅག་གིས་ནི། ཤཱཀྱ་རྣམས་ནི། གང་ལས་སྐྱེས། ཐོག་མ་ནི། གང་ཡིན། རྒྱུ་ནི། ཅི་ཞིག་ཡིན། ཤཱཀྱ་རྣམས་ཀྱི་སྔོན་གྱི་ རིགས་རྒྱུད་ནི། གང་ཡིན་པ་ཡང་མི་ཤེས་ན། ཇི་སྐད་ལུང་བསྟན་ཚུར། བདག་ཅག་བཅོམ་ལྡན་འདས་གང་ན་བ་དེར་དོང་ལ་ལྷགས་པ་དང། བཅོམ་ལྡན་འདས་ལ་དོན་འདི་ ཉིད་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཇི་སྐད་དུ་ལུང་བསྟན་པ་དེ་བཞིན་དུ་གཟུང་བར་བགྱིའོ། །སྙམ་ནས། དེའི་སླད་དུ་བཅོམ་ལྡན་འདས་ལ་བདག་ཅག་དོན་འདི་ ཉིད་ཞུ་ལགས་ན། བཅོམ་ལྡན་འདས། ཤཱཀྱ་རྣམས་ནི། གང་ལས་སྐྱེས་ལགས། ཐོག་མ་ནི། གང་ལགས། རྒྱུ་ནི། ཅི་ཞིག་ལགས། ཤཱཀྱ་རྣམས་སྔོན་གྱི་རིགས་ རྒྱུད་ནི། གང་ལགས། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་ངས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་ཏེ་ཆོས་ཀྱི་གཏམ་གླེང་ན། ། [384B] ཀུན་ཏུ་རྒྱུ་གཞན་དག་འདི་སྐད་ཅེས། དགེ་སྦྱོང་གོའུ་ཏ་མ་ནི། ཅི་འདོད་པ་དེ་ལྟ་བུ་སྟོན་པས་བདག་ཉིད་ལ་བསྟོད་པར་བྱེད་དོ། །ཞེས་སྨྲ་བ་གང་ཡིན་པའི་གནས་ འདི་ཡོད་པས། ངའི་ཉན་ཐོས་ལས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་ནས་ཆོས་ཀྱི་གཏམ་གླེང་བར་ནུས་པ་སུ་ཡོད་སྙམ་མོ། །དེའི་ཚེ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ འཁོར་དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་འགལ་གྱི་བུ། ང་རྒྱབ་བསྙུང་བས་རེ་ ཞིག་དེ་བསལ་གྱི། ཁྱོད་ཀྱིས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་ནས་དགེ་སློང་རྣམས་ལ་ཆོས་ཀྱི་གཏམ་བྱ་བར་སྤོབས་པར་གྱིས་ཤིག་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ ཆེན་པོས་བཅོམ་ལྡན་འདས་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཅང་མི་སྨྲ་བས་ཁས་བླངས་པར་ཐུགས་སུ་ཆུད་ ནས་སྣམ་སྦྱར་བལྟབ་སྟེ་སྔས་ཕངས་སུ་བཅུག་ནས་གློ་གཡས་པ་ཕབ་སྟེ་ཞབས་ཀྱི་སྟེང་དུ་ཞབས་བཞག་ནས་སྣང་བའི་འདུ་ཤེས་དང། དྲན་པ་དང། ཤེས་བཞིན་དང། ལྡང་བའི་འདུ་ ཤེས་ཁོ་ན་ཡིད་ལ་མཛད་པས་མནལ་ཏོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱིས་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་གིས་སེམས་ཇི་ལྟར་མཉམ་པར་བཞག་ན། ཤཱཀྱ་ [385A]༄༅། །རྣམས་ཀྱི་སྔོན་གྱི་རིགས་རྒྱུད། ཤཱཀྱ་རྣམས་གང་ལས་སྐྱེས་པ་དང། ཐོག་མ་གང་ཡིན་པ་དང། རྒྱུ་ཅི་ཞིག་ཡིན་པ་དང། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ གང་ཡིན་པ་མཐོང་བར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ། །སྙམ་ནས། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་སེམས་ཇི་ལྟར་མཉམ་པར་བཞག་ན་ ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་མཐོང་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་ རྒྱུད། ཤཱཀྱ་རྣམས་གང་ལས་སྐྱེས་པ་དང། ཐོག་མ་གང་ཡིན་པ་དང། རྒྱུ་ནི། ཅི་ཞིག་ཡིན་པ་དང། ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ནི། གང་ཡིན་པ་མཐོང་ངོ། །མཐོང་ནས་ ཏིང་ངེ་འཛིན་དེ་ལས་ལངས་ཏེ་དགེ་སློང་གི་དགེ་འདུན་གྱི་གུང་ལ་སྟན་བཤམས་པ་ཉིད་ལ་འདུག་གོ། །འདུག་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། སེར་སྐྱའི་གཞིའི་ཤཱཀྱ་རྣམས་ ལ་སྨྲས་པ། གོའུ་ཏ་མ་དག། འཇིག་རྟེན་འདི་འཇིག་ཅིང། འཇིག་རྟེན་ཞིག་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། དེ་རྣམས་དེ་ན་ཡིད་ལས་བྱུང་བའི་ གཟུགས་ཕུན་སུམ་ཚོགས་པ། དབང་པོ་མ་ཉམས་ཤིང་མ་ཚང་བ་མེད་པ། ཡན་ལག་དང་ཉིད་ལག་ཐམས་ཅད་དང་ལྡན་པ། ཁ་དོག་བཟང་བོས་གནས་པ། རང་གི་འོད་ཅན། ནམ་ [385B] དགའ་བ་ཟ་ཞིང་དགའ་བའི་ཟས་ཀྱིས་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེའི་ཚེ་ས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་འགྱུར་ཞིང། མཚོ་གཅིག་ཏུ་འགྱུར་རོ། །ས་ཆེན་པོ་ འདི་ཆུ་འབའ་ཞིག་གི་མཚོ་གཅིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་སྤྲིས་མ་ཆགས་པ་དང། མཁྲེགས་པ་དང། ཁེབས་པར་བྱེད་དོ། །དཔེར་ན། འོ་མ་བསྐོལ་བ་གྲང་བར་གྱུར་བའི་སྟེང་དུ་རླུང་གིས་ སྤྲིས་མ་ཆགས་པ་དང། མཁྲེགས་པ་དང་ཁེབས་པ་དེ་བཞིན་དུ། ས་ཆེན་པོ་འདི་ཆུ་འབའ་ཞིག་གི་མཚོ་གཅིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་སྤྲིས་མ་ཆགས་པ་དང། མཁྲེགས་པ་དང་ཁེབས་ བར་བྱེད་དོ། །སའི་བཅུད་དེ་ནི། ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ་དང། རོ་ཕུན་སུམ་ཚོགས་པ་ཡིན་ཞིང། ཁ་དོག་ཕུན་སུམ་ཚོགས་པ་ནི། འདི་ལྟ་བུ་ཡིན་ཏེ། དཔེར་ ན་མར་གསར་ལྟ་བུའོ། །རོ་ནི། འདི་ལྟ་བུ་ཡིན་ཏེ། དཔེར་ན། སྦྲང་མའི་སྦྲང་རྩི་བཙིར་བ་ལྟ་བུའི་དུས་གང་ཡིན་པ་དེ་ཡོད་དོ་།གོའུ་ཏ་མ་དག་འཇིག་རྟེན་གང་ཡིན་པ་འདི་འཆགས་ ཤིང་འཇིག་རྟེན་ཆགས་ན། དེ་ནས་སེམས་ཅན་ཁ་ཅིག་ཚེ་ཟད། ལས་ཟད། བསོད་ནམས་ཟད་ནས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདི་ལྟ་བུར་མི་རྣམས་དང་སྐལ་བ་ མཉམ་པར་འོང་ཞིང། དེ་རྣམས་འདི་ན་ཡིད་ལས་བྱུང་བའི་གཟུགས་ཕུན་སུམ་ཚོགས་པ། དབང་པོ་མ་ཉམས་ཤིང་མ་ཚང་བ་མེད་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་ [386A]༄༅། །ཞིང་ཁ་དོག་བཟང་པོས་གནས་པ། རང་གི་འོད་ཅན། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་ཀྱིས་ཚེ་རིང་ཞིང་ཡུན་རིང་དུ་གནས་པར་འགྱུར་ རོ༑ ༑དེའི་ཚེ་ཉི་མ་དང་ཟླ་བ་ཡང་འཇིག་རྟེན་དུ་མི་འབྱུང་སྟེ་རྒྱུ་སྐར་རྣམས་ཀྱང་མེད། སྐད་ཅིག་དང། ཐང་ཅིག་དང། ཡུད་ཙམ་ཡང་མེད། མཚན་མོ་དང། ཉིན་མོ་ཡང་མེད། ཟླ་བ་ དང། ཟླ་བ་ཕྱེད་དང། དུས་ཚིགས་དང། ལོ་རྣམས་ཀྱང་འཇིག་རྟེན་དུ་འབྱུང་བ་མེད་དོ། །སྐྱེས་པ་དང། བུད་མེད་དུ་མངོན་པ་ཡང་མེད་ཀྱི། གཞན་དུ་ན། སེམས་ཅན་སེམས་ཅན་ཞེས་ བྱ་བའི་གྲངས་སུ་འགྲོའོ། །དེ་ནས་སེམས་ཅན་བརྐམ་ཆགས་ཀྱི་རང་བཞིན་ཅན་ཞིག་གིས། མཛུབ་མོའི་རྩེ་མོས་སའི་བཅུད་མྱོང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱངས་པ་དེ་ལྟ་དེ་ལྟར་སྲེད་དོ། ། ཇི་ལྟ་ཇི་ལྟར་སྲེད་པ་དེ་ལྟ་དེ་ལྟར་ཁམ་གྱི་ཟས་རིམ་གྱིས་ཟའོ་།སེམས་ཅན་གཞན་དག་གིས་ཀྱང་སེམས་ཅན་དེ་མཛུབ་མོའི་རྩེ་མོས་སའི་བཅུད་མྱོང་བར་བྱེད་དེ། ཇི་ལྟ་ཇི་ལྟར་མྱངས་པ་དེ་ ལྟ་དེ་ལྟར་སྲེད་ལ། ཇི་ལྟ་ཇི་ལྟར་སྲེད་པ་དེ་ལྟ་དེ་ལྟར་ཁམ་གྱི་ཟས་རིམ་གྱིས་ཟ་བ་མཐོང་ངོ། །མཐོང་ནས་དེ་རྣམས་ཀྱིས་ཀྱང་མཛུབ་མོའི་རྩེ་མོས་སའི་བཅུད་མྱོང་བར་རྩོམ་སྟེ། ཇི་ལྟ་ཇི་ལྟར་ མྱངས་པ་དེ་ལྟ་དེ་ལྟར་སྲེད་དོ། །ཇི་ལྟ་ཇི་ལྟར་སྲེད་པ་དེ་ལྟ་དེ་ལྟར་ཁམ་གྱི་ཟས་རིམ་གྱིས་ཟའོ། །གང་གི་ཚེ་སེམས་ཅན་དེ་རྣམས་ཀྱིས་སའི་བཅུད་ལ་ཁམ་གྱི་ཟས་རིམ་གྱིས་ཟོས་པ་དེའི་ [386B]གྱུར་ཏོ། །དེ་རྣམས་ཀྱི་ཁ་དོག་བཟང་པོ། །གསལ་བ་གང་ཡིན་པ་དེ་ཡང་ནུབ་པར་གྱུར་བས། འཇིག་རྟེན་དུ་མུན་པ་བྱུང་བར་གྱུར་ཏོ་།གོའུ་ཏ་ མ་དག་ཆོས་ཉིད་ཀྱིས་འཇིག་རྟེན་དུ་མུན་པ་བྱུང་ན། ཉི་མ་དང་ཟླ་བ་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱུ་སྐར་དང་སྐད་ཅིག་དང། ཐང་ཅིག་དང། ཡུད་ཅིག་དང། མཚན་མོ་དང་ ཉིན་མོ་དང། ཟླ་བ་དང། ཟླ་བ་ཕྱེད་དང། དུས་ཚིགས་དང། ལོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་རྣམས་དེ་ཟ་ཞིང་ཟས་སུ་ཟ་བ་ལས་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེ་རྣམས་ལས་ ཁ་ཟས་ལ་ཆེས་ཉུང་ཟད་དུ་ཟ་བ་གང་ཡིན་པ་དེ་ནི། ཁ་དོག་དང་ལྡན་པར་འགྱུར་རོ། །ཁ་ཟས་ལ་ཆེས་མང་དུ་ཟ་བ་གང་ཡིན་པ་དེ་ནི། ཁ་དོག་ངན་པར་གྱུར་ཏེ། ཁ་ཟས་ཀྱི་ཚད་གཉིས་ལ་བརྟེན་ ནས་ཁ་དོག་རྣམ་པ་གཉིས་མངོན་ཏེ། ཁ་དོག་རྣམ་པ་གཉིས་ཡོད་པས། ཀྱེ་སེམས་ཅན། ཁོ་བོ་ནི། ཁ་དོག་དང་ལྡན་ནོ། །ཁྱེད་ནི་ཁ་དོག་ངན་པ་ཡིན་ནོ། །ཞེས་སེམས་ཅན་གྱིས་ སེམས་ཅན་ལ་ཁྱད་དུ་གསོད་དོ། །ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་རྣམས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་བླངས་པའི་རྒྱུས་སའི་བཅུད་དེ་ནུབ་པར་གྱུར་ཏོ། །གོའུ་ཏ་མ་དག་སའི་ བཅུད་དེ་ནུབ་པ་ན་སེམས་ཅན་དེ་རྣམས་ཚོགས་ཤིང་འདུས་ནས་འདི་སྐད་ཅེས། ཀྱི་ཧུད་བྲོ་བ། ཀྱི་ཧུད་བྲོ་བ་ཞེས་སྨྲ་ཞིང་སྨྲེ་སྔགས་འདོན་ལ། མྱ་ངན་དང། སྡུག་བསྔལ་བར་གྱུར་ [387A]༄༅། །ཏོ༑ ༑དཔེར་ན། ད་ལྟར་མི་རྣམས་ཀྱིས་ཟས་ཞིམ་པོ་ཅུང་ཟད་ཅིག་ཟོས་ནས་སྔོན་གྱི་ཡི་གེ་དང། ཚིག་དང་ཚིག་འབྲུ་དེ་ཉིད་རྗེས་སུ་དྲན་ནས་འདི་སྐད་ཅེས། ཀྱི་ཧུད་བྲོ་བ། ཀྱི་ ཧུད་བྲོ་བ་ཞེས་སྨྲ་བ་དེ་བཞིན་དུ་སེམས་ཅན་དེ་རྣམས་སའི་བཅུད་དེ་ནུབ་པ་ན་ཚོགས་ཤིང་འདུས་ནས་འདི་སྐད་ཅེས། ཀྱི་ཧུད་བྲོ་བ་ཀྱི་ཧུད་བྲོ་བ་ཞེས་སྨྲ་ཞིང་སྨྲེ་སྔགས་འདོན་ལ། མྱ་ངན་དང་ སྡུག་བསྔལ་བར་གྱུར་ཀྱང་སྨྲས་པ་འདིའི་དོན་ནི། འདི་ཡིན། སྨྲས་པ་འདིའི་དོན་ནི། འདི་ཡིན་ནོ། །ཞེས་དེའི་དོན་ནི། མི་ཤེས་སོ། །གོའུ་ཏ་མ་དག་སེམས་ཅན་དེ་རྣམས་ཀྱི་སའི་བཅུད་ དེ་ནུབ་པ་ན། ས་ཞག་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་ཏེ། ཁ་དོག་ནི་འདི་ལྟ་བུ་ཡིན་ཏེ། དཔེར་ན། དོང་ཀའི་མེ་ཏོག་ལྟ་ བུའོ། །རོ་ནི། འདི་ལྟ་བུ་ཡིན་ཏེ། དཔེར་ན། སྦྲང་མའི་སྦྲང་རྩི་བཙིར་བ་ལྟ་བུའོ། །དེ་རྣམས་དེ་ཟ་ཞིང་ཟས་སུ་ཟ་བ་ལས་ཚེ་རིང་ཡུན་རིང་དུ་གནས་སོ། །དེ་རྣམས་ལ་ཁ་ཟས་ལས་ཆེས་ཉུང་ དུ་ཟ་བ་གང་ཡིན་པ་དེ་ནི། ཁ་དོག་དག་དང་ལྡན་པར་གྱུར་ཏོ་།ཁ་ཟས་ལ་ཆེས་མང་དུ་ཟ་བ་གང་ཡིན་པ་དེ་ནི། ཁ་དོག་ངན་པར་གྱུར་ཏོ། །ཟས་ཀྱི་ཚད་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་ གཉིས་མངོན་ཏེ། ཁ་དོག་རྣམ་པ་གཉིས་ཡོད་པས། ཀྱེ་སེམས་ཅན། ཁོ་བོ་ནི། ཁ་དོག་དང་ལྡན་ལ། ཁྱོད་ནི། ཁ་དོག་ངན་པ་ཡིན་ནོ་།ཞེས་སེམས་ཅན་གྱིས་སེམས་ཅན་ལ་ཁྱད་ [387B] །ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་རྣམས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་བླངས་པའི་རྒྱུས་ས་ཞག་ནུབ་པར་གྱུར་ཏོ། །གོའུ་ཏ་མ་དག་ས་ཞག་དེ་ནུབ་པར་གྱུར་པ་ན་ སེམས་ཅན་དེ་རྣམས་ཚོགས་ཤིང་འདུས་ནས་འདི་སྐད་ཅེས། ཀྱི་ཧུད་བྲོ་བ། ཀྱི་ཧུད་བྲོ་བ་ཞེས་སྨྲ་ཞིང་སྨྲེ་སྔགས་འདོན་ལ། མྱ་ངན་གྱིས་སྡུག་བསྔལ་བར་བྱེད་དོ། །དཔེར་ན། ད་ལྟར་མི་རྣམས་ སྡུག་བསྔལ་བ་དང། ཡིད་མི་བདེ་བ་འགའ་ཞིག་གིས་རེག་པ་ན། སྔོན་གྱི་ཡི་གེ་དང། ཚིག་དང། ཚིག་འབྲུ་དེ་ཉིད་རྗེས་སུ་དྲན་ནས་འདི་སྐད་ཅེས། ཨེ་མའོ་ཀྱི་ཧུད། ཨེ་མའོ་ཀྱི་ཧུད་ཅེས་སྨྲ་ བ་དེ་བཞིན་དུ་སེམས་ཅན་དེ་རྣམས་ས་ཞག་དེ་ནུབ་པ་ན། ཚོགས་ཤིང་འདུས་ནས་འདི་སྐད་ཅེས། ཀྱི་ཧུད་བྲོ་བ། ཀྱི་ཧུད་བྲོ་བ་ཞེས་སྨྲ་ཞིང་སྨྲེ་སྔགས་འདོན་ལ། མྱ་ངན་དང། སྡུག་བསྔལ་བར་ གྱུར་ཀྱང་སྨྲས་པ་འདིའི་དོན་ནི། འདི་ཡིན། སྨྲས་པ་འདིའི་དོན་ནི་འདི་ཡིན་ནོ། །ཞེས་བྱ་བར་དེའི་དོན་ནི། མི་ཤེས་སོ། །གོའུ་ཏ་མ་དག་སེམས་ཅན་དེ་རྣམས་ཀྱི་ས་ཞག་དེ་ནུབ་པ་ན་ མྱུ་གུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ་རོ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་ཞིང། ཁ་དོག་ནི། འདི་ལྟ་བུ་ཡིན་ཏེ། དཔེར་ན། ཤིང་ཀ་དམ་པ་ཀའི་མེ་ཏོག་ ལྟ་བུའོ། །རོ་ནི། འདི་ལྟ་བུ་ཡིན་ཏེ། དཔེར་ན། སྦྲང་མའི་སྦྲང་རྩི་བཙིར་བ་ལྟ་བུའོ། །དེ་རྣམས་དེ་ཟ་ཞིང་ཟས་སུ་ཟ་བ་ལས་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེ་རྣམས་ལས་ཁ་ཟས་ལ་ཆེས་ [388A]༄༅། །ཉུང་བར་ཟ་བ་གང་ཡིན་པ་དེ་ནི། ཁ་དོག་དང་ལྡན་པར་གྱུར་ཏོ། །ཁ་ཟས་ལ་ཆེས་མང་དུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་ངན་པར་གྱུར་ཏོ། །ཟས་ཀྱི་ཚད་གཉིས་ལ་བརྟེན་ ནས་ཁ་དོག་རྣམ་པ་གཉིས་མངོན་ནོ། །ཁ་དོག་རྣམ་པ་གཉིས་ཡོད་པས། ཀྱེ་སེམས་ཅན། ཁོ་བོ་ནི། ཁ་དོག་དང་ལྡན་ལ། ཁྱོད་ནི། ཁ་དོག་ངན་པ་ཡིན་ནོ། །ཞེས་སེམས་ཅན་གྱིས་སེམས་ ཅན་ལ་ཁྱད་དུ་གསོད་པར་བྱེད་དོ། །ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་རྣམས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་བླངས་པའི་རྒྱུས། མྱུ་གུའི་ཚལ་དེ་ནུབ་པར་གྱུར་ཏོ། །གོའུ་ཏ་མ་དག་ མྱུ་གུའི་ཚལ་དེ་ནུབ་པར་གྱུར་པ་ན། སེམས་ཅན་དེ་རྣམས་ཚོགས་ཤིང་འདུས་ནས་འདི་སྐད་ཅེས། མདུན་ནས་ཕར་སོང། མདུན་ནས་ཕར་སོང་ཞེས་སྨྲ་ཞིང་སྨྲེ་སྔགས་འདོན་ལ། མྱ་ངན་ དང། སྡུག་བསྔལ་བར་གྱུར་ཏོ། །དཔེར་ན། ད་ལྟར་མི་རྣམས་འགའ་ཞིག་ལ་ཚིག་དྲག་པོའི་ཚར་བཅད་པས་ཚར་གཅད་པར་འདོད་པ་ན་སྔོན་གྱི་ཡི་གེ་དང། ཚིག་དང། ཚིག་འབྲུ་དེ་དག་ ཉིད་རྗེས་སུ་ཟློས་ཤིང་འདི་སྐད་ཅེས། མདུན་ནས་ཕར་སོང། མདུན་ནས་ཕར་སོང་ཞེས་སྨྲ་བ་དེ་བཞིན་དུ་སེམས་ཅན་དེ་རྣམས་མྱུ་གུའི་ཚལ་ནུབ་པ་དང། ཚོགས་ཤིང་འདུས་ནས་འདི་སྐད་ཅེས་ མདུན་ནས་ཕར་སོང། མདུན་ནས་ཕར་སོང་ཞེས་སྨྲ་ཞིང། སྨྲེ་སྔགས་འདོན་ལ། མྱ་ངན་དང། སྡུག་བསྔལ་བར་གྱུར་ཀྱང་སྨྲས་པ་འདིའི་དོན་ནི། འདི་ཡིན། སྨྲས་པ། འདིའི་དོན་ནི། འདི་ཡིན་ [388B] །ཞེས་བྱ་བར་དེའི་དོན་ནི། མི་ཤེས་སོ། །གོའུ་ཏ་མ་དག་།སེམས་ཅན་དེ་རྣམས་ཀྱི་མྱུ་གུའི་ཚལ་ནུབ་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲས་བུ་ཚོན་བཞི་པ་ཕུབ་མ་དང། སྦུན་པ་མེད་པ། ཤུན་ པ་མེད་པ། དག་པ། གཙང་མ་སྐྱེས་ཏེ། དེ་ནུབ་བརྔས་ན། ནང་སྐྱེ་ཞིང་སྨིན་པར་འགྱུར། ནང་བརྔས་ན། ནུབ་སྐྱེ་ཞིང་སྨིན་པར་འགྱུར་པས། བརྔས་ཤིང་བརྔས་ཀྱང་སླར་སྐྱ་པས་བརྔས་པར་ཡང་མི་མངོན་ ནོ། །དེ་རྣམས་དེ་ཟ་ཞིང་དེ་ཟས་སུ་ཟ་བ་ལས་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །གང་ནས་སེམས་ཅན་དེ་རྣམས་ཀྱིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲས་བུ་ལ་ཁམ་གྱི་ཟས་སུ་རིམ་གྱིས་ཟོས་པ་དེ་ནས་ དེ་རྣམས་ཀྱི་དབང་པོ་ཐ་དད་པ་བྱུང་བར་གྱུར་ཏེ། ཁ་ཅིག་ལ་ནི། སྐྱེས་པའི་དབང་པོའོ། །ཁ་ཅིག་ལ་ནི། བུད་མེད་ཀྱི་དབང་པོའོ། །དེ་ན་བུད་མེད་ཀྱི་དབང་པོ་ཅན་གང་ཡིན་པ་རྣམས་དང་སྐྱེས་པའི་དབང་ པོ་ཅན་གང་ཡིན་པ་རྣམས་གཅིག་ལ་གཅིག་མིག་གིས་མིག་ཚུགས་སུ་བལྟའོ། །ཇི་ལྟ་ཇི་ལྟར་གཅིག་ལ་གཅིག་མིག་གིས་མིག་ཚུགས་སུ་བལྟ་བ་དེ་ལྟ་དེ་ལྟར་ཀུན་ཏུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཀུན་ཏུ་ ཆགས་པ་དེ་ལྟ་དེ་ལྟར་ཞེན་ཏོ། །ཇི་ལྟ་ཇི་ལྟར་ཞེན་པ་དེ་ལྟ་དེ་ལྟར་ལོག་པར་ཞུགས་སོ། །སེམས་ཅན་གཞན་དག་གིས་ཀྱང་སེམས་ཅན་གྱིས་སེམས་ཅན་ལ་ལོག་པར་ཞུགས་པ་མཐོང་ངོ། །མཐོང་ནས་ ཀྱང་ས་དང། བོང་བ་དང། གསེག་མ་དང། གྱོ་མོས་གཏོར་ནས་འདི་སྐད་ཅེས། སེམས་ཅན་ངན་པ་ཐ་ཆད་རྣམས་ནི། བྱ་བ་མ་ཡིན་པ་བྱེད་དོ། །སེམས་ཅན་ངན་པ་ཐ་ཆད་རྣམས་ནི། བྱ་བ་མ་ [389A]༄༅། །ཡིན་པ་བྱེད་པ་ཡིན་གྱི། ཀྭའི་སེམས་ཅན། ཁྱོད་ཀྱིས་ད་ཇི་ལྟར་སེམས་ཅན་སུན་དབྱུང་ཞེས་སྨྲའོ། །དཔེར་ན། ད་ལྟར་མི་རྣམས་བག་མ་བླངས་པ་ན། ཕྱེ་མ་དང། དྲི་དང་ ཕྲེང་བ་དང། གོས་དང། འབྲས་ཡོས་ཀྱིས་གཏོར་ནས་འདི་སྐད་ཅེས་བག་མ་བདེ་བར་གྱུར་ཅིག་ཅེས་ཟེར་བ་དེ་བཞིན་དུ་སེམས་ཅན་རྣམས་ཀྱིས། སེམས་ཅན་གྱིས་སེམས་ཅན་ལ་ལོག་པར་ ཞུགས་པ་མཐོང་བ་ན། སས་གཏོར་ཅིང། བོང་བ་དང། གསེག་མ་དང་གྱོ་མོ་རྣམས་ཀྱིས་ཀྱང་གཏོར་ནས་འདི་སྐད་ཅེས། སེམས་ཅན་ངན་པ་ཐ་ཆད་རྣམས་ནི། བྱ་བ་མ་ཡིན་པ་བྱེད་དོ། ། སེམས་ཅན་ངན་པ་ཐ་ཆད་རྣམས་ནི། བྱ་བ་མ་ཡིན་པ་བྱེད་པ་ཡིན་གྱི། ཀྭའི་སེམས་ཅན། ཁྱེད་ཀྱིས་ད་ཇི་ལྟར་སེམས་ཅན་སུན་དབྱུང་ཞེས་སྨྲ་བའི་དུས་གང་ཡིན་པ་དེ་ཡོད་དོ། །གོའུ་ཏ་མ་ དག་དེ་ལྟར་ན། སྔོན་ཆོས་མ་ཡིན་པར་འདོད་པ་གང་ཡིན་པ་དང་སྔོན་གྱི་འདུལ་བ་མ་ཡིན་པར་འདོད་པ་གང་ཡིན་པ་དེ་ནི། ད་ལྟར་ཆོས་སུ་འདོད། འདུལ་བར་འདོད་དོ། །སྔོན་སྨད་པར་ བྱ་བར་འདོད་པ་གང་ཡིན་པ་དེ་ནི། ད་ལྟར་བསྔགས་པར་བྱ་བར་འདོད་དོ། །དེ་རྣམས་ཀྱིས་དེ་ཞག་གཅིག་སྤངས་པ་ནས་ཞག་གཉིས་དང། གསུམ་དང། བདུན་ཡང་སྤངས་སོ། །གང་ནས་ སེམས་ཅན་དེ་རྣམས་སྡིག་པ་ཅན་དམ་པ་མ་ཡིན་པའི་ཆོས་དེ་ལ་ལྷག་པར་སྡིག་པ་ཅན་གྱི་བརྟུལ་ཞུགས་སྤྱོད་པ་དེ་ནས་དེ་རྣམས་ཁང་པ་རྩིག་པ་ལ་བརྩོན་པར་བྱེད་དེ། འདིར་བདག་ཅག་ [389B] །འདིར་བདག་ཅག་བྱ་བ་མ་ཡིན་པ་སྤྱད་དོ། །ཞེས་ཟེར་བས་ཁྱིམ་ཁྱིམ་ཞེས་བྱ་བར་གྲགས་ཏེ། གོའུ་ཏ་མ་དག་འདི་ནི། འཇིག་རྟེན་དུ་ཁང་པའི་ལས་ཀྱི་མཐའ་རྣམས་བྱུང་བའི་ རྩོམ་པ་དང་པོ་ཡིན་ནོ། །དེ་ཡང་ཆོས་ཀྱིས་ཡིན་གྱི། ཆོས་མ་ཡིན་པས་མ་ཡིན་ཏེ། དེ་ལ་རྒྱལ་བའི་དབང་པོའི་ཆོས་ལ་འདི་ནི། གཙོ་བོ་ཡིན་ཏེ། དེ་རྣམས་ནུབ་བཟའ་བ་དོན་དུ་གཉེར་བ་ཡང་དགོངས་ ཀ་སཱ་ལུའི་ཆེད་དུ་འདོང་བར་བྱེད་དོ། །ནང་བཟའ་བ་དོན་དུ་གཉེར་བ་ཡང་ནང་པར་སཱ་ལུའི་ཆེད་དུ་འདོང་བར་བྱེད་དོ། །དེ་ནས་སེམས་ཅན་སྙོམས་ལས་ཀྱི་རང་བཞིན་ཅན་ཞིག་གིས། ནང་པར་གྱི་སཱ་ལུ་ནུབ་ མོ་བླངས་སོ། །དེ་ནས་སེམས་ཅན་ཞིག་གིས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་ཁྱོད་ཚུར། སཱ་ལུའི་ཕྱིར་འདོང་ངོ་།དེ་ནས་སེམས་ཅན་དེས་སེམས་ཅན་དེ་ལ་འདི་སྐད་ཅེས་ སྨྲས་སོ། །ཀྱེ་སེམས་ཅན། ཁྱོད་རང་གི་སཱ་ལུ་ལ་སོམས་ཤིག་ཁོ་བོས་ནི། ནང་པར་གྱི་སཱ་ལུ་དོ་ནུབ་བླངས་སོ། །དེ་ནས་སེམས་ཅན་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ། དེ་ནི། ལེགས་སོ། །ཀྱེ་ མ༑ དེ་ནི། ཤིན་ཏུ་ལེགས་ཀྱི། མ་ལ་བདག་གིས་ཞག་གཉིས་ཀྱི་དང་ཞག་གསུམ་གྱི་དང། ཞག་བདུན་གྱི་བར་གྱི་སཱ་ལུ་བླང་ངོ་།སྙམ་དུ་སེམས་ནས། དེས་ཞག་གཉིས་ཀྱི་དང། ཞག་གསུམ་ གྱི་དང། ཞག་བདུན་གྱི་བར་གྱི་སཱ་ལུ་བླངས་སོ། །དེ་ནས་སེམས་ཅན་ཞིག་གིས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་ཁྱོད་ཚུར། སཱ་ལུའི་ཕྱིར་འདོང་ངོ། །དེ་ནས་སེམས་ཅན་ [390A]༄༅། །དེས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན། ཁྱོད་རང་གི་སཱ་ལུ་ལ་སོམས་ཤིག་ཁོ་བོས་ནི། ཞག་གཉིས་ཀྱི་དང། ཞག་གསུམ་གྱི་དང། ཞག་བདུན་ གྱི་བར་གྱི་སཱ་ལུ་བླངས་ཟིན་ཏོ། །དེ་ནས་སེམས་ཅན་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ། དེ་ནི། ལེགས་སོ། །ཀྱེ་མ། དེ་ནི། ཤིན་ཏུ་ལེགས་ཀྱི། མ་ལ་བདག་གིས་ཟླ་བ་ཕྱེད་དང། ཟླ་བ་གཅིག་གི་སཱ་ ལུ་བླང་ངོ། །སྙམ་ནས། དེས་ཟླ་བ་ཕྱེད་དང། ཟླ་བ་གཅིག་གི་སཱ་ལུ་བླངས་སོ། །གང་ནས་སེམས་ཅན་དེ་རྣམས་ཀྱིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་གསོག་འཇོག་གིས་ཡོངས་སུ་ལོངས་སྤྱད་ པས་ཟོས་པ་དེ་ནས་སཱ་ལུ་དེའི་འབྲས་བུ་ཕུབ་མ་དང། སྦུན་པ་དང། ཤུན་པས་གཡོགས་པར་གྱུར་ཏོ། །བརྔས་ཤིང་བརྔས་ན་ཡང་ཕྱིར་མི་སྐྱེ་བས་བརྔས་པར་ཡང་མངོན་ལ། སཱ་ལུ་ཡང་སྦུབས་སམ་ ཡལ་གའི་སྦུབས་ལ་ཡོད་པར་གྱུར་ཏོ། །དེ་ནས་སེམས་ཅན་དེ་རྣམས་ཚོགས་ཤིང་འདུས་ནས་ཤེས་ལྡན་དག་བདག་ཅག་སྔོན་ཡིད་ལས་བྱུང་བའི་གཟུགས་ཕུན་སུམ་ཚོགས་པ། དབང་པོ་མ་ ཉམས་ཤིང་མ་ཚང་བ་མེད་པ། ཡན་ལག་དང་ཉིད་ལག་ཐམས་ཅད་དང་ལྡན་པ། ཁ་དོག་བཟང་པོས་གནས་པ། རང་གི་འོད་དང་ལྡན་པ། ནམ་མཁའ་ལ་འགྲོ་ཞིང། དགའ་བ་ཟ་ཞིང་དགའ་བའི་ ཟས་ཀྱིས་ཚེ་རིང་ཞིང་ཡུན་རིང་དུ་གནས་ལ། བདག་ཅག་སའི་བཅུད་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏོ། །བདག་ཅག་སའི་བཅུད་ལ་ [390B] གང་གི་ཚེ་བདག་གི་སའི་བཅུད་ལ་ཁམ་གྱི་ཟས་སུ་རིམ་གྱིས་ཟོས་པ་དེའི་ཚེ། བདག་ཅག་གི་ལུས་ལ་རྩུབ་པ་ཉིད་དང། ལྗི་བ་ཉིད་དག་ཞུགས་པར་གྱུར་ཏོ། །ཁ་དོག་ བཟང་པོའི་གསལ་བ་གང་ཡིན་པ་དེ་ནུབ་པར་གྱུར་པས། འཇིག་རྟེན་དུ་མུན་པ་བྱུང་བར་གྱུར་ཏོ། །བདག་ཅག་དེ་ཟ་ཞིང་དེ་ཟས་སུ་ཟ་བ་ལས་ཚེ་རིང་ཞིང་ཡུན་རིང་དུ་གནས་པར་གྱུར་ཏོ། །བདག་ཅག་ལས་ ཁ་ཟས་ཆེས་ཉུང་དུ་ཟ་བ་གང་ཡིན་པ་དེ་ནི། ཁ་དོག་བཟང་པོར་གྱུར། ཁ་ཟས་ཆེས་མང་དུ་ཟ་བ་གང་ཡིན་པ་དེ་ནི། ཁ་དོག་ངན་པར་གྱུར་ཏེ། ཁ་ཟས་ཀྱི་ཚད་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་ མངོན་ཏེ་ཁ་དོག་རྣམ་པ་གཉིས་ཡོད་པས། ཀྭའི་སེམས་ཅན། ཁོ་བོ་ནི། ཁ་དོག་དང་ལྡན་ལ། ཁྱོད་ནི། ཁ་དོག་ངན་པ་ཡིན་ནོ། །ཞེས་སེམས་ཅན་གྱིས་སེམས་ཅན་ལ་ཁྱད་དུ་གསོད་པར་བྱེད་དོ། ། བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་བླངས་པའི་རྒྱུས་སའི་བཅུད་དེ་ནུབ་པར་གྱུར་ཏོ། །སའི་བཅུད་དེ་ནུབ་པ་ན། ས་ཞག་ཁ་དོག་ཕུན་སུམ་ཚོགས་ པ༑ དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། བདག་ཅག་དེ་ཟ་ཞིང་དེ་ཟས་སུ་ཟ་བ་ལས་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །བདག་ཅག་ལས་ཁ་ཟས་ཆེས་ཉུང་དུ་ཟ་བ་གང་ ཡིན་པ་དེ་ནི། ཁ་དོག་དང་ལྡན་པར་གྱུར། ཁ་ཟས་ཆེས་མང་དུ་ཟ་བ་གང་ཡིན་པ་དེ་ནི། ཁ་དོག་ངན་པར་གྱུར་ཏེ། ཟས་ཀྱི་ཚད་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་མངོན་ནོ། །ཁ་དོག་ [391A]༄༅། །རྣམ་པ་གཉིས་ཡོད་པས། ཀྭའི་སེམས་ཅན། ཁོ་བོ་ནི། ཁ་དོག་དང་ལྡན་ལ། ཁྱོད་ནི། ཁ་དོག་ངན་པ་ཡིན་ནོ། །ཞེས་སེམས་ཅན་གྱིས་སེམས་ཅན་ལ་ཁྱད་དུ་ གསོད་པར་བྱེད་དོ། །བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་བླངས་པའི་རྒྱུས་ས་ཞག་དེ་ནུབ་པར་གྱུར་ཏོ། །ས་ཞག་དེ་ནུབ་པ་ན། མྱུ་གུའི་ ཚལ་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། བདག་ཅག་དེ་ཟ་ཞིང་དེ་ཟས་སུ་ཟ་བ་ལས་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །བདག་ཅག་ རྣམས་ལས་ཁ་ཟས་ཆེས་ཉུང་ངུ་ཟ་བ་གང་ཡིན་པ་དེ་ནི། ཁ་དོག་དང་ལྡན་པར་གྱུར། ཁ་ཟས་ཆེས་མང་དུ་ཟ་བ་གང་ཡིན་པ་དེ་ནི་ཁ་དོག་ངན་པར་གྱུར་ཏེ། ཟས་ཀྱི་ཚད་གཉིས་ལ་བརྟེན་ ནས་ཁ་དོག་གི་རྣམ་པ་གཉིས་མངོན་ནོ། །ཁ་དོག་རྣམ་པ་གཉིས་ཡོད་པས། ཀྭའི་སེམས་ཅན། ཁོ་བོ་ནི། ཁ་དོག་དང་ལྡན་ལ། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ། །ཞེས་སེམས་ཅན་གྱིས་ སེམས་ཅན་ལ་ཁྱད་དུ་གསོད་པར་བྱེད་དོ། །བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་བླངས་པའི་རྒྱུས་མྱུ་གུའི་ཚལ་དེ་ནུབ་པར་གྱུར་ཏོ། །མྱུ་གུའི་ ཚལ་དེ་ནུབ་པ་ན། མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཚོན་བཞི་པ། ཕུབ་མ་མེད་པ། སྦུན་པ་མེད་པ། ཤུན་པ་མེད་པ། དག་པ་གཙང་མ་སྐྱེས་ཏེ། དེ་ནུབ་པ་བརྔས་ན། ནང་སྐྱེ་ [391B] ནང་བརྔས་ན། ནུབ་སྐྱེ་ཞིང་སྨིན་པར་འགྱུར་བས། བརྔས་ཤིང་བརྔས་ཀྱང་སླར་ཡང་སྐྱེ་བས་བརྔས་པར་ཡང་མི་མངོན་ཏེ། བདག་ཅག་དེ་ཟ་ཞིང་ཟས་སུ་ཟ་བ་ལས་ཚེ་རིང་ཞིང་ ཡུན་རིང་དུ་གནས་སོ། །གང་ནས་བདག་ཅག་གིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་གསོག་འཇོག་གིས་ཡོངས་སུ་ལོངས་སྤྱོད་པས། ཟོས་པ་དེ་ནས་སཱ་ལུ་དེའི་འབྲས་བུ་ཕུབ་མ་དང། སྦུན་ པ་དང། ཤུན་པས་གཡོགས་པར་གྱུར་ཏེ། བརྔས་ཤིང་བརྔས་པ་ཡང་སླར་མི་སྐྱེ་བས། བརྔས་པར་ཡང་མངོན་ལ། སཱ་ལུ་ཡང་སྦུབས་སམ། ཡལ་གའི་སྦུབས་ལ་ཡོད་པར་གྱུར་པས། མ་ལ་བདག་ ཅག་ཚོགས་ཤིང་འདུས་ལ་ཞིང་གཞལ་ཏེ་མཚམས་བཅད་ལ་འདི་ནི་ཁྱེད་ཀྱིའོ། །འདི་ནི། ངའི་འོ། །ཞེས་མུ་ཐུག་བྲེ་བར་བྱའོ་།ཞེས་དེ་རྣམས་ཚོགས་ཤིང་འདུས་ནས། ཞིང་བགོས་ཏེ་མཚམས་ བཅད་མུ་ཐུག་བྲེས་སོ། །གོའུ་ཏ་མ་དག་འདི་ནི། འཇིག་རྟེན་དུ་མུ་ཐུག་བྲེ་བའི་ལས་ཀྱི་མཐའ་རྣམས་བྱུང་བའི་རྩོམ་པ་དང་པོ་ཡིན་ནོ། །དེ་ཡང་ཆོས་ཀྱིས་ཡིན་གྱི། ཆོས་མ་ཡིན་པས་མ་ཡིན་ཏེ་ དེ་ལ་རྒྱལ་བའི་དབང་པོའི་ཆོས་ལ་འདི་ནི། ཆོས་ཀྱི་གཙོ་བོ་ཡིན་ནོ། །དེ་ནས་སེམས་ཅན་ཞིག་གིས་རང་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་ལ་མ་བྱིན་པར་བླངས་སོ། །སེམས་ཅན་གཞན་ ཞིག་གིས། སེམས་ཅན་དེས་རང་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་ལ་མ་བྱིན་པར་བླངས་པ་མཐོང་ངོ། །མཐོང་ནས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྭའི་སེམས་ཅན། ཁྱོད་ [392A]༄༅། །རང་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་ལ་མ་བྱིན་པར་ཅིའི་ཕྱིར་བླང། ཀྭའི་སེམས་ཅན། སོང་ལ་ཁྱོད་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་སེམས་ཅན་དེས་ལན་གཉིས་ ལན་གསུམ་དུ་ཡང་རང་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་མ་བྱིན་པར་བླངས་སོ། །སེམས་ཅན་དེས་སེམས་ཅན་དེ་ལན་གཉིས་ལན་གསུམ་དུ་ཡང་རང་གི་སཱ་ལུ་ཡོད་བཞིན་དུ་གཞན་ གྱི་སཱ་ལུ་ལ་མ་བྱིན་པར་ལེན་པ་མཐོང་ངོ། །མཐོང་ནས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྭའི་སེམས་ཅན། ཁྱོད་རང་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་ལ་མ་བྱིན་པར་ཅིའི་ཕྱིར་བླང་ཞེས་ དེས་དེ་ཕར་དྲངས། ཚུར་དྲངས་ནས་ཇི་ཙམ་ན། འཁོར་གྱི་ནང་དུ་ཡང་ཁྲིད་དེ། ཤེས་ལྡན་དག་སེམས་ཅན་འདི་རང་གི་སཱ་ལུ་ཡོད་བཞིན་དུ། ལན་གཉིས་སམ། ལན་གསུམ་གྱི་བར་དུ་གཞན་གྱི་སཱ་ལུ་ ལ་མ་བྱིན་པར་ལེན་ཏོ། །ཞེས་སྤྱོས་སོ། །དེ་ནས་སེམས་ཅན་དེ་རྣམས་ཀྱིས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྭའི་སེམས་ཅན། ཁྱོད་རང་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་ལ་མ་བྱིན་ པར་ཅིའི་ཕྱིར་བླང། ཀྭའི་སེམས་ཅན། སོང་ལ་ཁྱོད་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་དེ་ནས་སེམས་ཅན་དེས་སེམས་ཅན་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་སེམས་ཅན་འདིས་ བདག་སཱ་ལུའི་ཕྱིར་ཕར་དྲངས། ཚུར་དྲངས་ཏེ། ཇི་ཙམ་ན་འཁོར་གྱི་ནང་དུ་ཡང་ཕྱུང་ནས་སྤྱོས་སོ། །དེ་ནས་སེམས་ཅན་དེ་རྣམས་ཀྱིས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྭའི་སེམས་ཅན་ [392B] ཚུར་དྲངས་ནས། ཇི་ཙམ་ན་འཁོར་གྱི་ནང་དུ་ཡང་ཕྱུང་ནས་ཅིའི་ཕྱིར་སྤྱོ། ཀྭའི་སེམས་ཅན། ཁྱོད་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་དེ་ནས་སེམས་ ཅན་དེ་རྣམས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་སཱ་ལུའི་ཕྱིར་ཕར་འདྲེན། ཚུར་འདྲེན་ཅིང། ཇི་ཙམ་ན་འཁོར་གྱི་ནང་དུ་སྤྱོ་བ་ཡང་སྣང་བས། མ་ལ་བདག་ཅག་ཚོགས་ཤིང་འདུས་ལ་བདག་ ཅག་གི་ནང་ན་སེམས་ཅན་ལྷག་པར་གཟུགས་བཟང་བ། ལྷག་པར་བལྟ་ན་སྡུག་པ། ལྷག་པར་མཛེས་པ། ལྷག་པར་བསོད་ནམས་ཆེ་བར་གྲགས་པ་གང་ཡིན་པ་དེ། བདག་ཅག་གི་ཞིང་རྣམས་ཀྱི་ བདག་པོར་བསྐོས་དང། དེས་བདག་ཅག་ཆད་པས་གཅད་པར་བྱ་བ་རྣམས་ལ་ནི། ཆད་པས་གཅོད་པར་འགྱུར། ཕན་གདགས་པར་བྱ་བ་རྣམས་ལ་ནི། ཕན་འདོགས་པར་འགྱུར་ཏེ། བདག་ཅག་གི་ ཞིང་དག་ལས་འཁྲུངས་པ་གང་ཡིན་པ་དེ་ལས་ཆོས་བཞིན་དུ་ཐོག་ཤས་སྦྱིན་པར་བྱའོ། །སྙམ་ནས་དེ་རྣམས་འཚོགས་ཤིང་འདུས་ཏེ་དེ་རྣམས་ཀྱི་ནང་ནས་སེམས་ཅན་ལྷག་པར་གཟུགས་བཟང་བ་ ལྷག་པར་བལྟ་ན་སྡུག་པ། ལྷག་པར་མཛེས་པ། ལྷག་པར་བསོད་ནམས་ཆེ་བར་གྲགས་པ་གང་ཡིན་པ་དེ། ཞིང་རྣམས་ཀྱི་བདག་པོར་བསྐོས་ཏེ་འདི་སྐད་ཅེས། ཀྱེ་སེམས་ཅན། ཁྱོད་ཚུར་ཤོག་ ཁོ་བོ་ཅག་ལས་ཆད་པས་གཅད་པར་བྱ་བ་རྣམས་ལ་ནི། ཆད་པས་ཆོད་ཅིག་ཕན་གདགས་པར་བྱ་བ་ལ་ནི། ཕན་ཐོགས་ཤིག་ཁོ་བོ་ཅག་གི་ཞིང་དག་ལས་འཁྲུངས་པ་གང་ཡིན་པ་དེ་ལས་ [393A]༄༅། །ཁྱོད་ལ་ཁོ་བོ་ཅག་གིས་ཆོས་བཞིན་དུ་ཐོག་ཤས་སྦྱིན་ནོ། །དེ་དེ་རྣམས་ལ་ཆད་པས་གཅད་པར་བྱ་བ་རྣམས་ལ་ནི། ཆད་པས་གཅོད། ཕན་གདགས་པར་བྱ་བ་རྣམས་ ལ་ནི། ཕན་འདོགས་པར་བྱེད་ཅིང། དེ་ལ་དེ་རྣམས་ཀྱིས་ཞིང་དག་ལས་འཁྲུངས་པ་གང་ཡིན་པ་དེ་ལས་ཆོས་བཞིན་དུ་ཐོག་ཤས་འབུལ་ཏེ། སྐྱེ་བོའི་ཚོགས་ཆེན་པོས་བཀུར་ཅིང་མང་པོས་བཀུར་བས་ མང་པོས་བཀུར་བ། མང་པོས་བཀུར་བ་ཞེས་གྲགས་སོ། །ཞིང་རྣམས་ཀྱི་བདག་པོར་གྱུར་པ་ན། ཉམས་པ་ལས་སྐྱོབ་པར་བྱེད་པས། རྒྱལ་རིགས། རྒྱལ་རིགས་ཞེས་བྱ་བར་གྲགས་སོ། །ཆོས་ ཀྱིས་སྐྱེ་རྒུ་མགུ་བར་བྱེད་ཅིང་ཚུལ་ཁྲིམས་ཉམས་སུ་བླངས་ཏེ་གནས། ཤེས་རབ་ཉམས་སུ་བླངས་ཏེ་གནས་པས། རྒྱལ་པོ། རྒྱལ་པོ་ཞེས་བྱ་བར་གྲགས་སོ། །གོའུ་ཏ་མ་དག་རྒྱལ་པོ་མང་ པོས་བཀུར་གྱི་ཚེ་མི་རྣམས་ཀྱི་མིང། སེམས་ཅན། སེམས་ཅན་ཞེས་བྱ་བར་གྱུར་ཏོ། །གོའུ་ཏ་མ་དག་རྒྱལ་པོ་མང་པོས་བཀུར་བའི་བུ་འོད་མཛེས་ཞེས་བྱ་སྟེ། གོའུ་ཏ་མ་དག་རྒྱལ་པོ་འོད་མཛེས་ ཀྱི་ཚེ་མི་རྣམས་ཀྱི་མིང། ཚུར་ཤོག་ཚུར་ཤོག་ཅེས་བྱ་བར་གྱུར་ཏོ། །འོད་མཛེས་ཀྱི་བུ་དགེ་བ་ཞེས་བྱ་སྟེ། གོའུ་ཏ་མ་དག་རྒྱལ་པོ་དགེ་བའི་ཚེ་མི་རྣམས་ཀྱི་མིང། སྨེ་བ་ཅན། སྨེ་བ་ཅན་ ཞེས་བྱ་བར་གྱུར་ཏོ། །གོའུ་ཏ་མ་དག་དགེ་བའི་བུ་དགེ་མཆོག་ཅེས་བྱ་སྟེ། གོའུ་ཏ་མ་དག། རྒྱལ་པོ་དགེ་མཆོག་གི་ཚེ་མི་རྣམས་ཀྱི་མིང། སྤྲིན་མགྲིན། སྤྲིན་མགྲིན་ཞེས་བྱ་བར་གྱུར་ཏོ། །དགེ་ [393B] གོའུ་ཏ་མ་དག་།རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་ཚེ་མི་རྣམས་ཀྱི་མིང། ཏ་ལའི་རྐང། ཏ་ལའི་རྐང་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོར་ཤ་ རྨེན་ཞིག་སྐྱེས་པ་འཇམ་ཞིང་ཤིན་ཏུ་མཉེན་ཏེ། དཔེར་ན། ཤིང་བལ་གྱི་འདབ་མའམ། རས་བལ་གྱི་འདབ་མ་བཞིན་དུ་ཅུང་ཟད་ཀྱང་གནོད་པ་མི་སྐྱེད་དོ། །དེ་སྨིན་ནས་བརྟོལ་བ་དང། ཁྱེའུ་གཟུགས་བཟང་ བ། བལྟ་ན་སྡུག་པ། མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ་ཞིག་བྱུང་སྟེ། སྤྱི་བོ་ལས་སྐྱེས་པས། སྤྱི་བོ་སྐྱེས། སྤྱི་བོ་སྐྱེས་ཞེས་བྱ་བར་གྱུར་ཏོ་།གཞོན་ནུ་ བྱུང་མ་ཐག་ཏུ་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་བཙུན་མོ་དྲུག་ཁྲིའི་ནང་དུ་བཀྲི་བ་དང། དེ་ཐམས་ཅད་ཀྱི་ནུ་མ་ལས་འོ་མ་ཟགས་ནས་རེ་རེས་ང་ལས་ནུ། ང་ལས་ནུ་ཞེས་སྨྲས་པས། ང་ལས་ནུ། ང་ལས་ནུ་ ཞེས་བྱ་བར་གྲགས་སོ། །གོའུ་ཏ་མ་དག། རྒྱལ་པོ་ང་ལས་ནུ་གང་གི་ཚེ་རྒྱལ་སྲིད་བྱེད་པ་དེའི་ཚེ་མི་རྣམས་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་དོ། །དེ་རྣམས་བསམ། གཞལ། ཉེ་ བར་བརྟགས་ནས་བཟོའི་གནས་དང། ལས་ཀྱི་གནས་ཐ་དད་པ་དག་བྱེད་དུ་འཇུག་པས་དེ་ན། དེ་རྣམས་ཡིད་ལས་སྐྱེས། ཡིད་ལས་སྐྱེས་ཞེས་བྱ་བར་གྲགས་སོ། །གོའུ་ཏ་མ་དག་རྒྱལ་པོ་དྲུག་པོ་འདི་ དག་ནི། ཚེ་ཚད་མེད་ཅིང། ཚེ་དཔག་ཏུ་མེད་པ་ཡིན། བར་སྡོམ་ལ་སེམས་ཅན་ཚུར་ཤོག་སྨེ་བ་ཅན། སྤྲིན་མགྲིན་དང་ནི་དེ་བཞིན་དུ་།ཏ་ལའི་རྐང་དང་ཡིད་ལས་སྐྱེས། །སྔོན་གྱི་དེ་དྲུག་བསྡུས་པ་ [394A]༄༅། །ཡིན། །གོའུ་ཏ་མ་དག་རྒྱལ་པོ་ང་ལས་ནུའི་བརླ་གཡས་པར་ཤ་རྨེན་ཞིག་སྐྱེས་པ་འཇམ་ཞིང་ཤིན་ཏུ་མཉེན་ཏེ། དཔེར་ན་ཤིང་བལ་གྱི་འདབ་མའམ། རས་བལ་གྱི་འདབ་མ་ བཞིན་དུ་ཅུང་ཟད་ཀྱང་གནོད་པ་མི་སྐྱེད་དོ། །དེ་སྨིན་ནས་བརྟོལ་བ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་པ། མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ་ ཞིག་བྱུང་སྟེ། བརླ་གཡས་པ་ལས་སྐྱེས་པས། མིང་མཛེས་པ། མཛེས་པ་ཞེས་བྱ་བར་གྱུར་ཏེ། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་པས་ད་དུང་ཡང་གླིང་བཞི་ལ་རྒྱལ་སྲིད་ཀྱི་དབང་ ཕྱུག་ལ་དབང་བྱེད་དུ་འཇུག་གོ་གོའུ་ཏ་མ་དག་རྒྱལ་པོ་མཛེས་པའི་བརླ་གཡོན་པར་ཤ་རྨེན་ཞིག་སྐྱེས་པ་འཇམ་ཞིང་ཤིན་ཏུ་མཉེན་ཏེ། དཔེར་ན། ཤིང་བལ་གྱི་འདབ་མའམ། རས་ བལ་གྱི་འདབ་མ་བཞིན་དུ་ཅུང་ཟད་ཀྱང་གནོད་པ་མི་སྐྱེད་དོ། །དེ་སྨིན་ནས་བརྟོལ་བ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་པ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་ རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ་ཞིག་བྱུང་སྟེ། བརླ་གཡོན་པ་ལས་སྐྱེས་པས། མིང་ཉེ་མཛེས། ཉེ་མཛེས་ཞེས་བྱ་བར་གྱུར་ཏོ་།གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་པས། ད་ དུང་ཡང་གླིང་གསུམ་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་འཇུག་གོ་གོའུ་ཏ་མ་དག་རྒྱལ་པོ་ཉེ་མཛེས་ཀྱི་རྐང་པ་གཡས་པར་ཤ་རྨེན་ཞིག་སྐྱེས་པ་འཇམ་ཞིང་ཤིན་ཏུ་མཉེན་ཏེ་ [394B] ཤིང་བལ་གྱི་འདབ་མའམ། རས་བལ་གྱི་འདབ་མ་བཞིན་དུ་ཅུང་ཟད་ཀྱང་གནོད་པ་མི་སྐྱེད་དོ། །དེ་སྨིན་ནས་བརྟོལ་བ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་པ། མཛེས་པ་ སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ་ཞིག་བྱུང་སྟེ། རྐང་པ་གཡས་པ་ལས་སྐྱེས་པས། མིང་མཛེས་ལྡན་མཛེས་ལྡན་ཞེས་བྱ་བར་གྱུར་ཏོ། །གཞོན་ནུ་དེ་རྫུ་ འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་པས། ད་དུང་ཡང་གླིང་གཉིས་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་འཇུག་གོ་གོའུ་ཏ་མ་དག་རྒྱལ་པོ་མཛེས་ལྡན་གྱི་རྐང་པ་གཡོན་པར་ཤ་རྨེན་ཞིག་ སྐྱེས་པ་འཇམ་ཞིང་ཤིན་ཏུ་མཉེན་ཏེ། དཔེར་ན། ཤིང་བལ་གྱི་འདབ་མའམ། རས་བལ་གྱི་འདབ་མ་བཞིན་དུ་ཅུང་ཟད་ཀྱང་གནོད་པ་མི་སྐྱེད་དོ། །དེ་སྨིན་ནས་བརྟོལ་བ་དང། ཁྱེའུ་གཟུགས་ བཟང་ཞིང་བལྟ་ན་སྡུག་པ། མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ་ཞིག་བྱུང་སྟེ། རྐང་པ་གཡོན་པ་ལས་སྐྱེས་པས། མིང་ཉེ་མཛེས་ལྡན་ ཉེ་མཛེས་ལྡན་ཞེས་བྱ་བར་གྱུར་ཏོ། །གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་པས། ད་དུང་ཡང་གླིང་གཅིག་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་འཇུག་གོ་གོའུ་ཏ་མ་དག་ དེ་ལྟར་ན། རྒྱལ་པོ་མང་པོས་བཀུར་གྱི་བུ་འོད་མཛེས་སོ། །འོད་མཛེས་ཀྱི་དགེ་བའོ། །དགེ་བའི་དགེ་མཆོག་གོ་དགེ་མཆོག་གི་གསོ་སྤྱོང་འཕགས་སོ། །གསོ་སྦྱོང་འཕགས་ཀྱི་ང་ལས་ནུའོ། །ང་ལས་ [395A]༄༅། །ནུའི་མཛེས་པའོ། །མཛེས་པའི་ཉེ་མཛེས་སོ། །ཉེས་མཛེས་ཀྱི་མཛེས་ལྡན་དང། མཛེས་ལྡན་གྱི་ཉེ་མཛེས་ལྡན་དང། བཟང་པོ་དང། ལེགས་བཟང་དང། བཏང་ བ་དང། བཏང་ཟུང་དང། ཡན་ལག་དང། ཡན་ལག་ཤིང་རྟ་དང་ངན་སྤོང་དང། སྐལ་ལྡན་ཤིང་རྟ་དང། རྒྱ་མཚོ་དང། རྒྱ་མཚོའི་བུ་དང། རྒྱ་མཚོ་ཆེན་པོ་དང། ཤ་ཀུ་ནི་དང། ཤ་ཀུ་ནི་ ཆེན་པོ་དང། ཀུ་ཤ་དང། ཉེ་བའི་ཀུ་ཤ་དང། ཀུ་ཤ་ཆེན་པོ་དང། ལེགས་མཐོང་དང། ལེགས་མཐོང་ཆེན་པོ་དང། རབ་ཐོབ་དང་རབ་ཐོབ་ཆེན་པོ་དང། རབ་ཏུ་སྒྲ་བསྒྲགས་དང། རབ་ཏུ་སྒྲ་ བསྒྲགས་ཆེན་པོ་དང། འོད་བྱེད་དང། རྟུལ་ཕོད་དང། ལྷུན་པོ་ལྡན་དང། ལྷུན་པོ་ཡོད་དང། འོད་ཟེར་དང། འོད་ཟེར་ལྡན་དང། འོད་ཟེར་ཡོད་དང། ཀུན་ནས་འོད་ཟེར་རོ། །གོའུ་ཏ་མ་དག་ ཀུན་ནས་འོད་ཟེར་གྱི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཆའི་རྒྱུད་རྒྱལ་པོ་བརྒྱ་ཐམ་པ། ཡུལ་གྲུ་འཛིན་དུ་བྱུང་སྟེ་དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་དགྲ་འདུལ་ཞེས་བྱ་བ་བྱུང་སྟེ་དགྲ་ འདུལ་བར་བྱེད་པས། དགྲ་འདུལ། དགྲ་འདུལ་ཞེས་བྱ་བར་གྱུར་ཏོ་།གོའུ་ཏ་མ་དག་རྒྱལ་པོ་དགྲ་འདུལ་གྱི་བུ་དང། ཚ་བོ་དང་ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་ལྔ་ཁྲི་བཞི་སྟོང། ཡུལ་ དམག་གིས་མི་ཚུགས་པར་བྱུང་ངོ། །དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་མ་རྒྱལ་བ་ལས་རྒྱལ་བ་ཞེས་བྱ་བ་བྱུང་སྟེ། མ་རྒྱལ་བ་ལས་རྒྱལ་བར་བྱེད་པས་ན། མ་རྒྱལ་བ་ལས་རྒྱལ་བ། མ་རྒྱལ་བ་ [395B] །གོའུ་ཏ་མ་དག་རྒྱལ་པོ་མ་རྒྱལ་བ་ལས་རྒྱལ་བའི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་དྲུག་ཁྲི་སུམ་སྟོང། ཡུལ་ཝཱ་ར་ཎཱ་སིར་བྱུང་སྟེ། དེ་ རྣམས་ཀྱི་ཐ་མ་ནི། རྒྱལ་པོ་བཟོད་དཀའ་ཞེས་བྱ་བ་བྱུང་ངོ་།གོའུ་ཏ་མ་དག་རྒྱལ་པོ་བཟོད་དཀའི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང། ཀིམ་པི་ལའི་ གྲོང་ཁྱེར་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་ཚངས་བྱིན་གྱི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་ སྟོང། གླང་པོ་ཆེའི་གྲོང་ཁྱེར་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་གླང་པོས་སྦྱིན་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་གླང་པོས་སྦྱིན་གྱི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་ རྒྱལ་པོ་ལྔ་སྟོང། ཡུལ་རྡོ་འཇོག་ཏུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་བལ་བུ་ཅན་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་།རྒྱལ་པོ་བལ་བུ་ཅན་གྱི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་ རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་སྟོང། གྲོང་ཁྱེར་བྲང་གིས་ཉལ་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་ཚན་པོ་ཆེ་འདུལ་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག། རྒྱལ་པོ་ཆེན་པོ་ཆེ་འདུལ་གྱི་བུ་དང། ཚ་བོ་ དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་སྟོང། གྲོང་ཁྱེར་མ་རྒྱལ་བ་ལས་རྒྱལ་བར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་རྒྱལ་བྱིན་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་ [396A]༄༅། །པོ་རྒྱལ་བྱིན་གྱི་བུ་དང། ཚ་བོ་དང། ཡང་ཚ་དང་སུམ་ཚའི་རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་སྟོང། གྲོང་ཁྱེར་ཀུ་ནྱ་ཀུབ་ཛར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་རྒྱལ་སྡེ་ཞེས་བྱ་ བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་རྒྱལ་སྡེའི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་ཁྲི་བརྒྱད་སྟོང། གྲོང་ཁྱེར་ཙམ་པར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་ཀླུའི་ལྷ་ ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་ཀླུའི་ལྷའི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་ཉི་ཁྲི་ལྔ་སྟོང། གྲོང་ཁྱེར་ཏ་ལའི་ཕྲེང་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་ རྒྱལ་པོ་མིའི་ལྷ་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་མིའི་ལྷའི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་ཁྲི་ཉིས་སྟོང། གྲོང་ཁྱེར་ཏ་མ་ལིར་བྱུང་སྟེ་དེ་རྣམས་ཀྱི་ ཐ་མ་ནི། རྒྱལ་པོ་རྒྱ་མཚོའི་ལྷ་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་རྒྱ་མཚོ་ལྷའི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་ཁྲི་བརྒྱད་སྟོང་གྲོང་ཁྱེར་བ་སོའི་གྲོང་དུ་བྱུང་ སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་བློ་གྲོས་བཟང་པོ་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་བློ་གྲོས་བཟང་པོའི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་ཉི་ཁྲི་ལྔ་སྟོང་ གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་མུན་སེལ་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་མུན་སེལ་གྱི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་ [396B] གྲོང་ཁྱེར་ཝཱ་ར་ཎཱ་སིར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་དབང་ཕྱུག་ཆེན་པོའི་སྡེ་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་དབང་ཕྱུག་ཆེན་པོའི་སྡེའི་བུ་དང། ཚ་ བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང། གྲོང་ཁྱེར་རྩྭ་ཅན་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་རྒྱ་མཚོའི་སྡེ་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱ་མཚོའི་སྡེའི་བུ་ དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་སྟོང་ཡང། གྲོང་ཁྱེར་གྲུ་འཛིན་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་དཀའ་ཐུབ་སྤྱོད་ཅེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་།རྒྱལ་པོ་དཀའ་ ཐུབ་སྤྱོད་ཀྱི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་ཡང། གྲོང་ཁྱེར་རྩྭ་ཅན་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་སའི་གདོང་ཞེས་བྱ་བ་བྱུང་ངོ། །གོའུ་ ཏ་མ་དག་རྒྱལ་པོ་སའི་གདོང་གི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་འབུམ་ཡང། གྲོང་ཁྱེར་ཝཱ་ར་ཎཱ་སིར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོས་སའི་བདག་པོ་ཞེས་བྱ་བ་ བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་སའི་བདག་པོའི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་འབུམ་ཡང། གྲོང་ཁྱེར་དམག་གིས་མི་ཚུགས་པར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ ནི། རྒྱལ་པོ་ས་འཛིན་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་།རྒྱལ་པོ་ས་འཛིན་གྱི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང། གྲོང་ཁྱེར་མི་ཐི་ལར་བྱུང་སྟེ་ [397A]༄༅། །དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་ལྷ་ཆེན་པོའི་བུ་དང་།ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་ བཞི་སྟོང་ཡང། གྲོང་ཁྱེར་མི་ཐི་ལར་དྲང་སྲོང་གི་ཚངས་པར་སྤྱོད་པ་ལ་སྤྱད་དེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་བྱུང་ངོ། །མུ་ཁྱུད་ལས་འབྱིང་བ་དང་སྲ་བའི་མུ་ཁྱུད་དང། རྐོ་བ་ དང། ཉེ་བར་རྐོ་བ་དང། རྐོ་བ་ཡོད་པ་དང། ཀུན་ནས་རྐོ་བ་དང། གྱ་ནོམ་སྣང་དང། མཉམ་སྣང་དང། ཐོས་པའི་སྡེ་དང་།ཆོས་ཀྱི་སྡེ་དང། རྟོགས་པ་དང། རྟོགས་པ་ཆེན་པོ་དང། རྟོགས་པའི་ སྡེ་དང། མྱ་ངན་མེད་དང། མྱ་ངན་བྲལ་དང། བརྟན་པའི་སྡེ་དང། དགའ་བས་སྦྱར་དང། གླེན་བསལ་དང། སྐྱ་རེངས་དང་།ཕྱོགས་ཀྱི་བདག་པོ་དང། རྡུལ་ཅན་དང། བདེ་བྱེད་དང། ཀུན་ དགའ་དང། མེ་ལོང་གདོང་དང། སྐྱེ་པ་དང། ཀུན་ནས་སྐྱེད་པ་དང། སྐྱེ་བོའི་ཁྱུ་མཆོག་དང། བཟའ་བཏུང་ཅན་དང། བཟའ་བཏུང་མང་པོ་ཅན་དང། མི་ཐུབ་པ་དང། གཞན་གྱིས་མི་ཐུབ་ པ་དང། གནས་པ་དང། ཤིན་ཏུ་གནས་པ་དང། སྟོབས་ཆེན་དང་།སྟོབས་ཆེན་ཞོན་དང། ལེགས་པའི་བློ་གྲོས་དང། རྟན་པ་ཞོན་དང། གཞུ་བཅུ་པ་དང། གཞུ་བརྒྱ་པ་དང། གཞུ་དགུ་ བཅུ་པ་དང། གཞུ་བཀྲ་དང། གཞུ་སྲ་དང། ཤིང་རྟ་བཅུ་པ་དང། ཤིང་རྟ་བརྒྱ་པ་དང། ཤིང་རྟ་དགུ་བཅུ་པ་དང། ཤིང་རྟ་ཁྲོ་བོ་དང། ཤིང་རྟ་རྒྱལ་དང། ཤིང་རྟ་སྲ་བའོ། །གོའུ་ཏ་མ་ [397B]རྒྱལ་པོ་ཤིང་རྟ་སྲ་བའི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་བདུན་ཁྲི་བདུན་སྟོང། གྲོང་ཁྱེར་ཀུན་ཏུ་སྣང་བར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་ནམ་མཁའི་བདག་པོ་ཞེས་ བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་ནམ་མཁའི་བདག་པོའི་བུ་ཀླུ་མཉམ་སྐྱོང་ངོ། །གོའུ་ཏ་མ་དག་རྒྱལ་པོ་ཀླུ་མཉམ་སྐྱོང་གི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱ་ ཐམ་པ་ཡང། གྲོང་ཁྱེར་ཝཱ་ར་ཎཱ་སིར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་ཀྲི་ཀྲི་ཞེས་བྱ་བ་བྱུང་ངོ། །དེའི་ཚེ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་སྤྱན་སྔར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མ་འོངས་པ་ན། བྱང་ཆུབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་ནས་ཚངས་པར་སྤྱོད་པ་སྤྱད་དེ། དགའ་ ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། གོའུ་ཏ་མ་དག་རྒྱལ་པོ་ཀྲི་ཀྲིའི་བུ་ལེགས་སྐྱེས་སོ། །གོའུ་ཏ་མ་དག་རྒྱལ་པོ་ལེགས་སྐྱེས་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་བརྒྱ་ ཐམ་པ་ཡང། གྲོང་ཁྱེར་གྲུ་འཛིན་དུ་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། རྒྱལ་པོ་རྣ་བ་ཅན་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་རྣ་བ་ཅན་ལ་བུ་གཉིས་ཏེ། གོའུ་ཏ་མ་དང། བྷ་ར་དཧྭ་ཛའོ།། [398A]༄༅། །དེ་གཉིས་ལས། གོའུ་ཏ་མ་ནི། མངོན་པར་འབྱུང་བར་དགའོ། །བྷ་ར་དཧྭ་ཛ་ནི། རྒྱལ་སྲིད་ལ་མངོན་པར་དགའོ། །དེས་ཕ་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་པ་ མཐོང་ནས་དེས་བསམ་པ། བདག་ཡབ་འདས་ནས་རྒྱལ་པོར་འགྱུར་ཏེ་བདག་གིས་ཀྱང་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱས་ན། སེམས་ཅན་དམྱལ་བར་གཞོལ་བར་འགྱུར་བས་འདིར་ ཅིའི་དུས་ལ་བབ་ཅེ་ན། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱའོ། །སྙམ་དུ་བསམ་ནས་རྒྱལ་པོ་རྣ་བ་ཅན་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་རྐང་པ་གཉིས་ལ་གཏུགས་ཏེ་གསོལ་བ་བཏབ་ པ། ཡབ། མཁྱེན་པར་མཛོད་ཅིག་བདག་ནི། དད་པས་ཁྱིམ་ནས་ཁྱིམ་མ་མཆིས་པར་རབ་ཏུ་འབྱུང་ངོ། །དེས་སྨྲས་པ། བུ། གང་གི་ཕྱིར་མཆོད་སྦྱིན་མཆོད་པར་བྱེད་པ་དང། སྦྱིན་སྲེག་ སྲེག་པར་བྱེད་པ་དང། དཀའ་ཐུབ་སྤྱོད་པ་དེ་དག་ནི། འདིའི་ཆེད་ཡིན་ཏེ། ང་འདས་ནས་རྒྱལ་སྲིད་ལག་མཐིལ་དུ་འོངས་ཏེ་རྒྱལ་པོ་བྱེད་པར་འགྱུར་ན། ཅིའི་ཕྱིར་རབ་ཏུ་འབྱུང། དེས་ སྨྲས་པ། ཡབ། བདག་གིས་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བགྱིད་རྔོ་མི་ཐོགས་སོ། །དེ་ལྟ་བས་ན་མཁྱེན་པར་མཛོད་ཅིག་རབ་ཏུ་འབྱུང་ངོ། །དེ་ནས་རྒྱལ་པོས་གལ་གྱིས་བཅུ་པར་ ཤེས་ནས་གནང་ངོ། །དེའི་ཚེ་བསྟི་གནས་ཤིག་ན་དྲང་སྲོང་མདོག་ནག་ཅེས་བྱ་བ་གནས་སོ། །དེ་ནས་གཞོན་ནུ་གོའུ་ཏ་མ་རྒྱལ་པོས་གནང་ནས་དགའ་ཞིང་མགུ་ལ། དགའ་བ་ཆེན་པོ་དང་ [398B]སོང་སྟེ་ཕྱིན་པ་དང། སྤྱོད་ལམ་དུལ་བས་རྐང་པ་གཉིས་ལ་ཕྱག་བྱས་ནས་སྨྲས་པ། དྲང་སྲོང་ཆེན་པོ། བདག་རབ་ཏུ་འབྱུང་བར་འདོད་ཀྱི། བདག་རབ་ ཏུ་ཕྱུང་ཞིག་དེས་དེ་རབ་ཏུ་ཕྱུང་ངོ། །དྲང་སྲོང་མདོག་ནག་ནི། འབྲས་བུ་དང། རྩ་བ་དང། ཆུ་འཐུང་བས། དེ་ཡང་དྲང་སྲོང་གོའུ་ཏ་མ། དྲང་སྲོང་གོའུ་ཏ་མ་ཞེས་བྱ་བར་གྱུར་ཏོ་།ཇི་ཙམ་ན། དུས་གཞན་ ཞིག་ན་རྒྱལ་པོ་རྣ་བ་ཅན་ཤི་ནས་གཞོན་ནུ་བྷ་ར་དཧྭ་ཛ་ཕའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་གོ། ཇི་ཙམ་དུས་གཞན་ཞིག་ན་དྲང་སྲོང་གོའུ་ཏ་མས་མཁན་པོ་ལ་སྨྲས་པ། མཁན་པོ། དགོན་ པའི་ཟས་ཀྱིས་འཚོ་བར་རྔོ་མི་ཐོགས་ཀྱི། གྲོང་འདབས་སུ་གནས་པར་བགྱིའོ། །དེས་སྨྲས་པ། བུ། རུང་གི། གྲོང་ངམ། དགོན་པ་ན་གནས་པའི་དྲང་སྲོང་གིས་ནི། མདོར་ན་དབང་པོ་སྲུང་བ་ཡིན་གྱི། ཁྱོད་ སོང་ལ་གྲུ་འཛིན་གྱི་ཉེ་འཁོར་དུ་ལོ་མའི་སྤྱིལ་བུ་བྱོས་ལ་འདུག་ཅིག་མཁན་པོ། བཀའ་བཞིན་འཚལ་ཞེས་སྨྲས་ནས། དྲང་སྲོང་གོའུ་ཏ་མ་གྲུ་འཛིན་གྱི་ཉེ་འཁོར་དུ་ལོ་མའི་སྤྱིལ་བུ་བྱས་ཏེ་གནས་ སོ༑ ༑དེའི་ཚེ་གྲོང་ཁྱེར་གྲུ་འཛིན་ན་སྨད་ཚོང་མ་བཟང་མོ་ཞེས་བྱ་བ་དང། སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་ཅེས་བྱ་བ་ཞིག་གནས་ཏེ། དེས་དེ་ལ་དགའ་མགུར་སྤྱོད་པའི་ཕྱིར་གོས་དང་རྒྱན་བསྐུར་ རོ༑ ༑དེས་གོས་དང་རྒྱན་དག་ཐོགས་ནས་ཆས་པ་ལས། ཡང་མི་གཞན་ཞིག་ཀརཤ་པ་ཎ་ལྔ་བརྒྱ་ཐོགས་པ་ཞིག་འོངས་ནས་བཟང་མོ་དགའ་མགུར་སྤྱད་ཀྱི་ཚུར་ཤོག་དེས་བསམ་པ། གལ་ཏེ་ [399A]༄༅། །བདག་སོང་ན་ཀརཤ་པ་ཎ་ལྔ་བརྒྱ་ཡང་མི་འཐོབ་ལ་ཁྱིམ་དུ་འོངས་པ་སྤངས་ཏེ་གཞན་དུ་འགྲོ་བ་འདི་ནི། ལེགས་པ་མ་ཡིན་ནོ། །སྙམ་ནས། དེས་བུ་མོ་མངག་གཞུག་མ་ ལ་སྨྲས་པ། སོང་ལ་པདྨའི་རྩ་ལག་ལ་ཇོ་མོའི་མཆིད་ནས་རེ་ཞིག་བདག་ལ་སྐབས་མ་མཆིས་ཏེ། སླད་ཀྱིས་མཆིའོ། །ཞེས་སྨྲོས་ཤིག་དེས་དེའི་གན་དུ་སོང་ནས་སྨྲས་སོ། །མི་དེ་ཡང་བྱ་བ་མང་པོ་ ཞིག་ཡིན་པས་དེ་དང་དེ་དགའ་མགུར་སྤྱད་ནས་ཐུན་དང་པོ་ཉིད་ལ་སོང་ངོ། །དེས་བསམ་པ། ནམ་ཚོད་རིང་དུ་ཡོད་པས་དེའི་སེམས་བདག་གིས་བསྲུང་བར་ནུས་སོ། །སྙམ་ནས་དེས། ཡང་བུ་མོ་དེ་ལ་ བསྒོ་བ། པདྨའི་རྩ་ལག་གི་གན་དུ་སོང་ལ་ཇོ་མོའི་མཆིད་ནས་སྟ་གོན་བགྱིས་ལགས་ན། སྐྱེད་མོས་ཚལ་གང་དུ་མཆི་ཞེས་སྨྲོས་ཤིག་།དེས་དེའི་གན་དུ་སོང་ནས་སྨྲས་པ་དང། དེས་སྨྲས་པ། ཁྱོད་ཀྱི་ ཇོ་མོ་སྐད་ཅིག་ལ་སྐབས་མེད། སྐད་ཅིག་ལ་སྐབས་ཡོད་ཅེའམ། བུ་མོ་དེ། དེ་དང་རིགས་མི་འཕྲོད་པ་ཞིག་པས་དེས་སྨྲས་པ། རྗེའི་སྲས་སྐབས་མ་མཆིས་པ་ནི། མ་ལགས་མོད་ཀྱི་དེས་ཁྱོད་ཀྱི་ གོས་དང་རྒྱན་དག་གིས་སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱད་དོ། །དེའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཅིང་གནོད་སེམས་ཀྱི་ཀུན་ནས་དཀྲིས་ པ་སྐྱེས་ཏེ། དེ་མི་བཟོད་པ་སྐྱེས་ནས་སྨྲས་པ། བུ་མོ། སོང་ལ་བཟང་མོ་ལ་པདྨའི་རྩ་ལག་ན་རེ། སྐྱེད་མོས་ཚལ་ག་གེ་མོ་ཞིག་ཏུ་ཤོག་ཅེས་བྱོས་ཤིག། དེས་སོང་ནས་བཟང་མོ་ལ་སྨྲས་པ་དང་ [399B] སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་གིས་སྨྲས་པ། ཁྱོད་ཁོ་བོའི་གོས་དང་རྒྱན་གྱིས་སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱོད་པ་རིགས་སམ་དེས་སྨྲས་པ། རྗེའི་ སྲས། དེ་ནི། བདག་གིས་ནོངས་ཏེ། འོན་ཀྱང་བུད་མེད་ནི། རྟག་ཏུ་སྐྱོན་ཅན་ལགས་པས་བཟོད་པར་མཛོད་ཅིག། དེ་ནས་དེ་མི་བཟོད་པ་སྐྱེས་ནས་རལ་གྲི་ཤུབས་ནས་ཕྱུང་ནས་བསད་དོ། །དེ་ནས་བུ་མོ་མངག་ གཞུག་མས་ཇོ་མོ་བསད་དོ། །ཇོ་མོ་བསད་དོ། །ཞེས་ཀུ་ཅོའི་སྒྲ་ཆེན་པོ་བཏོན་པ་སྐྱེ་བོའི་ཚོགས་ཀུན་གྱིས་ཐོས་ནས་བརྒྱུགས་པ་དང། དེ་ཙམ་ན་བསྟི་གནས་དེ་ཉིད་ན་དྲང་སྲོང་གོའུ་ཏ་མ་གནས་སོ། །དེ་ནས་སྐྱེས་ བུ་གཡོན་ཅན་པདྨའི་རྩ་ལག་དེ་སྐྲག་ནས། རལ་གྲི་ཁྲག་ཅན་དྲང་སྲོང་གོའུ་ཏ་མའི་མདུན་དུ་བོར་ནས་སྐྱེ་བོའི་ཚོགས་ཆེན་པོ་དེ་ཉིད་ཀྱི་ནང་དུ་ཞུགས་སོ། །སྐྱེ་བོའི་ཚོགས་ཆེན་པོས་དེར་རལ་གྲི་ཁྲག་ཅན་མཐོང་ ནས་སྨྲས་པ། རབ་ཏུ་བྱུང་བ་འདིས་བཟང་མོ་བསད་དོ། །ཞེས་དེ་ནས་དྲང་སྲོང་གོའུ་ཏ་མ་དེ་བསྐོར་ཏེ། མི་བཟོད་པ་སྐྱེས་ནས་སྨྲས་པ། ཀྭའི་རབ་ཏུ་བྱུང་བ། དྲང་སྲོང་གི་རྒྱལ་མཚན་བཟུང་ནས་འདི་འདྲ་ བའི་ལས་བྱེད་དམ། དེས་སྨྲས་པ། ཅི་བྱས། དེ་རྣམས་ཀྱིས་སྨྲས་པ་བཟང་མོ་དང་ཁྱོད་ལྷན་ཅིག་དགའ་མགུར་སྤྱད་ནས་དེ་བསད་དོ། །དེས་སྨྲས་པ། ཁོ་བོའི་སྡིག་པ་ཞི་བས་ལས་དེ་མི་བྱེད་དོ། ། ཞེས་དེས་ཞི་བ་སྨྲས་ཀྱང། སྐྱེ་བོའི་ཚོགས་ཆེན་པོ་དེས་ལག་པ་ཕྱིན་ཁ་ལོག་ཏུ་དམ་དུ་བཅིངས་ནས་རྒྱལ་པོ་ལ་ཕུལ་ཏེ། ལྷ། རབ་ཏུ་བྱུང་བ་འདིས་བཟང་མོ་དང་ལྷན་ཅིག་དགའ་མགུར་སྤྱད་ནས་དེ་ [400A]༄༅། །བཀུམ་ལགས་སོ། །རྒྱལ་པོ་རྣམས་ནི། མི་རྟོག་པ་ཡིན་པས་དེས་སྨྲས་པ། གལ་ཏེ་དེ་ལྟར་གྱུར་ན། རབ་ཏུ་བྱུང་བ་འདི་ངས་སྤངས་ཀྱི་གསལ་ཞིང་ལ་ཤོན་ཅིག། དེ་ནས་ རབ་ཏུ་བྱུང་བ་མེ་ཏོག་ཀཱ་ར་བའི་རའི་ཕྲེང་བ་མགུལ་དུ་བཏགས་ཤིང། སྐྱེས་པ་གོས་སྔོན་པོ་གྱོན་པ། ལག་ན་མཚོན་ཐོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ལམ་པོ་ཆེ་དང། ཚོང་འདུས་དང། བཞི་མདོ་ དང། སུམ་མདོ་རྣམས་སུ་བསྒྲགས་པའི་སྒོར་བསྒྲགས་ཏེ། གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་ཕྱུང་ནས་གསོན་པོ་ཉིད་དུ་གསལ་ཞིང་ལ་གཤོན་ནོ། །དེའི་མཁན་པོ་མདོག་ནག་དེ། དུས་དུས་སུ་དེའི་བསྟི་གནས་སུ་ འགྲོ་བ་ཡིན་པས། ཇི་ཙམ་དུ་དུས་གཞན་ཞིག་ན་སོང་བ་ལས་མ་མཐོང་ནས། དེས་ཕན་ཚུན་དུ་བཙལ་བར་བརྩམས་པ་དང། ཇི་ཙམ་ན། དེ་གསལ་ཞིང་ལ་གཤོན་པར་མཐོང་ནས། དེ། སྐད་ མི་གསལ་ཞིང་མིག་མཆི་མས་གང་ལ་སྙིང་རྗེ་བའི་ཚིག་གིས་དལ་བུ་དལ་བུས་སྨྲས་པ། ཀྱི་ཧུད་བུ། འདི་ཅི་ཞིག། དེས་ཀྱང་སྐད་མི་གསལ་ཞིང་ཡིད་ཆད་ལ་གནད་དུ་བབ་པའི་གནོད་པའི་ ཚོར་བ་སྐྱེས་ཤིང་གདུངས་པས་སྨྲས་པ། མཁན་པོ། གཞན་ཅི་ལགས་ལས་ལགས་མོད། དེས་སྨྲས་པ། བུ། རྨ་བྱུང་བའམ། གནོད་པ་ཞིག་མ་བྱས་གྲང། མཁན་པོ། བདག་གི་ལུས་ཀྱིས་ རྨ་ཕྱུང་གི། སེམས་ཀྱིས་ནི། མ་ཡིན་ནོ། །བུ། ཇི་ལྟར་ཤེས། མཁན་པོ། བདེན་པ་གསོལ་གྱི། གསོན་ཅིག་བདེན་པ་དང། བདེན་པའི་ཚིག་གང་གིས་བདག་གི་ལུས་ཀྱིས་རྨ་ཕྱུང་གི་ [400B] བདེན་པ་དང། བདེན་པའི་ཚིག་དེས་མཁན་པོའི་པགས་པའི་མདོག་ནག་པོ་གང་ཡིན་པ་དེ་གསེར་གྱི་ཁ་དོག་ཏུ་གྱུར་ཅིག་བདག་ཉིད་ཆེན་པོ་དེ། ལྷག་པའི་བསམ་པ་གོམས་པ་ ཡིན་པས་ཚིག་སྨྲས་མ་ཐག་ཏུ་དྲང་སྲོང་མདོག་ནག་གི་པགས་པ་ནག་པོ་མི་སྣང་ཞིང། གསེར་གྱི་ཁ་དོག་ཏུ་གྱུར་ཏོ། །ཀུན་ཏུ་དྲང་སྲོང་མདོག་ནག་གསེར་གྱི་ཁ་དོག་ཏུ་གྱུར་ཏོ། །ཞེས་སྒྲ་གྲགས་པས་དེའི་མིང་ གསེར་མདོག་ཅེས་བྱ་བར་གྱུར་ཏོ། །དེ་ངོ་མཚར་མཆོག་ཏུ་གྱུར་ཏོ་།དེ་ནས་དྲང་སྲོང་གོའུ་ཏ་མས་སྨྲས་པ། མཁན་པོ། བདག་ནི། འདི་ནས་ཤི་འཕོས་ནས་འགྲོ་བ་ནི། གང། སྐྱེ་བ་ནི། གང། ཚེ་ཕྱི་མ་ནི། གང་ཞིག་ ལགས། དེས་སྨྲས་པ། བྲམ་ཟེ་རྣམས་ན་རེ། བུ་མེད་པ་ལ་འགྲོ་བ་མེད་དོ། །ཞེས་ཟེར་ན། ཁྱོད་ཀྱིས་བུ་འགའ་བསྐྱེད་པ་ལྟ་ཡོད་དམ། མཁན་པོ། ཡབ་ཀྱིས་རྒྱལ་སྲིད་ཀྱི་སླད་དུ་སྤྲོ་བ་བསྐྱེད་པ་ན། བདག་ གཞོན་ནུ་ཉིད་དུ་རབ་ཏུ་བྱུང་བས་བུད་མེད་ཀྱི་རྒྱུས་ཀྱང་མ་འཚལ་ན། བདག་གིས་བུ་བསྐྱེད་པ་ལྟ་ག་ལ་མཆིས། བུ། གལ་ཏེ་དེ་ལྟ་ན། སྔོན་ཡུལ་ལ་སྤྱད་པ་རྗེ་སུ་དྲན་པར་གྱིས་ཤིག་མཁན་པོ། ཚོར་བ་ དྲག་པོས་ཉེན་པས་ད་ནི། བདག་གི་གནད་རྣམས་ཆད་ཅིང་ཚིག་རྣམས་བྱེ་སྟེ། འགུམ་པ་གཅིག་པུ་དྲན་པར་བས་ན། ཇི་ལྟར་སྔོན་གྱི་ཡུལ་ལ་སྤྱད་པ་རྗེས་སུ་དྲན་པར་འགྱུར། དེའི་མཁན་པོ་མངོན་པར་ ཤེས་པ་ཐོབ་པ་ཡིན་པས། དེས་རྫུ་འཕྲུལ་གྱིས་རྫི་ཆར་ཆེན་པོ་སྤྲུལ་ནས་ཆར་པའི་ཐིགས་པས་དེའི་ལུས་ལ་ཕོག་པ་དང། དེ་ནས་ཆར་པ་དང། རླུང་གྲང་མོས་རེག་པས། སྡུག་བསྔལ་རྣམ་པར་ [401A]༄༅། །མནན་ནས། དེས་སྔོན་གྱི་ཡུལ་ལ་སྤྱད་པ་རྗེས་སུ་དྲན་པར་བྱ་བར་བརྩམས་སོ། །གང་གི་ཚེ་དེས་འཁྲིགས་པའི་འདོད་ཆགས་རྗེས་སུ་དྲན་པར་བྱས་པ་ལས། ཁུ་བའི་ཐིགས་པ་ གཉིས་ཁྲག་དང་ལྷན་ཅིག་ལྟུང་ངོ། །བསམ་གྱིས་མི་ཁྱབ་པའི་གནས་ནི། བཞི་སྟེ། བདག་སེམས་པ་དང། འཇིག་རྟེན་སེམས་པ་དང་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་སེམས་པ་དང་ སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་སེམས་པའོ། །ཁུ་བའི་ཐིགས་པ་དེ་གཉིས་སྒོ་ང་གཉིས་སུ་གྱུར་ནས། ཉི་མ་ཤར་བའི་དུས་ཀྱི་ཚེ། ཉི་མའི་འོད་ཟེར་གྱིས་སྨིན་ནས་རྡོལ་བ་དང། ཁྱེའུ་གཉིས་ཤིག་ བྱུང་ནས། དེ་དང་ཧ་ཅང་ཡང་མི་རིང་བའི་བུ་རམ་ཤིང་གི་ཚལ་གསེབ་དེར་དེ་གཉིས་བཞུགས་སོ།། །།འདུལ་བ་གཞི། བམ་པོ་གྱ་གཅིག་པ་དེ་ནས་ཉི་མའི་འོད་ཟེར་ཤིན་ཏུ་ཚ་བ་བྱུང་སྟེ། ཉི་ མའི་འོད་ཟེར་གྱིས་དྲང་སྲོང་གོའུ་ཏ་མ་གདུངས་ནས་ཤིའོ། །དེ་ནས་དྲང་སྲོང་གསེར་མདོག་འོངས་ནས་ཤི་བ་མཐོང་ནས། དེས་གསལ་ཤིང་གི་ཉེ་འཁོར་དུ་བལྟས་ན། སྒོ་ང་རྡོལ་བའི་ཁོག་པ་གཉིས་ ཤིག་འདུག་ནས་དེ་ཕན་ཚུན་རྗེས་གཅོད་ཅིང་བུ་རམ་ཤིང་གི་ཚལ་གསེབ་ཏུ་ཞུགས་པ་ལས། ཇི་ཙམ་ན་ཁྱེའུ་གཉིས་ཤིག་མཐོང་ངོ་།ངེས་འདི་གཉིས་སུའི་བུ་ཡིན་ཞེས་བསམ་པ་ལ་ཞུགས་ པ་དང། དྲང་སྲོང་གོའུ་ཏ་མའི་ཡིན་པར་གྱུར་ནས། དེ་ནས་དེ་ལྷག་པར་སྡུག་པ་སྐྱེས་ཏེ། དེས་དེ་གཉིས་བསྟི་གནས་སུ་ཁྲིད་ནས་བསྣུན་བསྙོད་དེ། དེ་གཉིས་ཀྱི་མིང་བཏགས་པ། ཉི་མ་ཤར་བའི་ [401B] འདི་གཉིས་སྐྱེས་པར་གྱུར་པས། དེ་བས་ན་ཉི་མའི་རིགས་ཡིན་པས་ཉི་མའི་རིགས། ཉི་མའི་རིགས་ཞེས་བྱ་བར་གྱུར་ཏོ། །དྲང་སྲོང་གོའུ་ཏ་མའི་བུ་ཡིན་པས་ མིང་གཉིས་པ་གོའུ་ཏ་མ། གོའུ་ཏ་མ་ཞེས་བྱ་བར་གྱུར་ཏོ། །རང་གི་ཡན་ལག་ལས་སྐྱེས་པས་མིང་གསུམ་པ་ཡན་ལག་སྐྱེས། ཡན་ལག་སྐྱེས་བྱ་བར་གྱུར་ཏོ། །བུ་རམ་ཤིང་གི་ཚལ་གསེབ་ནས་རྙེད་པས་ མིང་བཞི་པ་བུ་རམ་ཤིང་པ། བུ་རམ་ཤིང་པ་ཞེས་བྱ་བར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་བྷ་ར་དཧྭ་ཛ་བུ་མེད་པར་ཤི་ནས་བློན་པོ་རྣམས་འདུས་ནས་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་ད་ སུ་ཞིག་རྒྱལ་པོར་དབང་བསྐུར་བར་བྱ། གཞན་དག་གིས་སྨྲས་པ་འདིའི་གཅེན་གོའུ་ཏ་མ་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་སྟེ། རྒྱལ་སྲིད་འདི་ནི། དེའི་རིགས་རྒྱུད་དུ་འོངས་པ་ཡིན་པས་དེ་དབང་ བསྐུར་རོ། །དེ་ནས་དེ་རྣམས་ཀྱིས་གྲོས་བྱས་ནས་དྲང་སྲོང་གསེར་མདོག་གི་དྲུང་དུ་སོང་སྟེ་སོན་པ་དང། རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། དྲང་སྲོང་ཆེན་པོ། གོའུ་ཏ་མ་གང་ཁྱེད་ཅག་དུ་མཆིས་ དེས་སྨྲས་པ། ཁྱེད་ཅག་ཁོ་ནས་བསད་དོ། །དེ་རྣམས་ཀྱིས་སྨྲས་པ་དྲང་སྲོང་ཆེན་པོ། བདག་ཅག་གིས་དེ་མཐོང་བར་ཡང་མི་དྲན་ན་ཇི་ལྟར་བསད། ཁོ་བོས་དྲན་པར་བྱའོ། །མ་ནོངས་སོ། །དེས་ དེ་རྣམས་དྲན་པར་བྱས་པ་དང། སྨྲས་པ། དྲང་སྲོང་ཆེན་པོ་གལ་ཏེ་དེ་ལྟ་ན། སྡིག་པ་སྤྱོད་པ་དེ་མིང་ཙམ་སྨོས་པ་ཡང་བསྒྲགས་པ་མ་ཡིན་གྱི། ཞོག་ཅིག་དེས་སྡིག་པའི་ལས་ཅི་བྱས། འདི་ [402A]༄༅། །དང་འདིའོ། །སྐྱོན་མེད་པ་གནོད་པ་མི་བྱེད་པ་དེས་སྡིག་པའི་ལས་མ་བྱས་པར་ཁྱེད་ཅག་གིས་བསད་དོ། །དེ་ལྟར་ཅི་མངོན་དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང། དེ་རྣམས་ ཡིད་མི་བདེ་བ་སྐྱེས་ནས་སྨྲས་པ། དྲང་སྲོང་ཆེན་པོ། གལ་ཏེ་དེ་ལྟ་ན། དེས་མ་ལགས་ཀྱི། བདག་ཅག་གིས་སྡིག་པའི་ལས་བགྱིས་སོ་།ཞེས་དེ་རྣམས་དེ་སྐད་དུ་གཏམ་སྨྲ་བར་བྱེད་པ་ན། ཁྱེའུ་དེ་ གཉིས་ཀྱང་དྲང་སྲོང་གི་དྲུང་དུ་འོངས་སོ། །བློན་པོ་རྣམས་ཀྱིས་སྨྲས་པ། དྲང་སྲོང་ཆེན་པོ། ཁྱེའུ་འདི་གཉིས་སུའི་ལགས། དེས་སྨྲས་པ། དེ་ཁོ་ནའི་བུའོ། །དེ་རྣམས་ཀྱིས་སྨྲས་པ། འདི་གཉིས་ ཇི་ལྟར་སྐྱེས། འདི་གཉིས་ཀྱི་མིང་ཅི་ལགས། དེས་བྱུང་བ་དང་བཅས་པར་རྒྱས་པར་སྨྲས་པ། བློན་པོ་རྣམས་ཀྱིས་ཐོས་ཏེ། མཆོག་ཏུ་ངོ་མཚར་སྐྱེས་ནས་དེ་རྣམས་ཀྱིས་དྲང་སྲོང་དེ་ལ་གསོལ་བ་ བཏབ་ནས་དེ་གཉིས་ལས་གཞོན་ནུ་ཕུ་བོ་ཤོས་རྒྱལ་སྲིད་ཀྱི་དབང་བསྐུར་བས་དབང་བསྐུར་བ་ལས། དེ་ཡང་བུ་མེད་པར་ཤིའོ། །དེ་ནས་གཅིག་ཤོས་ནུ་བོ་དབང་བསྐུར་ནས་དེའི་མིང་རྒྱལ་པོ་བུ་ རམ་ཤིང་པ་ཞེས་བྱ་བར་གྱུར་ཏོ། །གོའུ་ཏ་མ་དག་རྒྱལ་པོ་བུ་རམ་ཤིང་པའི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་བུ་རམ་ཤིང་པ་བརྒྱ་ཡང་གྲོང་ཁྱེར་གྲུ་འཛིན་དུ་བྱུང་ སྟེ། དེ་རྣམས་ཀྱིས་ཐ་མ་ནི། རྒྱལ་པོ་བུ་རམ་ཤིང་པ་འཕགས་སྐྱེས་པོ་ཞེས་བྱ་བ་བྱུང་ངོ། །གོའུ་ཏ་མ་དག་རྒྱལ་པོ་བུ་རམ་ཤིང་པ་འཕགས་སྐྱེས་པོ་ལ་བུ་བཞི་སྟེ། སྐར་མདའ་གདོང་ [402B] ལག་རྣ་དང། གླང་པོ་ཆེ་འདུལ་དང། རྐང་གདུབ་ཅན་ནོ། །དུས་གཞན་ཞིག་ན། དེའི་བཙུན་མོ་དམ་པ་ཤི་ནས་དེ་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ་བློན་པོ་རྣམས་ ཀྱིས་སྨྲས་པ། ལྷ། ཅིའི་སླད་དུ་ཕྱག་ལ་ཞལ་གཏད་དེ་ཐུགས་མི་དགྱེས་ཤིང་བཞུགས། དེས་སྨྲས་པ། ང་ཡི་བཙུན་མོ་དམ་པ་ཤི་ན་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་མི་འདུག་ལྷ། གལ་ཏེ་དེ་ལྟར་ ན༑ ཉི་འོག་གི་རྒྱལ་པོ་རྣམས་ལ་བུ་མོ་མཆིས་ན། ལྷ། ཅིའི་སླད་དུ་ལྷའི་བཙུན་མོ་དམ་པ་མི་བཙལ། རྒྱལ་པོས་སྨྲས་པ། གཞོན་ནུ་འདི་དག་ནི། རྒྱལ་སྲིད་མངོན་པར་འདོད་པས་ཕྱིར་རྒོལ་བ་འདི་ དག་ཡོད་ན། ང་ལ་སུ་ཞིག་བུ་མོ་སྟེར་བར་འགྱུར་བ་ལྟ། དགོངས་ཤིག་དང། བདག་ཅག་གིས་བཙལ་ལོ། །ཇི་ཙམ་ན། རྒྱལ་པོ་གཞན་ཞིག་གི་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ བཙུན་མོ་དམ་པར་འཚལ་བ་ཡོད་པ་དེ་རྣམས་ཀྱིས་བརྟགས་ཏེ་རྒྱལ་པོ་དེའི་དྲུང་དུ་དོང་ནས། དེ་རྣམས་ཀྱིས་གཅིག་ནས་གཅིག་ཏུ་བརྒྱུད་དེ་རྒྱལ་པོ་ལ་རིག་པར་བྱས་པ་དང། རྒྱལ་པོས་བསྒོ་བ། ཁུག་ ཅིག་དེ་ནས་དེ་རྣམས་རྒྱལ་པོའི་སྤྱན་སྔར་དོང་ནས་རྐང་པ་གཉིས་སུ་གཏུགས་ཏེ་ཐོག་མར་གཏམ་བྱས་ནས་འདུག་གོ་གཏམ་གྱི་སྐབས་རྙེད་ཅིང་རྒྱལ་པོའི་ཞལ་མཐོང་ནས་སྨྲས་པ། ལྷ། བཀྲ་ ཤིས་པར་གྱུར་ཅིག་བཀྲ་ཤིས་པར་གྱུར་ཅིག་རྒྱལ་པོས་སྨྲས་པ་ཤེས་ལྡན་དག་ཁྱེད་ཅི་གསོལ། རྒྱལ་པོ་བུ་རམ་ཤིང་པ་འཕགས་སྐྱེས་པོའི་བཙུན་མོ་དམ་པ་གུམ་ནས་དེའི་ཆེད་དུ་ [403A]༄༅། །སྲས་མོ་སློང་ངོ། །རྒྱལ་པོས་སྨྲས་པ། འཐབ་རིར་བབ་པའི་མཆོག་ཡིན་པས་རུང་ན། འོན་ཀྱང་དམ་ཞིག་བཅའ་སྟེ། གལ་ཏེ་ངའི་བུ་མོ་ལ་ཁྱེའུ་ཞིག་ཡོད་པར་གྱུར་ ན༑ དེ་གལ་ཏེ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་གཞག་པ་ལྟ་ན་སྦྱིན་ནོ། །ལྷ། བཀའ་བཞིན་འཚལ། མཆིས་ལ་ལྷ་ལ་སྙན་དུ་གདགས་པར་གསོལ་ལོ། །ཞེས་དེ་རྣམས་དོང་ནས་རྒྱལ་པོ་བུ་ རམ་ཤིང་པ་འཕགས་སྐྱེས་པོ་ལ་ཇི་ལྟར་གྱུར་པ་སྨྲས་པ་དང་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གཞོན་ནུ་ཆེས་ཕུ་བོར་གྱུར་པ་རྒྱལ་སྲིད་ལ་མངོན་པར་དགའ་བ་རྣམས་སྤངས་ཏེ་ནུ་བོ་ རྒྱལ་སྲིད་ལ་འཇོག་པ་དེ་ནི། འོས་པ་མ་ཡིན་ནོ། །ལྷ། དོན་འདི་ལ་ངེས་པ་མ་མཆིས་ཏེ། རེ་ཞིག་བཙུན་མོ་བླངས་ལ། ལྷ་དེ་དང་ལྷན་ཅིག་རྩེད་མོ་དང། དགྱེས་པ་དང། དགྱེས་མགུར་སྤྱོད་ པར་མཛོད་ཅིག་དང། དེ་ལ་ཁྱེའུ་བཙའ་བར་འགྱུར་རམ། འོན་ཏེ་བུ་མོར་འགྱུར་རམ། ཅི་མ་མཆིས་པར་འགྱུར་སུས་འཚལ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་ དེངས་ལ་ལོངས་ཤིག་དེ་རྣམས་དོང་ནས་བསུས་ཏེ། ཇི་ཙམ་ན་རྒྱལ་པོའི་དཔལ་གྱི་འབྱོར་པ་ཆེན་པོས་བླངས་ནས། དེ་ཡང་རྒྱལ་པོས་མངོན་པར་འདོད་པར་གྱུར་ཏེ། དེ་དེ་དང་ ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། དུས་གཞན་ཞིག་ན་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ། དགུར་ [403B] ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་བཙས་སོ། །བཙས་ནས་དེའི་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ཏེ། ཁྱེའུ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་བློན་ པོ་རྣམས་ཀྱིས་སྨྲས་པ། ལྷ། འདི་ལྟར། མ་སྐྱེས་པ་ཉིད་ནས་རྒྱལ་སྲིད་ལ་མངོན་པར་དགའ་བས། དེའི་སླད་དུ་ཁྱེའུ་མིང་རྒྱལ་སྲིད་དགའ་ཞེས་བགྱིའོ། །ཁྱེའུ་རྒྱལ་སྲིད་དགའ་མ་མ་བརྒྱད་ལ་རྗེས་སུ་གཏད་ དེ་ཞེས་བྱ་བ་ནས་རྫིང་ན་གནས་པའི་པདྨ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་རྒྱལ་ཚབ་ཀྱི་རྒྱལ་སྲིད་ལ་མ་བཞག་པ་དེའི་ཞང་པོ་རྒྱལ་པོས་ཐོས་ནས། དེས་དེ་ལ་ཕོ་ ཉ་བཏང་སྟེ་ཚིག་རྩུབ་པོ་དང་བཅས་པའི་སྤྲིང་ཡིག་སྤྲིང་པ་ཁྱོད་ཀྱིས་སྔོན་ཁས་བླངས་ཤིང་དམ་བཅས་པ་བཞིན་གལ་ཏེ་བྱེད་ན། དེ་ལྟ་ན་ལེགས། གལ་ཏེ་དེ་ལྟར་མ་བྱས་ན། ཁྱོད་ཀྱི་མཐུ་དང་ བརྩོན་འགྲུས་ཀྱིས་ཕ་རོལ་གནོན་པ་གང་ཡིན་པ་དེས་སྡོད་ཅིག་ཁོ་བོ་དེར་འོངས་ནས་ཡུལ་འཁོར་བུར་མར་རློག་གོ་རྒྱལ་པོ་དེ་མཐུ་ཆེན་པོ་ལྡན་པ་དེས་ཐོས་ནས་སྐྲག་སྟེ། བློན་པོ་རྣམས་བསགས་ ནས་སྨྲས་པ། ཤེས་ལྡན་དག་ང་ལ་རྒྱལ་པོ་དེས་འདི་སྐད་ཅེས་སྤྲིངས་ན། དེ་ལ་ཇི་ལྟར་བསྒྲུབ་པར་བྱ། དེས་རྣམས་ཀྱིས་སྨྲས་པ། ལྷ། རྒྱལ་སྲིད་དགའ་རྒྱལ་ཚབ་ཏུ་དབང་བསྐུར་ལགས་མོད་ དེས་སྨྲས་པ། ཤེས་ལྡན་དག་གཞོན་ནུ་ཆེས་ཕུ་བོར་གྱུར་པ་རྒྱལ་སྲིད་ལ་མངོན་པར་དགའ་བ་རྣམས་སྤངས་ཏེ་ནུ་བོ་རྒྱལ་སྲིད་ཀྱི་དབང་བསྐུར་བ་འདི་ནི། འོས་པ་མ་ཡིན་ནོ། །དེ་རྣམས་ཀྱིས་སྨྲས་ [404A]༄༅། །པ༑ ལྷ། རྒྱལ་པོ་དེ་ནི། སྟོབས་དང་གཞོན་པ་རྒྱ་ཆེ་བས་གལ་ཏེ་འདིར་མཆིས་ན། གདོན་མི་འཚལ་བར་ཡུལ་བུར་མར་རློག་པ་གང་ལགས་པའི་གནས་དེ་མཆིས་པས་ རྒྱལ་སྲིད་དགའ་རྒྱལ་ཚབ་ཀྱི་དབང་ཕྱུག་ལ་དབང་བགྱིད་པར་དབང་བསྐུར་ལ། གཞོན་ནུ་དེ་རྣམས་ནི། སྤྱུག་ཏུ་གསོལ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག། སྐྱོན་མེད་ཅིང་གནོད་པ་མ་བྱས་ པའི་གཞོན་ནུ་རྣམས་ཇི་ལྟར་སྤྱུག་ལྷ། བདག་ཅག་ནི། བློན་པོ་ལགས་ཏེ། ལྷ་ལ་སྨན་པར་བགྱི་བ་ལྷུར་ལེན་པ་ལགས་པས། སྐྱོན་མ་མཆིས་པ་དང། ནོངས་པ་མ་མཆིས་པ་ཡང་སྤྱུག་ལ་ སྐྱོན་མཆིས་པ་དང་ནོངས་པ་བགྱིས་པ་ནི། གཞོག་གོ་རྒྱལ་པོ་བཏང་སྙོམས་སུ་བཞག་ནས་ཅང་མི་སྨྲ་བར་འདུག་གོ་བློན་པོ་རྣམས་ཚོགས་ནས་ཕན་ཚུན་དུ་གྲོས་བྱ་བར་བརྩམས་པ། ཤེས་ ལྡན་དག་ཐབས་ཤིག་བཤམ་པར་བྱ་སྟེ། དེས་ན་རྒྱལ་བུ་གཞོན་ནུ་རྣམས་ལ་ཐུགས་བྱུང་བར་གྱུར་པ་ཞིག་བྱའོ། །ཞེས་དེ་ནས་དེ་རྣམས་ཀྱིས་སྐྱེད་མོས་ཚལ་བྱི་དོར་བྱས་པ། རི་མོ་སྣ་ཚོགས་ བྲིས་པར་ཤིན་ཏུ་དྲི་ཞིམ་པོའི་པོག་ཕོར་ཉེ་བར་བཞག་དར་གྱི་ཆུན་འཕྱང་མང་པོ་བཏགས། མེ་ཏོག་སྣ་ཚོགས་ཀྱིས་དགའ་དགའ་ལྟར་བྱས་པ་ཞིག་བྱེད་དུ་བཅུག་གོ་དེ་ནས་དེ་རྣམས་ ཀྱིས་བློན་པོ་རྣམས་ཀྱིས་སྐྱེད་མོས་ཚལ་དེ་བྱི་དོར་བྱེད་པ་རྒྱང་རིང་པོ་ནས་མཐོང་ནས་གཞོན་ནུ་རྒོད་བག་ཅན་དེ་རྣམས་སྐྱེད་མོས་ཚལ་གྱི་ཕྱོགས་སུ་དོང་ངོ། །བློན་པོ་རྣམས་ཀྱིས་སྐྱེད་མོས་ཚལ་ [404B] གཞོན་ནུ་རྣམས་ཀྱིས་དྲིས་པ། འདི་སུའི་སྐྱེད་མོས་ཚལ། དེ་རྣམས་ཀྱིས་སྨྲས་པ། ལྷའི་ལགས་སོ། །དེ་ནས་སླར་ལོག་པར་བརྩམས་པ་དང། བློན་པོ་རྣམས་ཀྱིས་སྨྲས་པ་ གཞོན་ནུ་རྣམས་ནང་དུ་ཞུགས་ཤིག་ཅིའི་ཕྱིར་སླར་ལོག་དེ་རྣམས་ཀྱིས་སྨྲས་པ། ལྷའི་སྐྱེད་མོས་ཚལ་ཡིན་ན། འདིར་འཇུག་ཏུ་ག་ལ་རུང། བློན་པོ་རྣམས་ཀྱིས་སྨྲས་པ། ལྷའམ་གཞོན་ནུ་རྣམས་ རོལ་པ་འདི་ལ་འགལ་བ་ཅི་མཆིས། དེ་རྣམས་ནང་དུ་ཞུགས་ཏེ་རྩེ་བར་བརྩམས་སོ། །བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་སྐྱེད་མོས་ཚལ་ལེགས་པར་བྱི་དོར་བགྱིས་ལགས་ཀྱི། ལྷ་གཟིགས་ པའི་དུས་ལ་བབ་ལགས་སོ། །རྒྱལ་པོ་ཆས་པ་དང། སྐྱེད་མོས་ཚལ་ན་ཀུ་ཙེའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་སྐྱེད་མོས་ཚལ་ན་ཀུ་ཅོའི་སྒྲ་གྲགས་ན། འདི་ན་ སུ་ཞིག་འདུག་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ། གཞོན་ནུ་རྣམས་སོ། །གལ་ཏེ་དེ་ལྟ་ན། ངས་གཞོན་ནུ་རྣམས་སྤངས་སོ། །བློན་པོ་རྣམས་ཀྱིས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ་བཟོད་ བར་མཛད་ཅིང་གཞོན་ནུ་རྣམས་མི་སྤང་བར་གསོལ། རྒྱལ་པོས་སྨྲས་པ། དེ་བཞིན་དུ་བྱའོ། །ཞེས་གཞོན་ནུ་དེ་རྣམས་སྤྱུག་པར་ཆས་པ་དང། རྒྱལ་པོའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ་ ལྷ༑ གལ་ཏེ་དེ་ལྟ་ན། བདག་ཅག་འཁོར་གྱི་སྐྱེ་བོ་མང་པོ་དང་ལྷན་ཅིག་མཆི་ན། དེ་ཅི་ནས་ཀྱང་མི་དགག་པ་དེ་ལྟར་བཀའ་སྩལ་པའི་རིགས་སོ། །རྒྱལ་པོས་བསྒོ་ནས་དེ་རྣམས་ཆས་པ་ན། དེ་ [405A]༄༅། །རྣམས་ལ་དགའ་བའི་ཕོ་བྲང་འཁོར་གྱི་མི་སྐྱེ་བོའི་ཚོགས་ཆེན་པོ་དང་དེ་རྣམས་ལྷན་ཅིག་ཆས་ཏེ། ཞག་བདུན་དུ་གྲོང་ཁྱེར་གྲུ་འཛིན་གྱི་སྒོ་ཕྱེ་ནས་སྐྱེ་བོའི་ཚོགས་རྒྱུས་སོ། །བློན་ པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ། གལ་ཏེ་གྲོང་ཁྱེར་གྱི་སྒོ་མ་བཀུམ་ན་རིང་པོ་མི་ཐོགས་པར་གྲུ་འཛིན་སྟོངས་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་སྒོ་ཆོད་ཅིག་དེ་ནས་གཞོན་ནུ་དེ་རྣམས་རང་རང་གི་ སྲིང་མོ་ཁྲིད་ནས་མཐར་གྱིས་རི་བོ་གངས་རི་དང་ཉེ་བར་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་ཕྱིན་ནས། དེ་རྣམས་ཀྱིས་དེར་ལོ་མའི་སྤྱིལ་བུ་དག་ བྱས་ཏེ་གནས་བཏབ་སྟེ། རི་དྭགས་བསད་ཅིང་བསད་ནས་འཚོ་བར་བྱེད་ཅིང། དུས་གསུམ་དུ་དྲང་སྲོང་སེར་སྐྱའི་བསྟི་གནས་སུ་འདོང་བར་བྱེད་དོ། །ལང་ཚོ་དང། དར་ལ་བབ་པའི་དྲེགས་པས་ཟིན་པས་འདོད་ ཆགས་ཀྱིས་ཤིན་ཏུ་ཉེན་ཏེ། ཤ་དྲི་ངན་པ། སྐྱ་བོ་སེང་སེང་པོར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་དྲང་སྲོང་སེར་སྐྱས་དེ་ལྟ་བུ་མཐོང་ནས་དྲིས་པ། །ཁྱེད་ཅག་ཅིའི་ཕྱིར་སྐྱ་བོ་སེང་སེང་པོར་གྱུར། དེ་ རྣམས་ཀྱིས་སྨྲས་པ། དྲང་སྲོང་ཆེན་པོ། བདག་ཅག་འདོད་པའི་འདོད་ཆགས་ཀྱིས་ཤིན་ཏུ་ཉེན་པས་སོ། །དེས་སྨྲས་པ། རང་རང་གི་སྲིང་མོ་སྤོངས་ལ་མས་དབེན་གྱི་སྲིང་མོ་རྣམས་དང་ལྷན་ཅིག་ འདུག་ཅིག་དྲང་སྲོང་ཆེན་པོ། བདག་ཅག་གིས་དེ་ལྟ་བུ་བགྱིར་རུང་ངམ། ཤེས་ལྡན་དག་འདི་ལྟར། རྒྱལ་རིགས་རྒྱལ་སྲིད་སྟོར་པ་རྣམས་ཀྱིས་རུང་ངོ། །དེ་ན་དེ་རྣམས་དྲང་སྲོང་གི་ [405B] ཚད་མ་ཡིན་ནོ། །སྙམ་ནས་འདོད་པའི་འདོད་ཆགས་ཀྱིས་ཉེན་པས་དགའ་བ་དང་མགུ་བ་སྐྱེས་ཏེ་མས་དབེན་གྱི་སྲིང་མོ་རྣམས་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་ པར་བྱེད་དོ། །དེ་རྣམས་དང་དེ་དག་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་བུ་ཕོ་དང་བུ་མོ་དག་བཙས་ཏེ། དེ་རྣམས་ཆེན་པོར་གྱུར་པ་དང། བསམ་གཏན་གྱི་ཚེར་ མ་ནི། སྒྲ་ཡིན་པས། དྲང་སྲོང་སེར་སྐྱ་སེམས་རྩེ་གཅིག་པ་ཉིད་དུ་མ་བཏུབ་ནས་དེས་སྨྲས་པ། ཤེས་ལྡན་དག་མཐོང་ཟིན་གྱི། ཁོ་བོ་གཞན་དུ་འགྲོའོ། །དྲང་སྲོང་ཆེན་པོ། ཅིའི་ཕྱིར། བསམ་ གཏན་གྱི་ཚེར་མ་ནི། སྒྲ་ཡིན་པས་སེམས་རྩེ་གཅིག་པ་ཉིད་དུ་མི་བཏུབ་པས་སོ། །དྲང་སྲོང་ཆེན་པོ། ཁྱོད་འདི་ཉིད་ན་བཞུགས་ཤིག་།བདག་ཅག་གཞན་དུ་མཆི་ན། འོན་ཀྱང་སའི་ཕྱོགས་ཤིག་ བདག་ཅག་ལ་ཕོབ་ཅིག་ཤེས་ལྡན་དག་རུང་ངོ། །དྲང་སྲོང་བདག་ཉིད་ཆེན་པོ་རྣམས་ནི། འདོད་པ་བཞིན་ཡིད་ལ་རེ་བ་འགྲུབ་པ་ཡིན་པས། དེས་གསེར་གྱི་བྱ་མ་བུམ་བླངས་ཏེ་ཆུའི་རྒྱུན་ གྱིས་གྲོང་ཁྱེར་གྱི་རྣམ་པ་དག་བྲིས་ནས་དེ་རྣམས་ཀྱིས་གྲོང་ཁྱེར་བརྩིགས་སོ། །དྲང་སྲོང་སེར་སྐྱས་དེ་རྣམས་ཀྱི་གནས་ཀྱི་ཕྱིར་གཞི་ཡོངས་སུ་བཏང་ངས་སེར་སྐྱའི་གཞི། སེར་སྐྱའི་གཞི་ཞེས་བྱ་བར་གྱུར་ ཏོ། །དེ་རྣམས་དེར་འཕེལ་བར་གྱུར་པས། སྐྱེ་བོའི་ཚོགས་ཆེན་པོར་གྱུར་ཏེ། དོག་པས་འཕེལ་ཆེ་བར་མ་གྱུར་ཏོ། །ལྷ་རྣམས་ཀྱི་སེམས་ཀྱིས་དེ་རྣམས་ཀྱི་སེམས་ཤེས་ནས་ཕྱོགས་གཞན་ཞིག་བསྟན་པ་དང་དེ་ [406A]༄༅། །རྣམས་དེར་དོང་སྟེ། གྲོང་ཁྱེར་གཅིག་ཤོས་བརྩིགས་ནས་ལྷས་བསྟན། ལྷས་བསྟན་ཞེས་བྱ་བར་གྱུར་ཏོ། །དེ་ནས་དེ་རྣམས་ཚོགས་ཤིང་འདུས་ནས་ཕན་ཚུན་གྲོས་བྱ་བར་ བརྩམས་པ། ཤེས་ལྡན་དག་གང་གི་ཕྱིར་བདག་ཅག་སྤྱུག་པ་ནི་རིགས་མཉམ་པ་ལས་ཆུང་མ་བླངས་པ་དེ་ལས་གྱུར་གྱི། དེ་ལྟ་བས་ན། བདག་ཅག་ལས་སུས་ཀྱང་རིགས་མཉམ་པ་ལས་ ཆུང་མ་བླང་པར་མི་བྱ་སྟེ། གཅིག་ཁོ་ནས་ཆོག་ཤེས་པར་བྱའོ་།དེ་རྣམས་རིགས་མཉམ་པ་གཅིག་ཁོ་ན་ལས་ཆུང་མ་གཅིག་ལེན་གྱི་རིགས་མཉམ་པ་ལས་ཆུང་མ་གཉིས་པ་ནི། མི་ལེན་ཏོ། །དེ་ ནས་དུས་གཞན་ཞིག་ན་རྒྱལ་པོ་འཕགས་སྐྱེས་པོ་བུ་སྡུག་པ་རྣམས་རྗེས་སུ་དྲན་ནས་བློན་པོ་རྣམས་ལ་སྨྲས་པ། ཀྱེ་གྲོང་པ་དག་།གཞོན་ནུ་དེ་རྣམས་ད་ལྟར་ག་ན་འདུག་དེ་རྣམས་ཀྱིས་རྒྱས་པར་སྨྲས་ པ། ལྷས་ནོངས་པ་འབའ་ཞིག་ལས་སྤྱུགས་པ་ལས། དེ་རྣམས་རང་རང་གི་སྲིང་མོ་ཁྲིད་དེ་འདི་ནས་མཆིས་པ་ན། གངས་རི་དང་ཉེ་བ་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་ གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་གནས་བཏབ་སྟེ། རང་རང་གི་སྲིང་མོ་སྤངས་ཏེ་མས་དབེན་གྱི་སྲིང་མོ་རྣམས་དང་ལྷན་ཅིག་རྩེ་བར་བགྱིད། དགའ་བར་བགྱིད། དགའ་མགུར་སྤྱོད་ པར་བགྱིད་དོ། །དེ་རྣམས་རྩེ་བར་བགྱིད། དགའ་བར་བགྱིད། དགའ་མགུར་སྤྱོད་པར་བགྱིད་པ་ན། བུ་ཕོ་དང་བུ་མོ་དག་བཙས་སོ། །གྲོང་པ་དག་གཞོན་ནུ་རྣམས་ཀྱིས་དེ་ལྟར་བྱེད་ཕོད་ [406B] ལྷ། རྔོ་ཐོགས་ལགས་སོ། །དེ་ནས་རྒྱལ་པོ་བུ་རམ་ཤིང་པ་འཕགས་སྐྱེས་པོས་རོ་སྟོད་བསྲངས་ནས་ལག་པ་གཡས་པ་བརྐྱངས་ཏེ་ཆེད་དུ་བརྗོད་པས་བརྗོད་པ། ཀྱེ་མ། གཞོན་ནུ་རྣམས་ནི། ཕོད་པ་ ཡིན་ནོ། །ཀྱེ་མ། གཞོན་ནུ་རྣམས་ནི། ཤིན་ཏུ་ཕོད་པ་ཡིན་ནོ། །ཞེས་སེམས་ཅན་དབང་ཆེན་པོས་ཚིག་ཏུ་ཕྱུང་སྟེ། ཀྱེ་མ། གཞོན་ནུ་རྣམས་ནི། ཕོད་པ་ཡིན་ནོ། །ཀྱེ་མ། གཞོན་ནུ་རྣམས་ནི་ ཤིན་ཏུ་ཕོད་པ་ཡིན་ནོ། །ཞེས་བྱས་པས་དེ་རྣམས་ཤཱཀྱ་ཞེས་བྱ་བར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་བུ་རམ་ཤིང་པ་འཕགས་སྐྱེས་པོ་ཤི་ནས་རྒྱལ་སྲིད་དགའ་རྒྱལ་སྲིད་ལ་དབང་བསྐུར་ ཏོ། །དེ་ཡང་བུ་མེད་པར་ཤི་ནས་སྐར་མདའ་གདོང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་གོ་དེ་ཡང་བུ་མེད་པར་ཤི་ནས་ལག་རྣ་རྒྱལ་པོར་གྱུར་ཏོ། །དེ་ཡང་བུ་མེད་པར་ཤི་ནས་གླང་ པོ་ཆེ་འདུལ་རྒྱལ་པོར་གྱུར་ཏོ། །དེ་ཡང་བུ་མེད་པར་ཤི་ནས། རྐང་གདུབ་ཅན་རྒྱལ་པོར་གྱུར་ཏོ། །དེའི་བུ་གནས་འཇོག་གོ་གོའུ་ཏ་མ་དག་།གནས་འཇོག་གི་བུ་ས་ཁྱིམ་མོ། །གོའུ་ཏ་མ་དག་རྒྱལ་པོས་ ཁྱིམ་གྱི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་རྒྱུད་རྒྱལ་པོ་ལྔ་ཁྲི་ལྔ་སྟོང། གྲོང་ཁྱེར་སེར་སྐྱའི་གཞིར་བྱུང་སྟེ། དེ་རྣམས་ཀྱི་ཐ་མ་ནི། ཤིང་རྟ་བཅུ་པ་དང། ཤིང་རྟ་བརྒྱ་པ་དང། ཤིང་རྟ་དགུ་ བཅུ་པ་དང། ཤིང་རྟ་ཁྲ་བོ་དང། ཤིང་རྟ་རྒྱལ་དང། བརྟན་པའི་ཤིང་རྟ་དང། གཞུ་བཅུ་པ་དང། གཞུ་བརྒྱ་པ་དང། གཞུ་དགུ་བཅུ་པ་དང། གཞུ་རྒྱལ་དང། གཞུ་བཀྲ་དང། གཞུ་བརྟན་ནོ། ། [407A]༄༅། །གོའུ་ཏ་མ་དག་གཞུ་བརྟན་ལ་བུ་གཉིས་ཏེ། སེང་གེ་འགྲམ་དང། སེང་གེའི་སྒྲའོ། །གོའུ་ཏ་མ་དག་འཛམ་བུ་གླིང་གི་གཞུ་ཐོགས་ཇི་སྙེད་ཡོད་པ་དེ་རྣམས་ཀྱི་ནང་ན་ནི། སེང་ གེའི་འགྲམ་མཆོག་ཏུ་གྲགས་སོ། །གོའུ་ཏ་མ་དག་སེང་གེའི་འགྲམ་ལ་བུ་བཞི་སྟེ། ཟས་གཙང་དང། ཟས་དཀར་དང། བྲེ་བོ་ཟས་དང་ཚད་མེད་ཟས་སོ། །བུ་མོ་གཙང་མ་དང། དཀར་མོ་དང་ བྲེ་བོ་མ་དང། ཚད་མེད་མའོ། །ཟས་གཙང་ལ་བུ་གཉིས་ཏེ། བཅོམ་ལྡན་འདས་དང། ཚེ་དང་ལྡན་པ་དགའ་བོའོ། །ཟས་དཀར་ལ་བུ་གཉིས་ཏེ། ཚེ་དང་ལྡན་པ་རྒྱལ་དང། ཤཱཀྱའི་རྒྱལ་པོ་བཟང་ ལྡན་ནོ། །བྲེ་བོ་ཟས་ལ་བུ་གཉིས་ཏེ། མིང་ཆེན་དང། ཚེ་དང་ལྡན་པ་མ་འགག་པའོ། །ཚད་མེད་ཟས་ལ་བུ་གཉིས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་དང། ལྷས་སྦྱིན་ནོ། །གཙང་མའི་བུ་ནི། ལེགས་ པར་རབ་སད་དོ། །དཀར་མོའི་བུ་ནི། ཕྲེང་བ་ཅན་ནོ། །བྲེ་བོ་མའི་ནི། བཟང་ལེན་ནོ། །ཚད་མེད་མའི་དགེ་འཕེལ་ལོ། །བཅོམ་ལྡན་འདས་ཀྱི་སྲས་ནི། སྒྲ་གཅན་ཟིན་ཡིན་ཏེ། གོའུ་ཏ་མ་དག་ མང་པོས་བཀུར་གྱི་རྒྱུད། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དུ་རྫོགས། སྲིད་པའི་ཕྲེང་རྒྱུན་ཆད། སྐྱེ་བའི་འཁོར་ཟད་དེ། ད་ནི། ཡང་སྲིད་པ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ མོའུ་དགལ་གྱི་བུ་ཆེན་པོའི་གཏམ་རྫོགས་པར་མཁྱེན་ནས་བཞེངས་ཏེ་བཞུགས་སོ། །བཞུགས་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་དགལ་གྱི་བུ། ལེགས་ [407B] །ལེགས་སོ། །མོའུ་དགལ་གྱི་བུ། ཁྱོད་ཀྱིས་དགེ་སློང་རྣམས་ཀྱི་མདུན་དུ་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་ནས་ཆོས་ཀྱི་གཏམ་སྨྲས་པ་ཡང་ཁྱོད་ལེགས་སོ། །མོའུ་དགལ་གྱི་བུ་ཡང་ ཁྱོད་ཀྱིས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་ཏེ་ཆོས་ཀྱི་གཏམ་རྟག་ཏུ་སྨྲོས་ཤིག་དང། དེས་ན། དེ་རྣམས་ལ་ཡུན་རིང་པོའི་དོན་དང། ཕན་པ་དང། བདེ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱོད་ཀྱིས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་པའི་ཆོས་ཀྱི་གཏམ་ཆོངས་ཤིག་ཟུངས་ཤིག་ལྷོགས་ཤིག་དེ་ཅིའི་ཕྱིར་ཞེ་ན་ དགེ་སློང་དག་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་པའི་ཆོས་ཀྱི་གཏམ་ནི། དོན་དང་ལྡན། ཆོས་དང་ལྡན་པ་ནས་ཚངས་པར་སྤྱོད་པའི་བར་དང་ལྡན་པ་ཡིན་ཏེ། དགེ་སློང་དག་།རིགས་ཀྱི་ བུ་དད་པས་རབ་ཏུ་བྱུང་བས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་པའི་ཆོས་ཀྱི་གཏམ་གཟུང་ཞིང་ཀློག་པའི་རིགས་སོ། །དེ་ནས་སེར་སྐྱའི་གཞིའི་ཤཱཀྱ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་ པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ། །དེའི་ཚེ་གྲོང་ཁྱེར་སེར་སྐྱའི་གཞི་ན་རྒྱལ་པོ་ སེང་གེའི་འགྲམ་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། འབྱོར་པ་དང་རྒྱས་པ་དང། བདེ་བ་དང། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། འཐབ་པ་དང། འཐབ་མོ་དང། རྩོད་པ་དང། འགྱེད་ [408A]༄༅། །པ་དང། ཆོམ་རྐུན་མེད་ཅིང། ནད་རབ་ཏུ་ཞི་བར་གྱུར་པ། འབྲས་དང། བུ་རམ་ཤིང་གི་ཕྲེང་བ་དང། བ་ལང་དང། མ་ཧེ་ཕུན་སུམ་ཚོགས་པ་ན་བུ་གཅིག་པ་ལ་སྡུག་པ་ བཞིན་དུ་རྒྱལ་སྲིད་སྐྱོང་བར་བྱེད་དོ། །གྲོང་ཁྱེར་ལྷས་བསྟན་དུ་རྒྱལ་པོ་ལེགས་པར་རབ་སད་ཅེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། འབྱོར་པ་དང། རྒྱས་པ་དང། བདེ་བ་དང། ལོ་ལེགས་པ་ སྐྱེ་བོ་དང་མི་མང་པོས་གང་བ། འཐབ་པ་དང། འཐབ་མོ་དང་རྩོད་པ་དང། འགྱེད་པ་དང། ཆོམ་རྐུན་མེད་ཅིང། ནད་རབ་ཏུ་ཞི་བར་གྱུར་པ། འབྲས་དང། བུ་རམ་ཤིང་གི་ཕྲེང་བ་དང་ བ་ལང་དང། མ་ཧེ་ཕུན་སུམ་ཚོགས་པ་ན། བུ་གཅིག་པ་ལ་སྡུག་པ་བཞིན་དུ་རྒྱལ་སྲིད་སྐྱོང་བར་བྱེད་དོ། །རྒྱལ་པོ་ལེགས་པར་རབ་སད་ཀྱི་བཙུན་མོ་དམ་པ་གཟུགས་བཟང་བ། བལྟ་ན་སྡུག་ པ། མཛེས་པ། ཡུལ་གྱི་བཟང་མོ་ལུམྦི་ནི་ཞེས་བྱ་བ་ཡོད་དོ། །ལྷས་བསྟན་ན། ཁྱིམ་བདག་ཕྱུག་ཅིང་ནོར་མང་བ། ལོངས་སྤྱོད་ཆེ་བ་ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་པ་དེའི་ཀུན་དགའ་ར་བ་མེ་ཏོག་ཕུན་སུམ་ཚོགས་པ་དང་འབྲས་བུ་ཕུན་སུམ་ཚོགས་པ་དང། ཆུ་ཕུན་སུམ་ ཚོགས་པ་དང། བྱ་སྣ་ཚོགས་སྐད་འབྱིན་པས་དེའི་ཀུན་དགའ་ར་བ་དགའ་དགའ་ལྟར་འདུག་པ་དེར་རྒྱལ་པོ་དུས་དུས་སུ་བཙུན་མོའི་འཁོར་དང་ལྷན་ཅིག་ལྷགས་ནས་དེ་ན་དགའ་བའི་རྩེ་མོ་ [408B] །ལུམྦི་ནིས་དེ་མཐོང་ནས་འདོད་པ་སྐྱེས་ཏེ། དེས་སྨྲས་པ། ལྷ། ཀུན་དགའ་ར་བ་འདི་བདག་ལ་སྩལ་དུ་གསོལ། རྒྱལ་པོས་སྨྲས་པ། ཀུན་དགའ་ར་བ་འདི་ཁྱིམ་བདག་གི་ ཡིན་ན། ཇི་ལྟར་སྦྱིན། གལ་ཏེ་ཁྱོད་ལ་ཀུན་དགའ་ར་བ་དགོས་ན་ཁྱོད་ཀྱི་ཕྱིར་དེ་བས་ལྷག་པར་བཟང་བ་གཞན་ཞིག་བྱའོ། །དེ་ནས་རྒྱལ་པོ་ལེགས་པར་རབ་སད་ཀྱིས་ལུམྦི་ནིའི་ཆེད་དུ་དེ་བས་ཁྱད་པར་ དུ་འཕགས་པའི་ཀུན་དགའ་ར་བ་ཞིག་བྱེད་དུ་བཅུག་ནས་དེའི་མིང་ལུམྦི་ནིའི་ཚལ་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་སེང་གེའི་འགྲམ་ལ་ཡུན་རིང་པོ་ནས་ཀྱེ་མའོ། །བདག་གི་རྒྱུད་ལ་འཁོར་ལོས་བསྒྱུར་བ་སྐྱེས་ པར་གྱུར་ཀྱང་ཅི་མ་རུང་སྙམ་པའི་བསམ་པ་འདི་ཡོད་དོ། །རྒྱལ་པོ་ལེགས་པར་རབ་སད་ལ་ཡུན་རིང་པོ་ནས་ཀྱེ་མའོ། །བདག་ནི། སེང་གེའི་འགྲམ་དང་ལྷན་ཅིག་གཉེན་དུ་གྱུར་ཀྱང་ཅི་མ་རུང་སྙམ་པའི་ བསམ་པ་འདི་ཡོད་དོ། །ཇི་ཙམ་དུས་གཞན་ཞིག་ན་དེ་བཙུན་མོ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། དུས་གཞན་ཞིག་ན་བཙུན་མོ་སེམས་ཅན་དང་ ལྡན་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ། དགུ་འདས་པ་ན་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །བཙས་པ་དེའི་ གཟུགས་བཟང་པོས་རྒྱལ་པོ་ལེགས་པར་རབ་སད་བཙུན་མོ་འཁོར་དང་བཅས་པ་དང། ལྷས་བསྟན་ན་གནས་པའི་སྐྱེ་བའི་ཚོགས་རྣམས་མཆོག་ཏུ་ངོ་མཚར་སྐྱེས་ཏེ་ཐེ་ཚོམ་དུ་གྱུར་ནས་ཅི་འདི་ [409A]༄༅། །བུ་མོ་ཡིན་ནམ། འོན་ཏེ་ལས་སྣ་ཚོགས་པས་སྤྲུལ་པའི་སྒྱུ་འཕྲུལ་ཡིན་སྙམ་མོ། །དེའི་བཙས་པའི་བཙས་སྟོན་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་རྒྱ་ཆེར་བྱས་ནས་ བུ་མོ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ། ལྷས་བསྟན་ན་གནས་པའི་སྐྱེ་བོའི་ཚོགས་ལམ་པོ་ཆེ་དང། ཚོང་འདུས་དང། བཞི་མདོ་དང་ སུམ་མདོ་རྣམས་སུ་གླེང་བ་ཁ་ཅིག་གི་མཆིད་ནས་ནི། འདི་བུ་མོ་ཁོ་ན་ལགས་ཏེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་གཟུགས་བཟང་ཞིང་ཁ་དོག་ཕུན་སུམ་ཚོགས་པར་གྱུར་ཏོ། །ཞེས་མཆིའོ། ། གཞན་དག་གི་མཆིད་ནས་ནི། འདི་བུ་མོ་མ་ལགས་ཀྱི། འོ་ན་ཅི་ཞེ་ན། ལས་སྣ་ཚོགས་པས་སྤྲུལ་པའི་སྒྱུ་འཕྲུལ་ལགས་སོ། །ཞེས་མཆི་ལགས་པས། དེས་བས་ན། བུ་མོའི་མིང་སྒྱུ་འཕྲུལ་ཞེས་ གདགས་སོ། །ཞེས་དེའི་མིང་སྒྱུ་འཕྲུལ་ཞེས་བཏགས་སོ། །བུ་མོ་སྒྱུ་འཕྲུལ་མ་མ་བརྒྱད་ལ་རྗེས་སུ་གཏད་དེ་ཞེས་བྱ་བ་ནས་ཆེན་མོར་གྱུར་ཏོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ལ་མཚན་ མཁན་རྣམས་ཀྱིས་ལུང་བསྟན་པ་མཚན་ཕུན་སུམ་ཚོགས་པ་དང་ལྡན་པའི་བུ་ཞིག་བཙའ་བར་འགྱུར་ཞིང་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །ཞེས་བསྟན་ཏོ། །ཡང་དེ་རྩེ་ བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བཙས་སོ། ། [409B] གྲོང་ཁྱེར་དེ་དག་ཐམས་ཅད་སྣང་བ་རྒྱ་ཆེན་པོས་སྣང་བར་བྱས་ཏེ། སྒྱུ་འཕྲུལ་མ་ཇི་ལྟ་བ་བཞིན་དུ་དེའི་གཟུགས་བཟང་བ་རྣམ་པ་ཐམས་ཅད་དུ་དཔྱད་པར་མི་ནུས་སོ་།དེའི་བཙས་པའི་བཙས་སྟོན་ ཡང་རྒྱ་ཆེར་བྱས་ནས། བུ་མོ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །བློན་པོ་རྣམས་ཀྱིས་སྨྲས་པ། སྒྱུ་འཕྲུལ་བས་འདི་ལྷག་པར་གཟུགས་བཟང་བས་དེ་བས་ན། སྒྱུ་འཕྲུལ་ཆེན་མོ་ ཞེས་བགྱི་བར་གདགས་སོ། །ཞེས་བཏགས་སོ། །དེ་ཡང་བསྐྱེད་བསྲིངས་ནས་ཆེན་མོར་གྱུར་པ་དང། དེ་ལ་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ པ་ཞིག་བཙས་པར་གྱུར་ཏེ། དེ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །ཞེས་བསྟན་ཏོ། །རྒྱལ་པོ་ལེགས་པར་རབ་སད་ཀྱིས་རྒྱལ་པོ་སེང་གེའི་འགྲམ་ལ་ཕོ་ཉ་བཏང་སྟེ། བདག་ལ་བུ་མོ་ གཉིས་ཤིག་བཙས་པ་ནི། སྒྱུ་འཕྲུལ་དང། སྒྱུ་འཕྲུལ་ཆེན་པོ་ལགས་ཏེ། དེ་ལ་གཅིག་ལ་ནི། མཚན་ཐམས་ཅད་ཕུན་སུམ་ཚོགས་པའི་བུ་ཞིག་བཙའ་བར་འགྱུར་ཞིང། དེ་ནི། སྟོབས་ཀྱི་འཁོར་ ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །གཅིག་ཤོས་ལ་ནི། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་བུ་ཞིག་བཙའ་བར་འགྱུར་ཞིང། དེ་ནི། འཁོར་ལོས་བསྒྱུར་ བའི་རྒྱལ་པོར་འགྱུར་རོ། །ཞེས་ལུང་བསྟན་གྱི། འདི་གཉིས་ལས་གང་བཞེད་པ་གཞོན་ནུ་ཟས་གཙང་གི་ཆུང་མར་སྣོམས་ཤིག་སེང་གེའི་འགྲམ་གྱིས་སླར་སྤྲིང་པ། གཉིས་ཀ་ཡང་གཞོན་ནུ་ལ་ [410A]༄༅། །དགོས་མོད་ཀྱི། འོན་ཀྱང་ཆུང་མ་འདྲ་བ་གཉིས་གཅིག་ལ་གཞག་པར་མི་བྱ་བས། གང་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་བུ་ཞིག་བཙའ་བར་འགྱུར་ཞིང་ དེ་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །ཞེས་ལུང་བསྟན་པ་དེ། རེ་ཞིག་འདོད་དོ། །གཅིག་ཤོས་ཀྱང་ཚོགས་ལ་བརྟག་པར་བྱའོ། །དེས་དེ་འཁོར་ལྔ་བརྒྱ་དང་བཀྲིའོ། །དེའི་ཚེ་ཤཱཀྱ་རྣམས་ཀྱི་ ཕྱིར་རྒོལ་བ་སྐྱ་སེང་ཞེས་བྱ་བ་རི་ཁྲོད་པ་དག་ཅིག་ཡོད་ནས་ཤཱཀྱ་རྣམས་འདུས་ཏེ་རྒྱལ་པོ་སེང་གེ་འགྲམ་གྱི་དྲུང་དུ་སོང་ནས་ལྷ། སྐྱ་སེང་རི་ཁྲོད་པ་བདག་ཅག་ལ་གནོད་པ་བགྱིད་ཀྱི་གྲོགས་མཛད་ དུ་གསོལ། དེས་སྨྲས་པ། ཤེས་ལྡན་དག་ཁོ་བོ་རྒས་པས་དེ་རྣམས་དང་ལྷན་ཅིག་གཡུལ་སྤྲད་པར་མི་ནུས་སོ། །ལྷ། གཞོན་ནུ་ཟས་གཙང་གཏང་དུ་གསོལ། དམ་ཞིག་བཅའ་སྟེ། གལ་ཏེ་ གཞོན་ནུ་ཇི་ལྟར་འདོད་པའི་དམ་པ་ཞིག་བླངས་པ་དེ་སྦྱིན་པ་ལྟ་ན། གཏོང་ངོ། །དེ་རྣམས་ཀྱིས་སྨྲས་པ། ལྷ། བཀའ་བཞིན་འཚལ་སྩལ་བར་བགྱིའོ། །རྒྱལ་པོས་དཔུང་གི་ཚོགས་ཡན་ལག་ བཞི་པ། གཞོན་ནུ་ཟས་གཙང་ལ་གཏད་ནས། དེས་རི་ཁྲོད་པ་དེ་རྣམས་བཅོམ། རབ་ཏུ་བཅོམ་སྟེ། རྨེག་བཏའོ། །དེ་ནས་ཤཱཀྱ་རྣམས་མགུ་ནས་རྒྱལ་པོ་སེང་གེ་འགྲམ་གྱི་དྲུང་དུ་དོང་སྟེ། ལྷ། གཞོན་ ནུས་རི་ཁྲོད་པ་རྣམས་བཅོམ། རབ་ཏུ་བཅོམ་སྟེ། རྨེག་བཏའ་ལགས་པས་བདག་ཅག་གློ་བ་དགའ་བ། གཞོན་ནུ་མཆོག་ཅི་བཞེད་གསུངས་ཤིག་།དབུལ་ལོ། །ཤེས་ལྡན་དག་ཤཱཀྱ་ [410B]གཞག་པར་མི་བྱའོ། །ཞེས་བཅས་སོ། །ལྷ། ཅི་ཁྲིམས་དྲལ་ལམ། དེས་སྨྲས་པ། ལྷག་པར་ཤིན་ཏུ་བསྡམ་གྱི། དྲལ་བར་མི་བྱ་ན། འོན་ ཀྱང་གཞོན་ནུའི་དམ་པ་ཞིག་སློང་བ་ནི། མཉམ་པ་ལས་ཆུན་མ་བླངས་པ་ཡིན་ནོ། །ལྷ། རུང་གི་དེ་བཞིན་དུ་མཛོད་ཅིག་དེ་ནས་སེང་གེའི་འགྲམ་གྱིས་ལེགས་པར་རབ་སད་ལ་ཕོ་ཉ་བཏང་ནས། ཁོ་ བོས་ཚོགས་ལ་བརྟགས་ཟིན་གྱི། བུ་མོ་གཅིག་ཤོས་ཀྱང་བཀྲི་ཞིག་དེས་དེ་ཡང་འཁོར་ལྔ་བརྒྱ་དང་བཀྲི་སྟེ། གཞོན་ནུ་ཟས་གཙང་གིས་གཉིས་ཀ་བླངས་སོ། །ཇི་ཙམ་དུས་གཞན་ཞིག་ན། རྒྱལ་པོ་ སེང་གེའི་འགྲམ་ཤི་ནས་སེར་སྐྱའི་གཞི་ན་རྒྱལ་པོ་ཟས་གཙང་རྒྱལ་སྲིད་བྱེད་དུ་འཇུག་སྟེ། འབྱོར་པ་དང། རྒྱས་པ་དང། བདེ་བ་དང། ལོ་ལེགས་པ། སྐྱེ་བོ་དང། མི་མང་པོས་གང་བ། འཐབ་པ་ དང། འཐབ་མོ་དང། རྩོད་པ་དང། ཆོམ་རྐུན་མེད་ཅིང་ནད་རབ་ཏུ་ཞི་བར་གྱུར་པ་དང། འབྲས་དང། བུ་རམ་ཤིང་གི་ཕྲེང་བ་དང་བ་ལང་དང་མ་ཧེ་ཕུན་སུམ་ཚོགས་པ་ན་བུ་གཅིག་པ་ལ་སྡུག་པ་བཞིན་ དུ་རྒྱལ་སྲིད་སྐྱོང་བར་བྱེད་དོ། །དེ་དུས་གཞན་ཞིག་ན། བཙུན་མོ་སྒྱུ་འཕྲུལ་ཆེན་མོ་དང་ལྷན་ཅིག་སྟེང་གི་ཁང་བཟང་གི་གཞི་སྐྱེས་བ་མེད་པར་དོང་ནས་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད་དགའ་ མགུར་སྤྱོད་པར་བྱེད་དོ། །འདི་ནི། ཆོས་ཉིད་ཡིན་ཏེ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན་འཇིག་རྟེན་ལ་གཟིགས་པ་ལྔས་གཟིགས་པར་མཛད་དེ། རིགས་ལ་གཟིགས་པ་ [411A]༄༅། །དང། ཡུལ་ལ་གཟིགས་པ་དང། དུས་ལ་གཟིགས་པ་དང། རྒྱུད་ལ་གཟིགས་པ་དང། བུད་མེད་ལ་གཟིགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་རིགས་ ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི། འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་རིགས་ཇི་ལྟ་བུ་ཞིག་ཏུ་ཉིང་མཚམས་ སྦྱོར་བ་ལེན་སྙམ་ན། བྲམ་ཟེའི་རིགས་སམ། རྒྱལ་རིགས་ཀྱི་རིགས་སུ་ཡིན་ལ། དེ་ལ་རེས་འགའ་ནི། བྲམ་ཟེའི་རིགས་བཙུན་པར་བཀུར། རེས་འགའ་ནི། རྒྱལ་རིགས་ཏེ། ད་ལྟ་ནི་ རྒྱལ་རིགས་བཙུན་པར་བཀུར་བར་གཟིགས་ནས། མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔའ་རིགས་ངན་པར་ཉིང་མཚམས་སྦྱོར་བ་བླངས་སོ། །ཞེས་གཞི་འདིས་ཁ་ཟེར་བར་མི་ འགྱུར་བར་བདག་གིས་རྒྱལ་རིགས་སུ་ཉིང་མཚམས་སྦྱོར་བ་བླང་བར་བྱའོ། །སྙམ་མོ། །འདི་ལྟར། བྱང་ཆུབ་སེམས་དཔའ་ཐོག་མ་མེད་པའི་དུས་ནས་སྨད་པར་མི་འགྱུར་པའི་ལས་བྱས་ཤིང་ བསགས་པ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན། བྱང་ཆུབ་སེམས་དཔའ་རྣམས་རིགས་ལ་གཟིགས་པར་མཛད་དོ། ། བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་ཡུལ་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་ [411B]ལེན་སྙམ་ན། འབྲས་དང། བུ་རམ་ཤིང་དང། བ་ལང་དང། མ་ཧེ་ཕུན་སུམ་ཚོགས་པ། སློང་མོ་པ་བརྒྱ་འདུ་བ། མཐའ་འཁོབ་ཀྱི་སྐྱེ་བོ་ མེད་པ། དབུས་པའི་སྐྱེ་བོ་གནས་པའི་ཡུལ་གང་ཡིན་པར་གཟིགས་ནས་འདི་སྙམ་དུ་དགོངས་ཏེ། དབུས་ཀྱི་ཡུལ་འདི་ནི། བུ་རམ་ཤིང་གི་ཕྲེང་དང། འབྲས་དང། བ་ལང་དང། མ་ཧེ་ཕུན་སུམ་ཚོགས་པ་ སློང་མོ་པ་བརྒྱ་འདུ་བ། མཐའ་འཁོབ་ཀྱི་སྐྱེ་བོ་མེད་པ། དབུས་པའི་སྐྱེ་བོ་གནས་པ་ཡིན་གྱི། མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔའ་ཡུལ་མཐའ་འཁོབ་རྣམས་སུ་ཉིང་མཚམས་སྦྱོར་བ་བླངས་སོ།། ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་བར་བདག་གིས་ཡུལ་དབུས་སུ་ཉིང་མཚམས་སྦྱོར་སྙམ་མོ། །འདི་ལྟར། བྱང་ཆུབ་སེམས་དཔའ་ཐོག་མ་མེད་པའི་དུས་ནས་སྨད་པར་མི་འགྱུར་བའི་ལས་བྱས་ཤིང་ བསགས་པ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན། བྱང་ཆུབ་སེམས་དཔའ་རྣམས་ཡུལ་ལ་གཟིགས་པར་མཛད་དོ། །བྱང་ཆུབ་ སེམས་དཔའ་རྣམས་རྒྱུ་གང་གིས་དུས་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི། འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་དུས་ ཅི་ལྟ་བུ་ཞིག་ཏུ་འཛམ་བུའི་གླིང་དུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། སྐྱེ་རྒྱུའི་ཚེ་ལོ་ཡར་སྐྱེས་པ་ན་བརྒྱད་ཁྲི་ཐུབ་པ་ཡན་ཆད་ཉིང་མཚམས་སྦྱོར་བ་མི་ལེན་ལ། མི་རྣམས་ཀྱི་ཚེ་ལོ་མར་འགྲིབ་པ་ [412A]༄༅། །ན་བརྒྱ་ཐུབ་པ་མན་ཆད་ཉིང་མཚམས་སྦྱོར་བ་མི་ལེན་ནོ། །བྱང་ཆུབ་སེམས་དཔའ་རྒྱུ་གང་གིས་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ཡན་ཆད་ཉིང་མཚམས་སྦྱོར་བ་ལེན་པར་མི་ མཛད་ཅེ་ན། མི་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན། ཡིད་འབྱུང་བར་དཀའ་ཞིང་སྐྱོ་བར་བྱ་བར་དཀའ་ལ། བླུན་ཞིང་དབང་པོ་རྟུལ་བ་དང། བག་མེད་ཅིང་བདེ་བ་མང་བས། བདེན་པ་རྣམས་ཀྱི་སྣོད་ དུ་མི་འགྱུར་བའི་ཕྱིར་རོ། །མར་འགྲིབ་པ་ལོ་བརྒྱ་མན་ཆད་དུ་ཡང་སྙིགས་མ་ལྔ་པོ་འདི་ལྟ་སྟེ། ཚེའི་སྙིགས་མ་དང། ཉོན་མོངས་པའི་སྙིགས་མ་དང། སེམས་ཅན་གྱི་སྙིགས་མ་དང། ལྟ་བའི་སྙིགས་ མ་དང། དུས་ཀྱི་སྙིགས་མ་ཤས་ཆེ་བ་ཡིན་པས། བདག་ལ་གཞན་དག། བྱང་ཆུབ་སེམས་དཔས་སྙིགས་མ་ལྔ་ཤས་ཆེ་བའི་དུས་སུ་ཉིང་མཚམས་སྦྱོར་བ་བླངས་སོ། །ཞེས་གཞི་འདིས་ཁ་ཟེར་ བར་མི་འགྱུར་རོ། །སྙམ་མོ། །འདི་ལྟར། བྱང་ཆུབ་སེམས་དཔའ་ཐོག་མ་མེད་པའི་དུས་ནས་སྨད་པར་མི་འགྱུར་བའི་ལས་བྱས་ཤིང་བསགས་པ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས། རྒྱུ་འདིས་ན། བྱང་ཆུབ་སེམས་དཔའ་རྣམས་དུས་ལ་གཟིགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་རྒྱུད་ལ་གཟིགས་པར་ མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི། འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་རྒྱུད་ཅི་འདྲ་བ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན་ [412B] ཕ་མེས་ཟུང་བདུན་གྱི་བར་སྤྱོད་པ་ལ་སྐྱོན་མེད་པ་ཡིན་པར་གཟིགས་ནས་དེ་འདི་སྙམ་དུ་དགོངས་ཏེ། ཤཱཀྱའི་རིགས་རྒྱུད་འདི་ནི། བཙུན་པར་བཀུར་བ་ ཡིན་ཞིང། མང་པོས་བཀུར་བ་ནས་བཟུང་སྟེ་སྤྱོད་པ་སྐྱོན་མེད་པ་ཡིན་གྱི། མ་ལ་བདག་ལ་གཞན་དག། བྱང་ཆུབ་སེམས་དཔས་རྒྱུད་ངན་པ་ལས་ཉིང་མཚམས་སྦྱོར་བ་བླངས་སོ། །ཞེས་གཞི་འདིས་ཁ་ ཟེར་བར་མི་འགྱུར་བར་བདག་གིས་རྒྱལ་པོ་ཟས་གཙང་གི་རྒྱུད་དུ་ཉིང་མཚམས་སྦྱོར་བ་བླང་ངོ། །སྙམ་མོ། །འདི་ལྟར། བྱང་ཆུབ་སེམས་དཔས་ཐོག་མ་མེད་པའི་དུས་ནས་སྨད་པར་མི་འགྱུར་བའི་ལས་བྱས་ ཤིང་བསགས་པ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས། རྒྱུ་འདིས་ན། བྱང་ཆུབ་སེམས་དཔའ་རྣམས་རྒྱུད་ལ་གཟིགས་པར་མཛད་དོ། །བྱང་ཆུབ་ སེམས་དཔའ་རྣམས་རྒྱུ་གང་གིས་བུད་མེད་ལ་གཟིགས་པར་མཛད་ཅེ་ན་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི། འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་བུད་ མེད་ཅི་འདྲ་བ་ཞིག་གི་རུམ་དུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན་བུད་མེད་གང་ཞིག་གཟུགས་བཟང་མོ་དང་ལྡན་པ། ཚུལ་དང་ལྡན་པ་རིགས་དང་ལྡན་པ། རྒོད་བག་ཅན་མ་ཡིན་ལ། རིགས་འཕེལ་བར་ འགྱུར་ཞིང། སྔོན་གྱི་སངས་རྒྱས་རྣམས་ལ། ཀྱེ་མ། བདག་སངས་རྒྱས་ཀྱི་ཡུམ་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བ་དང། བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་རུམ་དུ་འཛིན་ནུས་པ་དང། རང་གི་དོན་ཡང་ [413A]༄༅། །ཉམས་པར་མི་བྱེད་པ་ཡིན་པར་གཟིགས་ནས་འདི་སྙམ་དུ་དགོངས་ཏེ། སྒྱུ་འཕྲུལ་ཆེན་མོ་འདི་ནི། མ་མེས་དང། ཕ་མེས་ཟུང་བདུན་གྱི་བར་སྤྱོད་པ་ལ་སྐྱོན་མེད་ཅིང་གཟུགས་དང་ ལྡན་པ་དང། ཚུལ་དང་ལྡན་པ་དང། རྒོད་བག་ཅན་མ་ཡིན་པ་དང། རིགས་འཕེལ་བར་འགྱུར་བ་དང། བྱང་ཆུབ་སེམས་དཔའ་རུམ་དུ་ཟླ་བ་བཅུར་འཛིན་ནུས་པ་དང། རང་གི་དོན་ཡང་མི་ཉམས་པ་ འདི་ལྟར་སྒྱུ་འཕྲུལ་ཆེན་མོས་སྔོན་སངས་རྒྱས་རྣམས་ལ། ཀྱེ་མ་བདག་སངས་རྒྱས་ཀྱི་ཡུམ་དུ་གྱུར་ཅིག། ཅེས་སྨོན་ལམ་བཏབ་པ་ཡང་ཡིན་པས། བདག་ལ་གཞན་དག། བྱང་ཆུབ་སེམས་དཔའ་ མཚན་ངན་པ་དང་ལྡན་པའི་བུད་མེད་ཀྱི་རུམ་དུ་ཉིང་མཚམས་སྦྱོར་བ་བླངས་སོ། །ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་རོ་།སྙམ་མོ། །འདི་ལྟར། བྱང་ཆུབ་སེམས་དཔས་སྨད་པར་མི་འགྱུར་ བའི་ལས་བྱས་ཤིང་བསགས་པ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་རྣམས་བུད་མེད་ལ་གཟིགས་ པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔས་གཟིགས་ནས་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་ལ་ལན་གསུམ་དུ་བསྒྲགས་པ། གྲོགས་པོ་དག་།དགའ་ལྡན་གྱི་རིས་འདི་ནས་ང་ཤི་འཕོས་ ཏེ། མི་རྣམས་ཀྱི་ནང་དུ་རྒྱལ་པོ་ཟས་གཙང་གི་ཆུང་མ་དམ་པའི་རུམ་དུ་ཉིང་མཚམས་སྦྱོར་བ་བླངས་ལ། དེའི་བུར་གྱུར་ཏེ་བདུད་རྩི་རྟོགས་པར་བྱའི། ཁྱེད་ཅག་ལས་གང་དག་བདུད་རྩི་དོན་ [413B]ལོངས་ཤིག་དེ་སྐད་ཅེས་བཀའ་སྩལ་པ་དང། དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ་།བྱང་ ཆུབ་སེམས་དཔའ་མཁྱེན་པར་མཛོད་ཅིག། ད་ལྟར་འཇིག་རྟེན་ནི་སྡིག་པས་གོས་པ། སྐྱེ་རྒུ་མ་རུང་བའི་བསམ་པ་ཅན། འཛམ་བུ་གླིང་རྟོག་གེ་པ་དྲུག་དང། རྗེས་སུ་སྒྲོག་པ་དྲུག་དང། སྙོམས་པར་ འཇུག་པ་དྲུག་གིས་དཀྲུགས་པ་ལགས་སོ། །དེ་ལ་རྟོག་གི་བ་དྲུག་གང་ཞེ་ན། འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་དང། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ དང། མི་ཕམ་སྐྲའི་ལ་བ་ཅན་དང། ཀ་ཏའི་བུ་ནོག་ཅན་དང་གཅེར་བུ་པ་གཉེན་གྱི་བུའོ། །རྗེས་སུ་སྒྲོག་པ་དྲུག་གང་ཞེ་ན་འདི་ལྟ་སྟེ། བྲམ་ཟེ་རྒྱུས་བརྒལ་དང། བྲམ་ཟེ་གནས་རྡེག་དང་བྲམ་ཟེ་ བཟང་ལྡན་དང། བྲམ་ཟེ་ཚངས་པའི་ཚེ་དང། བྲམ་ཟེ་པདྨའི་སྙིང་པོ་དང། བྲམ་ཟེ་དམར་པོའོ། །སྙོམས་པར་འཇུག་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་དང། སྒྱུ་རྩལ་ཤེས་ཀྱི་བུ་རིང་ འཕུར་དང། ཀུན་ཏུ་རྒྱུ་ལེགས་བཟང་དང། བྲམ་ཟེའི་ཁྱེའུ་རྒྱལ་དང། དྲང་སྲོང་མ་བཅིངས་པ་དང། ལྟེང་རྒྱས་འོད་སྲུང་རལ་པ་ཅན་ནོ། །འདིར་ནི། ཆོས་མཉན་པའི་སླད་དུ་བྱང་ཆུབ་སེམས་དཔའི་ གདན་དཔག་ཚད་བཅུ་གཉིས་པ་བཤམ་པར་བགྱི་ཞིང། བདག་ཅག་འདི་སྙམ་དུ། བདག་ཅག་ལ་དགའ་ལྡན་གྱི་གནས་ན་བྱང་ཆུབ་སེམས་དཔའ་བཞུགས་པས་ཆོས་བཤད་དེ། ཆོས་དེ་བདག་ [414A]༄༅། །ཅག་གིས་ཐོས་ནས། ཅི་ནས་ཀྱང་བདག་ཅག་གི་ཡུན་རིང་པོའི་དོན་དང། སྨན་པ་དང། བདེ་བར་འགྱུར་བ་དེ་ལྟ་དེ་ལྟར་སྒྱུར་པར་བགྱིད་པར་སེམས་ལགས་སོ། །དེ་སྐད་ཅེས་སྨྲས་ པ་དང། བྱང་ཆུབ་སེམས་དཔས་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་དེའི་ཕྱིར་རོལ་མོའི་ཆ་བྱད་ཐམས་ཅད་རྡུངས་ཤིག་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ཀྱིས་ རོལ་མོའི་ཆ་བྱད་ཐམས་ཅད་བརྡུངས་པ་དང། བྱང་ཆུབ་སེམས་དཔས་ཀྱང་དུང་བུས་ཏེ་སྨྲས་པ། གྲོགས་པོ་དག་འདི་ལ་སྒྲ་ལྷག་པར་གང་ཆེ། བཅོམ་ལྡན་འདས། དུང་གི་སྒྲ་ལགས་སོ། །གྲོགས་པོ་ དག་ཇི་ལྟར་དུང་གི་སྒྲས་རོལ་མོའི་ཆ་བྱད་ཐམས་ཅད་ཟིལ་གྱིས་མནན་ཏེ་གནས་པ་དེ་བཞིན་དུ་ངས་ཀྱང་འཛམ་བུའི་གླིང་དུ་སོང་ལ་རྟོག་གེ་པ་དྲུག་དང། རྗེས་སུ་སྒྲོག་པ་དྲུག་དང་སྙོམས་པར་འཇུག་པ་ དྲུག་ཟིལ་གྱིས་མནན་ནས་བདུད་རྩི་རྟོགས་པར་བྱ་སྟེ། བདུད་རྩིས་འགྲོ་བ་ཚིམ་པར་བྱའོ། །མི་རྟག་པའི་དུང་འབུད་པར་བྱའོ། །སྟོང་པ་ཉིད་ཀྱི་རྔ་བརྡུང་བར་བྱའོ། །བདག་མེད་པའི་སེང་གེའི་སྒྲ་ བསྒྲག་པར་བྱའོ། །ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། སེང་གེ་གཅིག་གིས་གཅན་གཟན་ཚོགས་ནི་དུ་མ་འཇོམས། །རྡོ་རྗེ་གཅིག་གིས་བྲག་གི་རྩེ་མོ་དུ་མ་འཇིག། བརྒྱ་བྱིན་གཅིག་གིས་ལྷ་ མ་ཡིན་དབང་དུ་མ་འཇོམས། །ཉི་མ་གཅིག་གིས་མུན་པ་དུ་མ་རྣམ་པར་སེལ། །གྲོགས་པོ་དག་ཁྱེད་ཅག་ལས་གང་བདུད་རྩི་དོན་དུ་གཉེར་བ་དེ་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ཉིང་མཚམས་ [414B]དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་འདི་ནི། བཙུན་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཉིང་མཚམས་སྦྱོར་པ་ལེན་པར་ བཞེད་ཀྱི། མ་ལ་བདག་གིས་དེ་ལ་གཟི་བརྗིད་བསྒྲུབ་པར་བྱ། ལྷུམས་ཀྱང་སྦྱང་བར་བྱའོ། །སྙམ་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟི་བརྗིད་བསྒྲུབས་ཤིང་ལྷུམས་ ཀྱང་གཙང་བར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་གཟིགས་པ་ལྔས་གཟིགས་ཏེ། འདོད་པ་ན་སྤྱོད་པའི་ལྷ་དྲུག་ལ་ལན་གསུམ་དུ་བསྒྲགས་ནས་ནམ་གྱི་གུང་ཐུན་ལ་ གླང་པོ་ཆེར་བསྟན་ཏེ། བཙུན་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཞུགས་སོ། །སྨྲས་པ། འགྲོ་བ་ཡོངས་སུ་བསྐྱབ་ཕྱིར་དམ་བཞེས་ན་།ལྷ་རྣམས་ལ་བསྒོ་དེ་ནས་ཤི་འཕོས་ཏེ། །ནང་པར་སྤྲིན་རུམ་ཉི་མ་གསར་ འཆར་ལྟར། །དེ་ནི་བུ་རམ་ཤིང་པའི་ལྷུམས་ཞུགས་སོ། །འདི་ལྟར་སྒྱུ་འཕྲུལ་ཆེན་མོས་རྨི་ལམ་བཞི་རྨིས་པ། གླང་པོ་ཆེ་དམ་པ་དཀར་པོ་མཆེ་བ་དྲུག་པ་ཞིག་བདག་གི་རུམ་དྲལ་ནས་ཞུགས་བ་དང་ སྟེང་གི་ནམ་མཁའ་ལ་འགྲོ་བ་དང། རི་བྲག་ཆེན་པོ་ལ་འཛེག་པ་དང། བདག་ལ་སྐྱེ་བོའི་ཚོགས་ཆེན་པོ་ཕྱག་བྱེད་པའོ། །དེས་རྒྱལ་པོ་ཟས་གཙང་ལ་སྨྲས་པ་དང། རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ་ ཤེས་ལྡན་དག་རྨི་ལམ་སྟོན་མཁན་དང། མཚན་མཁན་གྱི་བྲམ་ཟེ་རྣམས་ཁུག་ཅིག། དེ་དག་གིས་རྨི་ལམ་སྟོན་མཁན་དང། མཚན་མཁན་གྱི་བྲམ་ཟེ་རྣམས་བཀུག་པ་དང། དེ་ནས་རྒྱལ་པོས་ [415A]༄༅། །དེ་རྣམས་ལ་རྨི་ལམ་བསྙད་པ་ལས། དེ་རྣམས་ཀྱིས་སྨྲས་པ། ལྷ། བསྟན་བཅོས་ལས་ཇི་ལྟར་གཡར་སྔར་བབ་པ་དང་སྦྱར་ན་སྲས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ ཀྱིས་བརྒྱན་པ་ཞིག་བལྟམས་པར་འགྱུར་ཏེ། གལ་ཏེ་ཁྱིམ་པ་ཁྱིམ་ན་གནས་པར་གྱུར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་ པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་ འགྱུར་རོ། །བར་སྡོམ་ལ། འཆི་འཕོ་ལྷ་དང་རིན་པོ་ཆེ། །ཟུར་བརྒྱད་དུབ་དང་བརྟུལ་ཞུགས་བརྟན། །ཆོས་ཉིད་ཀྱིས། གང་གི་ཚེ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ས་ཆེན་པོ་འདི་ཤིན་ཏུ་གཡོས་པར་གྱུར། འཇིག་རྟེན་འདི་ཐམས་ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ཅིང། འཇིག་རྟེན་ན་འཇིག་རྟེན་གྱི་བར་གྱི་མུན་པ་ མུན་ནག། སྨག་ཏུ་རྒྱུ་པ་གང་དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་དག་གིས་ཀྱང་འོད་ཀྱིས་སྣང་བར་མི་ནུས་པ་དེ་དག་ཀྱང་དེའི་ཚེ་སྣང་བརྒྱ་ཆེན་པོས་གསལ་བར་གྱུར་ ཏོ། །དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་རང་གི་ལག་པ་བརྐྱང་པ་ཡང་མི་མཐོང་བ་ལས། དེ་རྣམས་སྣང་བ་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས་ཤེས་ལྡན་དག་སེམས་ཅན་ [415B] །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཞེས་བྱ་བར་ཤེས་སོ། །ཆོས་ཉིད་ཀྱིས། གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་སུ་ ཞུགས་པ་དེའི་ཚེ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས། དེ་ལ་མིའམ་མི་མ་ཡིན་པ་སུས་ཀྱང་འཚེ་བར་མི་འགྱུར་བར་ལྷའི་བུ་བཞི་ཡུམ་གྱི་སྲུང་མར་འཇོག་པ་ནི། ལག་ན་རལ་གྲི་དང། ལག་ན་མདུང་ དང། ལག་ན་མདུང་ཐུང་དང། ལག་ན་མདའ་བོ་ཆེའོ། །ཆོས་ཉིད་ཀྱིས། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་བཞུགས་པ་ནི། མཛོད་ཀྱི་ནང་དུ་རྫས་བཞག་པ་བཞིན་དུ་མངལ་གྱི་དྲི་མ་ དང། ཤ་མའི་དྲི་མ་དང། ཁྲག་གི་དྲི་མ་དང། མི་གཙང་བ་གང་ཡང་རུང་བ་སྣ་ཚོགས་ཀྱིས་མ་སྦགས་སོ། །དཔེར་ན། ནོར་བུ་རིན་པོ་ཆེ་ཀ་ཤིའི་རས་ཀྱིས་མི་གོས་པ་དང། ཀ་ཤིའི་རས་ཀྱང་ནོར་བུ་རིན་པོ་ ཆེས་མི་གོས་པ་དེ་བཞིན་དུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་བཞུགས་པ་ན། མཛོད་ཀྱི་ནང་དུ་རྫས་བཞག་པ་བཞིན་དུ་མངལ་གྱི་དྲི་མ་དང། ཤའི་དྲི་མ་དང། ཁྲག་གི་དྲི་མ་དང་ མི་གཙང་བ་གང་ཡང་རུང་བ་སྣ་ཚོགས་ཀྱིས་མ་སྦགས་སོ། །ཆོས་ཉིས་ཀྱིས། གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ་ཡུམ་གྱི་ལྷུམས་ན་དེ་དག་ཐམས་ ཅད་ཡོངས་སུ་རྫོགས་པས་བཞུགས་པ་མཐོང་ངོ། །དཔེར་ན། བཻ་ཌཱུརྱ་ཟུར་བརྒྱད་པ། བཟང་པོའི་རིགས་དང་ལྡན་པ། དང་བ། གསལ་བ། དྲི་མ་མེད་པ། ཚོན་སྐུད་སྣ་ལྔ། སྔོན་པོ་དང། སེར་པོ་ [416A]༄༅། །དང། དམར་པོ་དང། དཀར་པོ་དང། ལེབ་རྒན་ལ་བརྒྱུས་པ་དེ། སྐྱེས་བུ་མིག་དང་ལྡན་པས་མཐོང་ན། འདི་ནི། སྐུད་པའོ། །འདི་ནི། ནོར་བུའོ། །སྐུད་པ་འདི་ལ་ནོར་ བུ་བརྒྱུས་པ་ཡིན་ནོ། །ཞེས་ཤེས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་གང་གི་ཚེ་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ། ཡུམ་གྱི་ལྷུམས་ན་དེ་ཐམས་ཅད་ཡོངས་སུ་རྫོགས་པས་ བཞུགས་པ་མཐོང་ངོ། །ཆོས་ཉིད་ཀྱིས། གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ་དེའི་ཡུམ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འཛིན་པས་ ལུས་ངལ་བའམ་ལུས་དུབ་པར་འགྱུར་བ་མེད་དོ། །ཆོས་ཉིད་ཀྱིས། གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ། ཡུམ་དེང་ཕན་ཆད་ཇི་སྲིད་ འཚོའི་བར་དུ་བརྟུལ་ཞུགས་ལྔའི་གཞི་བླངས་པར་གྱུར་ཏེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་གོ་མ་བྱིན་པར་ལེན་པ་དང། མི་ཚངས་པར་སྤྱོད་པ་དང་ བརྫུན་དུ་སྨྲ་བ་དང། སྦྱར་བའི་ཆང་དང། འབྲུའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། སྦྱར་བའི་ཆང་དང་འབྲུའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ ལྡོག་པར་བྱེད་དོ། །སྲོག་མི་གཅོད་དང་མ་བྱིན་མི་ལེན་དང། །བརྫུན་དུ་མི་སྨྲ་ཆང་ལ་མི་བརྐམ་དང། །འཁྲིག་པའི་མི་ཚངས་སྤྱོད་པ་སྤོང་བ་འདི། །འདི་ནི་དོན་གྲུབ་ཡུམ་གྱི་ཆོས་ཉིད་ཡིན། ཆོས་ [416B] གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ་དེའི་ཡུམ་འདི་ལྟ་སྟེ། སྐྱེས་པ་རྣམས་ལ་འདོད་པ་དང་ལྡན་པའི་ཡིད་གཏོད་པ་མེད་དོ། །ཉོན་མོངས་ རྣམས་ལ་ཆགས་པར་མི་འགྱུར་ཞིང། །དེ་ནི་འདོད་རྒྱུས་སེམས་གདུངས་མི་འགྱུར་ལ། །དེ་ཡུལ་འདོད་པའི་ཡོན་ཏན་ལྡན་པ་ཡི། །སྐྱེས་པ་རྣམས་ལ་སེམས་ནི་གཏོད་པ་མེད། །སྒྱུ་འཕྲུལ་ཆེན་མོ་འདོད་པ་ སྐྱེས་པ། ཀྱེ་མ། བདག་གིས་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བཏུང་ངོ། །སྙམ་ནས། དེས་རྒྱལ་པོ་ཟས་གཙང་ལ་སྨྲས་པ་དང། རྒྱལ་པོ་ཟས་གཙང་གིས་མཚན་མཁན་རྣམས་ལ་སྨྲས་པ། ཅིའི་ཕྱིར་བཙུན་མོ་འདི་ ལྟ་བུའི་འདོད་པ་སྐྱེ། མཚན་མཁན་རྣམས་ཀྱིས། ལྷ། བཙུན་མོ་ལ་སྲས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་བརྒྱན་པ་ཞིག་བལྟམས་པར་འགྱུར་ཏེ། དེ་རབ་ཏུ་བྱུང་ནས་ཤེས་བྱའི་མཚོ་ མཐའ་དག་འཐུང་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །རྒྱལ་པོས་སྨྲས་པ། གལ་ཏེ་འདི་ལ་མཚོ་ཆེན་པོའི་ཆུ་མ་བླུད་ན་ཅིར་འགྱུར་སྲས་ཡན་ལག་མ་ཚང་བ་ཞིག་བཙས་པར་འགྱུར་རོ། །རྒྱལ་པོས་ སྨྲས་པ། ང་མིང་ཟས་གཙང་མ་ཞེས་བྱ་བའི་བུ་ཡན་ལག་མ་ཚང་བར་བྱའམ། དེའི་ཚེ་གྲོང་ཁྱེར་སེར་སྐྱའི་གཞི་ན་ཀུན་ཏུ་རྒྱུ་མིག་དམར་ཞེས་བྱ་བ་མིག་འཕྲུལ་ལ་བྱང་བ་ཞིག་འདུག་པ་དེ་རྒྱལ་པོས་ བཀུག་ནས་བསྒོ་བ་དང། དེས་དེ་སྟེང་གི་ཁང་བཟང་གི་གཞི་ན་འདུག་པ་ལ་རྒྱ་མཚོ་ཆེན་པོ་བཞི་བསྟན་ཏེ་ཆུ་བླུད་པ་དང་དེའི་འདོད་པ་སྐྱེས་པ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ། །གཞན་ཡང་དེའི་འདོད་ [417A]༄༅། །པ་སྐྱེས་པ། ཀྱེ་མ། བཙོན་ཐམས་ཅད་ཐར་པར་བྱའོ་།སྙམ་པ་དང། རྒྱལ་པོས་བཙོན་ཐམས་ཅད་ཐར་པར་བྱས་ནས་དེའི་འདོད་པ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ། །གཞན་ ཡང་དེའི་འདོད་པ་སྐྱེས་པ། ཀྱེ་མ། སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱའོ། །སྙམ་པ་དང། རྒྱལ་པོས་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ནས། དེའི་འདོད་པ་སྐྱེས་པ་གང་ཡིན་པ་དེ་དང་བྲལ་ བར་གྱུར་ཏོ། །གཞན་ཡང་དེའི་འདོད་པ་སྐྱེས་པ། ཀྱེ་མ། བདག་སྐྱེད་མོས་ཚལ་བལྟའོ། །སྙམ་པ་དང། རྒྱལ་པོས་སྐྱེད་མོས་ཚལ་བསྟན་ནས་དེའི་འདོད་པ་སྐྱེས་པ་གང་ཡིན་པ་དེ་དང་བྲལ་བར་གྱུར་ ཏོ། །གཞན་ཡང་དེའི་འདོད་པ་སྐྱེས་པ། ཀྱེ་མ། བདག་སྐྱེད་མོས་ཚལ་དུ་འདུག་པར་བྱའོ། །སྙམ་པ་དང། རྒྱལ་པོ་ལེགས་པར་རབ་སད་ལ་ལུམྦི་ནིའི་ཚལ་ཞེས་བྱ་བའི་སྐྱེད་མོས་ཚལ་ཡོད་ནས། དེ་ལ་ རྒྱལ་པོ་ཟས་གཙང་གིས་སྤྲིང་བ། ཁྱོད་ཀྱི་བུ་མོ་སྐྱེད་མོས་ཚལ་དུ་འགྲོ་བར་འདོད་ཀྱི། སྐྱེད་མོས་ཚལ་གྱི་བྱི་དོར་བྱོས་ཤིག་དེའི་ཞོ་ཤས་འཚོ་བ་དག་ལ་བསྒོ་བ། ཤེས་ལྡན་དག་སྐྱེད་མོས་ཚལ་གྱི་ བྱི་དོར་བྱོས་ཤིག་དེ་རྣམས་ཀྱི་སྐྱེད་མོས་ཚལ་གྱི་བྱི་དོར་བྱས་སོ། །དེ་ནས་འཁོར་རྣམས་དང་ལྷན་ཅིག་དོང་ངོ། །དེ་ནས་དེས་ལུམྦི་ནིའི་ཚལ་དུ་འཆག་པ་ན། ཤིང་མྱ་ངན་འཚང་མེ་ཏོག་ཤིན་ཏུ་ རྒྱས་པ་ཞིག་མཐོང་སྟེ། དེ་བལྟམས་པར་འདོད་ནས་དེ་ལ་བཟུང་སྟེ་འདུག་པ་དང། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསམ་པ་བྱང་ཆུབ་སེམས་དཔའི་ཡུམ་ནི། ངོ་ཚ་ཤེས་པ་དང་ལྡན་པས་ [417B] བལྟམས་མི་ཕོད་ཀྱི་ཐབས་ཤིག་བཤམ་པར་བྱའོ། །སྙམ་ནས། དེས་རླུང་དང་ཆར་དྲག་ཅིག་སྤྲུལ་ནས་དེས་སྐྱེ་བོའི་ཚོགས་དེ་ཀུན་ཏུ་བྲོས་སོ། །དེ་ནས་ལྷ་རྣམས་ཀྱི་ དབང་པོ་བརྒྱ་བྱིན་གྱིས་བདག་ཉིད་མ་མ་རྒན་མོའི་ཆ་བྱད་དུ་མངོན་པར་སྤྲུལ་ནས་བཙུན་མོ་སྒྱུ་འཕྲུལ་ཆེན་མོའི་མདུན་དུ་བསྡད་པ་དང། དེས་བལྟམས་པར་བརྩམས་སོ། །བྱང་ཆུབ་སེམས་དཔའ་བལྟམས་ པ་དང། བརྒྱ་བྱིན་གྱིས་པགས་པའི་སླེབ་མོས་བཟུང་ངོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། བརྒྱ་བྱིན་འདི། བདག་གིས་བྱང་ཆུབ་སེམས་དཔའ་བླངས་སོ། །ཞེས་དྲེགས་པར་ འགྱུར་བར་མཁྱེན་ནས། བདག་ཉིད་རྡོ་རྗེའི་སྐུར་བྱིན་གྱིས་བརླབས་པ་དང། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདར་བར་གྱུར་ཏོ་།བྱང་ཆུབ་སེམས་དཔས་བཀའ་སྩལ་པ། ཀོའུ་ཤི་ཀ། ཐོང་ཞིག་ ཐོང་ཞིག་ཕར་སོང་ཞིག་ཆོས་ཉིད་ཀྱིས། གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་བལྟམས་པ་དེའི་ཚེ་ཡང་ས་ཆེན་པོ་འདི་གཡོས་པར་གྱུར་ཅེས་བྱ་བ་ནས་ཤེས་ལྡན་དག་ སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ།།།།འདུལ་བ་བཞི། བམ་པོ་གྱ་གཉིས་པ། ཆོས་ ཉིད་ཀྱིས། གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་ནས་བལྟམས་པ་ན་རལ་གྲི་ཤུབས་ནས་ཕྱུང་བ་བཞིན་དུ་མངལ་གྱི་དྲི་མ་དང། ཤ་མའི་དྲི་མ་དང། ཁྲག་གི་དྲི་མ་ [418A]༄༅། །དང། མི་གཙང་བ་གཞན་དང་གཞན་སྣ་ཚོགས་ཀྱིས་མ་གོས་སོ། །ཆོས་ཉིད་ཀྱིས། གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡུམ་གྱི་ལྷུམས་ནས་བལྟམས་པ་དེའི་ ཚེ། དེའི་ཡུམ་མི་འདུག་མི་ཉལ་ཏེ། འགྲེང་བཞིན་དུ་རྒྱལ་རིགས་མ་དེས་རྒྱལ་རིགས་བལྟམས་པར་བྱེད་དོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམས་པའི་མོད་ལ་སུས་ ཀྱང་མ་བཟུང་བར་ཕྱོགས་བཞིར་གཟིགས་ནས་གོམ་པ་བདུན་བདུན་འདོར་ཞིང་ཚིག་ཏུ་ཡང་གསུང་ལ། འདི་ནི། ཤར་ཕྱོགས་ཡིན་ཏེ། མྱ་ངན་ལས་འདས་པའི་ཐོག་མར་འགྲོ་བར་བྱའོ། །འདི་ནི། ལྷོ་ ཕྱོགས་ཡིན་ཏེ། འགྲོ་བ་མཐའ་དག་གི་ཡོན་གནས་སུ་འགྱུར་བར་བྱའོ་།འདི་ནི། ནུབ་ཕྱོགས་ཡིན་ཏེ། ངའི་སྐྱེ་བ་ཐ་མ་ནི། འདི་ཡིན་པར་འགྱུར་རོ། །འདི་ནི། བྱང་ཕྱོགས་ཡིན་ཏེ། སྲིད་པའི་ མཚོ་ལས་བརྒལ་བར་བྱའོ། །དེའི་དབུའི་སྟེང་ནས་ལྷ་རྣམས་གདུགས་དཀར་པོ་དང། རྔ་ཡབ་ནོར་བུའི་ཡུ་བ་ཅན་དག་འཛིན་ཏོ། །ཆོས་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་བལྟམས་པའི་མོད་ ལ་བར་སྣང་ལས་ཆུ་བསིལ་བ་ཞིག་དང། ཆུ་དྲོན་མོ་ཞིག་སྟེ། ཆུ་གཉིས་ཀྱི་རྒྱུན་སྤྱི་གཙུག་གི་སྟེང་དུ་འབབ་ཅིང། དེས་བྱང་ཆུབ་སེམས་དཔའ་ཁྲུས་མཛད་དོ། །ཆོས་ཉིད་ཀྱིས། བྱང་ཆུབ་སེམས་ དཔའ་བལྟམས་པའི་མོད་ལ་སྐྲུན་པའི་ཡུམ་གྱི་མདུན་དུ་ཆུ་མིག་ཆེན་པོ་བྱུང་ནས་འབབ་པར་འགྱུར་ཏེ། དེ་ལ་དེའི་ཡུམ་ཆུས་ཆུའི་བྱ་བ་བྱེད་དོ། །ཆོས་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་ [418B]པདྨ་དང། ཀུ་མུ་ད་དང། པདྨ་དཀར་པོ་དང། ཨ་ཀ་རུའི་ཕྱེ་མ་དང། རྒྱ་སྤོས་ཀྱི་ཕྱེ་མ་དང། ཙནྡན་གྱི་ཕྱེ་མ་དང། ཏ་མ་ལའི་འདབ་མས་འཐོར་ རོ། །ལྷའི་མེ་ཏོག་མན་དཱ་ར་བས་ཀྱང་འཐོར་རོ། །ལྷའི་སིལ་སྙན་རྣམས་ཀྱང་སྒྲ་འབྱིན་ནོ། །གོས་དག་ཀྱང་འཐོར་བར་བྱེད་དོ། །བར་སྡོམ་ལ། བལྟམས་དང་བཞེངས་དང་གོམ་པ་བདུན། །ཆུ་རྒྱུན་གཉིས་ དང་ཆུ་མིག་ལྷ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བལྟམས་པ་དེ་ཉིད་ཀྱི་ཚེ། རྒྱལ་པོ་བཞིར་ཡང་བུ་བཙས་ཏེ། མཉན་ཡོད་དུ་རྩིབས་ཀྱིས་འཕུར་ཚངས་སྦྱིན་གྱི་བུ་ བཙས་པ་ན། དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན། ཡུལ་གསལ་བ་གསལ་བ་བཞིན་དུ་སྣང་བས། དེ་བས་ན། འདིའི་མིང་གསལ་རྒྱལ་ཞེས་བྱ་བར་གདགས་སོ། །ཞེས་བཏགས་ སོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་རྒྱལ་པོ་པདྨ་ཆེན་པོའི་བུ་བཙས་པ་ན། དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་ཉི་མའི་གཟུགས་ཤར་བ་ལྟར་སྣང་ཞིང་གཟུགས་ཅན་མའི་ བུ་ཡིན་པས། མིང་གཟུགས་ཅན་སྙིང་པོ་ཞེས་བྱ་བར་གདགས་སོ། །ཞེས་བཏགས་སོ། །ཀོའུ་ཤམྦྷི་ན་རྒྱལ་པོ་དམག་བརྒྱ་པའི་བུ་བཙས་པ་ན། དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན། འཇིག་རྟེན་ཉི་ མ་ཤར་བ་ལྟར་སྣང་བར་གྱུར་པས། འདིའི་མིང་ཤར་པ་ཞེས་བྱ་བར་གདགས་སོ། །ཞེས་བཏགས་སོ། །གྲོང་ཁྱེར་འཕགས་རྒྱལ་དུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་བཙས་པ་ན། དེ་འདི་སྙམ་དུ་ [419A]༄༅། །སེམས་ཏེ། བདག་གི་བུ་བཙས་པ་ན། འཇིག་རྟེན་སྒྲོན་མས་སྣང་བ་ལྟ་བུར་གྱུར་པས། འདིའི་མིང་རབ་སྣང་ཞེས་བྱ་བར་གདགས་སོ། །ཞེས་བཏགས་ཏེ། དེ་ནི། དེ་ལྟ་མ་ཡིན་ ནོ། །འོན་ཀྱང་དེ་ཐམས་ཅད་ནི། བྱང་ཆུབ་སེམས་དཔའི་མཐུ་ཡིན་ནོ། །རི་བོ་ཀུན་འཛིན་ལ་དྲང་སྲོང་ཉོན་མོངས་མེད་ཅེས་བྱ་བ་འཇིག་པ་ལ་མཁས་པ། འཆགས་པ་ལ་མཁས་པ་ཞིག་གནས་ཏེ། དེའི་ ཚ་བོ་ནི། མིས་བྱིན་ཞེས་བྱའོ། །དེས་དེ་ལ་དུས་དུས་སུ་འཇིག་པའི་གཏམ་དང། འཆགས་པའི་གཏམ་སྨྲས་པས། དེ་དེ་ལས་རབ་ཏུ་བྱུང་ངོ། །བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་བལྟམས་པ་ ན། འཇིག་རྟེན་ཐམས་ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ཏོ་།དེའི་ཚེ་མིས་བྱིན་ཕུག་ཏུ་ཞུགས་ཏེ་བསམ་གཏན་བྱེད་པ་ན། དེས་སྣང་བ་དེ་མཐོང་ནས་ཉོན་མོངས་མེད་ལ་སྨྲས་པ། མཁན་པོ་ འདིར་ནི་ཉི་མ་ཐམས་ཅད་དག་གཅིག་ཅར་བྱུང་བར་གྱུར་ཏམ་ཅི་།འདི་ལྟར་རི་ནི་ཕུག་བཅས་པ། །འདི་ནི་འོད་ཀྱིས་གསལ་བར་གྱུར་།ཉོན་མོངས་མེད་ཀྱིས་དེ་ལ་སྨྲས་པ། ཉི་མའི་འོད་ནི་རྒྱུན་དུ་ རྣོ། །བུ་གཅིག་སྣང་བ་འདི་དག་ནི། །ཡན་ལག་རེག་ན་འདི་བསིལ་བས་།ངེས་པར་ཐུབ་པ་དེ་ཡི་འོད། །བྱང་ཆུབ་སེམས་དཔའ་འོད་ཆེན་ནི་།ངེས་པར་ལྷུམས་ནས་བལྟམས་གྱུར་ལ། །བལྟམས་ ནས་སེམས་དཔའ་ཆེན་པོ་དེའི། །འོད་ཟེར་གསེར་དང་འདྲ་བ་ནི། །དྲི་མ་མེད་པ་འདི་དག་གིས། །འཇིག་རྟེན་གསུམ་ནི་སྣང་བར་བྱས། །མིས་བྱིན་གྱིས་སྨྲས་པ། མཁན་པོ། བདག་བྱང་ཆུབ་ [419B] །དེས་སྨྲས་པ། བུ། ད་ལྟ་བྱང་ཆུབ་སེམས་དཔའ་དབང་ཆེ་བ་དབང་ཆེ་བའི་ལྷ་རྣམས་ཀྱིས་བསྐོར་ཅིང་བཞུགས་པས། གང་ཡང་བདག་ཅག་གིས་སྐབས་མི་རྙེད་པའི་གནས་འདི་ཡོད་ དོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་སེར་སྐྱའི་གཞིར་བྱོན་ནས་དེའི་མིང་འདོགས་པ་དེའི་ཚེ། བདག་ཅག་བལྟ་བའི་ཕྱིར་འདོང་ངོ། །གང་གི་ཉི་མ་ཁོ་ན་ལ་བྱང་ཆུབ་སེམས་དཔའ་བཅོམ་ ལྡན་འདས་བལྟམས་པ་དེ་ཉིད་ཀྱི་ཉི་མ་ཁོ་ན་ལ་རྒྱལ་པོ་ཟས་གཙང་གི་རིམ་གྲོ་བ་རྣམས་ལས་འདུན་པ་ལ་སོགས་ཏེ་ལྔ་བརྒྱ་དང། རིམ་གྲོ་མ་རྣམས་ལས་འདུན་མ་ལ་སོགས་ཏེ་ལྔ་བརྒྱ་བཙས་སོ། །བལ་ གླང་མོ་ལྔ་བརྒྱ་དང། རྟ་རྒོད་མ་ལྔ་བརྒྱ་ལ་ཡང་རྟེའུ་འབྲངས་སོ། །གཏེར་ལྔ་བརྒྱའི་ཁ་ཡང་ཉེ་བར་སྣང་ངོ། །ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་དཔྱ་ཕུལ་ཏེ་བློན་པོ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལ་ ཇི་ལྟར་གྱུར་པ་སྨྲས་པ་དང། རྒྱལ་པོས་བསམ་པ། བདག་གི་བུ་བཙས་པ་ན། བདག་དོན་ཐམས་ཅད་དང། ལས་ཀྱི་མཐའ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པས། གཞོན་ནུའི་མིང་དོན་ཐམས་ ཅད་གྲུབ་པ་ཞེས་གདགས་སོ། །ཞེས་དེ་ན་བྱང་ཆུབ་སེམས་དཔའ་ལ་མིང་འདི་ཐོག་མར་བཏགས་ཏེ། འདི་ལྟ་སྟེ། དོན་ཐམས་ཅད་གྲུབ་པ་ཞེས་བྱའོ། །གྲོང་ཁྱེར་སེར་སྐྱའི་གཞི་ན་གནོད་སྦྱིན་ཤཱཀྱ་ འཕེལ་ཞེས་བྱ་བ་ཞིག་གཉུག་མར་གནས་སོ། །ཤཱཀྱ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི། ཤཱཀྱ་སུ་ཡང་རུང་བ་ལ་ཁྱེའུ་བུ་མོ་བཙས་པ་གང་ཡིན་པ་དེ། གནོད་སྦྱིན་ཤཱཀྱ་འཕེལ་གྱི་རྐང་པ་ལ་ཕྱག་ [420A]༄༅། །འཚལ་དུ་གཞུག་པའི་ཕྱིར་འཁྲིད་པ་ཡིན་པས། རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེངས་ལ་གཞོན་ནུ་གནོད་སྦྱིན་ཤཱཀྱ་འཕེལ་གྱི་རྐང་པ་ལ་ཕྱག་ འཚལ་དུ་ཆུག་ཅིག་ལྷ། བཀའ་བཞིན་འཚལ་ཞེས་བློན་པོ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལ་མཉན་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་ཁྱོགས་ཀྱི་སྟེང་དུ་བྱང་ཆུབ་སེམས་དཔའ་བཞག་ནས་ གྲོང་ཁྱེར་སེར་སྐྱའི་གཞིར་འཇུག་པར་བརྩམས་པ་ན། སེར་སྐྱའི་གཞིའི་ཤཱཀྱ་གཏུམ་པོ། གཟུ་ལུམས་ཅན། རྩུབ་པ། བཙམ་པ་མེད་པ་དེ་རྣམས་བྱང་ཆུབ་སེམས་དཔའ་ནང་དུ་ཞུགས་པ་ན། ཐུབ་ པ་བཞིན་དུ་གནས་པ་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ་དང་རྒྱལ་པོ་ཟས་གཙང་གིས་བསམ་པ། སེར་སྐྱའི་གཞིའི་ཤཱཀྱ་འདི་རྣམས་ནི། གཏུམ་པོ། གཟུ་ལུམས་ཅན། བཙམ་པ་མེད་པ་ ཡིན་ན། གཞོན་ནུ་ནང་དུ་ཞུགས་པ་ན། ཐུབ་པ་བཞིན་དུ་གནས་པས་གཞོན་ནུའི་མིང་ཤཱཀྱ་ཐུབ་པ་ཞེས་བྱ་བར་གདགས་སོ། །ཞེས་དེ་ན་བྱང་ཆུབ་སེམས་དཔའི་མིང་གཉིས་པ་བཏགས་པ་ འདི་ལྟ་སྟེ། ཤཱཀྱ་ཐུབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གནོད་སྦྱིན་ཤཱཀྱ་འཕེལ་གྱི་གནས་དང་ཉེ་བ་ཞིག་ཏུ་བྱོན་པ་དང། གནོད་སྦྱིན་ཤཱཀྱ་འཕེལ་གྱིས་བྱང་ཆུབ་སེམས་དཔའ་གནས་ དང་ཉེ་བར་ཕྱིན་པ་མཐོང་ངོ། །མཐོང་ནས་ཀྱང་ཕྱིར་བྱུང་ནས་ལུས་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་གཏུགས་པ་སྐྱེ་བོའི་ཚོགས་ཀྱིས་རྒྱལ་པོ་ཟས་གཙང་ལ་སྨྲས་པ་ལྷ་ [420B]ཞབས་གཉིས་ལ་གཏུགས་ལགས་སོ། །རྒྱལ་པོས་ཐོས་ནས་སྨྲས་པ། ཤེས་ལྡན་དག་ལྷས་ཀྱང་གཞོན་ནུའི་རྐང་པ་གཉིས་ལ་གཏུགས་པས་ འདི་ནི། ལྷའི་ཡང་ལྷ་ཡིན་པས། དེ་བས་ན། གཞོན་ནུའི་མིང་ལྷའི་ཡང་ལྷ་ཞེས་གདགས་སོ། །ཞེས་དེ་ན་བྱང་ཆུབ་སེམས་དཔའི་མིང་གསུམ་པ་བཏགས་པ། འདི་ལྟ་སྟེ། ལྷའི་ཡང་ལྷ་ཞེས་བྱའོ། །བྱང་ ཆུབ་སེམས་དཔའ་བལྟམས་པའི་མོད་ལ་ཡབ་དང་ཡུམ་གྱིས་མ་མ་རྣམས་ལ་གཏད་ནས། མ་མ་ཁྱོད་ཀྱིས་གཞོན་ནུ་དུས་དུས་སུ་སྐུ་མཉེ་བྱོས་ཤིག་དུས་དུས་སུ་ཁྲུས་བྱོས་ཤིག་དུས་དུས་སུ་ཟན་ བྱིན་ཅིག་དུས་དུས་སུ་ཡང་དག་པའི་བདེ་བས་བསྙེན་བཀུར་བྱོས་ཤིག་།མ་མ་དགའ་བའི་ལག་པ་གཉིས་ཀྱིས་དེ་བླངས་ནས་དུས་དུས་སུ་བསྐུ་མཉེ་བྱེད། དུས་དུས་སུ་ཁྲུས་བྱེད། དུས་དུས་སུ་ཟན་སྦྱིན་ དུས་དུས་སུ་ཡང་དག་པའི་བདེ་བས་བསྙེན་བཀུར་བྱེད་དོ། །ཡང་དེའི་ཚེ་དྲི་ཤིན་ཏུ་ཡིད་དུ་འོང་བའི་ངོ་བོ་གང་ཡིན་པ་དེ་རྣམས་ཀྱིས་བྱུགས་ཤིང། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ཡབ་ཟས་གཙང་ལ་ ཕུལ་བ་དང། རྒྱལ་པོ་ཟས་གཙང་གིས་དེ་བླངས་ཏེ་པང་དུ་བཞག་ནས་ཡང་དང་ཡང་དུ་རྟོག་ཅིང་དགའ་བ་བསྐྱེད་དོ། །ཆོས་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་བལྟམས་པའི་མོད་ལ་ཡབ་དང་ཡུམ་ གྱིས་མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་རྣམས་ལ་ཉེ་བར་སྟོན་པ་ཡིན་པས། ཤེས་ལྡན་དག་ཇིག་གཞོན་ནུ་གང་དག་དང་ལྡན་པའི་སྐྱེས་བུ་ཆེན་པོའི་འགྲོ་བ་གཉིས་སུ་འགྱུར་རོ། །གཞན་དུ་ [421A]༄༅། །ནི། མ་ཡིན་ཏེ། གལ་ཏེ་ཁྱིམ་པ་ཁྱིམ་ན་གནས་པར་གྱུར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ། །མཐའ་བཞིར་རྣམ་པར་རྒྱལ་བ། ཆོས་ཀྱི་རྒྱལ་པོ། ཆོས་དང་ལྡན་ པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི། འདི་ལྟ་བུ་དག་འབྱུང་སྟེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། རྟ་རིན་པོ་ཆེ་དང། ནོར་བུ་ རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། ཁྱིམ་བདག་རིན་པོ་ཆེ་དང། བདུན་པ་ནི། བློན་པོ་རིན་པོ་ཆེའོ། །བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་ གྱི་སྡེ་རབ་ཏུ་འཇོམས་པ་དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པར་གནོད་པར་བསྡོ་བ་མེད་ཅིང་འཚེ་བ་མེད་པ། དེ་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་པས་ལེགས་ པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་ཕྱུང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ནམ། ཤེས་ལྡན་དག་གང་དག་ དང་ལྡན་པའི་སྐྱེས་བུ་ཆེན་པོའི་འགྲོ་བ་གཉིས་སུ་འགྱུར་གྱི་གཞན་ནི་མ་ཡིན་ཞེས་བྱ་བ་ནས་སྔ་མ་བཞིན་དུ་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ། །ཞེས་བྱ་བའི་བར་སྐྱེས་བུ་ཆེན་ [421B] གང་དག་ཡིན། ལྷ་གཞོན་ནུའི་ཞབས་ཤིན་ཏུ་གནས་པ་ལགས་སོ། །ཞབས་གཉིས་ཤིན་ཏུ་གནས་པ་ཉིད་ཀྱིས་ས་ལ་མཉམ་པར་འབབ་སྟེ། ལྷ། འདི་ནི། གཞོན་ ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །དེའི་ཞབས་ཀྱི་མཐིལ་གྱི་ངོས་གཉིས་ལས་འཁོར་ལོ་རྩིབས་སྟོང་པ། ལྟེ་བ་དང་མུ་ཁྱུད་དུ་བཅས་པ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་མཆིས་ཏེ། ལྷ། འདི་ ནི། གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ། གཞོན་ནུ་ནི། སོར་མོ་རིང་བ་དང། ཞབས་ཀྱི་རྟིང་པ་ཡངས་པ་དང། དེའི་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ལགས་ཏེ། ཕྱག་ དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ནི། དཔེར་ན། ཤིང་བལ་གྱི་འདབ་མའམ་རས་བལ་གྱི་འདབ་མ་བཞིན་ནོ། །ལྷ། འདི་ནི། གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ། གཞོན་ནུ་ ནི། ཕྱག་དང་ཞབས་དྲ་བས་འབྲེལ་བ་ལགས་ཏེ། དེའི་ཕྱག་དང་ཞབས་དྲ་བས་འབྲེལ་བ་ནི། དཔེར་ན། ངང་པའི་རྒྱལ་པོ་གཞོན་ནུའི་བཞིན་ནོ། །ལྷ། འདི་ནི། གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ ལགས་སོ། །ལྷ། གཞོན་ནུ་ནི། ཞབས་ལོང་མོའི་ཚིགས་མི་མངོན་པ་དང། བྱིན་པ་རི་དྭགས་ཨེ་ན་ཡའི་ལྟ་བུ་དང། སྐུ་མདུད་པ་དང་སྐུ་བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོའི་ལྷ་ང་གཉིས་ སླེབ་ཅིང་རེག་པ་སྟེ། ལྷ། འདི་ནི། གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ། གཞོན་ནུ་ནི། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ལགས་ཏེ། དེའི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ནི་ [422A]༄༅། །དཔེར་ན། གླང་པོ་ཅང་ཤེས་ཀྱིའམ། རྟ་ཅང་ཤེས་བྱུང་བ་དག་གི་བཞིན་ནོ། །ལྷ། འདི་ནི། གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ། གཞོན་ནུ་ནི། སྐུ་ཇི་སྲིད་ པར་འདོམ་ཡང་དེ་སྲིད་ལ། འདོམ་ཇི་སྲིད་པར་སྐུ་ཡང་དེ་སྲིད་པས་ཤིང་ནྱ་གྲོ་དྷ་ལྟར་མཆུ་ཞེང་གབ་པ་ལགས་ཏེ། ལྷ། འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ། གཞོན་ནུ་ནི་ སྐུ་རོ་སྟོད་སྤུ་རེ་རེ་ནས་སྐྱེ་ཞིང། དེའི་སྐུ་ལ་སྤུ་རེ་རེ་ནས་སྐྱེ་བ་ཡང་མཐིང་ག་ལ་གཡས་ཕྱོགས་སུ་འཁྱིལ་བར་སྐྱེ་ལགས་ཏེ། ལྷ། འདི་ནི། གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ་།ལྷ་ གཞོན་ནུ་ནི། མདོག་གསེར་དང་འདྲ་བ་དང། འོད་འདོམ་གང་བ་དང་པགས་པ་སྲབ་ཅིང་མདོག་གསེར་འདྲ་བ་ལགས་ཏེ། པགས་པ་སྲབ་པ་ཉིད་ཀྱིས་རྡུལ་དང་དྲི་མས་སྐུ་ལ་མི་གོས་པ་སྟེ་ ལྷ། འདི་ནི། གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ་གཞོན་ནུའི་སྐུ་ནི། བདུན་མཐོ་བ་སྟེ། སྐུ་བདུན་མཐོ་བར་འཁྲུངས་པ་ནི། ཕྱག་གཉིས་དང། ཞབས་གཉིས་དང། དཔུང་ མགོ་གཉིས་དང། ལྟག་པ་ལགས་ཏེ། ལྷ། འདི་ནི། གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ། གཞོན་ནུ་ནི། ཐལ་གོང་རྒྱས་པ་དང། སྐུ་རོ་སྟོད་སེང་གེའི་འདྲ་བ་དང། སྐུ་ དྲང་ཞིང་ཁོ་ལག་ཆེ་བ་དང། དཔུང་མགོ་ཤིན་ཏུ་ཟླུམ་པ་དང་ཚེམས་བཞི་བཅུ་མངའ་བ་དང། ཚེམས་མཉམ་པ་དང། ཚེམས་ཐགས་བཟང་བ་དང། མཆེ་བ་ཤིན་ཏུ་དཀར་པ་དང། འགྲམ་ [422B] རོ་བྲོ་བའི་མཆོག་དང་ལྡན་པ་ལགས་ཏེ། ལྷ། འདི་ནི། གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ། གཞོན་ནུ་ནི། ལྗགས་ཤིན་ཏུ་རིང་ཞིང་སྲབ་པ་ལགས་ཏེ་ལྗགས་ ཤིན་ཏུ་རིང་བ་ཉིད་དང། སྲབ་པ་ཉིད་ཀྱི་ཕྱིར་ལྗགས་ཞལ་ནས་བྱུང་བས་སྐྲ་མཚམས་ནས་བཟུང་སྟེ་ཞལ་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་བར་དུ་གཡོགས་པར་མཛད་པ་སྟེ། ལྷ། འདི་ནི། གཞོན་ནུའི་སྐྱེས་བུ་ ཆེན་པོའི་མཚན་ལགས་སོ། །ལྷ། གཞོན་ནུའི་གསུང་ནི། ཚངས་པའི་དབྱངས་དང་ཀ་ལ་པིངྐའི་སྐད་ལྟར་ཡིད་དུ་འོང་བ་དང། རྔའི་དབྱངས་ཅན་ལགས་ཏེ། ལྷ། འདི་ནི། གཞོན་ནུའི་སྐྱེས་བུ་ཆེན་པོའི་ མཚན་ལགས་སོ། །ལྷ། གཞོན་ནུ་ནི། སྤྱན་མཐོན་མཐིང་ལ། བའི་རྫི་མ་ལྟ་བུ་དང། དབུ་གཙུག་ཏོར་དང་ལྡན་པ་དང། སྨིན་མཚམས་ཀྱི་མཛོད་སྤུ་དུང་ལྟར་དཀར་ཞིང་གཡས་སུ་འཁྱིལ་བ་ལགས་ཏེ་ལྷ་ འདི་ནི། གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ལྷ། འདི་དག་ནི། གང་དག་དང་ལྡན་པའི་འགྲོ་བ་གཉིས་སུ་འགྱུར་གྱི། གཞན་དུ་ནི། མ་ལགས་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་འཇིག་ རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ། །ཞེས་བྱ་བའི་བར་གྱི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལགས་སོ། །གལ་ཏེ་གཞོན་ནུ་རབ་ཏུ་མ་བྱུང་བར་གྱུར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོར་ འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་བལྟམས་ནས་ཞག་བདུན་ལོན་པ་དང། དེ་སྐྲུན་པའི་ཡུམ་ནོངས་པར་འགྱུར་ཏེ། ནོངས་མ་ [423A]༄༅། །ཐག་ཏུ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་གྱ་ནོམ་པར་སྐྱེ་བར་འགྱུར་རོ། །ཆོས་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ནི། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་ པ། མིའི་ཁ་དོག་ལས་འདས་པ། ལྷའི་ཁ་དོག་མ་ཐོབ་པ། སྐྱེས་པ་དང་བུད་མེད་རྣམས་ཀྱིས་བལྟས་པ་ན་ངོམས་མི་ཤེས་ཤིང་དགའ་བ་འཐོབ་སྟེ། དཔེར་ན། འཛམ་བུ་ཆུ་བོའི་གསེར་ལ་མགར་ བ་མཁས་པས་རྒྱན་བརྡུངས་པ། ལ་བ་དཀར་པོ་གསར་པའི་སྟེང་དུ་བཞག་ན། ཤིན་ཏུ་གསལ་ཞིང་འབར་ལ་རྣམ་པར་འཚེར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་གཟུགས་ བཟང་བ། མཛེས་པ། བལྟ་ན་སྡུག་པ། མིའི་ཁ་དོག་ལས་འདས་ཤིང་ལྷའི་ཁ་དོག་ནི། མ་ཐོབ་པ་ཡིན་ནོ། །ཆོས་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་སྐྱེ་བོའི་ཚོགས་ཆེན་པོའི་ སྙིང་དུ་སྡུག་པ་དང། ཡིད་དུ་འོང་བར་འགྱུར་ཏེ། སྐྱེ་བོའི་ཚོགས་ཆེན་པོས་དེ་ཕྲག་པར་སྦེད་པ་ནི། དཔེར་ན། སྟོན་ཀའི་པདྨ་སྐྱེ་བོའི་ཚོགས་ཆེན་པོའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བས་ སྐྱེ་བོའི་ཚོགས་ཆེན་པོས་དེ་ལག་པ་ནས་ལག་པར་བརྒྱུད་པར་བྱེད་པ་བཞིན་ཏེ། སྔ་མ་བཞིན་ནོ། །བར་སྡོམ་ལ། མིག་མི་འཛུམ་དང་རྣམ་སྨིན་དང། །གསུང་སྙན་འཇེབས་པ་མཁས་པ་བསྡུས་ ཆོས་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་བལྟམས་པའི་མོད་ནས་སྤྱན་མི་འཛུམ་པར་གཟུགས་རྣམ་པར་ལྟ་སྟེ། དེ་སྤྱན་མི་འཛུམ་པ་ནི། དཔེར་ན། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་བཞིན་ [423B] །ཆོས་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་བལྟམས་པའི་མོད་ནས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལྷའི་སྤྱན་དང་ལྡན་པས། དེས་ན། དེ་ཉིན་མཚན་དུ་དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་ གཟིགས་སོ། །ཆོས་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་བལྟམས་པའི་མོད་ནས་གསུང་སྙན་ཅིང་འཇེབས་པ་དང། གསུང་སྙན་པ་དང། གསུང་ཡིད་དུ་འོང་བ་ཡིན་ཏེ། དཔེར་ན། གངས་ཅན་གྱི་བྱ་སྐད་ སྙན་ཅིང་འཇེབས་པ་དང། སྐད་སྙན་པ་དང། ཡིད་དུ་འོང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་བལྟམས་པའི་མོད་ནས་གསུང་སྙན་ཅིང་འཇེབས་པ་དང། གསུང་སྙན་པ་དང། གསུང་ཡིད་དུ་འོང་བ་ ཡིན་ནོ། །ཆོས་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་བལྟམས་པའི་མོད་ནས་མཁས་པ། གསལ་བ། ཡིད་གཞུངས་པ། རྒྱུད་ལས་འབྱུང་བའི་ཤེས་རབ་དཔྱོད་པ་དང་ལྡན་པ་ཡིན་ཏེ། དེའི་ཚེ་རྒྱལ་ པོ་ཟས་གཙང་གི་དགོས་པའི་ཆེད་ལ་འདུག་ནས་དོན་ཟབ་མོའི་ཚིག་དང། ཡི་གེ་དག་ཤེས་རབ་ཀྱིས་སོ་སོར་འབྱེད་པར་བྱེད་དོ། །དེ་ནས་མིས་བྱིན་གྱིས་སྨྲས་པ། མཁན་པོ། བྱང་ཆུབ་སེམས་ དཔའ་སེར་སྐྱའི་གཞིར་བྱོན་ནས་དེའི་མཚན་ཡང་གསུམ་བཏགས་ཀྱི། ད་ནི། བྱང་ཆུབ་སེམས་དཔའ་ལ་བལྟ་བའི་ཕྱིར་བཞུད་དོ། །དེ་བཞིན་དུ་བྱའོ། །ཞེས་དེ་གཉིས་ཆས་པ་དང། བྱང་ཆུབ་ སེམས་དཔའི་མཐུས་རྫུ་འཕྲུལ་ཉམས་ནས་རྐང་པ་ཁོ་ནས་གྲོང་ཁྱེར་སེར་སྐྱའི་གཞིར་ཞུགས་ནས་རྒྱལ་པོ་ཟས་གཙང་གི་ཁྱིམ་གྱི་སྒོར་སོང་བ་དང། དྲང་སྲོང་ཉོན་མོངས་མེད་ཀྱིས་སྒོ་སྲུང་གི་མི་ལ་ [424A]༄༅། །སྨྲས་པ། ཀྱེ་ནང་རྗེ། སོང་ལ་རྒྱལ་པོ་ཟས་གཙང་ལ་དྲང་སྲོང་ཉོན་མོངས་མེད་ལྷ་ཞལ་མཐོང་བར་འཚལ་ནས་སྒོ་ན་སྡོད་ཅིང་མཆིས་སོ། །ཞེས་གསོལ་ཅིག་དེ་སོང་ནས་ རྒྱལ་པོ་ལ་རིག་པར་བྱས་པ་དང། རྒྱལ་པོས་སྨྲས་པ། ཤེས་ལྡན་ཉོན་མོངས་མེད་ལ་སུ་ཞིག་འགོག་ནང་དུ་ཞུགས་ཤིག་དེ་ཞུགས་པ་དང་རྒྱལ་པོ་ཟས་གཙང་གིས་བཀུར་སྟི་སྔོན་དུ་འགྲོ་བའི་མཆོད་ ཡོན་སྦྲེང་བས་མཆོད་ནས་སྟན་བསྟབས་ཏེ་འདུག་པ་དང། རྒྱལ་པོ་ཟས་གཙང་གིས་བཤེས་པའི་གཏམ་གྱིས་ཀུན་ཏུ་དགའ་བར་བྱས་ནས་སྨྲས་པ། དྲང་སྲོང་ཆེན་པོ་དགོས་པ་ཅི་ཞིག་ལ་འོངས། དེས་ སྨྲས་པ། རྒྱལ་ཆེན་བདག་ཅག་འདིར་མཆིས་པ། ཁྱོད་ཀྱི་སྲས་ནི་མཐོང་བར་འཚལ། །འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཐུབ་པ་དེ་ནི་མཐོང་བར་འཚལ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་གཞོན་ ནུ་ཉལ་གྱི། མ་སད་ཀྱི་བར་དུ་རེ་ཞིག་སྐད་ཅིག་སྡོད་ཅིག་དེས་སྨྲས་པ། ལྷ། མནལ་ལོག་པ་ཉིད་བལྟའོ། །དེ་བཞིན་གྱིས་ཤིག་དེ་ཇི་ཙམ་ན། བྱང་ཆུབ་སེམས་དཔའ་མིག་མ་བཙུམས་ཤིང་ མི་འཛུམ་པར་གཟུགས་རྣམས་ལ་བལྟ་བ་མཐོང་ནས་དེས་ཚིགས་སུ་བཅད་དེ་སྨྲས་པ། རིགས་དང་ལྡན་པའི་རྟ་རྣམས་ནི། །མཚན་མོའི་བཞི་ཆ་ཉལ་བ་ལྟར། །དགོས་པ་དོན་གཉེར་རྣམས་ ཀྱི་གཉིད། །མིག་ལ་ཡུན་རིང་མི་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བལྟམས་པའི་མོད་ཀྱི་མ་མས་པང་དུ་བླངས་ནས་དྲང་སྲོང་ལ་བྱིན་པ་དང། དྲང་སྲོང་ཉོན་མོངས་མེད་ཀྱིས་ལག་པ་གཉིས་ [424B] ལྷ་གཞོན་ནུ་མཚན་མཁན་དང། ལྟས་མཁན་གྱི་བྲམ་ཟེ་རྣམས་ལ་བསྟན་ལགས་སམ། རྒྱལ་པོས་སྨྲས་པ། བསྟན་ཏོ། །དེ་རྣམས་ཀྱིས་ཇི་སྐད་དུ་ ལུང་བསྟན། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །ཞེས་བྱ་བ་ནས་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་དྲང་སྲོང་ཉོན་མོངས་མེད་ཀྱིས་བྱང་ ཆུབ་སེམས་དཔའ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། །རྩོད་པའི་དུས་ན་འཁོར་ལོས་བསྒྱུར་མི་འབྱུང། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། །མཚན་མི་གསལ་དང་ལྡན་ན་མི་དབང་པོ། །གླིང་བཞི་རྣམས་ཀྱི་བདག་པོ་དབང་ཕྱུག་འགྱུར། །ཐུབ་དབང་མཚན་ནི་ཤིན་ཏུ་གསལ་བས་ན། །མི་མཆོག་ སངས་རྒྱས་ཆོས་ཀྱི་འཁོར་ལོས་བསྒྱུར། །ཞེས་སྨྲས་ནས་བདག་ཉིད་ཀྱི་ཚེའི་མཐའ་དང། བྱང་ཆུབ་སེམས་དཔའི་མངོན་པར་བྱང་ཆུབ་པ་ལ་བརྟག་པ་ལ་ཞུགས་པ་དང། བྱང་ཆུབ་སེམས་དཔའ་ལོ་ ཉི་ཤུ་རྩ་དགུ་བཞེས་ནས་ཁབ་ནས་བྱུང་ནས་ལོ་དྲུག་ཏུ་དཀའ་བ་སྤྱོད་པར་འགྱུར་ཏེ། དེ་ནས་བདུད་རྩི་རྟོགས་པར་འགྱུར་བར་མཐོང་ངོ། །བདག་ནི། བར་སྐབས་དེར་ཤི་བའི་དུས་བྱེད་པར་འགྱུར་པར་ མཐོང་ནས་དེ་མིག་མཆི་མས་གང་སྟེ་འདུག་པ་རྒྱལ་པོ་ཟས་གཙང་གིས་མཐོང་ནས་སྡངས་ནས་ཚིགས་སུ་བཅད་དེ་སྨྲས་པ། སྐྱེ་བ་བུད་མེད་རྣམས་ཀྱིས་གར་མཐོང་ན། ངོམས་པར་མི་འགྱུར་དགའ་བ་ [425A]༄༅། །ཐོབ་འགྱུར་བ། །ལུས་བཟང་དགེ་བྱེད་དེ་ནི་འདིར་མཐོང་ནས། །དྲང་སྲོང་ཆེན་པོ་ཅི་སླད་ངུ་བཞིན་གྱུར། །ག་ལས་བདག་གི་གཞོན་ནུ་འཇིགས་པ་འམ། །ཚེ་ཟད་འགྱུར་བ་ཉེ་བར་མི་གནས་ གྲང། །དེ་ནི་མྱུར་དུ་ལེགས་པར་བདག་ལ་སྨྲོས། །ཁྱོད་ཀྱི་མཆི་མས་བདག་ནི་འདར་བར་གྱུར། །དྲང་སྲོང་ཉོན་མོངས་མེད་ཀྱིས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། གལ་ཏེ་འདི་ཡི་སྟེང་དུ་ནམ་མཁའ་ལས་།རྡོ་ རྗེའི་སེར་དྲག་འཕངས་པ་བབ་གྱུར་ཀྱང། །ཐུབ་པ་ཆེན་པོའི་སྐུ་ལས་བ་སྤུ་ནི། །ཉག་མ་གཅིག་ཀྱང་གཡོ་བར་མི་ནུས་སོ། །མེ་ཆེན་རླུང་གི་ཤུགས་ཀྱིས་བདས་པ་དང། མཚོན་ཆ་རྣོན་པོ་ཤིན་ཏུ་མི་བཟད་ དང། །དྲག་པོའི་དུག་དང་སྦྲུལ་གྱི་དུག་རྣོན་ཡང། །གཞོན་ནུ་ལ་བབ་སྐད་ཅིག་འཇིག་མི་འགྱུར། །ཐུགས་རྗེ་ཉིད་ལ་གནས་གྱུར་གང་ལགས་པ། །འཇིགས་པར་ཉེན་པ་རྣམས་ལ་མི་འཇིགས་སྩོལ། །དེ་ནི་ འཇིག་རྟེན་ཀུན་གྱི་འཇིགས་འཇོམས་ན། །མི་དབང་འདི་ལ་འཇིགས་པ་ག་ལ་འབྱུང། །འཇིག་རྟེན་ན་ནི་བདག་ཉིད་ཆེ་རྣམས་ཀྱི། །གཙོར་གྱུར་བདག་ཉིད་ཆེན་པོ་གང་ཞིག་ལ། །ཚངས་བཅས་ལྷ་ཡང་ རྟག་ཏུ་སྲུང་བྱེད་པ། །མི་དབང་དེ་ལ་འཇིགས་པ་ག་ལ་འབྱུང། །མི་དབང་བདག་གི་རྒྱུད་པ་མཐོང་ནས་ནི། །གང་ཕྱིར་ཞི་བ་མི་འཐོབ་བདག་སྡུག་མོད། །ཆོས་ཀྱི་མཆོག་མཛོད་འདི་དང་འཕྲད་ནས་ནི། ། དོན་མི་ཐོབ་པར་བདག་ནི་འཆི་བར་འགྱུར། །གང་དག་སྨྲ་བའི་དམ་པ་མཚུངས་མེད་པ། །འདི་ཡི་ཆོས་ཐོས་འགྱུར་ཞིང་ཐོས་ནས་ཀྱང་།རབ་ཏུ་ཞི་བའི་ཕ་རོལ་འགྲོ་དེ་དག་སྐྱེད་ཅིང་བསོད་ནམས་ [425B] །དྲང་སྲོང་ཉོན་མོངས་མེད་རྒྱུད་ཉོན་མོངས་པ་ཅན་གྱིས་བསམ་པ། བྱང་ཆུབ་སེམས་དཔའི་མཐུས་བདག་གི་རྫུ་འཕྲུལ་ཉམས་ཏེ་བདག་རྐང་གིས་སོང་ནས། སྐྱེ་བོའི་ཚོགས་ཆེན་པོ་དང་རྒྱལ་པོ་ འཕྱ་བར་འགྱུར་རོ། །སྙམ་དུ་རིག་ནས་སྨྲས་པ། ལྷ། ཁྱོད་ཡུན་རིང་པོ་ནས་ཀྱེ་མའོ། །དྲང་སྲོང་ཉོན་མོངས་མེད་རྐང་ཁོ་ནས་སེར་སྐྱའི་གཞིར་ཞུགས་པར་གྱུར་ཀྱང་ཅི་མ་རུང་སྙམ་དུ་དགོངས་པ་སྐྱེས་པ། བདག་གི་རྐང་ གིས་སེར་སྐྱའི་གཞིར་ཞུགས་ཏེ་ད་ནི། རྐང་ཁོ་ནས་ཕྱིར་འབྱུང་གི་ཁྱོད་ཀྱིས་ལམ་བསྟར་བ་དང། གྲོང་ཁྱེར་བྱི་དོར་བྱེད་དུ་སྩོལ་ཅིག་རྒྱལ་པོ་ཟས་གཙང་གིས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ དེངས་ལ་གྲོང་ཁྱེར་གྱི་བྱི་དོར་དང་ལམ་སྟོར་དུ་ཆུག་ལ། ལམ་པོ་ཆེ་དང། ཚོང་འདུས་དང། བཞི་མདོ་དང། སུམ་མདོ་རྣམས་སུ་དྲང་སྲོང་ཉོན་མོངས་མེད་རྐང་གིས་གྲོང་ཁྱེར་སེར་སྐྱའི་གཞི་ནས་ཕྱིར་འབྱུང་གི་ ཁྱེད་ཅག་གིས་བྱ་བ་དང་བྱེད་པ་གང་ཡིན་པ་དེ་དག་བྱོས་ཤིག་།ཅེས་དྲིལ་སྒྲོགས་ཤིག་ལྷ། བཀའ་བཞིན་འཚལ་ཞེས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལས་མཉན་ནས་གྲོང་ཁྱེར་སེར་སྐྱའི་གཞི་རྡོ་བ་དང་ གསེག་མ་དང། གྱོ་མོ་རྣམས་བསལ་ནས་ཙནྡན་གྱི་ཆུས་ཆག་ཆག་བཏབ། ཤིན་ཏུ་དྲི་ཞིམ་པོའི་པོག་ཕོར་ཉེ་བར་བཞག་དར་གྱི་ཆུན་འཕྱང་མང་པོ་བཅངས། རྒྱལ་མཚན་དང། བ་དན་བསྒྲེང་ནས་ ལམ་པོ་ཆེ་དང། ཚོང་འདུས་དང། བཞི་མདོ་དང། སུམ་མདོ་རྣམས་སུ་དྲིལ་སྒྲོག་ཏུ་བཅུག་པ། སེར་སྐྱའི་གཞིའི་ཤཱཀྱ་ཤེས་ལྡན་དག་ཉོན་ཅིག་དྲང་སྲོང་ཉོན་མོངས་མེད་གྲོང་ཁྱེར་སེར་སྐྱའི་གཞི་ནས་ [426A]༄༅། །ཕྱིར་འབྱུང་གི། ཁྱེད་ཅག་གིས་བྱ་བ་དང་བྱེད་པ་གང་ཡིན་པ་དེ་བྱོས་ཤིག། དེ་ནས་དེ་ཉོན་མོངས་པའི་བློ་དང་ངན་གཡོའི་སྤྱོད་པས་རྒྱལ་པོ་ཟས་གཙང་བློན་པོའི་ཚོགས་ཀྱིས་ ཡོངས་སུ་བསྐོར་བ་དང། སེར་སྐྱ་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་དུ་མ་རྗེས་བཞིན་དུ་འབྲང་ཞིང་འབྱོར་པ་མཆོག་གིས་གྲོང་ཁྱེར་གྱི་དབུས་ནས་དབུས་སུ་བྱུང་སྟེ་གྲོང་ཁྱེར་སེར་སྐྱའི་སྒོར་བྱུང་ནས་ རྒྱལ་པོ་སླར་བཟློག་སྟེ་ཇི་ལྟར་དགའ་བའི་སྤྱོད་ལམ་གྱིས་སོང་སྟེ། རིམ་གྱིས་རི་བོ་ཀུན་འཛིན་གྱི་དྲུང་དུ་ཕྱིན་པ་དང། དེ་དེ་ལ་འཛེག་ནས་ཕན་ཚུན་ཉུལ་ཞིང་ཇི་ལྟར་འདོད་པའི་གནས་ཤིག་བཙལ་ནས་ཕྱོགས་ ཤིག་ཏུ་འདུག་གོ། དེ་ནས་དེ་ལམ་གྱིས་དུབ་པ་ངལ་སོས་ཏེ་བསམ་གཏན་བསྐྱེད་ནས་རྫུ་འཕྲུལ་ཡང་བསྐྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་དྲང་སྲོང་ཉོན་མོངས་མེད་ནད་ཀྱིས་ཐེབས་ནས། དེ་རྩ་བ་དང་ སྡོང་བུ་དང། ལོ་མ་དང། མེ་ཏོག་དང། འབྲས་བུའི་སྨན་གྱིས་བསྙེན་བཀུར་བྱས་ན། འོན་ཀྱང་ཕྱིར་ཐུ་བར་གྱུར་ཏོ། །དེ་ནས་མིས་བྱིན་གྱིས་དེའི་ལུས་ཀྱི་གནས་རྣམས་བརྟགས་ནས་སྨྲས་པ། མཁན་ པོ༑ བདག་ཅག་ཅུང་ཟད་རབ་ཏུ་བྱུང་བ་དེ་ཐམས་ཅད་ནི། བདུད་རྩིའི་ཆེད་དང། བདུད་རྩི་བཙལ་བའི་ཕྱིར་ལགས་ན། གལ་ཏེ་མཁན་པོས་བདུད་རྩི་རྟོགས་པར་གྱུར་ན། བདུད་རྩི་དེ་ལས་བདག་ ཅག་ལ་ཡང་བགོས་ཤིག་དེས་སྨྲས་པ། བྲམ་ཟེའི་ཁྱེའུ། ཁོ་བོ་ཡང་ཅུང་ཟད་རབ་ཏུ་བྱུང་བ་དེ་ཐམས་ཅད་བདུད་རྩིའི་ཆེད་དང་བདུད་རྩི་བཙལ་བའི་ཕྱིར་ཡིན་ན། ཁོ་བོས་ཀྱང་བདུད་རྩི་མ་ [426B] །དེ་ལྟ་མོད་ཀྱི། ཤཱཀྱ་རྣམས་ཀྱི་ནང་དུ་བྱུང་བའི་གཞོན་ནུ་གང་ཡིན་པ་དེས། བདུད་རྩི་འདི་རྟོགས་པར་འགྱུར་ཞིང། བདུད་རྩིས་ཀྱང་འགྲོ་བ་ཚིམ་པར་བྱེད་པར་འགྱུར་གྱི། དེའི་དྲུང་དུ་རབ་ཏུ་ཕྱུང་ ཞིག་ཁྱོད་རབ་ཏུ་བྱུང་ནས་ཀྱང་རིགས་བརྗོད་པར་མི་བྱ། རུས་བརྗོད་པར་མི་བྱ། བྲམ་ཟེའི་ཁྱེའུ་བརྗོད་པར་མི་བྱ་སྟེ། རབ་ཏུ་བྱུང་ནས་ཀྱང་ཚངས་པར་སྤྱོད་པ་འབའ་ཞིག་སྤྱད་པར་བྱ་ཞིང། བདུད་རྩི་རྟོགས་ པར་བྱ་བའི་ཕྱིར་བརྩོན་པར་བྱའོ། །དེ་ནས་ཁྱོད་ཀྱིས་བདུད་རྩི་རྟོགས་པར་འགྱུར་རོ། །ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། དེ་བཞིན་གཤེགས་པ་ཚོལ་འདོད་ན། །ཤར་གྱི་ཕྱོགས་སུ་ཁྱོད་འདུག་ དང། །ཡང་དག་སངས་རྒྱས་གྲགས་ལྡན་པ། །རྙེད་པར་དཀའ་བ་མཐོང་བར་འགྱུར། །ཞེས་བྱ་བ་སྨྲས་ནས། བསགས་པ་ཀུན་གྱི་མཐའ་འཛད་ཅིང། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །འཕྲད་པའི་ མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་སྨྲས་ཏེ། དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེ་ནས་མིས་བྱིན་གྱིས་དེའི་ལུས་ལ་ལུས་ཀྱི་མཆོད་པ་བྱས་ནས་ཝཱ་ར་ཎཱ་སིར་སོང་སྟེ་གནས་སོ། ། དེ་དེ་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་གོ། མིས་བྱིན་གྱི་རུས་ཀ་ཏྱ་ན་ཡིན་པས། དེའི་མིང་ཀ་ཏྱའི་བུ། ཀ་ཏྱའི་བུ་ཞེས་བྱ་བར་གྱུར་ཏོ། །དེ་སངས་རྒྱས་བཅོམ་ལྡན་འདས་མངོན་ པར་བྱང་ཆུབ་པ་ན་སྤྱན་སྔར་འགྲོ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀ་ཏྱའི་བུ་དེ་ལ་གདམས་ངག་ཕོག་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ། ཤིན་ཏུ་མཐར་ཕྱིན་པའི་གྲུབ་པ་དང་བདེ་བ་མྱ་ངན་ལས་ [427A]༄༅། །འདས་པ་ལ་འཇོག་པར་འགྱུར་ཏེ། དེའི་མིང་ནི། ཀ་ཏྱའི་བུ་ཆེན་པོ། ཀ་ཏྱའི་བུ་ཆེན་པོ། ཞེས་བྱ་བར་འགྱུར་རོ། །དེ་ནས་དུས་གཞན་ཞིག་ན་བྱང་ཆུབ་སེམས་དཔའ་འཁྲུངས་ནས་རིང་ པོ་མ་ལོན་པར་མ་མའི་བང་དུ་བཞུགས་ནས་གསེར་གྱི་གཞོང་པར་འབྲས་དང་ཤར་བསྲེས་པའི་ཆན་གསོལ་བ་ན། དེ་མ་མས་བཀག་ཀྱང་མ་ཐུབ་པར་མང་པོར་གསོལ་ནས་དབྲོག་པར་བརྩམས་པ་དང་ དབྲོག་མ་ནུས་ནས་དེས་རྒྱལ་པོ་ཟས་གཙང་ལ་སྦྲན་པ་དང། རྒྱལ་པོས་བཙུན་མོ་དང་ལྷན་ཅིག་གིས་དབྲོག་པར་བརྩམས་པ་དང། དེས་ཀྱང་མ་ནུས་སོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་དང་སེར་སྐྱ་ན་གནས་ པའི་སྐྱེ་བོའི་ཚོགས་རྣམས་ལ་བསྒོ་ན། དེ་རྣམས་ཀྱིས་ཀྱང་དབྲོག་པར་མ་ནུས་སོ། །དེ་ནས་གླང་པོ་ཆེ་ལྔ་བརྒྱ་ལ་བཏགས་པ་དང་བྱང་ཆུབ་སེམས་དཔས་བསམ་པ། འདི་རྣམས་ཀྱིས་བདག་གི་སྟོབས་ཉམས་ ན། མི་རུང་གི། མ་ལ་བདག་གིས་མཛུབ་མོ་བཀུག་པས་གསེར་གྱི་གཞོང་པ་ནས་གཟུང་ངོ། །སྙམ་ནས་དེས་མཛུབ་མོ་བཀུག་པས་གསེར་གྱི་གཞོང་པ་བཟུང་ནས་དྲངས་པ་དང། གླང་པོ་ཆེ་ལྔ་བརྒྱ་པོ་དེ་ དག་ཁ་ཕྱིར་བསྒྱུར་ཏེ་དྲངས་ནས་དེ་དག་གིས་ཀྱང་གསེར་གྱི་གཞོང་པ་དབྲོག་པར་མ་ནུས་སོ། །རྒྱལ་པོ་ཟས་གཙང་གིས་བསམ་པ་ཇི་ལྟར་བྱང་ཆུབ་སེམས་དཔའི་ལག་པ་གཡོན་པས་གླང་པོ་ཆེ་ལྔ་ བརྒྱ་དྲངས་པ་དང་སྦྱར་ན། གདོན་མི་ཟ་བར་ལག་པ་གཉིས་ཀྱིས་ནི། གླང་པོ་ཆེ་སྟོང་ཐུབ་ཀྱི། དེ་བས་ན། གཞོན་ནུའི་མིང་གླང་པོ་ཆེ་སྟོང་གི་སྟོབས་ཅན་ཞེས་གདགས་སོ། །ཞེས་བཏགས་སོ། ། [427B] ཁྱེའུ་དང་རྩ་མོ་དག་དང་ནི། །རིག་པ་ཁང་བཟང་དག་དང་ནི། །ངང་པ་མཚོན་ཆ་དགེ་བའི་སྙིང། །དམག་དང་བཙུན་མོ་རྣམས་ཡིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔས་ཤཱཀྱ་ཐུབ་པ་འཁོར་ལྔ་ བརྒྱ་དང་ཡི་གེའི་སློབ་དཔོན་སྲིན་བུ་གོ་ཆ་ལ་ཡི་གེ་སློབ་པར་གཏད་ནས། ཡི་གེའི་སློབ་དཔོན་སྲིན་བུ་གོ་ཆས། བྱང་ཆུབ་སེམས་དཔའ་ལ་ཡི་གེར་བྲིས་ནས་ཕོག་པ་དང། བྱང་ཆུབ་སེམས་དཔས་སྨྲས་པ་འདི་ ནི། ངས་ཤེས་སོ། །དེ་ནས་དེས་ཡི་གེ་གཉིས་དང་གསུམ་ནས་དེ་བཞིན་དུ་ལྔ་བརྒྱའི་བར་བྲིས་ནས་ཕོག་པ་དང། བྱང་ཆུབ་སེམས་དཔས་སྨྲས་པ། འདི་དག་ཀྱང་ངས་ཤེས་ཀྱི་གཞན་དག་སྨྲོས་ཤིག། སྲིན་བུ་གོ་ ཆས་སྨྲས་པ། འཇིག་རྟེན་ན་ནི། ཡི་གེ་འདི་ཙམ་སྤྱོད་ཀྱི། གཞན་ནི། བདག་གིས་མ་འཚལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཡི་གེ་བྲིས་ཏེ་སྲིན་བུ་གོ་ཆ་ལ་བྱིན་ནས་གསུངས་པ། ཡི་གེ་འདིའི་མིང་ ཅི་ཡིན་སྨྲོས་ཤིག། དེས་སྨྲས་པ། མ་འཚལ་ཏོ། །བྱང་ཆུབ་སེམས་དཔས་གསུངས་པ། འཇིག་རྟེན་དུ་གཉིས་ཤིག་བྱུང་ན། ཡི་གེ་འདི་མངོན་པར་འགྱུར་ཏེ། བྱང་ཆུབ་སེམས་དྤའམ། འཁོར་ལོས་ བསྒྱུར་བའོ། །ནམ་མཁའི་ངོས་ལ་གནས་པའི་ཚངས་པས་སྨྲས་པ་སྲིན་བུ་གོ་ཆ། བྱང་ཆུབ་སེམས་དཔའ་ཇི་སྐད་གསུངས་པ་དེ་དེ་བཞིན་ཏེ། ཡི་གེ་འདི་ཤེས་པ་ནི། འཇིག་རྟེན་དུ་གཉིས་ཤིག་བྱུང་ན་མངོན་ པར་འགྱུར་ཏེ། བྱང་ཆུབ་སེམས་དྤའམ། འཁོར་ལོས་བསྒྱུར་བའི་རྒྱལ་པོའོ། །བྱང་ཆུབ་སེམས་དཔས་ཡི་གེ་དེ་ཚངས་པའི་དབྱངས་ཀྱིས་བཀླགས་པ་ལ། ནམ་མཁའི་ངོས་ལ་གནས་པའི་ཚངས་པས་ [428A]༄༅། །དབང་བྱས་པས། ཚངས་པའི་ཡི་གེ། ཚངས་པའི་ཡི་གེ་ཞེས་བྱ་བར་གྱུར་ཏོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡི་གེའི་མཐར་ཕྱིན་པ་དེའི་ཚེ་བྱང་ཆུབ་སེམས་དཔའི་ཞང་པོ་བཟང་ ལེན་ཞེས་བྱ་བ་དེས། གླང་པོ་ཆེའི་གཉའ་བར་ཞོན་པ་བསླབ་ནས་འཕོང་གི་སློབ་དཔོན་ལྷར་བཅས་ཞེས་བྱ་བ་དེས་འཁོར་ལྔ་བརྒྱ་དང་གཅོད་པ་སློབ་པ་ལ་ཞུགས་པ་ན། བཟང་ལེན་གྱིས་ལྷར་བཅས་ལ་ སྨྲས་པ། བྱང་ཆུབ་སེམས་དཔའ་དང། དེ་བཞིན་དུ་གཞོན་ནུ་གཞན་དག་ནི། སྙིང་རྗེ་ཅན་ཡིན་པས་བསླབ་པར་བྱ་བ་ཐམས་ཅད་སློབས་ཤིག། ལྷ་སྦྱིན་འདི་ནི། གདུག་པའི་ལས་བྱེད་པ་ཡིན་གྱིས་ འཇིག་རྟེན་ཐམས་ཅད་ལ་གནོད་པར་གྱུར་ན་མི་རུང་གི། འདི་ལ་གནང་དུ་བསྣུན་པ་མ་སྟོན་ཅིག། གང་གི་ཚེ་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལ་ལེགས་པར་བསླབ་པས་གནས་ལྔ་པོ་ འདི་ལྟ་སྟེ། རྒྱང་ནས་ཕོག་པ་དང། སྒྲ་གྲགས་པར་ཕོག་པ་དང། གནད་དུ་ཕོག་པ་དང། མི་འཚོར་བར་ཕོག་པ་དང། ཚབས་ཆེ་བ་དག་ལ་ཡང་བྱང་བར་གྱུར་པ་དེའི་ཕྱོགས་ཀུན་ཏུ་སྒྲ་གྲགས་ པ། ཤཱཀྱ་རྣམས་ཀྱི་ནང་དུ་བྱུང་བའི་གཞོན་ནུ་ཞེས་བྱ་བ་ནས་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེའི་ཚེ་ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ཀྱིས་ གླང་པོ་ཆེ་མཚན་དང་ལྡན་པ་ཞིག་རྙེད་ནས་དེ་རྣམས་ཀྱིས་བསམ་པ། རྒྱལ་པོ་ཟས་གཙང་གི་སྲས་མཚན་མཁན་རྣམས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །ཞེས་ལུང་བསྟན་པ་དེའི་ [428B] དོང་ལ་དེ་ཁོ་ན་ལ་དབུལ་ལོ། །སྙམ་ནས་དེ་རྣམས་ཀྱིས་གླང་པོ་རིན་པོ་ཆེ་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ཁྲིད་དེ་དོང་བ་ལས། རིམ་གྱིས་སེར་སྐྱའི་གཞིར་ཕྱིན་ནས་རྒྱལ་ པོའི་ཕོ་བྲང་གི་སྒོར་གླང་པོ་ཆེ་དམ་པ་བཞག་ནས་སྡོད་པ་དང། མ་སྟེས་ཏེ་གདུག་པའི་ལས་ཅན་ལྷས་སྦྱིན་ཕྱིར་བྱུང་བ་དེས་གླང་པོ་ཆེ་དམ་པ་དེ་དེ་ལྟར་རྒྱན་གྱིས་བརྒྱན་པ་མཐོང་ནས་དེ་དེས་ཕྲག་དོག་ཆེན་པོ་ སྐྱེས་ཏེ། དེ་ཕྲག་དོག་དང་མི་བཟོད་པ་སྐྱེས་པས་དྲིས་པ། གླང་པོ་ཆེ་དམ་པ་འདི་སུའི་ཡིན། དེ་རྣམས་ཀྱིས་སྨྲས་པ། གཞོན་ནུ་ཤཱཀྱ་ཐུབ་པ་མཚན་མཁན་རྣམས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་ བསྟན་པ་དེ་ལ་ཡངས་པ་ཅན་གྱི་ཚོགས་རྣམས་ཀྱིས་གླང་པོ་རིན་པོ་ཆེ་འདི་སྐྱེས་སུ་ཕུལ་ལོ། །ལྷས་སྦྱིན་ལྷག་པར་མི་བཟོད་པ་སྐྱེས་ནས་སྨྲས་པ། རེ་ཞིག་འཁོར་ལོས་བསྒྱུར་བར་མ་གྱུར་པར་ཇེ་ཁྱེད་ཅག་དེ་ ལ་གླང་པོ་རིན་པོ་ཆེ་འབུལ་ལམ་ཞེས་སྨྲས་ནས་ཐལ་ལྕག་གིས་གླང་པོ་ཆེ་བསད་དོ། །ཇི་ཙམ་ན་ཕྱོགས་དེར་དགའ་བོ་འོངས་པ་དེས་དེ་མཐོང་ནས་དྲིས་པ། ཤེས་ལྡན་དག། གླང་པོ་ཆེ་བཟང་པོ་འདི་སུས་ བསད། དེ་རྣམས་ཀྱིས་སྨྲས་པ། ལྷས་སྦྱིན་གྱིས་སོ། །དེས་བསམ་པ་གདོན་མི་ཟ་བར་འདི་ལ་ལྷས་སྦྱིན་གྱིས་མཐུ་སད་ཀྱི། མ་ལ་བདག་གིས་ཀྱང་འདི་ལ་མཐུ་སད་པར་བྱའོ། །སྙམ་ནས་མཇུག་མ་ ནས་བཟུང་སྟེ་དྲི་མི་ཞིམ་པར་མི་འགྱུར་བར་བྱ་བར་མཐའ་གཅིག་ཏུ་བོར་རོ། །ཇི་ཙམ་ན་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཕྱིར་བྱུང་བ་དེས་དེ་གཟིགས་ནས་དྲིས་པ། གླང་པོ་ཆེ་འདི་གང་ནས་འོངས། དེ་ [429A]༄༅། །རྣམས་ཀྱིས་ཇི་ལྟར་གྱུར་པ་སྨྲས་སོ། །སུས་བསད། ལྷས་སྦྱིན་གྱིས་སོ། །མགྲོན་རྣམས་ལ་མགྲོན་གྱི་མཆོད་པ་བྱ་བ་ཡིན་ན་མ་ལེགས་པ་ཞིག་བྱས་སོ། །ཕྱོགས་གང་དུ་བསད་ འོ་ནིར་རོ། །འདི་སུས་འདིར་ཁྱེར་ཏེ་འོངས། དགའ་བོས་སོ། །དེས་དགོངས་པ། གདོན་མི་ཟ་བར་དེ་གཉིས་ཀྱིས་འདི་ལ་མཐུ་སད་ཀྱི། མ་ལ་ངས་ཀྱང་འདི་ལ་མཐུ་སད་པར་བྱའོ། །སྙམ་དུ་དགོངས་ནས་ མཇུག་མ་ནས་བཟུང་སྟེ་ར་བའི་ཁར་འཕངས་པ་ལས། ར་བ་རིམ་པ་བདུན་དང། འོབས་བདུན་ལས་བཟླས་ཏེ་བོར་རོ། །དེ་ལྟུང་བས་གཤོང་བཏོད་པ་གླང་པོ་ཆེའི་གཤོང། གླང་པོ་ཆེའི་གཤོང་ཞེས་ བྱ་བར་གྱུར་ཏོ། །དེར་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་མཆོད་རྟེན་བརྩིགས་པས། དེང་སང་དུ་ཡང་དགེ་སློང་མཆོད་རྟེན་ལ་ཕྱག་བྱེད་པ་དག་ཕྱག་བྱེད་དོ། །འདིར་སྨྲས་པ། ལྷས་ བྱིན་གྱིས་ནི་གླང་ཆེན་དབང་པོ་བསད། །དགའ་བོས་དེ་ནི་གོམ་པ་བདུན་དུ་ཁྱེར། །བྱང་ཆུབ་སེམས་དཔའི་ཕྱག་གིས་བར་སྣང་ལ་།རྡོ་བ་བཞིན་དུ་ཕྱི་རོལ་རྒྱང་རིང་འཕངས། །གཞོན་ནུ་རྣམས་ཀྱིས་ སྨྲས་པ། གཅོད་པ་བྱེད་དུ་འདོང་ངོ། །ཞེས་དེ་རྣམས་ཀྱིས་ཕྱིར་བྱུང་བ། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་ཀྱང་གསན་ནས་འཁོར་ལྔ་བརྒྱ་དང་གཅོད་པ་བྱེད་དུ་ཕྱིར་བྱུང་ངོ། །གཞོན་ནུ་རྣམས་ འབྲས་རྔ་བཞིན་དུ་གཅོད་པར་བྱེད་དེ། དེ་རྣམས་ཀྱིས་ཤིང་བཅད་ཅིང། བཅད་པ་རྣམས་ཀྱིས་འགྱེལ་ཏོ། །བྱང་ཆུབ་སེམས་དཔའ་ནི་བྲེའི་ཁ་གཅོད་པ་བཞིན་དུ་གཅོད་པར་མཛད་དོ། །དེས་ [429B] བཅད་པ་རྣམས་མ་འགྱེལ་ཏེ། དེ་བཞིན་དུ་འདུག་པ་དང། གཞོན་ནུ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་སྟོབས་དང་ལྡན་ཞིང་གནས་ལྔ་ལ་ བྱང་ཆེ་ཞེས་ཐོས་ན། འདི་གཅོད་པར་བྱེད་པ་ཡང་མི་ཤེས་པ་ལས་ན། འདི་བདག་ཅག་པས་སྟོབས་དང་ལྡན་པ་ནི། མ་ཡིན་ཏེ། འདི་ལྟར་བདག་ཅག་གིས་ཤིང་གང་དག་བཅད་པ་དེ་ཐམས་ཅད་ ནི། འགྱེལ་ལ། འདིས་གང་དག་བཅད་པ་དེ་དག་ནི། དེ་བཞིན་དུ་འདུག་གོ། དེ་ནས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་མངོན་པར་དད་པའི་ལྷ་གང་ཡིན་པ་དེ་འདི་སྙམ་དུ་སེམས་ཏེ། ཤཱཀྱ་ འདི་དག་ནི། བྱང་ཆུབ་སེམས་དཔའི་མཐུ་དང། བཟོ་ལ་བྱང་བ་མ་ཤེས་པས། བྱང་ཆུབ་སེམས་དཔའ་ལ་བརྙས་ཤིང་མཐུ་ལ་ཡང་སྨོད་པར་འགྱུར་གྱི། དེ་ལ་ཐབས་ཤིག་བཤམ་པར་བྱའོ། །སྙམ་ ནས། དེས་དེ་དང་མཐུན་པའི་རླུང་ཞིག་བཏང་བས། དེས་ཤིང་དེ་དག་ཐམས་ཅད་ཆེམས་ཆེམས་ཟེར་ནས་འགྱེལ་ཏེ། ཤཱཀྱ་རྣམས་ཀྱིས་མཐོང་ནས་མཆོག་ཏུ་ངོ་མཚར་སྐྱེས་སོ། །དེ་རྣམས་ཚ་བས་བྱེད་པ་ ལ་ཞུགས་ཏེ། དེ་རྣམས་ཀྱིས་དེ་ན་འབེན་དུ་ལྕགས་ཀྱི་ཏ་ལ་བདུན་དང། རྔ་དང། ཕག་བཙུགས་སོ། །ལྷས་བྱིན་གྱིས་རྐང་ཐབས་བྱས་ཏེ་ལྕགས་མདའ་འཕངས་པ་དང། ལྕགས་ཀྱི་ཤིང་ཏ་ལ་གཅིག་ ཕིགས་སོ། །དགའ་བོས་ནི། གཉིས་པའོ། །བྱང་ཆུབ་སེམས་དཔས་ལྕགས་མདའ་འཕངས་པ་དང། ཤིང་ཏ་ལ་བདུན་དང། རྔ་དང། ཕག་ལས་ཐལ་ནས་ལྕགས་ཀྱི་མདའ་དེ་ས་ལ་ཟུག་པ་ཀླུས་ [430A]༄༅། །ཕྱུང་བ་དང། ཆུ་རོ་ཕུན་སུམ་ཚོགས་པ་ཞིག་བྱུང་ནས་དེ་ལ་སྐྱེ་བོའི་ཚོགས་ཆེན་པོས་འཐུང་བར་བརྩམས་སོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་དེར་མཆོད་ རྟེན་བརྩིགས་ཏེ། དེང་སང་དུ་ཡང་དགེ་སློང་མཆོད་རྟེན་ལ་ཕྱག་འཚལ་བ་དག་ཕྱག་བྱེད་དོ། །གཞོན་ནུ་རྣམས་ཤིང་རྟར་ཞུགས་ནས་སེར་སྐྱའི་གཞིར་ཞུགས་པ་དང། མཚན་མཁན་གྲོང་ཁྱེར་ ནས་ཕྱིར་བྱུང་བ་དེ་རྣམས་ཀྱིས་གཞོན་ནུ་ཤཱཀྱ་ཐུབ་པ་ཤིང་རྟར་ཞུགས་ནས་ནང་དུ་ཞུགས་པ་ལ་ལུང་བསྟན་པ། གལ་ཏེ་འདི་ལོ་བཅུ་གཉིས་སུ་རབ་ཏུ་མ་བྱུང་བར་གྱུར་ན། གདོན་ མི་ཟ་བར་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །རྒྱལ་པོ་ཟས་གཙང་གིས་གཞོན་ནུ་མཚན་མཁན་རྣམས་ཀྱིས་ལུང་བསྟན་ཏོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་དགའ་བ་དང་མགུ་བ་སྐྱེས་ ཏེ་ཤཱཀྱ་རྣམས་བསགས་ནས་སྨྲས་པ། ཤེས་ལྡན་དག་མཚན་མཁན་རྣམས་ཀྱིས་གལ་ཏེ་གཞོན་ནུ་ལོ་བཅུ་གཉིས་སུ་རབ་ཏུ་མ་བྱུང་བར་གྱུར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ རོ། །ཞེས་ལུང་བསྟན་པ་ཁོ་བོས་ཐོས་སོ། །གཞོན་ནུ་འདི་གལ་ཏེ་ལོ་བཅུ་གཉིས་སུ་རབ་ཏུ་མ་བྱུང་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ན། བདག་ཅག་ནམ་མཁའི་ངོས་ལ་རྒྱུ་ཞིང་གླིང་ བཞིར་མཆི་ཞིང་འདོང་གི། འདིའི་ཁྱིམ་ཕུབས་ཤིག། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ། གཞོན་ནུ་འདོད་པ་རྣམས་དོན་དུ་མི་གཉེར་རོ་།རྒྱལ་པོ་ཟས་གཙང་གིས་སྨྲས་པ། གཞོན་ནུ་ལ་ [430B]ཆུང་མར་བླང་བར་བྱའོ། །དེ་ནས་ཁ་ཅིག་གིས་སྨྲས་པ། ལྷ་གཞོན་ནུ་ནི། སྦྱིན་པ་ལ་དགའ་བས་རྒྱན་རྣམས་བུད་མེད་ལ་སྩོལ་དུ་སྩལ་ལ་ དེ་གང་ལ་དགའ་སྐྱེས་བར་འགྱུར་བ་དེ་ཆུང་མར་བླང་བར་བགྱིའོ་།རྒྱལ་པོ་ཟས་གཙང་གིས་སྨྲས་པ། དེ་བཞིན་དུ་གྱིས་ཤིག། བློན་པོ་རྣམས་ཀྱིས་རྒྱན་རྣམ་པ་སྣ་ཚོགས་རིན་པོ་ཆེས་སྤྲས་པའི་ཕུང་པོ་ སྤུངས་སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཁྱིམ་དང། གྲོང་ཁྱེར་ཕྱག་དར་དང་བྱི་དོར་བྱེད་དུ་བཅུག་ནས་རྒྱུ་སྐར་དང་ཚེས་གྲངས་དང། ཡུད་ཙམ་དག་བསྟུན་ཏེ་གདན་སེང་གེའི་ཁྲི་བཤམས་པ་ལ་ གཞོན་ནུ་ཤཱཀྱ་ཐུབ་པ་བཞག་ནས་སེང་གེའི་ཁྲི་དང་ཉེ་བར་རྒྱན་སྣ་ཚོགས་ཀྱི་ཕུང་པོ་སྤུངས་ཏེ། བློན་པོ་རྣམས་དང། གཞན་ཡང། སེར་སྐྱའི་གཞིའི་སྐྱེ་བོའི་ཚོགས་གཙོ་བོར་བཀུར་བ་རྣམས་ནང་དུ་ ཞུགས་སོ། །དེ་ནས་བུད་མེད་ཐམས་ཅད་རང་གི་ཁྱིམ་གྱི་འབྱོར་པ་དང་མཐུན་པའི་ཆ་བྱད་དང། རྒྱན་དང། གོས་གྱོན་ནས་ཞུགས་པ་དང། བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་དགའ་བས་རྒྱན་དེ་དག་ དེ་རྣམས་ལ་བྱིན་ནོ། །ཤཱཀྱ་ལག་ན་དབྱུག་པ་ཅན་གྱི་བུ་མོ་གྲགས་འཛིན་མ་ཞེས་བྱ་བ། གཟུགས་དང་ལ་ཚོ་ལ་བབ་པ་དེ། མ་སོང་ནས་ཤཱཀྱ་ལག་ན་དབྱུག་པ་ཅན་གྱིས་སྨྲས་པ། བུ་མོ། བྱང་ ཆུབ་སེམས་དཔའ་རྒྱན་སྦྱིན་གྱི་སོང་ཞིག། དེས་སྨྲས་པ། ཡབ། ཅི་འོ་སྐོལ་ཅག་ལ་རྒྱན་མ་མཆིས་སམ། བུ་མོ། །མེད་པ་ནི། མ་ཡིན་མོད་ཀྱི། བྱང་ཆུབ་སེམས་དཔའ་བུད་མེད་གང་བཞེད་པ་ [431A]༄༅། །དེ་གདམ་པར་མཛད་དོ། །ཡབ། འདམ་ཡང་རུང། མི་འདམ་ཡང་རུང། དེ་ཁོ་ན་བདག་གི་སྡུམ་ཐབ་ལགས་སོ། །བུ་མོ། གལ་ཏེ་དེ་ལྟ་ན་ཤིན་ཏུ་འགྲོ་དགོས་པས་སོང་ ཞིག་དེ་ནས་གྲགས་འཛིན་མ་ན་ཚོད་གཞོན་ཞིང་ཆ་ལུགས་བཟང་བ། སྐྱེ་བོའི་ཚོགས་ཆེན་པོའི་ཡིད་དང་མིག་འཕྲོག་པ། བུད་མེད་ཐམས་ཅད་ཀྱི་ནང་ན་ལྷའི་བུ་མོ་བཞིན་དུ་གཟི་བརྗིད་དང་ལྡན་ པས་ནང་དུ་ཞུགས་ནས་སྤྱོད་ལམ་དུལ་བས་བྱང་ཆུབ་སེམས་དཔའི་སྤྱན་སྔར་འདུག་གོ། བྱང་ཆུབ་སེམས་དཔས་རྒྱན་ཐམས་ཅད་བྱིན་ནས་སོར་གདུབ་རྒྱ་ཁོ་ན་ལུས་པ་བྱང་ཆུབ་སེམས་དཔས་དེ་ལ་ བསྟན་པ་དང། དེ་ནས་ཐོག་མ་མེད་པའི་དུས་ནས་མཆོག་ཏུ་མཉེས་པ་བྱས་པ་དེས། སེང་གེའི་ཁྲིའི་སྐས་ལ་འཛེག་ནས་བྱང་ཆུབ་སེམས་དཔའི་ཕྱག་ནས་རང་གིས་ཕྱུང་ངོ། །བློན་པོ་རྣམས་ དང། སེར་སྐྱའི་གཞིའི་སྐྱེ་བོའི་ཚོགས་གཙོ་བོར་བཀུར་བ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་འདི་ནི། བུད་མེད་ཐམས་ཅད་ལས་ཁྱད་པར་འཕགས་པ་ཡིན་ཏེ། འདིས་གཞོན་ནུའི་ཐུགས་ དང་བསྟུན་པར་ནུས་པས་འདི་བླང་བར་བྱའོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་གྲགས་འཛིན་མ་བུད་མེད་ཀྱི་འཁོར་ཉི་ཁྲི་དང་གཞོན་ནུ་ཤཱཀྱ་ཐུབ་པའི་བཙུན་མོར་བླངས་སོ། །ཆོས་ཉིད་ཀྱིས། གང་ གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ཤིང་དགེ་བའི་སྙིང་པོ་ཞེས་བྱ་བ་སྐྱེ་བར་འགྱུར་ཏེ་དེ་ཉི་མ་གཅིག་ཅིང་ཁྲུ་བརྒྱར་སྐྱེ་བར་འགྱུར་ལ། ཇི་ཙམ་ཉི་མ་མ་ [431B] སེན་མོས་ཀྱང་གཅད་དུ་རུང་ལ། ཉི་མ་ཤར་ནས་ནི། མཚོན་གྱིས་ཀྱང་མི་ཆོད་ཅིང། མེས་ཀྱང་མི་ཚིག་པ་ཞིག་སེར་སྐྱའི་གཞི་དང་ལྷས་བསྟན་གྱི་བར་ན་འབབ་ཆུ་རོ་ཧི་ཀ་ཞེས་བྱ་བའི་ འགྲམ་ན་སྐྱེས་ཏེ། དུས་དུས་སུ་ཆུ་བྲུག་པས་དེའི་རྩ་བ་བྲུས་ནས་རླུང་གི་ཤུགས་ཀྱིས་འགྱེལ་ཏེ་གགས་བཞིན་དུ་ཆུ་བཅད་དེ་འདུག་གོ་དེ་ནས་ཆུས་རྒྱལ་པོ་ལེགས་པར་རབ་སད་ཀྱི་ཡུལ་ནི། ཆུ་མེད་ བས་མ་རུང་ལ། ཟས་གཙང་གི་ཡང་ཆུས་མ་རུང་སྟེ། རྒྱལ་པོ་ལེགས་པར་རབ་སད་ཀྱིས་རྒྱལ་པོ་ཟས་གཙང་ལ་སྤྲིང་པ། ཤིང་དགེ་བའི་སྙིང་པོ་འགྱེལ་ནས་འབབ་ཆུ་རོ་ཧི་ཀའི་གགས་སུ་གྱུར་ཏེ་མཆིས་ ན། གཞོན་ནུ་མཐུ་དང་ལྡན་ཞེས་ཐོས་ཀྱི། ད་གཏང་བའི་རིགས་སོ་།རྒྱལ་པོ་ཟས་གཙང་གིས་སྨྲས་པ། ཁོ་བོ་གཞོན་ནུ་ལ་བཀའ་མི་སྩོལ་ལོ། །འདུན་པས་སྨྲས་པ། ལྷ། བདག་ལ་གནང་བ་འབའ་ ཞིག་སྩོལ་ཅིག་དང། ཅི་ནས་ཀྱང་གཞོན་ནུ་ལ་ཡང་བཀའ་མ་སྩལ་བཞིན་དུ་རང་ཉིད་གཤེགས་པར་འགྱུར་བ་དེ་ལྟར་བགྱིའོ། །རྒྱལ་པོ་ཟས་གཙང་གིས་ཁས་བླངས་སོ། །འདུན་པས་འབབ་ཆུ་རོ་ཧི་ ཀའི་འགྲམ་དུ་གཞོན་ནུ་རྣམས་ཀྱི་སྐྱེད་མོས་ཚལ་རེ་རེ་བཙུགས་ནས་སྨྲས་པ། གཞོན་ནུ་དག་སྐྱེད་མོས་ཚལ་དུ་འདོང། དེ་རྣམས་སོ་སོའི་ཤིང་རྟར་ཞུགས་ནས་སྐྱེད་མོས་ཚལ་དུ་དོང་བ་ལས་ ལྷས་བྱིན་གྱི་སྐྱེད་མོས་ཚལ་གྱི་སྟེང་ནས་ངང་པ་ཞིག་འཕུར་བ་དེ། ལྷས་བྱིན་གྱིས་མདས་བསྣུན་ནས་བྱང་ཆུབ་སེམས་དཔའི་སྐྱེད་མོས་ཚལ་དུ་ལྟུང་བ་དང། བྱང་ཆུབ་སེམས་དཔས་བཟུང་ནས་ [432A]༄༅། །མདའ་ཕྱུང་སྟེ་སྨན་གྱིས་གླན་ནས་སོས་སོ། །ལྷས་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་སྤྲིང་པ། ངང་པའོ་ནི། སྔར་ངས་བཟུང་བ་ཡིན་གྱི། སྐུར་ཅིག་བྱང་ཆུབ་སེམས་ དཔས་སླར་སྤྲིང་པ། ངས་གང་གི་ཚེ་ཁོ་ན་སེམས་ཅན་ཐམས་ཅད་ལ་ཕན་པའི་ལྷག་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཁོ་ནའི་ཚེ་ངས་སེམས་ཅན་ཐམས་ཅད་བཟུང་བ་ཡིན་ནོ། །དེར་བྱང་ ཆུབ་སེམས་དཔའ་དང་ལྷས་བྱིན་ལྷན་ཅིག་སྲིད་པ་ཐ་མ་ལ་ཐོག་མར་ཤ་འཁོན་དེ་བྱུང་སྟེ། སྲིད་པ་གཞན་རྣམས་སུ་ནི། ཕལ་མོ་ཆེ་ཞིག་ཀྱང་བྱུང་ངོ། །ལེགས་པར་རབ་སད་ཀྱིས་གཞོན་ནུ་རྣམས་ ཤིང་དགེ་བའི་སྙིང་པོ་དབྱུང་བའི་ཕྱིར་ལྷགས་སོ། །ཞེས་ཐོས་ནས། དེས་སྐྱེ་བོའི་ཚོགས་ཆེན་པོ་མངགས་ཏེ། དེ་ན་སྐྱེ་བོའི་ཚོགས་ཆེན་པོའི་སྒྲ་ཆེན་པོ་དང། སྒྲ་མཐོན་པོ་གྲགས་ནས་བྱང་ཆུབ་ སེམས་དཔས་སྨྲས་པ། ཤེས་ལྡན་དག་སྐྱེ་བོའི་ཚོགས་ཆེན་པོའི་སྒྲ་ཆེན་པོ་སྒྲ་མཐོན་པོ་གྲགས་པ་འདི་ཅི་ཞིག་འདུན་པས་ཇི་ལྟར་གྱུར་པ་གསོལ་པ་དང། བྱང་ཆུབ་སེམས་དཔས་གསུངས་ པ། གལ་ཏེ་དེ་ལྟ་ན། འབྱིན་དུ་འདོང་ངོ། །ཞེས་བྱང་ཆུབ་སེམས་དཔའ་གཞོན་ནུ་རྣམས་དང་ལྷན་ཅིག་དོང་བ་དང། ཇི་ཙམ་ན་ཁུང་ནས་སྤྲུལ་གདུག་པ་ཞིག་བྱང་ཆུབ་སེམས་དཔའི་མདུན་དུ་ བྱུང་བ་དང། འཆར་ཀས་བྱང་ཆུབ་སེམས་དཔའ་ཐལ་བར་བརླགས་སུ་འགྱུར་དུ་འོང་ཞེས་མཚོན་རྣོན་པོས་རྐེད་དུ་བཅད་པ་ལས། དེའི་དབུགས་ཀྱིས་འཆར་ཀ་ལ་ཕོག་པས་འཆར་ཀ་ནག་ [432B] དེའི་མིང་འཆར་ཀ་ནག་པོ། འཆར་ཀ་ནག་པོ་ཞེས་བྱ་བར་གྱུར་ཏོ། །དེ་ནས་གཞོན་ནུ་རྣམས་ཀྱིས་ཤིང་དགེ་བའི་སྙིང་པོ་འབྱིན་པ་ལ་ཞུགས་པ་ན། ལྷས་བྱིན་གྱིས་འབད་པ་དང་ཅུང་ ཟད་ཅིག་གཡོས་སོ། །དགའ་བོས་ནི། ཅུང་ཟད་ཅིག་བཏེག་གོ། བྱང་ཆུབ་སེམས་དཔས་ནི། ཐམས་ཅད་ཀྱི་ཐམས་ཅད་དུ་སྟེང་གི་ནམ་མཁའ་ལ་འཕངས་ཏེ་དུམ་བུ་གཉིས་སུ་ཆག་ནས་འབབ་ཆུ་རོ་ཧི་ ཀའི་ཚུ་རོལ་གྱི་འགྲམ་དུ་དུམ་བུ་གཅིག་ཕ་རོལ་གྱི་འགྲམ་དུ་དུམ་བུ་གཅིག་ལྟུང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་སྐྱེ་བོའི་ཚོགས་ལ་གསུངས་པ། ཤེས་ལྡན་དག་ཤིང་དགེ་བའི་སྙིང་པོ་ འདི་ནི། བསིལ་བའི་རང་བཞིན་ཡིན་པས་མཁྲིས་པའི་ནད་དང། ཤུ་བ་དང། ཕོལ་མིག་བྱུང་བ་ལ་བྱུགས་ན། ཞི་བར་འགྱུར་གྱི། དུམ་བུ་དུམ་བུར་བྱོས་ལ་ཁྱེར་ཅིག་གཞོན་ནུ་རྣམས་རང་རང་ གི་ཤིང་རྟར་ཞུགས་ཏེ་སྐྱེད་མོས་ཚལ་གྱི་ས་ནས་སེར་སྐྱའི་གཞིར་དོང་ནས་གྲོང་ཁྱེར་དུ་ཞུགས་པ་ན། བྱང་ཆུབ་སེམས་དཔའ་ཤིང་རྟར་ཞུགས་པ་ལ་མཚན་མཁན་རྣམས་ཀྱིས། གལ་ཏེ་འདི་ ལོ་བདུན་དུ་རབ་ཏུ་མ་བྱུང་བར་གྱུར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །ཤཱཀྱ་དྲིལ་བུ་སྒྲའི་བུ་མོ་ས་འཚོ་མ་ཞེས་བྱ་བ། སྟེང་གི་ཁང་བཟང་གི་གཞི་ལ་འདུག་ པ་བྱང་ཆུབ་སེམས་དཔས་གཟིགས་སོ། །གཟིགས་མ་ཐག་ཏུ་ཞབས་ཀྱི་མཐེ་བོས་ཤིང་རྟ་མནན་ནས་མི་གཡོ་བར་གྱུར་པ་དང། བྱང་ཆུབ་སེམས་དཔས་ས་འཚོ་མ་ལ་བརྟག་པར་བརྩམས་སོ།། [433A]༄༅། །ས་འཚོ་མས་ཀྱང་བྱང་ཆུབ་སེམས་དཔའ་ལའོ། །བྱང་ཆུབ་སེམས་དཔའ་ས་འཚོ་མ་ལ་རྟོག་པ་ན་ཕྱག་ན་ལྕགས་ཀྱི་མདའ་བསྣམས་པ་དེ་ཕྱིར་བརླགས་སོ། །ས་འཚོ་མ་ཡང་བྱང་ ཆུབ་སེམས་དཔའ་ལ་རྟོག་པ་ན། རྐང་པའི་མཐེ་བོས་ཁང་བཟང་གི་གཞི་བརྟོལ་ཏོ། །སྐྱེ་བོའི་ཚོགས་ཆེན་པོས་བྱང་ཆུབ་སེམས་དཔའ་དང་ས་འཚོ་མ་ཕན་ཚུན་དུ་རྟོག་པར་བྱེད་ཅིང་ལྷག་པའི་ བསམ་པ་སྐྱེས་པར་གྱུར་པ་མཐོང་ངོ། །མཐོང་ནས་ཀྱང་སྨྲས་པ་བུད་མེད་འདི་འདྲ་བ་འདིས་ནི། བྱང་ཆུབ་སེམས་དཔའི་ཐུགས་དང་བསྟུན་པར་ནུས་སོ། །གཏམ་དེ་རྒྱལ་པོ་ཟས་གཙང་གིས་ ཐོས་ནས་དེ་འཁོར་ཉི་ཁྲི་དང་བྱང་ཆུབ་སེམས་དཔའི་བཙུན་མོར་བླངས་སོ། །ཆོས་ཉིད་ཀྱིས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྐྱེད་མོས་ཚལ་གྱི་གཞིར་གཤེགས་པར་བཞེད་པར་གྱུར་པ་དེའི་ཚེ་ཁ་ ལོ་སྒྱུར་བ་ལ། ཀྱེ་ཁ་ལོ་སྒྱུར་བ། རེ་ཞིག་བཞོན་པ་བཟང་པོ་མྱུར་དུ་ཤོམས་ཤིག་དང། དེར་ང་ཞུགས་ནས་སྐྱེད་མོས་ཚལ་གྱི་གཞིར་འགྲོའོ། །ཞེས་གསུང་བར་འགྱུར་བས། དེ་ནས་བྱང་ ཆུབ་སེམས་དཔས་ཁ་ལོ་སྒྱུར་བ་ལ་བསྒོ་བ། ཀྱེ་ཁ་ལོ་སྒྱུར་བ་རེ་ཞིག་བཞོན་པ་བཟང་པོ་མྱུར་དུ་ཤོམས་ཤིག་དང། དེར་ང་ཞུགས་ནས་སྐྱེད་མོས་ཚལ་གྱི་གཞིར་འགྲོའོ། །ལྷ། བཀའ་ བཞིན་འཚལ་ཞེས་ཁ་ལོ་སྒྱུར་བས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་ལྟར་མཉན་ནས། བཞོན་པ་བཟང་པོ་མྱུར་དུ་བཤམས་ཏེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་ [433B] བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བཅིབས་པ་བཟང་པོ་བཤམས་ལགས་ཀྱི་ལྷ། དེ་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བྱང་ཆུབ་སེམས་ དཔའ་ཤཱཀྱ་ཐུབ་པ་བཞོན་པ་བཟང་པོར་ཞུགས་ནས་སྐྱེད་མོས་ཚལ་གྱི་གཞིར་བྱུང་བ་དང། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་མི་རྒས། འཁོགས། གཏུགས་པ། སྒུར་པོ། །ཕྱམ་སྒུར་པོ་ལྟར་ཀྱར་ ཀྱོར་ཅན། མདུན་ནས་འཁར་བ་ལ་བརྟེན་ཅིང་ལུས་འདར་ཞིང་འགྲོ་བ་དེའི་སྐྲ་སེ་བ། ཇི་ལྟར་ཡང་མི་གཞན་དག་དང་མི་འདྲ་བ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་ སྒྱུར་བ། མི་རྒས། འཁོགས། གཏུགས་པ། སྒུར་པོ། ཕྱམ་སྒུར་པོ་ལྟར་ཀྱར་ཀྱོར་ཅན། མདུན་ནས་འཁར་བ་ལ་བརྟེན་ཅིང་ལུས་འདར་ཞིང་འགྲོ་ལ། དེའི་སྐྲ་སེ་བ། ཇི་ལྟར་ཡང་མི་གཞན་དང་མི་འདྲ་བ་འདི་ ཅི་ཡིན། ལྷ། མི་འདི་ནི། རྒས་པ་ཞེས་བགྱིའོ། །ཁ་ལོ་སྒྱུར་བ་རྒས་པ་ཞེས་བྱ་བ་འདི་ཅི་ཡིན། ལྷ། མི་འདི་རིང་པོ་མི་ཐོགས་པ་ཁོ་ནར་འགུམ་པར་འགྱུར་བས་དེ་ནི་རྒས་པ་ཞེས་བགྱིའོ། །ཁ་ལོ་སྒྱུར་བ་ ང་ཡང་རྒ་བའི་ཆོས་དང། རྒ་བའི་ཆོས་ཉིད་ལས་མ་འདས་སམ་ལྷ་ཡང་རྒ་བའི་ཆོས་དང། རྒ་བའི་ཆོས་ཉིད་ལས་མ་འདས་སོ་།ཁ་ལོ་སྒྱུར་བ། དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག་ཕོ་བྲང་ཉིད་དུ་འདོང་ངོ་ འདི་ལྟར། ང་ཕོ་བྲང་དུ་ཕྱིན་ནས་ང་རྒ་བ་ལས་མ་འདས་ཞེས་གྲགས་པའི་དོན་དེ་ཉིད་བསམ་པར་བྱའོ། །ཁ་ལོ་སྒྱུར་བས་ཤིང་རྟ་ཕྱིར་བསྒྱུར་ནས་ཕོ་བྲང་ཉིད་དུ་ཆས་ཏེ། དེར་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་ [434A]༄༅། །པ་ཕོ་བྲང་གི་ནང་དུ་བྱོན་ནས་ང་ཡང་རྒ་བ་ལས་མ་འདས་པ་ལྟ་ཞིག་ཅེས་མི་དགྱེས་ཤིང་ཐུགས་ངན་དགོངས་སོ། །འདིར་སྨྲས་པ། དར་ཡལ་རྒས་ཤིང་སྒུར་ལ་མགོ་ སྐྱ་བ། །ལག་ན་འཁར་བ་ཐོགས་པའི་མི་གཟིགས་ནས། །འདི་བདག་རྒས་ལས་མ་འདས་ཞེས་གྲག་ཅེས། །དེ་ནས་མི་དགྱེས་ཐུགས་ངན་དགོངས་པར་མཛད། །དེ་ནས་རྒྱལ་པོ་ཟས་གཅང་གིས་ཁ་ལོ་ སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ། ཅི། གཞོན་ནུ་ཡིད་དགའ་བ་དང་མགུ་བས་སྐྱེད་མོས་ཚལ་གྱི་གཞིར་བྱུང་ངམ། སྐྱེད་མོས་ཚལ་ལ་མངོན་པར་དྒའམ། ལྷ། མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ ན། ལྷ། གཞོན་ནུ་སྐྱེད་མོས་ཚལ་གྱི་གཞིར་གཤེགས་པ་ན། མི་རྒས་འཁོགས། གཏུགས་པ། སྒུར་པོ། ཕྱམ་སྒུར་པོ་ལྟར་ཀྱར་ཀྱོར་ཅན། མདུན་ནས་འཁར་བ་ལ་བརྟེན་ཅིང་ལུས་འདར་ཞིང་ མཆི་ལ། དེའི་སྐྲ་སེ་བ་ཇི་ལྟར་ཡང་མི་གཞན་དག་དང་མི་འདྲ་བ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་བདག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁ་ལོ་སྒྱུར་བ། མི་རྒས། འཁོགས། གཏུགས་པ་ སྒུར་པོ། ཕྱམ་སྒུར་པོ་ལྟར་ཀྱར་ཀྱོར་ཅན། མདུན་ནས་འཁར་བ་ལ་བརྟེན་ཅིང་ལུས་འདར་ཞིང་འགྲོ་ལ། དེའི་སྐྲ་སེ་བ། ཇི་ལྟར་ཡང་མི་གཞན་དག་དང་མི་འདྲ་བ་འདི་ཅི་ཡིན། དེ་ལ་བདག་གིས་ འདི་སྐད་ཅེས་གསོལ་ཏོ། །ལྷ། འདི་ནི། རྒས་པ་ཞེས་བགྱིའོ། །དེ་འདི་སྐད་ཅེས་གསུངས་སོ། །ཁ་ལོ་སྒྱུར་བ། རྒས་པ་ཞེས་བྱ་བ་འདི་ཅི་ཡིན། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །ལྷ། མི་ [434B] ལྷ། དེ་ནི། རྒས་པ་ཞེས་བགྱིའོ། །དེ་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ། ང་ཡང་རྒ་བའི་ཆོས་ཉིད་ལས་མ་འདས་སམ། དེ་ལ་བདག་གིས་འདི་སྐད་ ཅེས་གསོལ་ཏོ། །ལྷ་ཡང་རྒ་བའི་ཆོས་དང། རྒ་བའི་ཆོས་ཉིད་ལས་མ་འདས་སོ། །དེ་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ། དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག་ཕོ་བྲང་ཉིད་དུ་འདོང་ངོ། །འདི་ལྟ་ཕོ་བྲང་དུ་ཕྱིན་ནས་ ང་རྒ་བ་ལས་མ་འདས་ཞེས་གྲགས་པའི་དོན་དེ་ཉིད་བསམ་པར་བྱའོ། །ལྷ། གཞོན་ནུ་དེ་ཕོ་བྲང་གི་ནང་དུ་གཤེགས་ཏེ། དེ་ནས་ང་ཡང་རྒ་བ་ལས་མ་འདས་པ་ལྷ་ཞིག་ཅེས་མི་དགྱེས་ཤིང་ཐུགས་ངན་དགོངས་ སོ། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་དེ་རྣམས་ཀྱི་ཚིག་ཡང་དག་པར་བདེན་པར་མི་འགྱུར་གྲང། གཞོན་ནུ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་ བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་འགྱུར་དུ་འོང་གི། མ་ལ་བདག་གིས་གཞོན་ནུ་ལ་འདོད་པའི་ཡོན་ཏན་ལྔ་ལས་ཕལ་མོ་ཆེ་ཞིག་བྱིན་ལ་ཅི་ནས་ཀྱང་འདི་ལ་ དགའ་ཞིང་རབ་ཏུ་འབྱུང་བར་མི་འགྱུར་བར་བྱའོ། །སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་འདོད་པའི་ཡོན་ཏན་ལྔ་ལས་ཕལ་མོ་ཆེ་ཞིག་བྱིན་ཏེ། ཅི་ནས་ཀྱང་ འདི་ལ་དགའ་ཞིང་རབ་ཏུ་འབྱུང་བར་མི་འགྱུར་བར་བྱས་སོ། །འདིར་སྨྲས་པ། ཤཱཀྱ་ཐུབ་པའི་ཡབ་སྟེ་ཟས་གཙང་དེས། །ཁ་ལོ་སྒྱུར་ལས་ཚིག་དེ་ཐོས་ནས་ནི། །དེ་ཚེ་དགའ་ནས་བདག་འདོར་མི་གཞུག་ [435A]༄༅། །ཕྱིར། །འདོད་པའི་ཡོན་ཏན་ལྔ་ལས་ཡང་བྱིན་ནོ། །ཆོས་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་སྐྱེད་མོས་ཚལ་གྱི་གཞིར་གཤེགས་པར་བཞེད་པར་གྱུར་པ་དེའི་ཚེ་ཁ་ལོ་སྒྱུར་བ་ལ་ ཀྱེ་ཁ་ལོ་སྒྱུར་བ། རེ་ཞིག་བཞོན་པ་བཟང་པོ་མྱུར་དུ་ཤོམས་ཤིག་དང། དེ་ལ་ང་ཞོན་ནས་སྐྱེད་མོས་ཚལ་གྱི་གཞིར་འགྲོའོ། །ཞེས་གསུང་བར་འགྱུར་བས། དེ་ནས་བྱང་ཆུབ་སེམས་དཔས་ཁ་ལོ་ སྒྱུར་པ་ལ་གསུངས་པ། ཀྱེ་ཁ་ལོ་སྒྱུར་བ། རེ་ཞིག་བཞོན་པ་བཟང་པོ་མྱུར་དུ་ཤོམས་ཤིག་དེ་ལ་ང་ཞོན་ནས་སྐྱེད་མོས་ཚལ་གྱི་གཞིར་གཤེགས་སོ། །ལྷ། བཀའ་བཞིན་འཚལ་ཞེས་ཁ་ལོ་སྒྱུར་བས་ བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་ལྟར་མཉན་ནས་བཞོན་པ་བཟང་པོ་བཤམས་ཏ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་ནས་ཕྱིན་པ་དང། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་ འདི་སྐད་ཅེས་གསོལ་ཏོ། །ལྷ། བཅིབས་པ་བཟང་པོ་བཤམས་ལགས་ན། ལྷ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་བཞོན་པ་བཟང་པོར་ ཞུགས་ནས་སྐྱེད་མོས་ཚལ་གྱི་གཞིར་བྱུང་བ་དང། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་མི་སྐྱ་བོ། རྦབ་རྦབ་པོ། རིད་པ། ཉམ་ཆུང་བ། དབང་པོ་ཉམས་པ། སྐྱེ་བོ་མང་པོའི་མིག་གིས་ བལྟ་མི་ཕོད་པ་ཞིག་གཟིགས་སོ།། སརྦ་མངྒ་ལཾ།། །།